Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མོ་མཆོག་ཕོ་དམན།

Posted on 2020-09-01 By ཁ་བརྡ 5 Comments on མོ་མཆོག་ཕོ་དམན།

རྟ་དབྱངས།
 
ཕོ་མཆོག་མོ་དམན་ཟེར་བའི་མིང་ཚིག་འདི་མགོ་རྟིང་མ་བསློགས་བར་དུ་བུད་མེད་ཀྱི་འདྲ་མཉམ་སྐོར་ཀྱང་ཚར་རྒྱུ་དང་རྫོགས་རྒྱུ་ཞིག་གང་ན་ཡོད། ན་ནངས་བཤད་པ་རེད། ད་ལོ་འཆད་ཀྱིན་གདའ། ལོ་རྗེས་མ་ཡང་བཤད་རྒྱུ་རེད། ཕོ་མཆོག་མོ་དམན་ཟེར་བ་འདིའི་འབོད་མཚམས་འདི་མ་བཞག་བར་དུ་ཕོ་མོ་འདྲ་མཉམ་ཟེར་བ་འདི་ལའང་། ཚར་རྒྱུ་དང་རྫོགས་རྒྱུ། ཉམས་རྒྱུ་དང་ཟད་རྒྱུ་ཞིག་མེད་པ་འདྲ། ང་ཚོའི་སྤྱི་ཚོགས་ཁྲོད་དུ། ཕོ་མཆོག་མོ་དམན་ཟེར་བའི་མིང་ཚིག་འདི་ས་ཁྱབ་རྡོ་ཁྱབ་ཏུ་སོང་ཚར་འདུག ད་ནི་བསམ་གཞིག་ཡག་པོ་ཞིག་བཏང་ནས། མོ་མཆོག་ཕོ་དམན་ཞེས་མིང་ཚིག་འདི་མགོ་རྟིང་སློག་ཐུབ་པ་ཡིན་ན། དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་ཡར་རྒྱས། ཁྱིམ་ཚང་བདེ་སྐྱིད། སྔོན་ཐོན་གྱི་རྗེས་ཟིན་ཐུབ་པའི་ཁེ་ཕན་ཡོད། སྔོན་ཐོན་ཅན་གྱི་རྒྱལ་ཁབ་ཁ་ན་ཌ་ལྟ་བུར་མཚོན་ན། “Ladies First.” ཟེར་བ་འདི་ངག་རྒྱུན་ན་འཇགས་ཡོད། ང་ཚོས་ཀྱང་དེ་ལ་དཔེར་བླངས་ཏེ། “བུད་མེད་དང་པོ་”ཞེས་བསྒྱུར་ན་འོས་ཤིང་འཚམས་པ་མི་འདུག་གམ།

ཁོང་ཚོས་བུད་མེད་དང་པོ་ཟེར་བའི་དོན་ནི་འདི་ལྟ་སྟེ། བུད་མེད་ལ་བརྩི་བཀུར་དང་བཀུར་སྟི། ཆེ་མཐོང་དང་མིག་ལྟོས་བཟང་པོ་ཞིག་འཇོག་རྒྱུའི་ཚབ་དང་། ཡ་རབས་མཚོན་བྱེད་ཞིག་གི་ཚུལ་ཡང་རེད་འདུག
འདས་པའི་ལོ་རྒྱུས་ནང་དུ། བོད་པའི་སྐྱེས་པ་ཚོས། བོད་པའི་སྐྱེས་མེད་ལ་རྡུང་རྡེག་དང་བརྙས་བཅོས། དམའ་འབེབས་དང་མཐོང་ཆུང་། ཐུབ་ཚོད་དང་བཙན་གཡེམ། ཁ་བྲེགས་མིག་བཀོག ཡར་ལ་དྲུད་མར་ལ་དྲུད། རྟ་ལྕག་གིས་ཀྱང་གཞུས་ཡོད།

Iran- ཨིརག་གི་སྐྱེས་པ་ཚོས་རང་གི་སྐྱེས་མའི་མགོ་ལ་རྡོ་གཞུས་ཏེ་དོང་ནང་ལ་སྦས་ཡོད། རྒྱ་གར་གྱི་སྐྱེས་པ་ཚོས་རྒྱ་གར་གྱི་སྐྱེས་མ་ཚོའི་གཟུགས་པོ་ལ་སྣུམ་བླུགས་ཏེ་ཁང་སྒོ་ལ་ཟྭ་བརྒྱབ་ནས་གསོན་སྲེག་བྱས་ཡོད།
ཨ་རིའི་སྐྱེད་པ་ཚོས། ཨ་རིའི་སྐྱེད་མ་ཚོ་མགོ་འགྱོག་གི་མ་བཅུག་པར། འོས་ཤོག་འཕེན་མ་བཅུག་པ། མཐོ་སློབ་ཏུ་འགྲོ་མ་བཅུག་པ། ལས་གླ་ཕོ་ལས་ཉུང་བ་སྤྲད་པ། བདག་དབང་མ་སྤྲད་པ། བཟའ་ཚང་ཁ་བྲལ་སྐབས་སུ་ཕྲུ་གུའི་བདག་དབང་སྤྲད་མེད་པའི་ཐོབ་ཐང་དང་འདྲ་མཉམ་རྩ་ནས་སྤྲད་མེད་པས། ཨ་རིའི་བུད་མེད་Elizabeth Cady Stanton- ཨེ་ལི་ཛི་རྦེ་ཐི ཁན་ཀྲི སི་ཀྲན་ཀྲོན་གྱིས་1848 ནས་མགོ་བརྩམས་ཏེ། ཨ་རིའི་བུད་མེད་ཐོབ་ཐང་སྐོར་ལོ་ངོ་ལྔ་ཅུར་རྩོད་དགོས་བྱུང་བ་རེད་ལ་ཟླ་བཞི་པའི་ཚེས་བརྒྱད་དེ། རྒྱལ་སྤྱིའི་བུད་མེད་ཉིན་མོ་ཡིན་ཞེས་ལོ་རྟག་པར་སྲུང་བརྩི་བྱེད་ཀྱིན་ཡོད་ལ་གཏན་ལ་ཡང་འཁེལ་ཐུབ་པ་རེད།
ད་རུང་སི་ཀྲན་ཀྲོན་གྱིས། ”བུད་མེད་ལ་སེམས་ཤུགས་སྤྲོད་ཐུབ་པ་དེ། བུད་མེད་སྲུང་སྐྱོབ་བྱ་ཐུབ་པའི་ལམ་ཁ་ཡག་ཤོས་དེ་ཡིན།” ཞེས་བཤད་ཡོད།
ད་ནི་དུས་རབས་ཉི་ཤུ་རྩ་གཅིག་ལ་བསླེབས། ཁྲིམས་ཀྱིས་དབང་སྒྱུར་བྱས། ཕོ་མོ་འདྲ་མཉམ་རེད། འོན་ཀྱང་། རྒྱལ་ཁབ་སྐྱོ་པོ་དང་ཆོས་ལུགས་རྙིང་ཞེན་ཅན་ཡོད་སའི་སྤྱི་ཚོགས་ཁྲོད་ན་ད་རུང་ཕོ་མོ་ལ་འདྲ་མཉམ་ཡོང་གི་མེད།

འཛམ་གླིང་ཡོངས་ཀྱི་བུད་མེད་ཚོས་ཧ་ཅང་སྡུག་པོ་ཚད་མེད་མྱངས་ཡོད་པས། ད་ནི་ང་ཚོས་བུད་མེད་ལ་མཐོང་ཆེན་བརྩི་དགོས་པ་འདི་དུས་ལ་བབས་ཤིང་གནད་ལ་ཐུག་ཡོད། དཔལ་འབྱོར་ཡར་རྒྱས་དགོས་ན། བུད་མེད་ལ་མཐོང་ཆེན་བྱ་དགོས། སྔོན་ཐོན་རྒྱལ་ཁབ་ཚོའི་རྗེས་ཟིན་དགོས་ན། བུད་མེད་ལ་བརྩི་མཐོང་བྱ་དགོས། ཁྱིམ་ཚང་ལེགས་པོ་ཞིག་སྐྱོང་བ། ཕྲུ་གུ་ཡག་པོ་ཞིག་སྙོམ་ལག་རྒྱས་དགོས་ན། བུད་མེད་ལ་གུས་བཀུར་བྱ་དགོས། མི་འབོར་འཕེལ་རྒྱས་གཏོང་དགོས་ན། བུད་མེད་མཆོག་ཏུ་བརྩི་དགོས་འདུག

དེས་ན་ང་ཚོས་མགོ་གང་ནས་བརྩམ་དགོས་ཟེར་ན། ཐོག་མར་སྐྱེས་དམན་ཟེར་བའི་མིང་ཚིག་འདི་བརྗེ་དགོས་འདུག སྐྱེས་སྨན་ཟེར་བ་དེ་ཧ་ཅང་ལེགས། གཞན་སྐྱེས་མེད་ཅེས་བརྗོད་ནའང་ཧ་ཅང་འཚམས་པོ་དང་ལན་པོ། དོན་ལ་ཡང་གནས་པ། མིང་དོན་མཚུངས་པས། སྐྱེས་མཆོག་མ་དང་སྐྱེས་སྨན། སྐྱེས་མེད་དང་བུད་མེད། ཨ་མདོའི་བཤད་རྒྱུན་ཞིག་ལ་བུ་མོ་གཞོན་ནུ་མ་ཚོར་སྨན་བུ་མོ་དང་སྨན་ཤར་ཡང་ཟེར།
མིང་འབོད་དེ་དག་ལ་ཚིག་འགྲེལ་ཞིག་བྱས་ན། སྐྱེས་མཆོག་མ་ནི། ཁྱིམ་ཚང་ཞིག་སྐྱོང་བ་དང་ཕྲུ་གུ་ཞིག་གསོ་བ་ལ་རང་བཞིན་གྱི་བྱམས་བརྩེ་དེ་སྐྱེས་པ་ཚོ་ལས་སྐྱེས་མ་ཚོ་ཧ་ཅང་མཆོག་པ་མིན་ནམ། སྐྱེས་མེད་དང་བུད་མེད་ཀྱི་དོན་ནི། སྐྱེས་པའི་ཕོ་མཚན་དང་མི་འདྲ་བར་མོ་མཚན་ཕྱིར་མངོན་མེད་པས་སོ། །སྐྱེས་སྨན་གྱི་ནང་དོན། རྒྱལ་ཁབ་ཅིག་དང་ཁྱིམ་ཚང་ཞིག་འཛུགས་སྐྲུན་བྱ་དགོས་ན། སྐྱེས་སྨན་ནི་མེད་དུ་མི་རང་བ། སྐྱེས་པ་ཁོ་ནས་ཁྱིམ་ཚང་ཞིག་སྐྱོང་མི་ཐུབ་པ། རྒྱལ་ཁབ་ཞིག་འཛུགས་མི་ཐུབ་པ། བྱིས་པ་དང་ཁྱོ་གའི་སེམས་གསོ་མཁན། མདོར་ན་འཇིག་རྟེན་ཞིག་སྐྱོང་དགོས་པ་ཡིན་ན། ཁོང་མོ་ཚོ་ནི་སྐྱེས་པ་ཚོའི་སྨན་ལྟ་བུ་ཡིན་པས། བདེ་པོ་དང་འཚམས་པོ་ངང་དུ་ཁྱིམ་ཚང་ལེགས་པར་སྐྱོང་ཐུབ་པ། རྒྱལ་ཁབ་ཅིག་ལ་མཚོན་ན་ཡང་ཡར་རྒྱས་ཀྱི་སྨན་ལྟ་བུ་ཡིན་པས་སོ།།

མ་ཟད་ནང་ཆོས་ནང་ན་ཡང་། འདི་ལྟར་བརྗོད་ཡོད། མར་གྱུར་སེམས་ཅན་ཐམས་ཅད་ཅེས་མ་ནི་ང་ཚོ་སེམས་ཅན་ཐམས་ཅད་བྱུང་བའི་འབྱུང་ཁུངས་ཡིན་པ་དང་། མ་ལས་དྲིན་ཆེ་བ་ཞིག་མེད་ཚུལ་ཧ་ཅང་རྒྱས་པོ་གསུངས་ཡོད་པ་དང་། མར་གྱུར་སེམས་ཅན་ཐམས་ཅད་སངས་རྒྱས་རྒྱུ་ཡོད་པ། སངས་རྒྱས་བར་ཐབས་ཤེས་གཉིས་ལ་བརྟེན་དགོས་པ། མ་ནི་ཤེས་རབ་ཀྱི་རང་བཞིན་དང་མཚོན་དོན་ཡིན། དེ་ལྟར་སྐྱེས་མ་འདིས་ནང་ཆོས་ནང་དུའང་ཧ་ཅང་གོ་གནས་ཆེན་པོ་ཞིག་ཀྱང་ཟིན་འདུག

དེས་བས། བུད་མེད་ལ་འདི་ལྟར་འབོད་འོས། སྐྱེས་མཆོག་མ། མོ་མཆོག སྐྱེས་སྨན། སྐྱེས་མེད་དང་བུད་མེད་ཅེས། དེ་རིང་ནས་བཟུང་ང་ཚོས་འདི་ལྟར་འབོད། སྐྱེས་དམན་ཟེར་བའི་མིང་ཚིག་འདི་རྩ་ནས་འབོད་མི་འོས་ཤིང་འདོར་བར་བྱ། གལ་སྲིད་ཕོ་མཆོག་མོ་དམན་ཞེས་བོས་ན། མོ་མཆོག་ཕོ་དམན་ཡིན་པའང་གོང་དུ་བཤད་ཟིན་པ་དྲན་པར་གྱིས་སོ།

དེ་ཡང་བསམ་བློའི་ནང་ལ་ཕོ་མོ་གཉིས་ཀ་འདྲ་མཉམ་ཡིན་སྙམ་པའི་འདུ་ཤེས་ཤིག་མ་སྐྱེས་བར་དུ་ཁ་ནས་སྐྱེས་མཆོག་མ་ཞེས་བོས་པ་དང་ལག་ནས་སྐྱེས་སྨན་ཞེས་བྲིས་ཀྱང་སེམས་ནས་སྐྱེས་དམན་རང་ཡིན་ངེས་པས། “དོན་དམ་གྱི་ཕོ་མོའི་ཐོབ་ཐང་ཞིག་ཡོང་བ་ལ་ཕོ་མཆོག་མོ་དམན་གྱི་བསམ་བློའི་དུག་རྒྱུན་གཙང་སེལ་བྱེད་དགོས”ཞེས་པའི་དགེན་ལྷག་དཀར་གྱི་སྡོམ་ཚིག་འདིས་མཇུག་བསྡུས་པའོ།། །།

བསམ་ཚུལ།

Post navigation

Previous Post: འཆི་བདག་གཤིན་རྗེའི་ཕོ་ཉ།
Next Post: དོན་དངོས་སུ་ཋམ་(Trump)སུ་ཡིན་ནམ། (༤)

Comments (5) on “མོ་མཆོག་ཕོ་དམན།”

  1. གཞུང་པ་ཚེ་དབང་བསིད་ནམས་ says:
    2020-09-02 at 6:01 am

    ཧཧཧ འཇིག་རྟེན་བཀོད་པོས་འཇིག་རྟེན་བསྤྲུན་པ་ལ།
    མི་འདོད་ཟུར་ཟའི་ཡོལ་གྲིབ་ག་ནས་ཐུབ།
    ཕོ་མོ་བཟུང་འབྲེལ་ཐབས་དང་ཤེས་རབས་ལ།
    མི་འདོད་བློ་ཡིས་འགྱུར་བ་གཏོང་ནུས་སུ།

  2. ཀརྡོ་རབ་འབྱམས་པ་ says:
    2020-09-02 at 8:24 am

    ་་་་་་་་་་ མོ་མཆོག་ཕོ་དམན་ཞེས་མིང་ཚིག་འདི་མགོ་རྟིང་སློག་ཐུབ་པ་ཡིན་ན། དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་ཡར་རྒྱས། ཁྱིམ་ཚང་བདེ་སྐྱིད། སྔོན་ཐོན་གྱི་རྗེས་ཟིན་ཐུབ་པའི་ཁེ་ཕན་ཡོད། ་་་་་་་་་ ཟེར།

  3. ཀརྡོ་རབ་འབྱམས་པ་ says:
    2020-09-02 at 12:07 pm

    མཆོད་རྟེན་མགོ་རྟིང་བསློགས་ཀྱང་། །
    བང་རིམ་སྐེད་པར་སྡོད་ལྟར། །
    ཕོ་མོ་མགོ་རྟིང་བསློགས་ཀྱང་། །
    འདྲ་མཉམ་ཐད་ཀར་གནས་དགོས། །

  4. 阿桑歌 says:
    2020-09-02 at 2:12 pm

    དོན་དངོས་དང་མཐུན་པའི་དྲང་གཏམ་ཞིག་རེད་སྙམ། མོས་མཐུན་དང་རྒྱབ་སྐྱོར་ཡོད། དེ་རིང་ནས་བཟུང་། སྐྱེས་དམན་་དང་ནག་མོ་ཟེར་བ་སོགས་ཚོག་འདི་དག་དོར་བའི་དམ་བཅའ་ཡོད། ཕོ་མོ་འདྲ་མཉམ་གྱི་མེ་ཏོག་ལྡུམ་ར་རྒྱས་གྱུར་ཅིག

  5. ཁ་བའི་རྣམ་ཤེས། says:
    2020-09-02 at 4:47 pm

    ཕོ་མོ་འདྲ་མཉམ་ལོས་དགོས།འོན་ཀྱང་བུད་མེད་ལ་མཐོང་ཆུང་བྱེད་ལུགས་འདི་འཛམ་གླིང་སྤྱི་ཡོངས་ལ་དར་ཁྱབ་ཆེ་བའི་ན་ཚ་རྙིང་པ་ཞིག་ཡིན་པ་ལས་བོད་ཟུར་འདོན་བྱེད་མི་ཉན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme