Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དྲན་གདུང་།

Posted on 2020-08-29 By ཁ་བརྡ 2 Comments on དྲན་གདུང་།

ཆང་སྐྱེས།
 
བྲག་རི་ཟུར་གསུམ་ཅན་གྱི་རྩེ་ཁ་ནས།།
མིག་ཟུང་རིང་དུ་གཏད་དེ་རྒྱང་ལ་བལྟས།།
སྤྲིན་པ་ས་ལ་ལྷུང་བའི་མཁའ་མཐའ་ན།།
ཕ་ཡུལ་གངས་ལྗོངས་ཡོད་པའི་སྣང་བ་ཞིག།

མཚོ་མོ་དྭངས་ཤེལ་ཅན་གྱི་མཐའ་ཁ་ནས།།
སེམས་པ་ནང་ལ་བཀུག་སྟེ་འདང་ཞིག་བརྒྱབ།།
ཁྲུང་ཁྲུང་དཀར་མོ་བཞུད་པའི་ཕ་རོལ་ན།།
རང་ཡུལ་ཨ་མདོ་ཡོད་པའི་འཁྲུལ་སྣང་ཞིག།

ཆུ་མོ་ཤག་ཤག་འབབ་པའི་འགྲམ་ངོགས་ནས།།
མགོ་བོ་ཕྲག་ཁར་གླན་ཏེ་ངལ་ཞིག་གསོས།།
མེ་ཏོག་དཀར་དམར་འཛུམ་པའི་མཛེས་སྡུག་གིས།།
སྙིང་གི་དྲན་གདུང་ལྕི་མོ་རྨང་ནས་སྒུལ།།

ཡུལ་དང་ཁ་ཐག་རིང་བའི་ས་མཐའ་ནས།།
སེམས་ཀྱི་བུ་ཆུང་ལང་ཤོར་ཡུན་གྱིས་རྒས།།
ལ་གཞས་སང་སེང་ལེན་པའི་འབྲོག་མོ་དེ།།
མཚན་མོའི་རྨི་ལམ་ཞིང་ལ་ཡང་ཡང་འཁོར།།

ལོ་ཟླའི་འཁོར་སྐྱོད་རིང་མོའི་ལྟེབ་ཁུགས་ནས།།
ཡ་ཐོད་གདོང་གི་སྐྱི་པགས་རྒས་ཏེ་གཉེར།།
རྡོ་ཆག་བཙན་སྒྲིག་ལྟ་བུའི་སྙན་ངག་འདི།།
དྲན་གདུང་གསོན་པོ་ཞིག་གི་ཚུལ་ཏུ་བྲིས།།

ཐ་མག་ཚེ་སྲོག་རྔུབ་པའི་ཧྲག་བར་ནས།།
མིག་ཆུ་དྲོན་མོ་ཞིག་ཀྱང་ས་རུ་ཟགས།།
རླུང་བུ་ཤུགས་ཤུགས་ལྡང་བའི་སུན་སྣང་གིས།།
སྐྱོ་གདུང་ལྷག་མའི་སྟེང་ལ་ལྷག་མ་བསྣན།།

སྙན་ངག

Post navigation

Previous Post: རྡོར་གདན་མི་ལའི་ཚོགས་འཁོར།
Next Post: གཡུང་དྲུང་བོན་གྱི་ཆོས་འབྱུང་།

Comments (2) on “དྲན་གདུང་།”

  1. ཀརྡོ་རབ་འབྱམས་པ་ says:
    2020-08-29 at 3:40 pm

    གཞིས་སུ།
    པཎ་ཆེན་བཅུ་པ་ང་ཕོད་ངག་འཇིགས་སྦ་ཕུན་གསུམ་པོ་དགུང་དུ་ཡལ། །
    བྱེས་སུ།
    ཡོངས་འཛིན་རྣམ་པ་གཉིས་དང་ཀརྨ་པ་ཞེས་བཅུ་དྲུག་པ་ཡང་ཡལ། །
    བོད་ནང་།
    གངས་ཅན་པ་ཞེས་ཆོལ་གསུམ་མི་རིགས་ས་ཡ་དྲུག་པོ་བོད་ན་བཞུགས། །
    ཕྱི་རུ།
    ༸རྒྱལ་མཆོག་བསྟན་རྒྱ་༸ས་སྐྱ་ཁྲི་ཆེན་༸ཀརྨ་པ་ནི་ཕྱི་རུ་བཞུགས།
    ་
    གཞིས་ལུས་མི་མངས་བོད་ནང་བརྩོན། །
    བཙན་བྱོལ་བྱེས་འབྱོར་ཕྱི་རུ་བརྩོན། །
    མཉམ་བསམ་མཉམ་སྒྲུབ་སྤྱི་དོན་འབུངས། །
    གཉིས་སྨན་སྤྱི་དོན་གཉིས་མོས་སྒྲུབས། །
    ་
    མི་སྒྲུབ་ལས་ཞིག་སྲིད་ན་མེད། །
    སྒྲུབས་དང་འབྲས་མེད་མི་སྲིད་པས། །
    སྤྱི་དོན་བསམ་དོན་དོ་མི་སྒྲུབ་མེད། །
    མཉམ་ཞུགས་མཉམ་སྒྲུབས་མཉམ་སྤྱོད་གྱིས། །
    ་
    ཀརྡོས།

  2. བོད་ཡིག་སྐྱབས། says:
    2020-09-09 at 7:07 am

    གྱེར་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme