Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མེས་པོའི་ཤུལ་བཞག་འཆི་མེད་རྡོ་རྗེའི་ལྟ་གྲུབ།

Posted on 2020-08-24 By ཁ་བརྡ 2 Comments on མེས་པོའི་ཤུལ་བཞག་འཆི་མེད་རྡོ་རྗེའི་ལྟ་གྲུབ།

ཁ་བའི་རྣམ་ཤེས།
 
རིན་ཆེན་གསེར་ཁྲི་མཐོ་པོའི་ཕ་རོལ་ན།།
རྣམ་གསུམ་ངུར་སྨྲིག་གོས་ཀྱི་ཕ་རོལ་ན།།
རྡོས་བཅས་ཤ་ཁྲག་ཕུང་པོའི་ཕ་རོལ་ན།།
རིགས་ཀུན་ཁྱབ་བདག་བླ་མ་སངས་རྒྱས་ཡོད།།

གཏི་མུག་མུན་ནག་འཐིབ་པའི་ཕ་རོལ་ན།།
འདོད་ཆགས་ཆུ་འཛིན་གཡོ་བའི་ཕ་རོལ་ན།།
ཞེ་སྡང་གློག་དམར་འཁྱུག་པའི་ཕ་རོལ་ན།།
སྤྲོས་བྲལ་བདེ་གཤེགས་སྙིང་པོའི་ངོ་བོ་ཡོད།།

སྐྱེ་འཆིའི་ལྦུ་བ་རྡོལ་བའི་ཕ་རོལ་ན།།
སྡུག་བསྔལ་རྦ་རླབས་འཕྱུར་བའི་ཕ་རོལ་ན།།
ངམ་གནག་འཁོར་བ་རྒྱ་མཚོའི་ཕ་རོལ་ན།།
རྣམ་གྲོལ་འཛད་མེད་ནོར་གྱི་བང་མཛོད་ཡོད།།

གཉེན་ལ་ཞེན་ཆགས་སྐྱེ་བའི་ཕ་རོལ་ན།།
དགྲ་ལ་ཁྲོ་སེམས་འབར་བའི་ཕ་རོལ་ན།།
ཕྱོགས་རིས་ལས་ཀྱིས་སྒྲིབ་པའི་ཕ་རོལ་ན།།
ཡུན་རིང་འགྲོགས་པའི་ཕ་མ་སེམས་ཅན་ཡོད།།

རང་དོན་ཁོ་ནར་རྩོན་པའི་ཕ་རོལ་ན།།
རང་རྒྱལ་གཞན་ཕམ་རྩོད་པའི་ཕ་རོལ་ན།།
རང་སྡུག་རང་གིས་སྒྲུབ་པའི་ཕ་རོལ་ན།།
རང་གཞན་ཀུན་ལ་ཕན་པའི་བྱང་སེམས་ཡོད།།

ཚུལ་གསུམ་འབྲུག་སྒྲ་ལྡིར་བའི་ཕ་རོལ་ན།།
ཐལ་ངག་རྣམ་ལྕགས་འབེབས་པའི་ཕ་རོལ་ན།།
སྔ་རྒོལ་ཐལ་བར་རློག་པའི་ཕ་རོལ་ན།།
བརྗོད་བྲལ་དོན་གྱི་གནས་ལུགས་ངོ་མ་ཡོད།།

ཚོགས་དྲུག་འདབ་མ་བཞད་པའི་ཕ་རོལ་ན།།
འདོད་ཡོན་སྦྲང་རྩི་འཁྱིལ་བའི་ཕ་རོལ་ན།།
འཁྲུལ་སྣང་བུང་བ་རྩེན་པའི་ཕ་རོལ་ན།།
མི་འགྱུར་བདེ་བ་ཆེན་པོའི་ཕོ་བྲང་ཡོད།།

རྫས་ངན་སོ་དྲུག་འདུས་པའི་ཕ་རོལ་ན།།
དྲི་ངན་སྣ་ཚོགས་འཐུལ་བའི་ཕ་རོལ་ན།།
ལས་ངན་མ་དག་སྣང་བའི་ཕ་རོལ་ན།།
ཕུང་ཁམས་དག་པ་རང་ལུས་ལྷ་སྐུ་ཡོད།།

འདབ་བརྒྱད་སྙིང་གི་ཟེ་འབྲུའི་ཕ་རོལ་ན།།
རྩ་གསུམ་ལྷ་ཚོགས་འདུས་པའི་ཕ་རོལ་ན།།
རླུང་སེམས་དབུ་མར་འཐིམ་པའི་ཕ་རོལ་ན།།
ལྷུན་གྲུབ་སྐུ་གསུམ་གདོད་མའི་ཕ་ཁྱིམ་ཡོད།།

རྩེ་གཅིག་དད་པའི་སྙིང་གི་ཁུང་བུ་རུ།།
ཡིད་གཉིས་ཐེ་ཚོམས་མེད་དོ་བླ་མ་ལྷ།།
དུག་གསུམ་ནད་ཀྱིས་ཉེན་པའི་མ་གྱུར་འགྲོ།།
སྐུ་བཞིའི་ས་བོན་སྨིན་ཅིང་འགྲོལ་བར་མཛོད།།

དཔག་ཚད་སྟོང་ལ་ཞབས་ཀྱིས་རི་མོ་བྲིས།།
རིན་ཆེན་གསེར་དངུལ་དེ་ཡི་ཡོན་དུ་ཕུལ།།
དཀའ་བའི་གནད་ཀུན་རིགས་པས་གཏན་ལ་ཕབ།།
མེས་པོའི་ཤུལ་བཞག་མ་བརྗེད་ཡིད་ལ་ཟུངས།།

སྨྲས་པ།

ཆོས་ཀྱི་ཉིང་ཁུ་མེས་པོའི་ཞལ་གདམས་འདི།།
ཆོས་མེད་ལོག་ལྟ་ཅན་གྱིས་མཐོང་གྱུར་ན།།
ཆོས་ལ་མི་མཁས་བདག་གི་སྐྱོན་ཡིན་པས།།
ཆོས་སྐྱོང་སྲུང་མ་རྣམས་ལ་བཟོད་པར་གསོལ།།

སྙན་ངག

Post navigation

Previous Post: བློན་ཆེན་བཤད་སྒྲའི་རྟ་འབོག་ནང་དུ་ཅི་ཞིག་ཡོད་དམ།
Next Post: དོན་དངོས་སུ་ཋམ་(Trump)སུ་ཡིན་ནམ། (༡)

Comments (2) on “མེས་པོའི་ཤུལ་བཞག་འཆི་མེད་རྡོ་རྗེའི་ལྟ་གྲུབ།”

  1. ཀརྡོ་རབ་འབྱམས་པ་ says:
    2020-08-24 at 3:18 am

    དཔེ་དོན་རྟོགས་པའི་རྟོགས་མགུར་རེད་འདུག ལེགས་སོ། ལེགས་སོ།།
    འོནད་ཀྱང་།
    ཐལ་ངག་རྣམ་ལྕགས་འབེབས་པའི་ཕ་རོལ་ན།།
    འདི།
    ཐལ་ངག་གནམ་ལྕགས་འབེབས་པའི་ཕ་རོལ་ན།།
    ཡིན་དགོས་སྙམ།

  2. ཁ་བའི་རྣམ་ཤེས། says:
    2020-08-25 at 1:52 pm

    ཀརྡོར་རབ་འབྱམས་པ་ལགས།ཁྱེད་ཀྱིས་ངའི་རྩོམ་ལ་དག་བཅོས་དང་བསྔགས་བརྗོད་གནང་བར་བཀའ་དྲིན་ཆེ་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme