Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕྱི་ལོ་༢༠༢༡ ལོའི་སྲིད་སྤྱིའི་འོས་དམིགས་ལ་དཔྱད་པའི་གཏམ།

Posted on 2020-08-06 By ཁ་བརྡ 5 Comments on ཕྱི་ལོ་༢༠༢༡ ལོའི་སྲིད་སྤྱིའི་འོས་དམིགས་ལ་དཔྱད་པའི་གཏམ།

གཞུང་པ་ཚེ་དབང་བསོད་ནམས།
 
མང་གཙོ་དང་ཁྲིམས་ཀྱི་དབང་བསྒྱུར་ལ་འགན་འཁུར་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཆུང་ཆུང་འདིའི་མང་གཙོའི་འཕེལ་རིམ་ལ་ཕྱི་མིག་བལྟ་སྐབས་འདས་པའི་མི་ལོ་དྲུག་བཅུའི་ནང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་འཛམ་གླིང་སྤྱི་དང་མཐུན་པའི་མང་གཙོ་ཡང་དག་པའི་ལམ་ལུགས་ཁྲིམས་ཀྱི་དབང་བསྒྱུར་ནང་ང་ཚོ་འཁྲིད་ནས་དེང་སྐབས་འཛམ་གླིང་ཡོངས་ནས་ང་ཚོའི་མང་གཙོའི་ལམ་ལུགས་དེ་དག་ཚད་དང་ལྡན་པའི་མང་གཙོ་ཡངས་དག་པ་ཞིག་ཡིན་པའི་དགའ་བསུའི་རྣམ་འགྱུར་སྟོན་མཁན་དང་ཚད་མཐོའི་རྒྱབ་སྐྱོར་དང་གདེང་འཇོག་གནང་མཁན་སོགས་ལོ་རེ་ནས་ལོ་རེ་བཞིན་མང་དུ་འགྲོ་བཞིན་པ་ནི་༸གོང་ས་མཆོག་གི་རླབས་ཆེན་མཛད་འཕྲིན་ཁོ་ནར་སོང་ང་ཚོ་བོད་མི་རིགས་ལ་བསམ་ན་ཁོང་གི་བཀྲིན་ནི་ནམ་ཡང་བརྗེད་ཐབས་མེད་པ་ཞིག་ཡིན་པ་དང་འདས་པའི་སྲིད་སྤྱིའི་འོས་བསྡུའི་ལས་རིམ་ནས་ང་ཚོར་ཉམས་མྱོང་དང་བསླབ་བྱ་གང་ཐོབ་པ་དེ་གཞི་ལ་བཞག་ནས་མ་འོངས་སྲིད་སྤྱིའི་འོས་དམིགས་ལ་མི་སྣ་སྒྲ་སྒྲིག་བྱ་རྒྱུ་དེ་ང་ཚོའི་ཐོབ་ཐང་རེད་ལ་ལས་འགན་ཡང་རེད་ལ་མང་གཙོ་དང་ཁྲིམས་ཀྱི་དབང་བསྒྱུར་ཟེར་བའི་གོ་དོན་ཡང་དེ་ཡིན་པ་དང་ ཕྱི་ལོ་༢༠༢༡ ལོའི་སྲིད་སྐྱོང་གི་འོས་དམིགས་ལ་ལངས་མཁན་ད་ལྟ་ནས་ཚང་ཁ་ཤིག་ཤིག་ཡོད་པ་ནི་བོད་མི་མང་ལ་བསམ་ན་དགའ་བསུ་་ཞུ་འོས་པ་ཞིག་ཡིན་པ་ནི་སྤགས་ལ་དགོས་པ་སྤགས་ཁུ་དང་སྤགས་ཁུ་ལ་དགོས་པ་དར་ར་ཟེར་བའི་དཔེ་ལྟར་དང་སྲིད་སྐྱོང་གི་འོས་དམིགས་ལ་ལངས་མཁན་ཚོ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དང་མ་འགལ་བའི་ཐོག་ནས་སྲིད་སྐྱོང་གི་འོས་དམིགས་ལ་ལངས་ཡོད་པའི་ཡིད་ཆེས་དང་བཅས་གལ་ཆེ་ཤོས་དེ་དབུས་བོད་མིའི་སྒྲིག་འཛུགས་ནས་གཏན་འབེབས་གནང་བའི་བོད་ཀྱི་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཟེར་བའི་ལས་འཆར་ལ་ང་ཚོའི་འགན་འཁུར་ནས་རྗེས་ལོའི་སྲིད་སྐྱོང་ལ་བུད་མེད་སླེབ་དགོས་པ་དེ་ཆབ་སྲིད་དང་སྤྱི་ཚོགས་དུས་ཀྱི་འཕོ་འགྱུར་རྒྱལ་སྤྱིའི་གནས་བབས་ཕོ་མོ་འདྲ་མཉམ་ཟེར་བའི་ལྟ་སྒྲུབ་སོགས་ཕྱོགས་མང་པོ་ཞིག་དང་འབྲེལ་བ་གཏིང་ཟབ་ཡོད་པ་མ་ཟད་༸གོང་ས་མཆོག་ནས་རྒྱལ་སྤྱིའི་སྟེང་བཀའ་སློབ་ལན་མང་ཕེབས་པའི་ནང་རྒྱལ་ཁབ་ཚོའི་འགོ་འཁྲིད་ལ་བུད་མེད་མང་ཙམ་སླེབས་ཐུབ་ན་འཛམ་གླིང་འདིར་ཞི་བདེ་ཡོང་རྒྱུར་ཕན་ཐོག་ཆེན་པོ་ཡོད་པའི་སྐོར་ལ་གལ་ཆེན་དོན་ཆེན་གྱི་ལམ་སྟོན་བཀའ་སློབ་མང་པོ་ཕེབས་པ་སོགས་ལ་ང་ཚོའི་འགན་འཁུར་ནས་བློ་ལྡན་བོད་མི་བཙན་བྱོལ་བ་རང་ལོ་བཅོ་བརྒྱད་ཡན་རྣམས་ནས་ཕྱོགས་གཏོགས་ཆབ་སྲིད་དང་ལུང་ཚན་ཤོག་སྒྲིལ་འགོ་འདྲེན་དང་སྐབས་ཚོལ་རིང་ལུགས་སོགས་ཀྱི་རྗེས་སུ་མ་འབྲང་པར་བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་ཕུགས་རྒྱང་རིང་པོའི་རྩ་དོན་ལ་འགན་འཁུར་ནས་རྗེས་ལོ་༢༠༢༡་ལོའི་སྲིད་སྐྱོང་ལ་བུད་མེད་ཞིག་སླེབ་ཐུབ་པའི་འགན་འཁུར་བཞེས་དགོས་པ་ནི་གལ་ཆེའི་ནང་གི་གལ་ཆེན་དོན་ཆེན་ལ་སོང་དེ་ལྟར་འབོད་བསྐུལ་ཡང་ཞུ་འདོད་བྱུང་ལ་ཆོས་ལུགས་ཆོལ་གསུམ་དང་བཅས་པའི་བོད་མི་མང་གི་སྐུ་ཚབ་སྤྱི་འཐུས་སུ་ཆོལ་ཁ་དང་ལུང་ཚན་རྒྱབ་ལངས་ཤོག་སྒྲིལ་མ་ཡིན་པ་ན་གཞོན་ཕོ་མོ་བློ་གསར་དེང་རབས་ཕྱི་ནང་གི་ཤེས་ཡོན་སྒྲོ་ཤོག་གཉིས་ལྡན་ཚད་ལོངས་ཅན་ཕྱི་མི་དང་དཔུང་པ་མཉམ་བཤིབས་ཐུབ་མཁན་་ཤ་སྟག་སྤྱི་འཐུས་སུ་སླེབས་དགོས་པ་ནི་འདས་པའི་ལོ་རྒྱུས་ལ་ང་ཚོའི་བསླབ་ཆ་བླངས་ནས་མ་འོངས་བོད་མི་རིགས་ཀྱི་མདུན་ལམ་ལ་འོད་ཟེར་འཕྲོ་་ཐུབ་པའི་འགན་དེ་ད་ལྟའི་མི་རབས་འདིའི་ལེན་དགོས་པ་དེ་ལོ་རྒྱུས་ཀྱི་ངོ་སྤྲད་པའི་གཡོལ་ཐབས་མེད་པའི་ལས་འགན་དཱངས་མ་ཞིག་ཡིན་པའི་ངོས་འཛིན་དང་བཅས་བཙན་བྱོལ་བོད་མིའི་་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་འཁོད་པའི་བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་ནས་གང་ཟག་སྒེར་གྱི་བསམ་ཚུལ་གླེང་པ་འདིའི་ཀྱང་ཕྱི་ལོ་༢༠༢༡ ལོའི་སྲིད་སྤྱིའི་འོས་བསྡུའི་ལས་རིམ་དེ་དྲང་བདེན་དང་འདྲ་མཉམ་ཁྲིམས་ཀྱི་དབང་བསྒྱུར་འོག་བོད་མི་ཚང་མས་བཅའ་སྒྲིག་དང་མ་འགལ་བའི་ཐོག་ནས་མང་གཙོའི་འགན་དབང་སྲིད་སྤྱིའི་འོས་བསྡུའི་ལས་རིམ་ལ་ཆ་ཤས་ལེན་ཐུབ་པའི་འབོད་བསྐུལ་ཞུ་གི་ཡོད།

ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས་ནས་ཕྱི་ལོ་ ༢༠༢༠ ཕྱི་ཟླ་ ༨ ཚེས་ ༦ ལ་ཕུལ།

བསམ་ཚུལ།

Post navigation

Previous Post: སྙན་ངག་གི་བླ་སྲོག་ཚ་གླེང་།
Next Post: ཉེར་ལྔའི་དུས་མཆོད་ཚེ་རིང་མ།

Comments (5) on “ཕྱི་ལོ་༢༠༢༡ ལོའི་སྲིད་སྤྱིའི་འོས་དམིགས་ལ་དཔྱད་པའི་གཏམ།”

  1. རང་བྱུང་རིག་པའི་རྡོ་རྗེ says:
    2020-08-07 at 3:24 pm

    མ་འོངས་པའི་སྲིད་སྐྱོང་ལ་སྤེན་པ་ཚེ་རིང་ལས་ལྷག་ཅིག་མེད་ཚོད་རེད། འོན་ཀྱང་ང་ཚོར་དེའི་བསོད་ནམས་ཨེ་ཡོད་མི་ཤེས། ་ང་ཚོའི་ལས་དབང་འདི་ཅི་འདྲ་ཞིག་སྡུག་གི་ཡ། །

  2. ཀརྡོ་རབ་འབྱམས་པ་ says:
    2020-08-08 at 8:56 am

    རྒྱ་རི་སྒྲོལ་མ་མ་གཏོགས། སྲིད་སྐྱོང་འོས་མིར་ལངས་མཁན་མེད་པ་འདྲ། རྒྱ་སྒྲོལ་མི་ཐོབ་པ་ཕལ་ཆེར་ངེས་པ་རེད་སྙམ་མོ།།

  3. ཀརྡོ་རབ་འབྱམས་པ says:
    2020-08-08 at 10:15 am

    ངའི་སྲིད་སྐྱོང་འོས་མི།
    འོས་མི་རྙིང་པ་དང་། འོས་མི་དང་པོ་ཚོགས་ཟུར་སྤེན་པ་ཚེ་རིང་།
    བཀའ་ཟུར་དང་བུད་མེད། འོས་མི་གཉིས་པ་རྒྱ་རི་སྒྲོལ་མ།
    བཀའ་བློན་ནས་དགོངས་ཞུས་པ། འོས་མི་གསུམ་པ་འབྲོང་ཆུང་དངོས་གྲུབ།
    བཞི་པ། ་་་་་་་་་་་་་་་་་་་་་་་་་་་་
    ལྔ་པ། ་་་་་་་་་་་་་་་་་་་་་་་་་་་་
    དྲུག་པ། ་་་་་་་་་་་་་་་་་་་་་་་་་་་་

  4. ཁ་བའི་རྣམ་ཤེས། says:
    2020-08-08 at 4:14 pm

    བོད་ལ་བདེ་སྐྱིད་བྱུང་ན།རྒྱལ་པོ་ཨ་ནིས་བྱེད་ཆོག་ཅེས་པ་འདི་གཏམ་དཔེ་རྙིང་པ་ཞིག་རེད།དངོས་གནས་བྱས་ན།རྒྱལ་མོ་ཨ་ནིས་བྱེད་ཆོག་ཅེས་བསྒྱུར་ན་ལེགས།

  5. ཀརྡོ་རབ་འབྱམས་པ་ says:
    2020-08-08 at 5:00 pm

    སྲིད་སྐྱོང་ཀུན་གྱིས་ཤེས་དགོས་པའི་ཆ་རྐྱེན་ལ།
    ་
    ཕ་བརྒྱུད་མ་བརྒྱུད་སྤྲེལ་རྒན་བྲག་སྲིན་ལས། །
    མིའུ་གདུང་དྲུག་ཁ་ནས་བཟློས་ཤེས་ལ། །
    བོད་ལ་རྒྱལ་ཕྲན་བསིལ་མ་དྲུག་བཅུ་དང་། །
    འབྱ་རུ་ཅན་གྱི་རྒྱལ་རབས་བཅོ་བརྒྱད་ནས། །

    གཉའ་ཁྲི་ནས་བཟུང་གནམ་རི་སྲོང་བཙན་བར། །
    བོན་རྒྱལ་རྒྱལ་བརྒྱུད་སོ་གཉིས་ཤོད་ཤེས་ལ། །
    ལྷ་ཐོ་ནས་བཟུང་ཆོས་རྒྱལ་སྲོང་བཙན་བར། །
    ནད་ཆོས་བན་གཟུགས་དབུ་བརྙེས་སྲོལ་གཏོད་གོ །

    ཆོས་རྒྱལ་མེས་དབོན་རྣམ་པ་གསུམ་པོ་ནས། །
    གུ་གུའི་རྗེ་ལྷ་བླ་མ་ཡེ་ཤེས་འོད། །
    ཚ་བོ་བྱང་ཆུབ་འོད་དང་སྐྱིད་སྡེའི་མགོན། །
    མཐའ་མ་རྒྱལ་བརྒྱུད་ལྷ་ཆེན་རྒྱ་རི་དང་། །

    ཆོས་མཁན་འགྲོ་མགོན་ཆོས་རྒྱལ་འཕགས་པ་ནས། །
    བཀའ་བརྒྱུད་རི་སྤུང་གཙང་པ་སོགས་ཀྱི་སྐོར། །
    ལོ་རྒྱུས་ཤེས་ནས་རྒྱལ་དབང་ལྔ་པ་ནས། །
    སྐུ་ཕྲེང་བཅུ་གསུམ་བར་གྱི་སྐོར་ལ་བཀླགས། །

    ལྷག་པར་༸རྒྱལ་མཆོག་༸སྐུ་འཕྲེང་བཅུ་བཞི་པ། །
    ༸བསྟན་འཛིན་རྒྱ་མཚོའི་མཛད་འཕྲིན་གཉིས་སྨན་ཀུན། །
    སྲིད་སྐྱོང་བློ་ངོར་ཟླ་གཟུགས་ཤར་ལྟར་དགོས། །
    ཁྱད་པར་མ་འོངས་འཆར་གཞིར་སྒྲུབ་མཁས་དགོས། །

    དེ་འདྲ་བྱུང་ན་བོད་རྒྱལ་ཨ་ནེའམ། །
    རྒྱ་རིགས་ཨ་ནེ་ཡིན་ནའང་རུང་མོད་ཀྱང་། །
    དང་བླངས་བཅའ་ཁྲལ་མ་ཆད་འབུལ་ལ་རེམས། །
    རྐང་གཉིས་སུ་རུང་སྲིད་སྐྱོང་མི་འོས་མེད། །
    ཀརྡོས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme