Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རང་བཙན་གོམ་བགྲོད།

Posted on 2010-07-09 By དགེ་རབ་ 6 Comments on རང་བཙན་གོམ་བགྲོད།

former-kalon-963x1024རྒྱལ་སྤྱིའི་བོད་རང་བཙན་ལས་འགུལ་ཚོགས་པས་ ༢༠༡༠ ལོའི་ ཟླ་ ༧ ཚེས་ ༤ ནས་མགོ་འཛུགས་ཀྱིས་ རང་བཙན་གོམ་བགྲོད་བྱེད་བཞིན་ཡོད་པ་དང་། དེ་ཡང་ཨ་རིའི་ཕེ་ལེ་ཌེ་ཕེ་ཡ་ན་ཡོད་པའི་ རང་བཙན་ཁང་ཞེས་པ་ནས། རྒྱལ་ས་ཝ་ཤིན་ཊོན་གྱི་རྒྱ་ནག་གཞུང་ཚབ་ཁང་བར་དུ་རྒྱང་ཐག་ མེལ་ལེ་ ༡༥༠ ལ་བསྐྱོད་རྒྱུ་ཡིན་པ་དང་། ཟླ་ ༧ པའི་ཚེས་ ༡༣ ཉིན་གོམ་བགྲོད་མཇུག་སྒྲིལ་རྒྱུ་ཡིན་པ་རེད།
ཐེངས་འདིའི་རང་བཙན་གོམ་བགྲོད་དུ། བཀའ་ཟུར་ཞེ་བོ་བློ་བཟང་དར་རྒྱས་ལགས་དང་། སྐུ་ངོ་སྣར་སྐྱིད་ངག་དབང་དོན་གྲུབ། སྤྱི་ཟུར་དབང་ཕྱུག་རྡོ་རྗེ། ལྟག་མཚེར་རིན་པོ་ཆེའི་སྲས་ཆུང་བ་འཇིགས་མེད་ནོར་བུ་སོགས་ཞུགས་གནང་མཛད་ཡོད་ལ། མཚམས་རེར་བོད་མི་ ལྔ་རེ་དང་མཚམས་རེར་བཅུ་གྲངས་རེ་ཡོད། ལོ་ཆུང་ཤོས་དེ་བྱིས་པ་ལོ་བརྒྱད་ཅན་ཞིག་ཡིན། དེ་རིང་བར་དུ་མེལ་ལེ་ ༨༠ ཙམ་ལ་གོམ་བགྲོད་བྱས་ཟིན་པ་ཡིན།
ཉིན་རེར་མེལ་ལེ་ ༡༨ ཙམ་རེར་གོམ་བགྲོད་བྱེད་སྐབས་ གནམ་གཤིས་ཧ་ཅང་ཚ་བའི་སྐབས་ལ་འཁེལ་བ་དང་། གོམ་བགྲོད་ཡུན་རིང་བྱས་པར་བརྟེན་ནས་རྐང་པར་ཆུ་ལྒང་ཐོན་པ་སོགས་ནི་སྤྱིར་བཏང་གི་གནས་ཚུལ་ཞིག་རེད།
threesome-1024x856མཱེ་རེ་ལཎ་ཌི་ནས་ཡིན་པའི་གོམ་བགྲོད་པ་རྡོ་རྗེ་མཚོས་བརྗོད་པ་ལྟར་ན། “ང་རྒྱ་གར་དུ་འཚར་ལོངས་བྱུང་བ་དང་། གོམ་བགྲོད་འདི་ལ་ཞུགས་ནས་ངས་བོད་ཀྱི་སྐོར་ལ་སློབ་སྦྱོང་མང་པོ་ཐོབ་བྱུང་། དེ་རིང་ཚད་པ་ཆེན་པོ་འདུག”ཅེས་བཤད། ཚད་པ་ཆེ་ན་ཅིའི་ཕྱིར་གོམ་བགྲོད་བྱེད་ཀྱི་ཡོད་དྲིས་སྐབས། མོས། “བོད་རང་བཙན་རེད། ཕ་ཡུལ་ན་སྤུན་ཟླ་ཚོས་སྡུག་བསྔལ་མྱོང་བཞིན་་་་” རྡོ་རྗེ་མཚོ་ངུས་ནས་སྐད་ཆ་མུ་མཐུད་བཤད་མ་སོང་། གོམ་བགྲོད་སྐབས་ ལམ་དུ་བསྐྱོད་བཞིན་པའི་རླངས་འཁོར་བ་ཚོས། “བོད་ཀྱི་ཆེད་དུ་རླངས་འཁོར་གྱི་སྒྲ་སྐད་སྒྲོགས།”ཞེས་ པའི་བྱང་བུ་མཐོང་སྟེ། སྒྲ་སྐད་སྒྲོག་བཞིན་འདུག ཧ་ལམ་ཐེངས་སུམ་བརྒྱ་ཙམ་རེར་སྒྲ་སྐད་སྒྲོག ངོ་མི་ཤེས་པའི་མི་རྣམས་ང་ཚོའི་གོམ་བགྲོད་ཀྱི་མདུན་དུ་ཡོང་ནས་འཐུང་ཆུ་སྤྲོད་ པ་སོགས་བྱེད།
དགུང་ལོ་ ༦༧ ལ་ཕེབས་པའི་སྤྱི་ཟུར་དབང་ཕྱུག་རྡོ་རྗེ་ལགས་ཀྱིས། “ད་ང་ཚོ་ མང་ཆེ་བའི་རྐང་པ་ལ་ཆུ་ལྒང་ཐོན་འདུག ཆུ་ལྒང་ཐོན་པའི་སྐབས་ལ་ན་བའི་ཚབ་ལ་ཚ་གི་འདུག ཡིན་ན་ཡང་། བོད་ནང་གི་ད་ལྟའི་གནས་སྟངས་སྐྱོ་པོ་དེ་དག་ལ་བསམས་དུས། ང་ཚོའི་ཆུ་ལྒང་གི་ན་ཟུག་དེ་ཆུང་ཆུང་རེད། དེ་ལ་བཟོད་སྒོམ་བྱེད་མི་ཐུབ་པ་གང་ཡང་མི་འདུག ང་ཚོས་འདི་ལྟར་གོམ་བགྲོད་བྱས་ནས་ བོད་ནང་གི་དཀའ་སྡུག་དང་ང་ཚོས་རང་དབང་བརྩོན་ལེན་བྱེད་བཞིན་པ་དེ་ ཁྱབ་བསྒྲགས་བྱེད་ཀྱི་ཡོད།”
དེ་རིང་གི་གོམ་བགྲོད་པའི་ ཁྲོད་དུ་བོད་ཀྱི་གལ་ཆེའི་མི་སྣ་ཞིག་ཕེབས་ཡོད། ཁོང་ནི་བཙན་བྱོལ་བོད་གཞུང་གི་བཀའ་ཟུར་དང་ཁྲིམས་ཞིབ་པ་ཟུར་བ་ཞེ་བོ་བློ་བཟང་ དར་རྒྱས་ལགས་རེད། ཁོང་ད་ལོ་དགུང་གྲངས་ ༧༨ ལ་ཕེབས་ཡོད། ཁོང་ ཉིན་དང་པོའི་གོམ་བགྲོད་སྐབས་སུ་ཆེད་དུ་ཕེབས་ཡོད་པ་རེད། ཁོང་དེ་སྔ་བོད་ནང་དུ་ མི་ལོ་ ༢༧ རིང་རྒྱ་གཞུང་གིས་བཙོན་འཇུག་བྱས་ཡོད་པ་རེད། ཁོང་གིས་གསུངས་དོན། “ང་ཚོ་བོད་ ཀྱི་འཐབ་རྩོད་འདི་དྲང་བདེན་གྱི་འཐབ་རྩོད་ཅིག་རེད། ༧རྒྱལ་བ་རིན་པོ་ཆེས་ཡང་ཡང་གསུངས་པ་བཞིན་བདེན་པའི་འཐབ་རྩོད་འདི་མཐའ་གསལ་ཡོང་ གི་རེད། ༧རྒྱལ་བ་རིན་པོ་ཆེས་གཙོ་བྱས་པའི་བཙན་བྱོལ་བོད་མི་ཚོས་བདེན་པའི་འཐབ་རྩོད་ འདི་འཛམ་གླིང་མི་དམངས་ལ་གསལ་བསྒྲགས་གནང་ཡོད་པ་རེད། ད་དུང་ཡང་མུ་མཐུད་ནས་གནང་དགོས་པ་ཞིག་རེད། ལྟག་མཚེར་རིན་པོ་ཆེ་སྐུ་གོང་མས་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་འདི་གནང་བ་རེད། ད་མུ་མཐུད་ནས་འདི་ལྟར་ལས་འགུལ་གནང་ཡོང་དུས་དངོས་གནས་སེམས་པ་དགའ་བ་ཞིག་རེད། ད་ང་ཡང་ཤི་རན་པ་རེད། ཡིན་ན་ང་ལ་བུ་ཡོད་རེད། བདེན་པའི་འཐབ་རྩོད་འདི་མུ་མཐུད་དགོས་པ་རེད། འདི་མི་རིགས་གཅིག་གི་འཐབ་རྩོད་རེད། མི་ཐོག་གཅིག་གི་འཐབ་རྩོད་མ་རེད། བྱས་ཙང་། ང་གོམ་བགྲོད་འདི་ལ་ཞུགས་ཐུབ་པ་དེ་ཧ་ཅང་སེམས་པ་དགའ་ནས་ཡོད།” ཅེས་གསུངས་སོང་།
welcome-delaware-walk-sign-1024x694
ད་ཐེངས་ཀྱི་གོམ་བགྲོད་ འདི་ནི་ རྒྱལ་སྤྱིའི་བོད་རང་བཙན་ལས་འགུལ་ཚོགས་པས་གོ་སྒྲིག་བྱས་པའི་གོམ་བགྲོད་དམ་ཡང་ ན་ལྕགས་རྟ་ཞོན་བགྲོད་ཀྱི་ལས་འགུལ་ཐེངས་ ༡༥ པ་དེ་ཡིན་པ་དང་། ལས་འགུལ་གྱི་གནས་ཚུལ་དག་བོད་ཡིག་གི་དྲ་དེབ་ www.bodrangzen.org དང་། དེ་བཞིན་དབྱིན་ཡིག་གི་དྲ་ཤོག www.rangzen.orgའདི་ནས་གཟིགས་ཐུབ། དེ་བཞིན་གོམ་བགྲོད་པ་ཚོར་འབྲེལ་གཏུགས་གནང་ཚེ། གློག་འཕྲིན། rangzen@aol.com ཁ་པར། 317-506-2249 འབྲེལ་བ་གནང་འཐུས། གསར་འགྱུར་འདི་ཕྱོགས་སྒྲིག་བྱེད་པོ་ དགེ་འདུན་རབ་གསལ་ཡིན།

གསར་འགྱུར།

Post navigation

Previous Post: ཁྱིམ་རྒྱུད་གཅིག་ནས་མི་དྲུག་པ་འཇུས་སོང་།
Next Post: སངས་རྒྱས་སྲས་ཀྱིས་རིག་ན་ངོ་རེ་ཚོ།

Comments (6) on “རང་བཙན་གོམ་བགྲོད།”

  1. གཅན་བཟོད་རྒྱམ། says:
    2010-07-09 at 2:16 pm

    ཁྱེད་རྣམ་པར་སེམས་ཁུང་རུས་པའི་གཏིང་ནས་ཏུགས་རྗེ་ཆེ་ཞུས་ཡིན། ཁྱེད་ཚོ་གཙོ་འུ་ཅག་གི་འདོན་དོན་གྱུར་དུ་འགྲུབ་པར་སྨོན།

  2. lala says:
    2010-07-09 at 5:58 pm

    ཐུགས་རྗེ་ཆེ། རང་དབང་གི་ཆེད་དུ་དཀའ་དུབ་ལ་མི་འཛེམས་པར་གོམ་བགྲོད་གནང་བར་སྙིང་དབུས་ནས་གུས་འདུད་ཞུ་རྒྱུ་ཡིན། ང་རང་ཡང་རྒྱུན་དུ་བོད་ནང་བཞུགས་པའི་སྤུན་ཟླ་ཚོའི་དཀའ་ངལ་མཐོང་ཐོས་ཡོང་དུས་དེ་ལ་ཕན་པའི་ལས་གང་འཇོན་ཞིག་བྱེད་དགོས་ཁོ་ཐག་རེད་འདུག་བསམས་མོད། རང་གིས་དེ་ཕན་དེ་འཇོན་ཞིག་མི་རྙེད་པས་རང་གིས་རང་ལ་འཁང་ར་དང་རང་གིས་རང་ལ་སྡུག་དམོད་བྱེད་དགོས་འཁེལ་གྱི་འདུག ཁྱེད་རྣམ་པས་འདི་ལྟར་རང་གི་ལུས་པོས་གང་གཅོག་དང་རང་གིས་རྐང་པ་གཉིས་ཀྱི་ས་གཞིའི་ལམ་བུ་འཇལ་བའི་དཀའ་དུབ་སྤྱད་ནས་འཛམ་གླིང་འདིའི་སྐྱེ་བོ་སྔར་བས་མང་བས་བོད་དོན་ངོ་ཤེས་པ་དང་བོད་མིའི་དཀའ་སྡུག་ལ་རྒྱུས་ལོན་ལ་རྒྱབ་སྐྱོར་ཡང་ཐོབ་པ་གནང་ནས། མཐར་ཐུག་བོད་ལ་སྐྱིད་པའི་ཉི་མ་ཞིག་བསུ་བར་ཕྱར་བ་གྲུ་འདེགས་གནང་བཞིན་ཡོད་པས། ཁྱེད་རྣམས་ལ་ལུས་ངག་ཡིད་གསུམ་ནས་རྩེ་གཅིག་ཏུ་གུས་འདུད་ཞུ་རྒྱུ་ཡིན།

  3. སྤྲ་ནག་དོན་འགྲུབ་ཚེ་རིང་། says:
    2010-07-09 at 6:19 pm

    སེམས་ཁོང་རུས་བའི་སྟེང་ནས་གུས་འདུད་ཞུ་།

  4. བཟོད་པ་ལྷ་རྩེ་ says:
    2010-07-09 at 10:42 pm

    ཁྱོད་རྣམས་ཕྱག་ལས་དེར་རྒྱབ་བསྐྱོར་ཡོད་ལ་ལེགས་སྒྲུབ་ཐུབ་པའི་སྨོན་འདུན་བླ་ན་མེད་པ་ཞུ།

  5. གངས་ཕྲུག says:
    2010-07-09 at 11:49 pm

    གུས་བསྐུར་འོས་པའི་ང་ཚོའི་གང་ཅན་ཚང་གི་གོམ་འགྲོད་པ་རྣམས་ལ་སྙིང་དབུས་ནས་མཚམས་འདྲི་དང་བཀྲིས་བདེ་ལེགས་དྲངས་མེད་ཞུ་བཞིན་ཡོད།

  6. རིག་བཟང་། says:
    2010-07-10 at 6:33 am

    ཁྱེད་རྣམ་པས་མི་རིགས་ཤིག་གི་རང་དབང་དང་ཐོབ་ཐང་ཆེད་ལྷག་བསམ་དང་སྤོབས་པས། རང་གི་དཀའ་སྡུག་དང་ངལ་བ་གང་ལ་ཡང་མ་འཛེམ་པར་དེ་ལྟའི་གོམ་བགྲོད་གནང་བར་དགའ་གུས་དང་རྗེས་སུ་ཡི་རང་ཞུ་བཞིན་ཡོད། ཁྱེད་རྣམ་པས་བྱ་གཞག་གང་བསྒྲུབ་མཐའ་དག་གེགས་མེད་ཡིད་བཞིན་འགྲུབ་པའི་སྨོན་མདུན་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme