Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་རིར་ད་དུང་བུད་མེད་སྲིད་འཛིན་མ་བྱུང་བ་གང་ཡིན་ནམ།

Posted on 2020-08-25 By ཁ་བརྡ 2 Comments on ཨ་རིར་ད་དུང་བུད་མེད་སྲིད་འཛིན་མ་བྱུང་བ་གང་ཡིན་ནམ།

ཡིག་འགྱུར་མ། གངས་དཀར་སེམས། (བང་ཆེན་དྲ་རྒྱ་ནས་འདྲེན་བཀོད་ཞུས།)
མ་རྩོམ། རྩོམ་པ་པོ། ཧུའུ་ཧྥིང་། ༢༠༠༨ ལོའི་ཟླ་ ༣ ཚེས་ ༡༠ ཉིན།
 
ད་ཐེངས་ཨ་རིའི་སྲིད་འཛིན་འོས་བསྡུ་ནི་ཚ་ཚ་འུར་འུར་དང་རྣམ་པ་སྣ་ཚོགས་སམ་མཐོང་སྣང་ལ་ཧ་ལས་པ་རེད། མིག་སྔར་ཆབ་སྲིད་སྤྱི་མཐུན་ཚོགས་པའི་ཕྱོགས་དེ་སྔོན་མཐོང་སྣང་ཡག་པོ་མ་བྱུང་བའི་མཱ་ཁན་ Ma Kan ནི་འོས་མིའི་གྲལ་མགོར་སླེབས་ཡོད། དམངས་གཙོ་ཆབ་སྲིད་ཚོགས་པའི་ཕྱོགས་ནས་རྒྱལ་ཁབ་ཀྱི་ལྕམ་སྐུ་ཧཱི་ལ་རི་དང་འོས་མི་མི་ནག་སྤྱི་འཐུས་ཨཱོ་བྷ་མ་གཉིས་དབར་འགྲན་བསྡུར་འགྲོ་བཞིན་པ་རེད། མཇུག་མཐར་འོས་མི་འདི་གསུམ་སུ་ལ་ཐོབ་ཀྱང་ཨ་རིའི་ལོ་རྒྱུས་ཐོག་གི་ལེའུ་གསར་པ་ཞིག་ཆགས་ཀྱི་རེད། གལ་ཏེ་མཱ་ཁན་ལ་འོས་ཐོབ་ན། ཁོ་ནི་ཨ་རིའི་ལོ་རྒྱུས་ཐོག་ལོ་ན་རྒན་ཤོས་ཀྱི་སྲིད་འཛིན་ཆག་རྒྱུ་རེད། གལ་ཏེ་ཨཱོ་བྷ་མར་ཐོབ་ན་ལོ་རྒྱུས་ཐོག་གི་མི་ནག་སྲིད་འཛིན་ཐོག་མ་དང་། གལ་ཏེ་ཧཱི་ལ་རིར་ཐོབ་ན་ལོ་རྒྱུས་ཐོག་གི་བུད་མེད་སྲིད་འཛིན་ཐོག་མ་བཅས་ཆགས་རྒྱུ་རེད། གནས་སྟངས་འདིས་གླེང་གཞི་མང་པོ་འབྱུང་གི་ཡོད། མིག་སྔར་ངས་བརྗོད་གཞི་གཅིག་རང་ལ་བཤད་འདོད།

མ་ཉུང་བ་ཞིག་གིས་རྒྱལ་ཁབ་མང་པོར་བུད་མེད་སྲིད་འཛིན་དང་སྲིད་བློན་བྱུང་ཚར་བ་རེད་དེ་ཨ་རི་ནི་དམངས་གཙོ་རྒྱལ་ཁབ་རྙིང་གྲལ་ཞིག་ཡིན་པ་དང་། ཕྱོགས་ཡོངས་ནས་དེང་རབས་ཅན་དུ་གྱུར་བའི་རྒྱལ་ཁབ་ཅིག་རེད། འོ་ན་ད་བར་བུད་མེད་སྲིད་འཛིན་མ་བྱུང་བ་གང་ཡིན་ནམ། ཞེས་འདྲི་བཞིན་པ་ཡིན།

གནས་དོན་འདི་ནི་དོན་སྙིང་ལྡན་པ་ཞིག་རེད། ངས་འདི་ནས་དྲི་བ་དེར་ལན་ཞིག་ཡོང་ཐབས་བྱེད་ཀྱི་ཡོད།ཨིན་ཇི་རྒྱལ་ཁབ་ལ་མོ་མཆོག་སྲིད་འཛིན་ཁྲཱ་ཆི་ཨར་ Thatcher བྱུང་མྱོང་བ་དང་། འཇའ་མན་ནིར་Germany སྲིད་བློན་བུད་མེད་མཱེ་ཁི་ Merkel བྱུང་ཡོད་པ་བདེན། འོན་ཀྱང་ཨ་རིར་ད་བར་ཕྱི་སྲིད་བློན་ཆེན་དང་སྤྱི་འཐུས་ཚོགས་གཙོ་བྱུང་ཡོད་ཀྱང་བུད་མེད་སྲིད་འཛིན་བྱུང་མེད་པ་གང་ཡིན་ནམ།ངས་བསམ་ན་དེ་ཡོང་མ་ཐུབ་པ་རྒྱུ་མཚན་གཙོ་བོ་ནི་སྲིད་ཇུས་ལ་རག་ལོས་ཡོད་པ་རེད་སྙམ།

ང་ཚོས་སྲོལ་རྒྱུན་ལྟ་བས་བུད་མེད་ཚོར་ཕོ་མོའི་དབར་མཐོང་ཆུང་བྱས་ཡོད་པ་ཤེས་ཀྱི་ཡོད། མཐོང་ཆུང་གི་ལྟ་བ་དེ་ནི་མ་རྩའི་གནས་སྟངས་ཀྱི་རིང་ལུགས་ཤིག་རེད། དེ་གང་རེད་ཟེར་ན། དེ་ནི་སྒེར་གྱི་ཡོངས་ཁུངས་ཆབ་སྲིད་ཚོགས་པ་དེའི་དམིགས་བསལ་གྱི་ཁྱད་ཆོས་དེས་སྒེར་པར་ངོས་འཛིན་དང་གཏན་འབེབས་བྱེད་སྟངས་ཤིག་ལ་ཟེར། དཔེར་ན། བུ་མོ་སློབ་མ་ཞིག་ཨང་རྩིས་སྡེ་ཚན་གྱི་ཞིབ་འཇུག་སློབ་མར་ཡིག་རྒྱུགས་སྤྲོད་རྒྱུ་ཐོ་འགོད་བྱས། བུ་མོ་དེའི་ཡིག་རྒྱུགས་ཨང་ཐོབ་ནི་བུ་ལས་དམའ་བ་མེད། འོན་ཀྱང་སློབ་དཔོན་གྱིས་སྔར་བཞིན་བུ་མོ་སློབ་མ་དེ་མ་བསྡུས། དེ་འདྲ་བྱས་པའི་རྒྱུ་མཚན་ནི་བུ་མོ་སློབ་མའི་ཨང་རྩིས་ཀྱི་རིག་པའི་ནུས་པ་དེ་བུ་ལྟར་ཡོང་གི་མེད་པས་རེད། བུ་མོ་སློབ་མ་དེའི་ཐོབ་སྐར་མཐོན་པོར་ལེན་ཡོད་པ་བདེན་ཡང་རྗེས་མར་དེ་ཙམ་གྱི་གོང་འཕེལ་འགྲོ་བའི་མདུན་ལམ་མེད། འདིར་དེ་འདྲ་བརྗོད་མཁན་གྱིས་བུད་མེད་ཀྱི་ཚོགས་པ་དེར་ཨང་རྩིས་ཀྱི་རིག་པའི་ནུས་ཚད་མདང་གི་མེད་པ་གཏན་འཁེལ་བྱས་པ་དང་། དེ་ནས་ཚོགས་པ་དེའི་དམིགས་བསལ་གྱི་ཁྱད་ཆོས་ལ་བརྟེན་ནས་མིག་སྔར་གྱི་བུད་མེད་འདི་དང་དེར་མཇུག་བསྡོམས་རྒྱག་སྟེ་བུ་མོ་དེར་ཨང་རྩིས་ཀྱི་ནུས་པ་མེད་པར་བཤད།
སྤྱི་བཏང་མི་མང་ཆེར་གྱིས་ཕོ་མོ་འདྲ་མཉམ་མེད་པའི་ལྟ་བ་དེ་ཙམ་མཁྲེགས་བཟུང་དེ་འདྲ་མིན་པ་བདེན། ཁོ་ཚོས་གཅིག་བྱས་ན་སྤྱི་ཡོངས་ནས་བཤད་ན་བུ་མོ་སློབ་མའི་ཨང་རྩིས་ཀྱི་ནུས་པ་དེ་བུ་ལས་ཉམས་ཡོད་ཀྱང་དམིགས་བསལ་བ་དེ་འདྲ་མེད་པའང་མིན་པར་ངོས་འཛིན་བྱས་པ་ཡིན་སྲིད། གལ་ཏེ་ཁོ་ཚོས་བུ་མོ་སློབ་མ་ག་གེ་མོ་ཨང་རྩིས་ཐོག་འབུར་དུ་ཐོན་པ་ཞིག་ཡིན་པ་ཤེས་རྟོགས་བྱུང་ཡོད་ཀྱང་ཁོ་ཚོས་ད་དུང་ཡང་དེར་ངོས་ལེན་བྱེད་ཀྱི་མེད་སྲིད་པ་རེད། སྤྱི་བཏང་མི་ཚང་མས་ང་ཚོས་མི་ཞིག་གི་དོན་དངོས་གནས་སྟངས་དང་མངོན་མཚན་གྱི་ནུས་པ་དང་སྤུས་ཚད་ལ་བརྟེན་ནས་དེར་གདིང་འཇོག་བཞག་དགོས་པ་ལས་གང་ཟག་དེ་ཨུ་ཚུགས་ཀྱིས་ཕོ་མོ་དང་མི་རིགས། ཡོངས་ཁུངས་བཅས་ཀྱི་ལྟ་བའི་རྒྱ་ནང་བཙུད་རྒྱུ་མེད་པར་ངོས་ལེན་བྱེད་ཀྱི་ཡོད་པ་རེད།

ཡིན་ཡང་གནད་དོན་ནི་མི་ཁ་ཤས་ང་ཚོ་དང་འབྲེལ་བ་ཟབ་ཅིང་། ང་ཚོས་དེ་དག་ལ་རྒྱུས་ལོན་མང་བ་ཡོད་པ་དེ་རེད། དེར་བརྟེན། ང་ཚོས་དེ་དག་ལ་ལྟ་དུས་ལོག་ལྟ་མི་འཛིན་པ་བྱེད་ཐུབ། མི་ལ་ལ་ང་ཚོ་དང་འབྲེལ་བ་ཐག་རིང་སར་ཡོད། ང་ཚོས་ཁོ་ཚོར་ཤེས་རྟོགས་དེའང་གཅིག་མཚུངས་ཀྱི་གནས་སུ་ཡོད། གལ་ཏེ་ང་ཚོས་ངེས་པར་དུ་དེ་དག་ལ་གཏན་འབེབས་ཅིག་གམ་གཏན་ཚིག་ཅིག་དགོས་ཚེ་ང་ཚོས་རྒྱུན་འབྱམས་སོང་བའི་ལོག་ལྟ་དེའི་ནང་ལས་སྟབས་བདེའི་སྒོ་ནས་འཁྱེར་ཡོང་རྒྱུ་རེད།

ཨ་རི་དང་ཨིན་ཇི། འཇའ་མན་ནི་ཚང་མ་དམངས་གཙོ་རྒྱལ་ཁབ་རེད། འོན་ཀྱང་ཨ་རི་ནི་སྲིད་འཛིན་ལམ་ལུགས་རེད། ཨིན་ཇི་དང་འཇའ་མན་ནི་ནི་གྲོས་ཚོགས་ལམ་ལུགས་ ( སམ་ཡང་ན་བཀའ་ཤག་ལམ་ལུགས།)རེད། ཨིན་ཇི་དང་འཇའ་མན་ནིར་ཆབ་སྲིད་ཀྱི་དབུ་འཁྲིད་ནི་རིམ་གྱིས་ཟུར་དུ་ནས་འབྱུང་གི་ཡོད་པ་དང་།མི་དམངས་ཀྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་ལྷན་ཚོགས་ནས་སྤྱི་འཐུས་གདམས། དེ་ནས་ཁོ་ཚོའི་ལས་རོགས་ནང་ནས་སྲིད་འཛིན་དང་སྲིད་བློན་གདམ་ཐོན་འབྱུང་གི་ཡོད། གང་ཡིན་ཟེར་ན། རྒྱལ་ཚོགས་ཀྱི་སྤྱི་འཐུས་རྣམས་ཚང་མ་ལས་རོགས་ཡིན་སྟབས་ཕན་ཚུན་འབྲེལ་བ་ཟབ་ཅིང་རྒྱུས་ལོན་གཏིང་ཟབ་ཡིན། དེར་བརྟེན། ཕོ་མོ་འདྲ་མཉམ་མིན་པའི་ལོག་ལྟ་དེའི་ཤུགས་རྐྱེན་དེ་ཙམ་ཐེབས་ཀྱི་མེད། དེ་ལས་ལྡོག་སྟེ། ཨ་རིའི་སྲིད་འཛིན་ནི་མི་དམངས་ཡོངས་ཀྱིས་ཐད་ཀར་འོས་འདེམས་བྱས་ནས་ཐོན་ཡོང་བ་ཡིན། དེ་མིན་འོས་མི་དང་འོས་འཕེན་མཁན་མི་དམངས་མང་ཆེར་དབར་གྱི་འབྲེལ་བ་དེ་ཙམ་དམ་ཟབ་ཡོང་མི་སྲིད་པར་བརྟེན། ཕོ་མོའི་མཐོང་ཆུང་གི་ལྟ་བ་དེ་ནས་ཡར་སིམས་འཛུལ་ཡོང་སྲིད་ལ་དེས་ནུས་པ་ཆེན་པོའང་ཐོན་སྲིད་པ་རེད།

གཞན་ཡང་སྤྱི་འཐུས་ལམ་ལུགས་ཀྱི་ཆབ་སྲིད་སྒྲོམ་གཞིའི་འོག སྲིད་བློན་དང་སྲིད་འཛིན་ནི་གྲོས་ཚོགས་ནང་གྲངས་ཀ་མང་ཕྱོགས་ཀྱི་ཆབ་སྲིད་ཚོགས་པའམ་ཆབ་སྲིད་མནའ་འབྲེལ་ཚོགས་པས་གཏན་འབེབས་བཟོ་རྒྱུ་དེ་རེད། གལ་ཏེ་ཕན་ཚུན་འགྲན་རྩོད་ཡོད་པའི་ཁུངས་སུ་རྟོགས་ཀྱང་དེ་ཆབ་སྲིད་ཚོགས་པའི་ནང་ཁུལ་གྱི་འགྲན་རྩོད་ཡིན་ལ། དེར་རྒྱལ་ཕམ་བྱུང་ཚེ་དེ་ཙམ་གནད་འགག་མེད། གང་འདྲ་བྱས་ཀྱང་མཐའ་མཇུག་དེ་ཚོགས་པ་རང་ངོས་ཀྱི་མི་སྣའི་ལག་ཏུ་འཛིན་གྱི་ཡིན་པ་གཏན་འཁེལ་རེད། དེ་འདྲ་ཡིན་དུས་མི་ཚོས་དེར་ཅུང་ཚོད་ལྟའང་བྱེད་ཕོད་ཀྱི་ཡོད་པ་རེད།

ཨ་རི་ནི་སྲིད་འཛིན་ལམ་ལུགས་ཡིན་སྟབས་གནས་སྟངས་དེ་མི་འདྲ་བ་ཡིན། ཨ་རིར་མཚོན་ན་ཆབ་སྲིད་ཚོགས་པ་ཆེ་ཁག་གཉིས་ག་དུས་ཡིན་ཡང་འདྲ་མཉམ་ལྟར་ཡོང་གི་ཡོད་ལ། རྒྱུན་དུ་ནས་་སྲིད་འཛིན་འོས་བསྡུ་ཆེན་པོར་ཧ་ཅང་རྣོ་ངར་ལྡན་པ་ཡིན། ཚོགས་པ་ཕྱོགས་ནས་གང་ཐུབ་ཀྱིས་ནུས་ཤུགས་ཆེ་ཤོས་ཀྱི་འོས་མི་མིང་སྟོན་བྱེད་ཀྱི་ཡོད། དེ་འདྲ་ཡིན་དུས་གང་ཐུབ་ཀྱི་རྙོགས་ཟིང་དེ་གང་ཉུང་ཡོང་ཐབས་རེ་བཞིན་ཡོད།གཞན་གྱི་གནས་སྟངས་དེ་དང་བསྡུར་ན། སྐྱེས་པ་ཕོ་འོས་མིར་སྟོན་པ་དེས་བུད་མེད་འོས་མི་སྟོན་པ་ལས་འགན་སྲུང་ཆེ་བ་ཡོད་པ་རེད། དཔེར་ན་ཆབ་སྲིད་ཚོགས་འདིས་སྲིད་འཛིན་གྱི་འོས་མི་བཏོན་པ་དེ་ཕོ་མོ་གང་ཡིན་མིན་གྱི་རྒྱུ་མཚན་ལ་བརྟེན་ནས་འོས་གྲངས་ཁག་གཅིག་གི་འོས་ཤོག་བརླགས་ཏེ་མཐའ་མཇུག་དེར་ཕམ་ཁར་ལྷུང་སྟེ་སྲིད་འཛིན་གྱི་ཁྲི་ཐོག་ནས་གཞན་གྱི་ཚོགས་པའི་ལག་ཏུ་ལྷུང་སོང་བ་རེད། དེ་འདྲ་བྱས་ན་ཉེན་ཁ་ཆེ་བ་ཡོད་པ་མ་ཡིན་ནམ། རྒྱུ་མཚན་དེར་བརྟེན། ང་ཚོས་མཐོང་ཐུབ་པ་དེ་ནི། ཨ་རིར་ད་བར་སྲིད་འཛིན་བུད་མེད་བྱུང་མེད་པ་དེ་ཨ་རིར་ཕོ་མོའི་དབར་འདྲ་མཉམ་མིན་པའམ་བུད་མེད་ལ་མཐོང་ཆུང་གཞན་ལས་ཆེ་བ་བྱེད་ཀྱི་ཡོད་པའི་རྐྱེན་གྱིས་མ་ཡིན་པར། དེ་ནི་སྲིད་འཛིན་ལམ་ལུགས་ཀྱི་སྲིད་ཇུས་དེའི་རྐྱེན་གྱིས་ཡིན།

དེས་ཆབ་སྲིད་ཚོགས་པ་ཁག་གིས་སོ་སོའི་ངོས་ཀྱི་སྲིད་འཛིན་འོས་མི་མིང་སྟོན་བྱེད་དུས་ལས་སླ་པོའི་སྒོ་ནས་མཁྲེགས་འཛིན་གྱི་ཕྱོགས་སུ་ལྷུང་སླ་བས་རེད།
ཨ་རིའི་ད་ལྟའི་སྤྱི་འཐུས་ཚོགས་གཙོ་ནཱན་སི་ཕུ་རོ་སི་ Nancy Porosi ནི་བུད་མེད་ཅིག་རེད། ཕྱི་སྲིད་བློན་ཆེན་ Secretary of state རཱེ་ཟི་ Rice ཡང་བུད་མེད་ཅིག་དང་ད་དུང་དེ་ནི་མི་ནག་ཅིག་ཀྱང་རེད། ཨ་རིར་གྲོས་ཚོགས་ཀྱི་ཚོགས་གཙོའི་སྡེངས་ཆ་ནི་ཆབ་སྲིད་ཚོགས་པའི་སྤྱི་འཐུས་གྲངས་མང་བའི་ཕྱོགས་ཀྱིས་འགན་འཁྱེར་གྱི་ཡོད།
དེ་དང་གྲོས་ཚོགས་ལམ་ལུགས་ནང་གི་སྲིད་བློན་དང་སྲིད་འཛིན་བྱུང་སྟངས་ཀྱི་གོ་རིམ་དང་འདྲ་མཚུངས་ཡིན། བཀའ་ཤག་གི་དབང་ཆ་མཐོ་གྲལ་དཔེར་ན་ཕྱི་སྲིད་བློན་ཆེན་ལྟ་བུར་མཚོན་ན། དེའི་འོས་མི་འདོན་དབང་དེ་སྲིད་འཛིན་གྱི་ལག་ཏུ་ཡོད། གལ་ཏེ་མི་ནག་དང་བུད་མེད་ཀྱི་འོས་མི་མིང་བཏོན་བྱས་པའི་རྐྱེན་གྱིས་དེར་གྲོས་ཚོགས་གོང་མས་མོས་མཐུན་མ་བྱུང་ཚེ་ད་དུང་ཡང་གཞན་མིང་སྟོན་བྱེད་ཆོག གང་ལྟར་ཡང་ཅི་འདྲ་བྱས་ཀྱང་སོ་སོའི་ཕྱོགས་རྟོགས་ཀྱི་མི་ཡོང་གི་ཡོད། དེར་བརྟེན། དེ་ལ་ཚོད་ལྟ་གཅིག་བྱས་ཀྱང་སྐྱོན་ཆེན་པོ་མེད་པ་རེད།

འདི་ནི་ཨ་རིར་གྲོས་ཚོགས་ཀྱི་ཚོགས་གཙོ་དང་ཕྱི་སྲིད་བློན་ཆེན་བཅས་བུད་མེད་འབྱུང་སླ་ཞིང་། བུད་མེད་ཀྱི་སྲིད་འཛིན་ཡོང་དཀའ་བའི་རྒྱུ་རྐྱེན་དེ་རེད། འདིས་སླར་ཡང་ཨ་རིར་བུད་མེད་སྲིད་འཛིན་བྱུང་མྱོང་མེད་པའི་རྒྱུ་མཚན་གཙོ་བོ་ནི་ཆབ་སྲིད་ལམ་ལུགས་ཀྱི་ཡིན་པ་གསལ་པོ་ཆག་ཡོད་པ་རེད།

འོ་ན་དེ་ནས་ང་ཚོས་གཅིག་མཚུངས་ཀྱི་སྲིད་འཛིན་ལམ་ལུགས་ཡིན་པའི་ཧྥི་ལི་ཕིང་ Philippines དང་ཨཱིན་ཏུ་ཉི་ཞི་ཡར་Indonesia ག་རེ་བྱས་ཏེ་བུད་མེད་སྲིད་འཛིན་བྱུང་ཚར་བར་འགྲེལ་བཤད་རྒྱག་གམ།ཧྥི་ལི་ཕིང་ལ་བུད་མེད་སྲིད་འཛིན་ཁཱི་ར་ཙོན་ཨ་ཁི་ནོ་ Corazon Aquino དང་ཨཱ་རོ་ཡོ་ Arroyoགཉིས་བྱུང་ཚར་བ་རེད། ཨཱིན་ཏུ་ཉི་ཞི་ཡ་ལའང་སྲིད་འཛིན་མཱི་གྷ་ཝ་ཏི་སུ་ག་ནོ་Megawati Sukarnoབྱུང་ཟིན་པ་རེད། བུད་མེད་སྲིད་འཛིན་འདི་དག་མང་ཆེར་ཁྱིམ་རྒྱུད་ཆབ་སྲིད་ཀྱི་བྱུང་འབྲས་ཅིག་ཡིན་པ་འདྲ་ཞེས་བཤད་དགོས། ཁཱི་ར་ཙོན་ཨ་ཁི་ནོ་དེ་སྔོན་ཁྱིམ་བདག་མ་ཞིག་ཡིན། མོ་རང་ཕྱོགས་འགལ་ཆབ་སྲིད་ཚོགས་པའི་འགོ་འཁྲིད་དང་གྲོས་ཚོགས་གོང་མའི་སྤྱི་འཐུས་གྲགས་ཅན་ཨཱ་ཀི་ནོའི་བཟའ་ཟླ་མོ་རེད། མོའི་ཁྱོ་གས་འོས་བསྡུའི་ནང་བཞུགས་རྐྱེན་གཞན་གྱིས་ལྐོག་བསད་བྱས།དེ་ནས་ཕྱོགས་འགལ་ཆབ་སྲིད་ཚོགས་པས་མོ་རང་འོས་མིར་མིང་བཏོན་ཡོད་པ་རེད།

ཨཱ་རོ་ཡོ་ནི་ཧྥི་ལི་ཕིང་ནོ་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་ཊཱོ་ཟི་ཊ་ཊོ་མཱ་ཁཱ་བྷ་གྷོ་ Diosdado Macapagal ཡི་བུ་མོ་རེད། ཨཱིན་ཏུ་ཉི་ཞི་ཡའི་སྲིད་འཛིན་ཊཱོ་ཟི་ཊ་ཊོ་མཱ་ཁཱ་བྷ་གྷོ་ནི་དེ་སྔོན་གྱ་སྲིད་འཛིན་ཟུར་པ་མཱི་གྷ་ཝ་ཏི་སུ་ག་ནོའི་བུ་མོ་རེད། བུད་མེད་དེ་ཚོ་སྲིད་འཛིན་ཐོག་སླེབས་པ་དེ་ནི་དེ་དག་གི་ཁྱིམ་རྒྱུད་དང་འབྲེལ་བ་ཆེན་པོ་ཡོད་པ་ཧ་ཅང་གསལ་པོ་ཡིན་པ་ལས། དེ་ནི་རྒྱལ་ཁབ་འདི་གཉིས་ནང་ཕོ་མོའི་དབར་མཐོང་ཆུང་དང་དམའ་འབེབས་ཀྱི་གནས་སྟངས་ཨ་རི་ལས་ཉུང་བ་ཡོད་པ་དེ་མཚོན་གྱི་མེད། ཨ་རིའི་ནང་ཁྱིམ་རྒྱུད་དང་རིགས་རུས་ཀྱིས་ཀྱང་ཆབ་སྲིད་ནང་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་རེད། འོན་ཀྱང་གོང་གསལ་དབར་དཔྱད་བསྡུར་བྱས་པ་ཡིན་ན་ཨ་རི་ནི་སྔར་བས་འདྲ་མཉམ་སྐོར་བཤད་མཁན་གྱི་རྒྱལ་ཁབ་ཅིག་དང་།སྤྱི་བཏང་དཀྱུས་མ་ནས་ཐོན་ཞིང་སོ་སོའི་ནུས་པ་དང་འཇོན་ཐང་ལ་བརྟེན་ནས་རྒྱལ་ཁ་ཐོབ་པའི་མི་ལ་ཡིད་སྨོན་ཤོར་མཁན་ཡིན། ཨ་རིར་ཁྱིམ་རྒྱུད་ཀྱི་ཤུགས་རྐྱེན་ཅུང་ཆུང་ཆུང་རེད་ལ་སྐབས་རེར་ཁྱིམ་རྒྱུད་ཀྱི་ཤུགས་རྐྱེན་དེས་ལྡོག་ཕྱོགས་ཀྱི་ནུས་པའང་ཐོན་གྱི་ཡོད་པ་རེད།

མ་རྩོམ་གྱི་འབྲེལ་ཐག
https://www.epochtimes.com/b5/8/3/2/n202934.htm

འགྱུར་རྩོམ།

Post navigation

Previous Post: དོན་དངོས་སུ་ཋམ་(Trump)སུ་ཡིན་ནམ། (༡)
Next Post: སྙིང་གཏམ་དྲང་བཤད་མ།

Comments (2) on “ཨ་རིར་ད་དུང་བུད་མེད་སྲིད་འཛིན་མ་བྱུང་བ་གང་ཡིན་ནམ།”

  1. ཇོ་སྲས་ཚང་། says:
    2020-08-30 at 11:23 am

    བུད་མེད་ངག་ལ་མི་ཉན་ཟེར་བའི་བཤད་སྲོལ་ཞིག་ཡོད་པ་དེ་དང་འབྲེལ་བ་ཡོད་སྲིད།

  2. གཞུང་པ་ཚེ་དབང་བསིད་ནམས་ says:
    2020-08-31 at 7:17 am

    ཨ་རིར་ད་དུང་བུད་མེད་སྲིད་འཛིན་མ་བྱུང་བ་ནི་བུད་མེད་ཚོའི་ཆབ་སྲིད་ལ་དོ་སྣང་དང་འགན་ཁུར་ཆུང་བའི་རྐྱོན་ཡིན་སྲིད་ལ་ཡང་ན་ཚོགས་པ་མགྲན་བསྡུར་འོག་སྲིད་འཛིན་བསྐོ་དགོས་པ་སོང་བུད་མེད་ལས་ཁྱོ་ཤུགས་ཀྱི་ཕྱོགས་གཏོགས་དང་ཤོག་སྒྲིལ་འགོ་འདྲེན་སོགས་བུད་མེད་ལས་ཁྱོ་ག་ཚོ་འཇོན་པ་དང་ནུས་པ་ཆེ་བ་ཡོད་སྲིད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (95)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme