Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དབུ་ཁྲིད་ཀྱི་ཁྱད་ཡོན་འབུར་ཏུ་མཐོན་པའི་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག

Posted on 2020-09-16 By ཁ་བརྡ 4 Comments on དབུ་ཁྲིད་ཀྱི་ཁྱད་ཡོན་འབུར་ཏུ་མཐོན་པའི་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག

ངམ་རིང་ཡོན་ཏན་རྒྱ་མཚོ།
 
ཉེ་དུས་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་བཅར་འདྲི་ལེ་ཚན་རྒྱུད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ ༢༠༢༡ ལོའི་སྲིད་སྐྱོང་གི་འོས་མིར་བཞེངས་གཏན་འཁེལ་བའི་གསལ་བསྒྲགས་གནང་པས་ང་དང་ང་འདྲ་བའི་ཁོང་ལ་རེ་བ་བཅོལ་མཁན་གྱི་རང་རིགས་གསེར་སྐྱ་ཕོ་མོ་མི་ཉུང་བ་ཞིག་གི་སེམས་སུ་བློ་བདེའི་ཚོར་སྣང་ཞིག་དང་། རེ་བའི་སྐྱ་རེངས་ཤར་བ་སྨྲོས་ཅི་ལ་དགོས།དེ་བས་ཀྱང་བཅར་འདྲིའི་རྒྱུད་རིམ་ཁྲོད་ཁོང་གིས་གསུངས་པའི་བཀའ་མོལ་དེ་དག་ནི་ད་ལྟའི་སྤྱི་ཚོགས་འདིར་ཧ་ཅང་གི་མཁོ་ཅིང་། རིན་ཐང་ཅན་ཡིན་སྟབས་བཀའ་མོལ་དེ་དག་ལས་འཕྲོས་པའི་རང་ཉིད་ཀྱི་མྱོང་ཚོར་འགའ་ཞིག་འདིར་ཆུ་བརྒྱ་ཟམ་འདུས་ཀྱི་ཚུལ་དུ་བརྗོད་པར་བྱ།

༡) ཁོང་སྲིད་སྐྱོང་འོས་མིར་བཞེངས་དགོས་པའི་རྒྱུ་མཚན། སྲིད་སྐྱོང་འོས་མི་གཞན་དང་མི་འདྲ་བར་ཁོང་སྲིད་སྐྱོང་ལ་བཞེངས་དགོས་པའི་རྒྱུ་མཚན་གཙོ་བོ་ནི། གཞིས་ལུས་བོད་དང་། གཞུང་ཞབས་ཟུར་པ། ཆབ་སྲིད་བཙོན་ཟུར་སོགས་རང་རིགས་སྐྱ་སེར་ཕོ་མོ་དང་རྒན་དར་གཞོན་གསུམ་མི་ཉུང་བ་ཞིག་གིས་བཀའ་ཟུར་མཆོག་ལ་རེ་བསྐུལ་བཞུས་པར་བརྟེན། ཁོང་གིས་རྒྱ་ཆེའི་མི་མང་དེ་དག་གི་རེ་འདུན་རྣམས་རྒྱ་མཆཽ་རྡོ་གཡུགས་ལྟར། གོ་མེད་ཚོར་མེད་དུ་མ་བཞག་པར། སྤྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་གི་འོས་མིར་བཞེངས་རྒྱུའི་ཐུགས་ཐག་བཅད་ཡོད། ཁོང་གི་མཛད་སྤྱོད་དེའི་ཐོག་ནས་ང་ཚོས་རྟོགས་ཐུབ་པ་ནི། སྐུ་ངོ་འབྲོང་ཆུང་མཆོག་ནི་མི་མང་གི་བསམ་འཆར་དང་མངོན་འདོད་གཙུག་ཏུ་འཛིན་མཁན་གྱི་དབུ་ཁྲིད་ཤིག་ཡིན་པ་དང་། དེ་ལྟ་བུའི་དབུ་ཁྲིད་ནི། མང་གཙོའི་སྤྱི་ཚོགས་སྤྱི་དང་ལྷག་པར་དུ་རང་རེའི་སྲིད་་སྐྱོང་ལམ་ལུགས་ནང་ཧ་ཅང་གི་དགོས་མཁོ་ཆེན་པོ་ཡོད། གང་ཡིན་ཟེར་ན། རང་རེའི་བཙན་བྱོལ་སྲིད་གཞུང་ནི། མི་མང་གི་ཆེད་དུ་བཙུགས་པ་དང་། མི་མང་གིས་བཟུང་བ། མི་མང་གི་གཞུང་ཡིན་པས་སོ།།

༢) འོས་སློང་སྐོར་བསྐྱོད་དང་འགྲན་རྩོད་རིགས་མི་གནང་རྒྱུ།
ང་ཚོ་ནི་འཐབ་རྩོད་ཀྱི་ངོ་བོར་གནས་པའི་མི་རིགས་ཤིག་ཡིན་སྟབས། གནས་བབ་ལ་གཞིགས་ཏེ་གོམ་པ་སྤོ་དགོས་ཀྱང་། ཕྱི་རོལ་ཁོར་ཡུག་གི་ཤུགས་རྐྱེན་ནམ་དེང་རབས་ཅན་ལ་བསྙད་པ་ཇི་ལྟར་ཡང་། རང་རེའི་བཙན་བྱོལ་སྤྱི་ཚོགས་ཁྲོད་རྒྱལ་ཁབ་ཡོད་པའི་ཆབ་སྲིད་ཀྱི་འོས་འགྲན་ནང་འཛུལ་བ་ལྟར་གྱིས། སྲིད་སྤྱིའི་འོས་མི་འགས་ལས་འཆར་འགའ་རེ་འཁྱེར་སྟེ། རྔ་རྡུང་དར་འཕྱར་ཀྱི་དྲིལ་བསྒྲགས་དང། འོས་སློང་སྐོར་བསྐྱོད། འོས་མི་ཕན་
ཚུན་འགྲན་ཞིང་རྩོད་པ་སོགས་མདོར་ན། མཚམས་རེ་བོད་མི་རིགས་ཀྱི་ཡ་རབས་བཟང་སྤྱོད་ལས་འདས་པའི་ཆབ་སྲིད་དྲིལ་བསྒྲགས་ཀྱི་འཁྲབ་ཚན་སྣ་ཚོགས་འཁྲབ་པར་བརྟེན། གཅིག་ནས་གནས་ཡུལ་རྒྱལ་ཁབ་ཀྱི་མཐོང་སྣང་ལ་མཛེས་པོ་མེད་པ་དང་། ལྷག་པར་དུ་དེ་ལྟ་བུའི་ང་རྒྱལ་ཁྱེད་ཕམ་གྱི་ཁ་དམག་དེའི་ཁྲོད་ང་ཚོའི་གཅིག་བསྒྲིལ་གྱི་འཕྲོད་བསྟེན་ལ་ཆམ་ནད་ཕོགས་ཏེ། ད་ལྟའང་ཆམ་ནད་དེ་དྲག་སྐྱེད་མཐར་ཕྱིན་བྱུང་མེད། དེ་ལྟ་བུའི་
གནས་བབ་ཁྲོད། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་གིས་བཙན་བྱོལ་བོད་མིའི་གནས་བབ་ལ་གཞིགས་ཏེ་བཟོས་པའི་འོས་བསྡུའི་སྒྲིག་གཞི་རྩ་འཛིན་ཐོག་འོས་སློང་སྐོར་བསྐྱོད་དང་འགྲན་རྩོད་སོགས་གང་ཡང་གནང་རྒྱུ་མིན་ལུགས་གསལ་པོར་གསུངས་པའི་མཛད་སྤྱོད་དེས་ཕྱོགས་གཅིག་ནས་གཞི་རིམ་རྒྱ་སྤྱིའི་མི་མང་ལ་རྣམ་དཔྱོད་ཡོད་ན། རང་དབང་གི་བསམ་བློ་གཏོང་སའི་ཁོར་ཡུག་གཅིག་བསྐྲུན་ཡོད་ལ། ཕྱོགས་གཞན་ཞིག་ནས་རང་རེའི་བཙན་བྱོལ་གྱི་མང་གཙོའི་ལམ་ལུགས་དེ་རལ་གྲི་སོ་གཉིས་པར་མི་འགྱུར་བའི་སྔོན་འགོག་ཞིག་ཀྱང་ཆགས་ངེས་ཡིན།

༣) འོས་མི་གཞན་ཚོར་སྐྱོན་བརྗོད་བྱེད་མི་ཉན་པའི་སློབ་སྟོན།
གཅིག་བསྒྲིལ་ནི་སྟོབས་ཤུགས་ཡིན་ཡང་། རང་རེའི་སྟོབས་ཤུགས་དེར་ཉེ་བའི་ལོ་ཤས་རིང་ཆམ་ནད་ཕོག་སྟེ་ད་དུང་ཡང་དྲག་སྐྱེད་བྱུང་མེད་པའི་གནས་སྐབས་འདིར་བཀའ་ཟུར་མཆོག་གིས་ཆམ་ནད་དྲག་སྐྱེད་དང་སྔོན་འགོག་ཡོང་བའི་སྨན་མཆོག་ཞིག་བརྩལ་བ་ནི། ཁོང་གིས་ལྷག་བསམ་རྣམ་གིས་རང་ཉིད་ལ་རྒྱབ་སྐྱོར་གནང་མཁན་ཚོར་སྲིད་སྐྱོང་འོས་མི་གཞན་རྣམས་སྤྱི་དོན་ཞབས་འདེགས་སྒྲུབ་འདུན་བཅངས་ཏེ་འོས་མིར་བཞེངས་པར་
བརྟེན། ཁོང་རྣམས་ལ་སྐྱོན་བརྗོད་དང་ཟུར་ཟའི་རིགས་རྩ་བ་ནས་བྱ་མི་ཉན་པའི་སློབ་སྟོན་དེ་རེད། དེ་ལྟ་བུའི་ཁོང་གི་ཞི་དུལ་བག་ཡོད་ཀྱི་བཟང་སྤྱོད་ནི་རང་རེའི་ཆམ་ནད་ཕོག་པའི་གཅིག་བསྒྲིལ་འདིར་སྨན་ཁབ་མཆོག་ཏུ་གྱུར་བ་ཞིག་ཡིན་པས། སྐབས་རྗེས་མའི་སྲིད་སྐྱོང་འོས་ཤོག་དེ་སྐུ་ངོ་ཁོང་ལ་ཕུལ་ཚེ། ཁོང་གི་བློ་དཀར་གཞུང་དྲང་གི་ཤིས་བཟང་དེས་ང་ཚོའི་གཅིག་བསྒྲིལ་ལ་ཕོག་པའི་ཆམ་ནད་དེ་གཙང་སེལ་ཐུབ་པའི་ངེས་པ་ཞིག་རང་
བཞིན་གྱིས་སྦྱིན་བྱུང་། དེས་ན། མ་འོངས་པར་ང་ཚོའི་སྤྱི་ཚོགས་འདིའི་མཐུན་བསྒྲིལ་གྱི་འཕྲོད་བསྟེན་ལ་བདེ་ཐང་དགོས་ན། ཁྱེད་ཀྱི་འོས་ཤོག་དེ་བཀའ་ཟུར་འབྲོང་ཆུང་མཆོག་ལ་འཕང་རོགས། ཁོང་གིས་ང་ཚོ་ནམ་ཡང་ཆུ་གློད་མི་སྲིད་ལ། བློ་ཡང་ཕམ་ཏུ་འཇུག་མི་སྲིད།

༤) རང་ཁེ་ཆེད་༧རྒྱལ་བའི་མཚན་ཐེངས་གཅིག་ཀྱང་མ་སྤྱད་པ།
དེང་རང་རེའི་ཆབ་སྲིད་པ་མི་ཉུང་བ་ཞིག་གིས་གོ་སྐབས་ནམ་བྱུང་ལ། མི་མང་གི་བསམ་པ་བསྒྱུར་ཆེད་༧རྒྱལ་བའི་མཚན་སྤྱད་དེ་རང་ཉིད་ལ་འོས་ཐོབ་ཐབས་བྱས་དང་བྱེད་མུས་ཡིན། འོན་ཀྱང་། དུས་ཡུན་སྐར་མ་བཅུ་ཙམ་གྱི་བཅར་དྲིའི་རྒྱུད་རིམ་ཁྲོད། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་གིས་འོས་བསྡུའི་སྒྲིག་གཞིའི་དགོངས་འདུན་ལ་བརྩི་སྲུང་གིས་༧རྒྱལ་བའི་མཚན་ཐེངས་གཅིག་ཀྱང་བེད་སྤྱོད་བྱས་མེད་པ་དེའི་ཐོག་ནས། ཁོང་ལ་
ཁྲིམས་སྲུང་གི་འདུ་ཤེས་བརྟན་པོ་དང་གོ་དབང་ལ་འདོད་རྔམ་མེད་པའི་རང་གཤིས་གསེར་གཙོ་མ་ལྟ་བུ་དེ་འབུར་དུ་མངོན་ཡོད། མདོར་ན། ཁྲིམས་སྒྲིག་གཙུག་ཏུ་བཀུར་ཅིང་། མི་མང་གི་མངོན་འདོད་དང་དུ་ལེན་པའི་སྤྱོད་ཡོན་གཉིས་ལྡན་གྱི་སྐྱེས་བུ་ཁོང་ནི་ད་ལྟའི་རང་རེའི་དུས་ལ་བབ་པའི་སྲིད་སྐྱོང་འོས་མི་གཅིག་པོ་དེ་ཡིན།

༥) མི་མང་གིས་ནམ་རྒྱུན་དུ་འཛིན་སྐྱོང་གི་མཛད་ཕྱོགས་སྲིད་བྱུས་ལ་དོ་སྣང་དགོས་པ་གསུངས་པ། སྲིད་སྐྱོང་འོས་མི་ཚོར་བཅར་འདྲི་བྱས་པའི་མཐའ་བསྡོམས་བཀའ་མོལ་གྱི་སྤྱི་འགྲོས་ལྟ་བུ་བྱས་ན། མི་མང་ཚོས་དོ་བདག་རང་ཉིད་ལ་འོས་འཕེན་ན། རང་ཉིད་ཀྱིས་གང་དགའ་ཅི་ལེགས་ཞུ་རྒྱུ་ཡིན་ལུགས་བརྗོད་དེ་རང་ཉིད་ལ་འོས་འཕེན་དགོས་ལུགས་དངོས་ཤུགས་ཅི་རིགས་ནས་བརྗོད་ཀྱི་ཡོད་ཀྱང་། བཀའ་ཟུར་མཆོག་གིས་དེ་བས་ལྡོག་ཏེ། མི་མང་ཚོས་སྲིད་སྐྱོང་འོས་མི་འདེམས་རྒྱུའི་ཐོབ་ཐང་ལོངས་སུ་སྤྱད་པ་ཙམ་མ་ཟད། མ་འོངས་པར་རང་ཉིད་ཀྱིས་འོས་འདེམས་བྱས་པའི་སྲིད་སྐྱོང་གི་སྲིད་གཞུང་དེའི་མཛད་ཕྱོགས་སྲིད་བྱུས་ལ་བྱ་ར་དང་དོ་སྣང་བྱེད་དགོས་ལུགས་བསྐུལ་མ་གནང་བ་ལས་མི་མང་ལ་ང་ལ་འོས་འཕེན་ན་ངས་ཧུར་བརྩོན་བྱ་གི་ཡིན་ཟེར་བ་སོགས་མདོར་ན། མི་མང་ཁྲོད་ནས་འོས་སློང་བའི་སྤྱོད་ཚུལ་མི་བསྟན་པ་དེའི་ཐོག་ནས་ཀྱང་། ཁོང་གི་གཞུང་དྲང་སྤྱིུ་སེམས་དེ་འབུར་དུ་མངོན་བྱུང་།མདོར་ན། ཁོང་གི་བཙན་བྱོལ་བོད་མིའི་ཁྲིམས་སྒྲིག་གཙུག་ཏུ་བཀུར་བའི་གཤིས་བཟང་དང་གཅིག མི་མང་གི་མངོན་འདོད་རྩ་བར་འཛིན་པའི་ལམ་ལུགས་སྐྱོངས་སྟངས་དང་གཉིས། ཤེས་འཇོན་ལྷག་བསམ་དང་གསུམ། མི་ལོ་བཞི་བཅུ་ལྷག་གི་ཉམ་མྱོང་དང་བཞི་བཅས་གང་ལ་གཞིགས་ཀྱང་ ༢༠༢༡ ལོའི་དུས་ལ་བབ་པའི་སྲིད་སྐྱོང་ནི་དཔལ་ལྡན་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལས་ལྷག་པ་གཅིག་ཀྱང་ངའི་མིག་ལམ་དུ་མངོན་རྒྱུ་མི་འདུག་གོ

བསམ་ཚུལ།

Post navigation

Previous Post: བབ་བརླིང་བརྟན་གསུམ་ལྡན་པའི་མི་དེ་ཁྱོད་ཡིན།
Next Post: བོད་སྨན་རིན་ཆེན་རིལ་བུ་རྣམས་ཀྱི་ཕན་ཡོན།

Comments (4) on “དབུ་ཁྲིད་ཀྱི་ཁྱད་ཡོན་འབུར་ཏུ་མཐོན་པའི་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག”

  1. གཞུང་པ་ཚེ་དབང་བསིད་ནམས་ says:
    2020-09-16 at 9:06 pm

    དཔྱད་ཞིབ་ཧ་ཅང་གི་ཞིབ་ཚགས་གནང་འདུག་ཀྱང་དྲ་ནང་འཛུལ་མཁན་གྱི་བརྒྱ་ཆ་ནི་བཙན་བྱོལ་བོད་མིའི་གྲངས་འབོར་གྱི་བརྒྱ་བཅུ་ཙམ་ལས་མེད་ན་འོས་ཤོག་ནི་འོས་འཕེན་མི་མང་གི་བརྒྱ་དགུ་བཅུའི་ཕྱག་ཏུ་ཡོད་པ་ལས་ཕྱོགས་གཏོགས་འགན་ཁུར་གྱི་ལག་ཏུ་ཡོད་པར་ནམ་ཡང་ངོས་འཛིན་མི་ཐུབ་བོ།

  2. ཉི་མ་རང་གྲོལ། says:
    2020-09-17 at 12:24 am

    གཞུང་གི་རྐུབ་སྟེགས་སྒང་ནས་བསྡད། སྔོན་འགྲོར་འདེམས་ན་འོས་གཞིར་ལངས་ཀྱི་ཡིན་ཞེས་། ཁྱབ་བསྒྲགས་གནང་བ་དེ་སྒྲིག་གཞིར་བརྩི་སྲུང་དང་ཁྱད་འཕགས་ཡོན་ཏན་ཞིག་ལ་བགྲང་ན་འགྲིག་གི་ཡོད་དམ། རྩམ་པ་ཟོས་རྗེས་ཞོ་འཐུང་གི་ཡིན་ཟེར་བ་ལྟ་བུ་ཆགས་མི་འདུག་གམ།

  3. བོད་ཡིག་སྐྱབས། says:
    2020-09-17 at 8:20 am

    གནད་དོན་དབྱེ་ཞིབ་ཀྱིས་གསལ་བཤད་ལེགས་པོ་གནང་འདུག རྒྱབ་སྐྱོར་བ་ཚོས་ཡིག་ངག་གཉིས་ཐོག་ནས་བརྒྱུད་ལམ་ཡོད་ཚད་དུ་ཁྱབ་བསྒྲགས་བྱེད་དགོས། ད་ལྟ་ནི་དྲ་བའི་དུས་རབས་ཡིན་པས་དྲ་ལམ་དུ་མི་ཐོན་པའི་མི་ཞིག་ཡོད་དཀའ།

  4. Pingback: དབུ་ཁྲིད་ཀྱི་ཁྱད་ཡོན་འབུར་ཏུ་མཐོན་པའི་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག | Ngodup Dongchung

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme