Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལོ་རྒྱུས་ནས་མི་རྒྱུད་ནག་པོའི་ལས་དབང་འཚོལ་བ་།

Posted on 2020-08-152020-08-17 By ཁ་བརྡ No Comments on ལོ་རྒྱུས་ནས་མི་རྒྱུད་ནག་པོའི་ལས་དབང་འཚོལ་བ་།

བཞག་ལྡོམ་ལྗང་ལོ།
 
བོད་མི་རེ་འགས་མིག་ལམ་ན་མི་ནག་པ་ཚོ་ནི་གླུ་དང་ཞབས་བྲོ་། རྩེད་མོའི་རིགས་ལ་དགའ་བ་ལས་གཞན་གང་ཡང་མི་ཤེས་པའམ་དོན་སྣང་མེད་མཁན་ཞིག་དང་། ཡང་བོད་མི་ཁ་ཤས་ཀྱིས་མི་ནག་ཚོ་ནི་དགེ་སྡིག་གི་དབྱེ་བ་མི་ཤེས་ཤིང་། ལེ་ལོ་ལ་དགའ་ཞིང་སྲང་ལམ་ན་ཉལ་ཐ་འཐེན་པའི་འཆམ་པོ་ཞིག་ཏུ་མཐོང་། ཡིན་ན་ཡང་། འདོད་ཚུལ་དེ་དག་ནི་བོད་མི་ཚོས་དོན་དངོས་སུ་མི་རྒྱུད་ནག་པོ་རིགས་སུ་རྒྱུས་ལོན་དེ་ཙམ་མ་བྱས་པའི་ཞེན་ཆ་ཆེན་པོ་ཞིག་ཡིན་པ་ངས་གཤམ་དུ་ཨ་རིའི་སྤྱི་ཚོགས་སམ་ལོ་རྒྱུས་གཞི་བཟུང་དེ་རྒྱུ་མཚན་ཁ་ཤས་བཤད་།

དང་པོ་།

སྤྱི་ལོ་1619 ལོ་ཙམ་ནས་མི་ནག་པ་ཚོ་རང་གི་་ཕ་ས་དང་རང་ཁྱིམ་ནས་སྡོད་དབང་མེད་པར་། གཡོ་རྒྱུ་དང་བཙན་དབང་ལ་དགའ་བའི་མི་རིགས་དཀར་པོ་ཚོས་སྤྱང་ཀིས་ལུག་ཁྱུ་ནས་ལུ་གུ་འཛིན་པ་བཞིན་མཐོ་སའི་གནམ་དང་། དམའ་སའི་ས་ལས་རྒྱུས་མངའ་མེད་པའི་ཡོ་རོབ་དང་ཨ་རི་སོགས་སུ་ཚོང་རྫས་བཞིན་བྲན་གཡོག་ཏུ་བཙོངས་ཤིང་། བྲན་གཡོག་ལམ་ལུགས་དེ་འོག་ནས་མི་ནག་བ་ཕ་མས་ཁོང་ཚོའི་ཤ་ལས་ཆད་པའི་བྱིས་པ་ཚོར་བྱམས་པའི་འོ་དང་། བརྩེ་བས་བདག་སྐྱོང་བྱེད་དབང་མེད་པར་བྲན་བདག་ཁོ་ནའི་ཆེད་དུ་ཞིང་ལས་སོགས་ཀྱིས་ཉིན་མཚན་ཕུད་ཀྱང་། བྲན་བདག་བའི་འདོད་སེམས་ལ་ཚིམ་པ་དབེན་པས་། བྲན་གཡོག་ཨ་ཕ་གཡས་སུ་བཙོངས་ཤིང་ཨ་མ་གཡོན་ནས་བཙོངས་།

ཤུལ་དུ་ལྷག་པའི་བྱིས་བ་ཚོར་ཁོང་ཚོའི་ཕ་མ་བཞིན་བྲན་གཡོག་བྱེད་དུ་འཇུག་། མདོར་ན་མི་ནག་བ་ཚོ་བྲན་གཡོག་ལམ་ལུགས་དེ་འོག་ནས་ཉིན་དང་མཚན་འཁྱོལ་དཀའ་བའི་སྡུག་བསྔལ་ཁོ་ནས་ལོ་ཟླ་བསྐྱལ་དགོས་བྱུང་།

གཉིས་པ་།

འགྲོ་བ་མི་ཞིག་ཡིན་ན་བཟང་བོ་ལ་དྲིན་ལན་དང་ངན་པ་ལ་རྒོལ་ལན་འདེབས་པ་ནི་ཆོས་ཉིད་ཅིག་ཡིན་པས་། བྲན་གཡོག་བ་རྣམས་ཁོང་ཚོ་དཀའ་སྡུག་དེ་ལས་གྲོལ་ཆེད་དམ་རང་དབང་དང་བདེ་སྐྱིད་ཆེད་དུ་བྲན་བདག་ལ་རིམ་བཞིན་ངོ་རྒོལ་བྱས་སྐབས་། བྲན་བདག་པ་ཚོས་ཁྲིམས་མེད་ལུགས་མེད་ངང་ངོ་རྒོལ་བ་དག་ལ་རྟ་ལྕག་དང་།

རེ་འགའ་སྡོང་བོའི་ཡལ་གར་བཏེགས་ཏེ་བསད་པ་སོགས་ཆད་པ་སྣ་ཚོགས་བཅད་ཀྱང་། བྲན་གཡོག་རྣམས་པའི་་སྙིང་སྟོབས་ལ་ཞུམ་པ་མེད་པའི་སྒོ་ནས་ཐབས་ལམ་འདྲ་མིན་ལ་རྟེན་ཏེ་ངོ་རྒོལ་མི་ཐུད་དུ་བྱས་བ་མ་ཟད་། མི་རྒྱུད་དཀར་པོ་བྲན་གཡོག་ལམ་ལུགས་སུ་དགའ་བོ་མི་བྱེད་མཁན་ཚོས་༼Abolitionist ༽ བྲན་གཡོག་བའི་རང་དབང་ཆེད་རྒྱབ་སྐྱོར་བྱས་།

གསུམ་པ།

བྲན་གཡོག་བ་ཚོའོ་ཞུམ་པ་མེད་པའི་སྙིང་སྟོབས་དང་ངལ་པ་མེད་པའི་བརྩོན་འགྲུས་ཀྱིས་་མཐའ་མ་ཨ་རི་ནས་༡༨༦༣ ལོ་སྲིད་འཛིན་ལིན་ཁན་༼President Lincoln ༽ ཀྱིས་བྲན་གཡོག་བ་ཡོད་ཚད་ཨ་རི་ནས་རང་དབང་ཡིན་པ་ཁྲིམས་ཐོག་ནས་ ༼The 13th Amendmen༽ གཏན་འབེབས་བྱས་།

༡༨༧༠/༢/༣ ཉིན་མི་ནག་བ་ཚོ་ཨ་རིའི་མི་སེར་ཡོངས་དང་འདྲ་བར་རད་ཉིད་ཀྱི་འཇིག་རྟེན་ལྟ་ཕྱོགས་དང་། མི་ཚེའི་རིན་ཐང་འདོད་ཚུལ་སོགས་སུ་མཐུན་པའི་ཆབ་སྲིད་པ་གང་ཞིག་ལ་འོས་འཕེན་ཆོག་པའི་ཁྲིམས་ ༼The 15th Amendment ༽ གཏན་འབེབ་བྱས་།

༡༩༦༤ ལོར་ཨ་རིའ་སྲིད་འཛིན་༼ Lyndon B. Johnson ༽ལིན་ཌིན་ཇོསིན་ཀྱིས་མི་རིགས་དཀར་ནག་མཉམ་དུ་སློབ་གྲྭ་གཅིག་ལས་སློབ་སྦྱོང་བྱེད་མི་ཉན་པའི་མི་རིགས་དབྱེ་འབྱེད་༼ racial segregation ༽ཀྱི་ལམ་ལུགས་ངན་པ་དེ་༼Civil Right Act༽ཁྲིམས་ཐོག་ནས་མཇུག་བསྡུས་།

མི་དཀར་འབྱོར་ལྡན་པ་ཚོས་མི་ནག་བ་ཚོར་ས་ཁང་ཉོ་ཚོང་དང་ཁང་པ་གླ་བ་སོགས་བྱེད་དུ་མི་འཇུག་པའི་ཁྲིམས་མེད་ལུགས་མེད་ཀྱི་རིགས་རུས་དབྱེ་འབྱེད་དེ་དག ། ༡༩༦༨ ལོར་ཁྲིམས་འགལ་ཡིན་པ་དང་། ་མི་ནག་བ་ཚོའི་ཁོང་ཚོས་ཤེས་འབྱོན་དང་གཏུན་པའི་ས་ཁང་གི་ཚོང་ར་ཉེར་བའམ་ཁང་བ་གཞན་ནས་གླ་ཆོག་པ་ཁྲིམས་ཐོག་ནས་གཏན་འབེབས་༼Fair Housing Act༽བྱས་།

མཐའ་སྡོམ་།

མི་ནག་བ་ཚོའི་ལས་དབང་ནི་འགྲོ་བ་མི་གཞན་དང་བསྡུར་ན་ཧ་ཅང་ལས་ངན་ཞིག་རེད་། རྒྱུ་མཚན་ནི་། ཁོང་ཚོར་རང་ས་ནས་འགྲོ་བ་མི་གཞན་དང་འདྲ་བར་བདེ་སྐྱིད་ལོངས་སུ་སྤྱོད་དབང་མེད་པར་གཞན་ཡུལ་ནས་ཁྱི་བཞིན་བྲན་བདག་ཁོ་ནའི་ཆེད་དུ་མི་ཚེ་ཚར་བ་རེད་མོད་། འོན་ཀྱང་། ་ཕྱོགས་གཞན་ཞིག་ནས་བསམ་ན་མི་ནག་བ་ཚོ་ལས་ངན་ནང་ནས་ལས་ཅན་གྱི་མི་རིགས་ཤིག་རེད་། རྒྱུ་མཚན་ནི་། ཁྱི་འདུ་ཤེས་ལས་མེད་པའི་བྲན་གཡོག་ལམ་ལུགས་དེ་འོག་ནས་མི་རྒྱུད་དཀར་བོ་ལྟར་་རང་དབང་དང་འདྲ་མཉམ་ལྡན་པའི་གོ་སྐབས་ཐོབ་ཅིང་། ལྷག་པར་དེ་རིང་ལྟ་བུར་མཚོན་ན་། མི་ནག་པའི་ནང་ན་འབྱོར་བ་ལྡན་པའི་ཚོང་བ་དང་། ཤེས་ཡོན་ལྡན་པའི་ཁྱད་ལས་བ་དང་། མིང་གྲོགས་ཡོད་པའི་སྲིད་འཛིན་ཀྱང་བྱུང་ཡོད་།

གང་ལྟར་འུ་ཅག་སྒང་བ་བོད་པས་མི་རིགས་ནག་པོའི་ལས་དབང་ལས་སླབ་བྱ་ལེན་དགོས་བ་ཞིག་ནི་དེ་རིང་གི་བདེ་སྐྱིད་དེ་ནི་། ཁ་སང་ཁོང་ཚོའི་ཕ་མེས་རྣམས་པས་དཀའ་སྡུག་གྲངས་ལས་འདས་བ་དང་། ཚེ་སྲོག་གྲངས་ལས་འདས་བ་བཏང་དེ་ཉོས་བ་ལས་བཙན་དབང་ལ་དགའ་བའི་བྲན་བདག་བ་ཚོས་བསམ་ཤེས་སམ་། བྲན་གཡོག་ལམ་ལུགས་དེ་མི་ལེགས་བ་ཡིན་པའི་ཉེས་བ་ངོས་ལེན་བྱས་དེ་རང་དབང་སྤྲད་པ་མིན་པ་དེ་རེད་།

བསམ་ཚུལ།

Post navigation

Previous Post: ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་བཀླགས་པའི་བརྗེད་བྱང་། (5)
Next Post: ཐའེ་ཝན་དུ་བོད་བརྒྱུད་ནང་བསྟན་བགྲོ་གླེང་ཚོགས་ཆེན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme