Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དགེ་འདུན་ཆོས་འཕེལ་གྱིས་བཙོན་ཁང་ནས་ཧོར་ཁང་ལ་བསྐུར་པའི་འཕྲིན་ཡིག་ངོ་མའི་འདྲ་བཤུས།

Posted on 2020-08-072020-08-10 By ཡེ་ཤེས་ 11 Comments on དགེ་འདུན་ཆོས་འཕེལ་གྱིས་བཙོན་ཁང་ནས་ཧོར་ཁང་ལ་བསྐུར་པའི་འཕྲིན་ཡིག་ངོ་མའི་འདྲ་བཤུས།

ཀླུ་སྨྱོན་ཧེ་རུ་ཀ

མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་བོད་གཞུང་དགའ་ལྡན་ཕོ་བྲང་གི་བཙོན་ཁང་ནས་ཁོང་གི་སློབ་མ་དང་གྲོགས་པོ་ཧོར་ཁང་བསོད་ནམས་དཔལ་འབར་ལ་སྤྲིངས་པའི་འཕྲིན་ཡིག་ངོ་མའི་འདྲ་བཤུས་འདི་བདག་ལ་གྲོགས་པོ་ཞིག་བརྒྱུད་ནས་ལག་སོན་བྱུང་། གལ་སྲིད་དགེ་ཆོས་ཀྱི་འཕྲིན་ཡིག་འདི་ཀློག་པ་པོ་མང་མང་གི་སྤྱན་སྔར་འགྲེམ་འབུལ་ཞུ་འདོད་ཡོད་ཚེ། དཀའ་ཚེགས་ལ་མ་འཛེམས་པར་དབུ་ཅན་དུ་འཕབ་ཐུབ་ན་དགེ་མཚན་ཤིན་ཏུ་ཆེ་བ་དང་། བདག་ལ་མཚོན་ན་ལས་བྲེལ་ཧ་ཅང་ཆེ་བའི་དབང་གིས་ངལ་བ་དེ་མ་ལྕོགས་པས། ཐེངས་འདིར་འཕྲིན་ཡིག་རྩ་ཆེན་འདི་ཁ་བརྡ་དྲ་ཚིགས་སུ་སྤྱན་འབུལ་ཞུས་ཏེ། གྲོགས་པོ་གང་ཞིག་གིས་དབུ་ཅན་དུ་འབེབ་རོགས་ཞེས་ཞུ་བ་ལགས།

གསལ་བཤད།

Post navigation

Previous Post: ཉེར་ལྔའི་དུས་མཆོད་ཚེ་རིང་མ།
Next Post: ལྷ་མགོ་བརྙན་སྐྲ་གྲོལ། 

Comments (11) on “དགེ་འདུན་ཆོས་འཕེལ་གྱིས་བཙོན་ཁང་ནས་ཧོར་ཁང་ལ་བསྐུར་པའི་འཕྲིན་ཡིག་ངོ་མའི་འདྲ་བཤུས།”

  1. ཁ་བའི་རྣམ་ཤེས། says:
    2020-08-08 at 5:45 pm

    ༼༡༽མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ཕྱག་བྲིས་དངོས་སུ་མཇལ་བའི་དགའ་སྐྱོ་སྤེལ་མའི་ཚོར་བ་ཤུགས་ཆེར་སྐྱེས།
    ང་ཚོའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ནང་དུ་མི་རིགས་གཞན་དང་གཅིག་མཚུངས་ཀྱི་ནོར་འཁྲུལ་རབ་དང་རིམ་པ་བྱུང་ཡོད།
    ནོར་བ་འཆོས།ཡོ་བ་སྲོང་དགོས་པ་ནི་འགྲོ་བ་མི་སྤྱི་ཡོངས་ལ་འཁྲི་བའི་གཡོལ་ཐབས་མེད་པའི་ལས་འགན་ཞིག་ལོས་ཡིན།
    ༼༢༽དགའ་ལྡན་ཕོ་བྲང་ཞེས་པ་ནི་ཆོས་གྲྭ་ཆེན་པོ་འབྲས་སྤུངས་དགོན་པའི་བླ་བྲག་བྱེ་བྲག་པ་ཞིག་གི་མཚན་ཡིན་པ་དང་།དེ་ཡང་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་དབུ་མ་བརྙེས་པའི་སྔ་རོལ་དུ་༧རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོས་ཕྱག་བཏབ་པ་ཞིག་ཡིན།བོད་གཞུང་དགའ་ལྡན་ཕོ་བྲང་མཇུག་བསྒྲིལ་བའི་རྗེས་སུའང་བླ་བྲང་དེ་མུ་མཐུད་དེ་གནས་བཞིན་པ་རེད།དེར་བརྟེན་དགེ་འདུན་ཆོས་འཕེལ་དགའ་ལྡན་ཕོ་བྲང་གི་བཙོན་ཁང་དུ་བཞུགས་ཞེས་སྨྲས་ན་དོན་དངོས་དང་འཚམས་པ་ཞིག་ཨེ་ཡིན་ནམ་སྙམ།

  2. Abharu Jigwang says:
    2020-08-08 at 6:27 pm

    ༄༅། མཁས་དབང་དགེ་ཆོས་ཀྱི་སྐོར་མང་པོ་བཀླགས་མྱོངས་ཡང་བཙོན་ཁང་ནས་ཧོར་ཁང་ལ་བསྐུར་
    བའི་འཕྲིན་ཡིག་གི་སྐོར་མཐོང་མ་སོང་།
    ངོ་བཤུས་ཁ་བརྡ་དྲ་རྒྱའི་ནང་བཏོན་འདུག་ཀྱང་གི་ཡིག་འབྲུ་ཅི་ཡང་གསལ་པོ་མཐོང་གི་མི་འདུག་པས་
    ངེས་པར་ངེས་པར་དུ་གསལ་པོ་ཞིག་བྲིས་གནང་རོགས་གནང།

  3. གཞུང་པ་ཚེ་དབང་བསིད་ནམས་ says:
    2020-08-08 at 9:01 pm

    མཁས་དབང་དགེ་ཆོས་བོད་ཀྱི་གསར་བརྗེའི་བ།
    རྙིང་ཞེན་སྐུ་དྲག་མ་བཟོད་བརྩོན་དུ་བཅུག།
    ཚུལ་འདི་བསམ་ན་བོད་འབངས་སྙིང་ལ་ལྕི།
    བོད་མིའི་ལས་དབང་ཕྲག་དཱོགས་འོག་ཏུ་རུལ།

  4. ཀརྡོ་རབ་འབྱམས་པ་ says:
    2020-08-09 at 12:11 am

    ཤོག་ངོས་མཐའ་མར་ཡིག་ཆེན་དུ་ནི།
    ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་རོ་དང་མཚུངས་པའི་ལུས་པོ་འདི། །ག་དུས་ཤི་ཡང་མི་འགྱོད་དེ། །གསེར་དང་མཚུངས་པའི་རྣམ་དཔྱོད་དག །མཉམ་དུ་ཤི་ན་ཤིན་ཏུ་འཕང་། །དེས་ན་ཡིད་མུག་སྒྱིད་ལུག་དང་། །ཞུམ་པའི་སྐྱོན་གྱིས་མ་ནོན་པར། །ཁྱོད་ཀྱི་འབད་པའི་དགེ་བ་དེས། །མངའ་བདག་རྒྱལ་པོ་མཉེས་གྱུར་ཅིག། །།བཀྲ་ཤིས།། །།

  5. ཀརྡོ་རབ་འབྱམས་པ་ says:
    2020-08-09 at 12:18 am

    ཁྱོད་ཀྱི་འབད་པའི་དགེ་བ་དེས། །
    འདི།
    ཁྱོད་ཀྱིས་འབད་པའི་དགེ་བ་དེས། །

  6. ཁ་བའི་རྣམ་ཤེས། says:
    2020-08-09 at 2:58 am

    ༼༡༽མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ཕྱག་བྲིས་དངོས་སུ་མཇལ་བས་དགའ་སྐྱོ་སྤེལ་མའི་ཚོར་བ་ཤུགས་ཆེར་སྐྱེས།
    ང་ཚོའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ནང་དུ་མི་རིགས་གཞན་དང་གཅིག་མཚུངས་ཀྱི་ནོར་འཁྲུལ་རབ་དང་རིམ་པ་བྱུང་ཡོད་པར་སྨོས་ཅི་དགོས།འོན་ཀྱང་ནོར་བ་འཆོས།ཡོ་བ་སྲོང་དགོས་པ་ནི་འགྲོ་བ་མི་སྤྱི་ཡོངས་ལ་འཁྲི་བའི་གཡོལ་ཐབས་མེད་པའི་ལས་འགན་ཞིག་ལོས་ཡིན།འོན་ཏང་སྤྱི་སེམས་ཡོད་ན་ཕན་གནོད་ཀྱི་ཁྱད་པར་མནོ་བསམ་ཞིབ་མོར་གཏོང་གལ་ཆེ།
    ༼༢༽དགའ་ལྡན་ཕོ་བྲང་ཞེས་པ་ནི་ཆོས་གྲྭ་ཆེན་པོ་འབྲས་སྤུངས་དགོན་པའི་བླ་བྲང་བྱེ་བྲག་པ་ཞིག་གི་མཚན་ཡིན་པ་དང་།དེ་ཡང་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་དབུ་མ་བརྙེས་པའི་སྔོན་དུ་༧རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོས་ཕྱག་བཏབ་པ་ཞིག་ཡིན།བོད་གཞུང་དགའ་ལྡན་ཕོ་བྲང་མཇུག་བསྒྲིལ་བའི་རྗེས་སུའང་བླ་བྲང་དེ་མུ་མཐུད་དེ་གནས་བཞིན་པ་དང་།རང་ཅག་རྣམས་ལ་ཕ་མ་ལས་ཀྱང་བཀའ་དྲིན་ཆེ་བ་ཙམ་དུ་མ་ཟད་གཉན་འཕྲང་ཅན་གྱི་དུས་ཚོད་འདིར།༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་ནི་བོད་མི་རིགས་ཀྱི་བླ་སྲོག་མཚོན་བྱེད་ཅིག་ཡིན།དེར་བརྟེན་དགེ་འདུན་ཆོས་འཕེལ་དགའ་ལྡན་ཕོ་བྲང་གི་བཙོན་ཁང་དུ་བཞུགས་ཞེས་སྨྲས་ན་དོན་དངོས་དང་འཚམས་པ་ཞིག་དང་ཕན་ཐོགས་པའི་སྐད་ཆ་ཞིག་ཨེ་ཡིན་ནམ་སྙམ།
    ༼༣༽མགྱོགས་བྲིས་ཀྱི་རྐྱེན་པས་དེ་ལྟར་ཐལ་ན་གསལ་བཤད་གནང་རོགས་ཞུ།དགོངས་པ་མ་འཚོམས།

  7. གཞུང་པ་ཚེ་དབང་བསིད་ནམས་ says:
    2020-08-09 at 6:53 am

    རྒྱལ་རབས་ལོ་རྒྱུས་འཇིག་རྟེན་ཆགས་རབས་དང།
    སྤྱི་ཚོགས་འཕེལ་རིམ་གོ་ལའི་གནས་བབས་སོགས།
    འཇིག་རྟེན་ཧྲིལ་པོ་དགའ་སྐྱོའི་ལོ་རྒྱུས་འོག།
    རང་དགའ་ཕྱོགས་ལྷུང་གཞན་སྡུག་སྨྲ་བ་མང།

  8. རང་བྱུང་རིག་པའི་རྡོ་རྗེ says:
    2020-08-09 at 2:58 pm

    ཀློག་འདོད་ཡོད་ཀྱང་ཀློག་ཤེས་ཀྱི་མི་འདུག །

  9. ཀརྡོ་རབ་འབྱམས་པ་ says:
    2020-08-10 at 12:34 am

    ཀ ༡༽
    ཚོགས་བཀྲ་ཤིས་བྱིན་རེ་ཆགས། །ཀི་བསྭོ་བསྭོ་ཆ་འོ་་་་་་རྒྱལ་ལོ།།

    ༇ ཡང་སྐབས་ཤིག་ཞིབ་མཐུད་དང་། གསོལ་ཞིབ་བཙོན་སར་ཕུལ་བའི་བཀའ་ལན་དུ། ་་་་་མེ་ཕྱི་ཟླ་༡༡ཚེས་༣༠ཁོ་བོས་ཚོགས་བརྒྱ་ཞིག་འབུལ་ཉིན་འབྱོར་པ།

    ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
    འདི་ནས་མར་ཡི་གེ་ཆུང་དྲགས། ང་རྒས་དྲགས་ནས་མཐོང་ཀ་དཀའ་ཀློག་དགའ་བས་འདིར་མཚམས་བཞག་དགོས་བྱུང་།

  10. ཁ་བའི་རྣམ་ཤེས། says:
    2020-08-10 at 6:04 am

    དྲང་བདེན་གྱི་ལན་ཞིག་ལ་བསྒུགས་ཏེ་བསྡད་ཡོད་ལགས།
    ལན་རྒྱོབས།མཁས་དབང་ལགས།

  11. ཀརྡོ་རབ་འབྱམས་པ་ says:
    2020-08-11 at 12:40 am

    ཁ་བའི་རྣམ་ཤེས་ཀྱི་རྣམ་ཤེས་ནི། ཀུན་ལས་བཀྲ་བ་ཞིག་རེད་འདུག ཁྱེད་རང་གི་མཆན་ལ་དགའ་བསུ་དང་རྒྱབ་སྐྱོར་ཡོད་མདའ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme