Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་གར་སྲང་ལམ་ནས་འཇུར་རྩི་བྱུགས་མཁན་ཞིག་གི་གླུ་སྐད་སྙན་མོ།

Posted on 2020-08-05 By ཁ་བརྡ No Comments on རྒྱ་གར་སྲང་ལམ་ནས་འཇུར་རྩི་བྱུགས་མཁན་ཞིག་གི་གླུ་སྐད་སྙན་མོ།

ནམ་མཁའ།

ད་ལོའི་སློབ་གྲྭའི་དབྱར་གནང་གི་དུས་ཚོད་དང་བསྟུན་ཏེ། ངའི་ཕ་ཡུལ་གཉིས་པ་རྒྱ་གར་ལུང་པ་ལ། རྒྱ་ནག་ནས་མཆེད་དེ་ཁྱབ་བརྡལ་དུ་འགྲོ་བཞིན་པའི་ཏོག་དབྱིབས་ནད་ཡམས་ཀྱི་གནས་ཚུལ་ཤེས་འདོད་ཆེད་དྲ་ལམ་ལ་འགྲུལ་བཞུད་བྱས་པ་ཡིན། དྲ་ལམ་འགྲུལ་བཞུད་ཀྱི་བརྒྱུད་རིམ་ནས་ཡིད་སེམས་འགུལ་བའི་བརྙན་ཐུང་ཞིག་མཐོང་། སྤྱིར་བཏང་ང་རང་ཉིད་ཀྱིས་ཤེས་བའི་ཧིན་ངྷའི་སྐད་ཚིག་རེ་ཟུང་། དཔེར་ན་མིང་ལ་ཅི་ཟེར་དང་བདེ་བོ་ཡིན་མིན་གྱི་འཚམས་འདྲི་ལྟ་བུ་ཞིག་མ་གཏོགས་ཤེས་ཀྱི་མེད། ཡིན་ན་ཡང་། རྒྱ་གར་བ་མང་ཆེ་ཤོས་ཀྱིས་དབྱིན་སྐད་དང་ངྷིན་སྐད་འདྲེས་མ་བཤད་སྟབས། ཚིག་འགའ་ཤས་ཤིག་གོ་བའི་འབྲས་བུ་དང་བརྙན་ཐུང་ལས་མཐོང་བའི་བརྒྱུད་རིམ་ལས། ངའི་སེམས་ཁོང་ཡོངས་སུ་བརླན་པར་བྱས་བའི་ཚོར་བ་འགའ་འདིར་འགོད་འདོད་པ་དེ་ཡིན།

ch _1072བྲིས་པའི་སྟོད་ཐུང་དཀར་པོ་གྱོན་ཞིང་། རྐང་ལ་red jabali ༼བསིལ་ལྷམ༽དམར་པོ་ཞིག་གྱོན་པའི་གཟུགས་པོ་ཅུང་རིང་པོ་ཡོད་པའི་ཕོ་གསར་ཞིག་རེད། ཁོ་རང་ཁང་པའི་ནང་དུ་སླེབས་མ་ཐག་ཀུན་སློང་ལ་ལྷད་མེད་ཀྱིས་རྒྱ་གར་ལུགས་སྲོལ་ལྟར། ལག་པས་ས་ལ་རེག་སྟེ་ཕྱག་འཚལ་ནས། ཁོ་རང་གི་མདུན་དུ་ཡོད་པའི་མི་གསུམ་པོར་བཀྲ་ཤིས་བདེ་ལེགས་(na ma ska)ཞེས་འཚམས་འདྲི་བྱས། མདུན་གྱི་མི་གསུམ་པོ་དེའི་དཀྱིལ་དུ། རྒྱ་གར་ལུགས་སྲོལ་གྱི་སྐྲ་རྒྱན་ནམ་དབུ་རྒྱན་གསེར་གྱི་རྒྱན་ཆ་སྤྱི་གཙུགས་ནས་དཔྲལ་མཚམས་སུ་སླེབས་པ་ཞིག་བཏགས་ཞིང་། གདོང་ལ་འཛུམ་མདངས་ཀྱིས་རྒྱན་པའི་ན་ཆུང་བུ་མོ་མཛེས་མ་ཞིག་ཡོད་པ་དེས། ཁོ་ལ་འཚམས་འདྲི་བྱེད་ཞོར། ཁོ་རང་གི་མིང་དང་ལས་ཀ་ག་རེ་བྱེད་ཀྱི་ཡོད་མེད་ཀྱི་དྲི་བ་དྲིས་སོང་པས། ཕོ་གསར་དེས་ངའི་མིང་ལ་སན་ནེsunnyཟེར། ཁོའི་ལས་ཀ་སྲང་ལམ་ནས་ལྷམ་ལ་འཇུར་རྩི་བྱུགས་ཀྱི་ཡོད། ༁་མས་པེན་ཇབ་གྲོང་ཁྱེར་ནང་དུ་ལྒང་བུ་བཙོང་གི་འགྲོ་གི་ཡོད་པ་དང་། སྐབས་རེ་གྲོང་སྡེ་གཡས་གཡོན་དུ་ཟ་འབྲས་སློང་མོ་བྱེད་ཀྱི་ཡོད་པའི་གནས་ཚུལ། ཁོའི་གནས་སྟངས་རྣམས་སྦ་གསང་ཅི་ཡང་མ་བྱས་བར་དྲང་མོ་བཤད་ཞོར། སན་ནེ་sunnyཡི་མིག་ནས་སྐྱོ་བའི་མཆི་མ་བཞུར་སོང་པས། མདུན་གྱི་མི་གསུམ་པོའི་དཀྱིལ་གྱི་ན་ཆུང་བུ་མོ་མཛེས་མ་དེའི་གདོང་གི་འཛུམ་མདངས་གློ་བུར་དུ་ཡལ་ཞིང་། མཛེས་ཤིང་སྡུག་པའི་ཞལ་རས་དེའི་མིག་ཟུང་ལས་སྙིང་རྗེ་ཡི་མདའ་མོ་sunnyལ་གཏད་ཡོད་པ་དོ་སྣང་བྱེད་མཁན་ཞིག་ཡིན་ན་ཤེས་ཐུབ། ན་ཆུང་མཛེས་མ་དེའི་གཡས་གཡོན་དུ་སྐྱེས་པ་སྒམ་པོ་གཉིས་འདུག ཁོང་རྣམ་པ་གཉིས་ཀྱི་སེམས་སུ་ཅི་ཞིག་དྲན་ཡོད་པ་མི་ཤེས་ཡང་། ན་ཆུང་མཛེས་མ་དེ་བཞིན་གདོང་ནས་སྐྱོ་ཉམས་མཐོང་མ་སོང་། ཡིན་ན་ཡང་། ཁོང་ཚོས་ཁོ་ལ་སྐད་ཆ་འགའ་བཤད་སོང་ཡང་། ཐབས་སྐྱོ་བ་ཞིག་ལ། གོང་དུ་བཤད་ཟིན་པ་ལྟར་ཕྲན་གྱིས་ཧིན་ངྷའི་སྐད་ཤེས་ཀྱི་མེད་སྟབས་ཚིག་གཅིག་ཀྱང་འདིར་འབྲི་མ་ཐུབ། ན་ཆུང་མཛེས་མ་དེས་ཁོ་ལ་དབྱིན་སྐད་འདྲེས་མས་གླུ་ག་རེ་ལེན་གི་ཡིན་ཅེས་ཡང་བསྐྱར་དྲི་བ་ཞིག་བཏང་སོང་། sunnyཡིས། afri afriཟེར་བའི་གཞས་འདི་ལེན་གི་ཡིན་ཟེར། མདུན་དཀྱིལ་ཡོད་པའི་ན་ཆུང་མཛེས་མ་དེས་ འོ་ ཧ་ཅང་སྙན་པའི་གླུ་གཞས་ཞིག་རེད་ཅེས་དབྱིན་སྐད་ཀྱིས་བཤད་སོང་ལ། བུ་མོ་དེའི་གཡས་སུ་བཞུགས་ཡོད་པའི་སྐྱེས་པ་མགོ་རུལ་དེས་ཀྱང་། དབྱིན་སྐད་ཀྱིས་སྤུན་ཟླ་ཡག་པོ་ཡོང་བའི་རེ་བ་ཡོད་ཅེས་དབྱིན་སྐད་ཀྱིས་སྨོན་ཚིག་ཞིག་གིས་སྙིང་སྟོབས་སྦྱིན། སན་ནེ་sunnyཡིས་གླུ་གཞས་མགོ་རྩོམ་དུས་མདུན་དཀྱིལ་དུ་ཡོད་པའི་ན་ཆུང་བུ་མོ་མཛེས་མ་དེས། སན་ནེ་ཡི་རྐང་ལ་ཡག་པོ་ཞིག་བལྟ་ཞོར་གང་གཟབ་ཀྱིས་གླུ་གཞས་ལ་ཉན། སན་ནེsunnyཡི་གླུ་སྐད་ཀྱིས་ཁོང་གསུམ་གྱི་ཡིད་དབང་འཕྲོག་པ་མ་ཟད། མདུན་གྱི་གཡོན་ཕྱོགས་སུ་ཡོད་པའི་སྐྱེས་པ་གདོང་གོར་ཞིང་ཅུང་ཟད་གཟུགས་པོ་སྟོབས་ཆེན་ཞིག་ཡོད་པ་དེས། ཁ་ནས་རང་དབང་མེད་པར་དབྱིན་སྐད་ཀྱིས་འདི་ནི་ངའི་རྒྱ་གར་ལུང་པ་རེད།འདི་ནི་རྒྱ་གར་བ་རང་རེད་ཅེས་ཡིད་སེམས་འཕྲོག་པའི་ཚིག་རང་དབང་མེད་པར་ཤོར། སན་ནེ་ཡིས་གླུ་ལངས་ཚར་རྗེས་མདུན་གྱི་གཡས་ཕྱོགས་སུ་ཡོད་པའི་སྐྱེས་པ་མགོ་རུལ་དེས། ཡང་བསྐྱར་ཧིན་ངྷིའི་སྐད་ཀྱིས་ཚིག་འགའ་བཤད་སོང་མོད། འོན་ཀྱང་ཚིག་གཅིག་གི་དོན་ཀྱང་གོ་མ་སོང་ཡང་། སན་ནེ་ཡིས་ཡང་བསྐྱར་གླུ་གཞས་ཐུང་ངུ་ཞིག་བླངས་ཏེ་མ་ཚར་བའི་མཚམས་དེར། གཡས་ཀྱི་སྐྱེས་པ་མགོ་རུལ་དེས་མདུན་ཅོག་འོག་ནས། གསེར་གྱི་རྟགས་མ་ཞིག་བླངས་ཏེ་ལག་པའི་ཡར་བཀྱག་སོང་པས། ན་ཆུང་མཛེས་མ་དེ་དང་གཡོན་གྱི་སྐྱེས་པ་སྟོབས་ཆེན་གཉིས་ཀྱང་དགའ་སྤྲོ་རབ་ཏུ་འཕེལ་སྟེ། དཀོན་མཆོག་མཁྱེན་ཅེས་ཁ་ནས་རང་དབང་མེད་པར་ཤོར། རྗེས་ནས་ད་གཟོད་ཕྲན་གྱིས་གླུ་གཞས་འགྲན་ཚོགས་སུ་ཞུགས་ཡོད་པ་གང་ཞིག་ལ། དབྱིན་སྐད་དུ་operaབོད་སྐད་དུ་ལྷ་མོའི་རྣམ་ཐར་གཏོང་བའི་འགྲན་ཚོགས་ཞིག་ཡིན་པ་ཤེས་སོང་།

གཉིས་པ། སན་ནེ་ཡི་མདུན་ལམ་ལ་འོད་ཟེར་འཕྲོ་མགོ་བརྩམས།


གླུ་གཞས་ཐེངས་གཉིས་པ་ལེན་དུ་སླེབས་དུས། སན་ནེ་ཡིས་རྐང་གི་ཅ་པྰ་ལེ་བརྗེ་བོ་རྒྱབ་སྟེ་white jabaliཅ་པྰ་ལེ་དཀར་པོ་ཞིག་གྱོན་ཏེ། སྔོན་གྱི་སྟོད་ཐུང་དཀར་པོ་དང་རྐང་སྣམ་གཉིས་རང་ཅག་གྱོན་ནས་སླེབས། sunnyསན་ནེ་ཡི་གདོང་གི་འཛུམ་མདངས་ལ་བྱམས་བརྩེ་ཡི་འཁྱིལ་ཞིང་གུས་ཞབས་ལྡན་པའི་སྒོ་ནས། མདུན་གྱི་མི་གསུམ་པོའི་དཀྱིལ་གྱི་ན་ཆུང་བུ་མོ་མཛེས་མ་neha kakkarལགས་ལ། ཁ་སང་སྐུ་ཉིད་ཀྱིས་ངའི་ཨ་མ་ལགས་ལ་དངུལ་གནང་བ་ལ་ཐུགས་རྗེ་ཆེ་ཞེས་ལག་ཟུང་ཐལ་མོ་སྦྱར་ཏེ་ཞུས་པས། གཞས་མ་ནེ་ཧ་ལགས་ཀྱི་གཡས་གཡོན་དུ་ཡོད་པའི་སྐྱེས་པ་དེ་གཉིས་ཀྱིས་ཀྱང་། ཁ་ནས་རང་དབང་མེད་པར་ འོ་ ཟེར་ཞོར། ཁོང་རྣམ་པ་གཉིས་ཡར་བཞེངས་ཏེ་ལག་ཟུང་ཐལ་མོ་སྦྱར་ནས་ཐུགས་རྗེ་ཆེ་ཞུས་སོང་བ་ལ་གཞིགས་ན། ཁོང་རྣམ་པ་གཉིས་ཀྱིས་གནས་ཚུལ་དེ་ཤེས་མེད་པ་འདྲ། གང་ལྟར་ཡང་། གཞས་མ་ནེ་ཧ་ལགས་ཀྱི་སེམས་ཁོང་དུ་བྱམས་བརྩེ་ཡི་དྲོད་ཁོལ་འཁྱིལ་ཡོད་པའི་ན་ཆུང་བུ་མོ་ཞིག་ཡིན་པ་ར་སྤྲོད་བྱེད་ཐུབ་ཀྱི་འདུག


སན་ནེ་sunny ཡི་གཞས་གཉིས་པ་དེ་mera piya ghar Aayaཟེར་བའི་གླུ་དེ་ལེན་དུས། མདུན་གྱི་མི་གསུམ་པོ་ཡི་ཡིད་སེམས་རབ་ཏུ་འཕྲོག་པ་མ་ཟད། ཁ་ནས་རང་དབང་མེད་པར་ ༼དཀོན་མཆོག་མཁྱེན་ ༽ཅི་འདྲའི་སྙན་པ་ལ་ཟེར་ཞོར།རྐུབ་སྐྱག་ཐོག་ནས་ཡར་བཞེངས་སོང་ལ། ཚོགས་ཁང་ནང་གི་ལྟད་མོ་བ་ཚོས་ཀྱང་དགའ་སྤྲོའི་ལག་པའི་ཐལ་སྒྲ་ཚོགས་ཁང་ཡོངས་སུ་ཁེངས་སོང་། མདུན་གྱི་གཡོན་ཕྱོགས་སུ་ཡོད་པའི་སྐྱེས་པ་སྟོབས་ཆེན་དེས་sunnyསན་ནེ་ལ། ཁྱེད་ཀྱིས་བླངས་བའི་གླུ་གཞས་དེ་ཐོག་མར་ག་དུས་བླངས་པ་ཤེས་སམ་ཅེས་དྲི་བ་དྲིས་སོང་པས། སན་ནེ་ཡིས་༡༩༩༨གཡས་གཡོན་ཡིན་སྲིད་ཅེས་ལན་འདེབས་གནང་། མདུན་གྱི་དྲི་བ་འདྲི་མཁན་དེས་༡༩༩༧ལོར་བླངས་པ་ཞིག་རེད། ཁྱེད་ཀྱིས་དངོས་གནས་ཡག་པོ་ཞེ་དྲགས་བླངས་སོང་པས་ཐུགས་རྗེ་ཆེ་ཞུ་ཟེར། མདུན་གྱི་གཡས་ཕྱོགས་སུ་ཡོད་པའི་སྐྱེས་པ་མགོ་རུལ་དེས། དེ་རིང་གླུ་བ་གདམ་གསེས་བྱེད་ཀྱི་ཡོད་པ་མ་རེད། ཡིན་ན་ཡང་། ན་ཆུང་བུ་མོ་Neha kakarཡིས་ཁྱེད་ཀྱིས་བླངས་བའི་གླུ་གཞས་ཀྱི་སེམས་ཚོར་བཤད་ཀྱི་རེད་ཟེར། བྱམས་ལྡན་མ་ན་ཆུང་བུ་མོས་འགྲིག་གི་རེད་ཟེར་ནས། རྐུབ་སྐྱག་སྒང་ནས་མདུན་ཅོག་སྒང་ལ་བུད་དེ་གསེར་གྱི་རྟགས་མ་ཞིག་སྤྲད་རོགས་ཟེར་པས། ཕོ་གསར་སན་ནེ་དགའ་ནས་པུས་མོ་གཉིས་ཀ་ས་ལ་བཙུགས་ཏེ་ཁོང་ཚོར་ཕྱག་འཚལ་སོང་། ཁོའི་ཕྱག་འཚལ་སྟངས་དང་ཁོའི་གདོང་གི་འཛུམ་མདངས་ཀྱི་གསེབ་ཏུ་ཀུན་སློང་དང་བརྩེ་སེམས་ལྷད་མེད་པ་ཞིག་མངོན་འདུག་ལ། མ་ཟད་ཁྱིམ་ཚང་སྐྱོ་བོ་ཞིག་ནས་ལོ་ཟླ་རིང་མོའི་དཀའ་སྡུག་གི་ཁྲོད་དུ་འཚར་ལོངས་བྱུང་བའི་ཉམས་ཆུང་ཚུལ་མཐུན་གྱི་རྣམ་པ་ཡང་གསལ་བོ་མངོན་འདུག་པས། ང་རང་དབང་མེད་དུ་མིག་ཆུ་ཤོར་སོང་།

ཡིན་ན་ཡང་། ད་རུང་ཁོའི་གླུ་སྐད་སྙན་མོ་ཡིས་ཁོའི་ཁྱིམ་ཚང་ལ་བདེ་སྐྱིད་ཀྱི་དྲོད་ཁོལ་འཁྱིལ་བར་ལམ་ཐག་ཅུང་རིང་པོ་ཡོད་སྟབས། ཕྲན་གྱི་སེམས་སུ་ཕོ་གསར་སན་ནེ་ཡི་རེ་བའི་རྨི་ལམ་དེ་མངོན་འགྱུར་འབྱུང་ཐུབ་ཡོད་མེད་ལ་བལྟ་འདོད་ཆེད། དྲ་ལམ་ལ་འགྲུལ་བཞུད་མང་པོ་བྱས་སྟབས། གླུ་བ་སན་ནེ་ཡི་ཨ་ཕས་ཁྱིམ་ཚང་གི་ཁང་པ་ཁང་མིག་གཉིས་ཡར་ལངས་ཚར་རྗེས་ཚེ་ལས་འདས་འདུག ཁྱིམ་ཚང་གི་ར་སྐོར་གྱི་བརྩིགས་གྱང་ཡང་བརྩིགས་ཚར་མི་འདུག་པ་མ་ཟད། ཁང་མིག་དེ་གཉིས་ཀྱི་ནང་དུ་ནང་ལས་ཅི་ཡང་བྱེད་མ་ཐུབ་པར་ལུས་འདུག ཨ་མ་དང་སྲིང་མོ་གསུམ་བུ་སྤུན་གཅིག་བཅས་ནང་མི་ཁྱོན་ལྔ་འདུག་ལ། ཁོའི་ཁྱིམ་ཚང་གི་དཀའ་ངལ་གྱི་དབང་གིས་སློབ་གྲྭར་འགྲོ་མཚམས་བཞག་སྟེ། རྒྱ་གར་པན་ཇེབ་གྲོང་ཁྱེར་ནང་ལྷམ་ལ་འཇུར་རྩི་བྱུགས་པའི་ལས་ཀ་བྱེད་ཀྱི་འདུག ལྷམ་གཅིག་ལ་འཇུར་རྩི་བྱུགས་ན་ཧིན་སྒོར་གཉིས་རེད། ཁོའི་ཨ་མ་དང་སྲིང་མོ་འབྲིང་བ་གཉིས་ཀྱིས་པན་ཇེབ་གྲོང་ཁྱེར་ནང་དུ་བྱིས་པའི་རྩེད་མོ་རྩེད་བྱེད་ཀྱི་ལྒང་བུ་བཙོང་གི་འདུག ཁོང་ཚོར་ཟ་འབྲུའི་དཀའ་ངལ་ཆེ་སྟབས་ཁོའི་ཨ་མ་ལགས་གྲོང་གསེབ་ཁག་ཏུ་ཟ་འབྲུ་འབྲས་སློང་མོ་བྱེད་ཀྱི་ཡོད་པའི་འཚོ་བའི་གནས་སྟངས་ནི་ཧ་ཅང་སྐྱོ་བོ་རེད།


གླུ་བ་སན་ནེ་ཡིས་གླུ་ལེན་ཐེངས་རིམ་པ་གང་ཞིག་ཡིན་མིན་མི་ཤེས་ཡང་། རྒྱ་གར་གྱི་གནའ་བའི་སྲོལ་རྒྱུན་གྱི་གླུ་དབྱིན་སྐད་དུ་operaབོད་སྐད་དུ་ལྷ་མོའི་རྣམ་ཐར་གཏོང་བ་གཅིག་མཚུངས་རེད་སྙམ། གང་ལྟར་ཡང་། སན་ནེ་ཡིས་གནའ་བའི་སྲོལ་རྒྱུན་གྱི་གླུ་དེ་ལེན་པའི་སྐབས། རྒྱ་གར་རྒྱལ་ཡོངས་སུ་སྐད་གྲགས་ཆེ་བའི་གླུ་བ་རྒན་པ་ཞིག་ཆེད་མངགས་གདན་འདྲེན་ཞུས་འདུག རྒྱ་གར་གྱི་གནའ་བའི་སྲོལ་རྒྱུན་གྱི་གླུ་དེ་ལེན་སྟངས་ནི་ཆེས་དཀའ་བ་ཞིག་རེད་སྙམ། སྐབས་རེ་གླུ་ཚིག་རེ་རེ་བཞིན་གདངས་ལ་གྱེར་ནས་སྐད་ངག་སྙན་མོའི་འགྱུར་ཁུག་ལ་དྲངས་ཏེ་དབྱངས་འཐེན་དགོས་ལ། སྐབས་རེ་གླུ་ཚིག་དེ་ཧ་ཅང་མགྱོགས་པོ་སྒོ་ནས་ལེན་དགོས་ཀྱི་འདུག་པས། ང་ཚོའི་བོད་རིགས་ཚོའི་ངག་ལ་བྱང་བའི་མ་ཎི་ཡིག་དྲུག་ཡང་མགྱོགས་པོ་དེ་འདྲ་ཞིག་འདོན་དཀའ་བར་འདུག་སྙམ་པའི་ཚོར་སྣང་སྟེར་སྟབས། མདུན་གྱི་དགེ་རྒན་ནམ་གླུ་བ་ཚོ་ལེགས་ཉེས་འབྱེད་མཁན་གྱི་མི་གསུམ་པོ་ཧ་ལས་སུ་བཅུགས་པ་མ་ཟད། དགེ་རྒན་དང་ཚོགས་ཁང་ནང་གི་མི་ཚོའི་སེམས་གཏིང་ནས་སྨྲེངས་ཏེ་མིག་ཆུ་ཤོར། མདུན་གྱི་མི་གསུམ་པོ་རྐུབ་སྐྱག་སྒང་ནས་རང་དབང་མེད་པར་ཡར་བཞེངས་སོང་།


སན་ནེ་ཡིས་ག་དུས་ཡིན་ཡང་གླུ་བླངས་ཚར་དུས། མདུན་གྱི་དགེ་རྒན་ཚོ་དང་ཚོགས་ཁང་ནང་གི་མི་དམངས་ཚོར། ཁོའི་པུས་མོ་གཉིས་ཀ་ས་ལ་བཙུགས་ཏེ་ལྷག་བསམ་ཟོལ་མེད་ཀྱིས་ཕྱག་འཚལ་ཞིང་། མདུན་གྱི་དགེ་རྒན་དང་མི་དམངས་ལ་བཅིངས་བའི་བརྩེ་སེམས་ཀྱི་གུས་བརྩི་ལྷད་མེད་པ་དེས། ག་དུས་ཉན་ཡང་ང་རང་ཡིད་སེམས་མགུ་བའི་ཚོར་བ་ཞིག་སྟེར་བ་དེ་རེད། གང་ལྟར་ཡང་། མདུན་གྱི་དགེ་རྒན་ནམ་གླུ་བ་ཚོར་ལེགས་ཉེས་འབྱེད་མཁན་གྱི་མི་གསུམ་པོའི་གཡས་སུ་བཞུགས་པའི་སྐྱེས་པ་མགོ་རུལ་དེའི་ཡིད་དབང་རབ་ཏུ་འཕྲོག་སྟབས། ལག་པས་ཁོའི་མིག་ཆུ་བྱུ་ཞོར་ཧིན་ངྷའི་སྐད་ཀྱིས་ཚིག་འགའ་བཤད་སོང་ཡང་།ཕྲན་གྱིས་ཧིན་སྐད་མི་ཤེས་པས་ཅི་ཞིག་བཤད་པ་མ་ཤེས་ཡང་། ཁོ་རང་གི་ཁུག་མའི་ནང་ནས་དངུལ་ཞིག་ལེན་ཞོར། ཡར་སྟེགས་བུའི་ཐོག་ཕྱིན་ཏེ་སན་ནེ་ཡི་རྐང་པ་ལ་ཕྱག་འཚལ། སན་ནེ་ཡི་གླུ་ལ་ཉན་མཁན་ཆེད་མངགས་གདན་འདྲེན་ཞུས་བའི་སྐད་གྲགས་ཆེ་བའི་གླུ་བ་དེ་ཡང་སྟེགས་བུའི་ཐོག་ཕེབས་ནས་བསྟོད་བསྔགས་བྱས་ཏེ། རྒྱ་གར་གྱི་གནའ་བའི་སྲོལ་རྒྱུན་གྱི་རྣམ་ཐར་གཏོང་མཁས་ཚོའི་དབུ་ལ་ཞྭ་མོ་ཞིག་གཡོགས་སྲོལ་ཡོད་པ་འདྲ་པས། སན་ནེ་ལ་ཞྭ་མོ་ཕུལ་ན་ཆོག་པའི་དྲན་སྐུལ་བྱས་སོང་།


གླུ་ཚོགས་འགྲན་བསྡུར་བརྒྱུད་རིམ་ནས་སན་ནེ་ཡི་གླུ་སྐད་ཀྱིས་མདུན་གྱི་དགེ་རྒན་ཚོ་དང་། ཚོགས་ཁང་ནང་གི་ལྟད་མོ་ཚོ་ཐ་ན་ཁོ་དང་མཉམ་དུ་འགྲན་བསྡུར་བྱེད་མཁན་ཚོའི་ཡིད་སེམས་ཀྱང་འཕྲོག་སྟེ་མིག་ཆུ་ཤོར་བ་ཐེངས་འགར་བྱུང་ཡོད་། ཐེངས་ཞིག་ལ་རྒྱ་གར་གྱི་གནའ་བའི་སྲོལ་རྒྱུན་གྱི་རྣམ་ཐར་གཏོང་བའི་སྐབས། སན་ནེ་གླུ་ཚར་དུས་མདུན་གྱི་དགེ་རྒན་ནམ་ལེགས་ཉེས་འབྱེད་མཁན་གྱི་སྐྱེས་པ་གདོང་གོར་ཞིང་། ཅུང་གཟུགས་པོ་སྟོབས་ཆེན་ཞིག་ཡོད་པ་དེས། ཁོ་རང་བཞུགས་སའི་རྐུབ་སྐྱག་ཁྱེར་ནས་ཡར་སྟེགས་བུའི་ཐོག་ཕྱིན་ཏེ། གླུ་བ་སན་ནེ་རྐུབ་སྟེགས་སྒང་ལངས་སུ་བཅུགས་ཏེ། ང་ཚོ་ནི་རྒྱ་གར་བ་ཡིན་པས་ཁོའི་མིང་ལ་དེ་རིང་ནས་sunny hindustanai ཞེས་འབོད་ཀྱི་ཡིན་ཟེར། རྒྱ་གར་རྒྱལ་ཁབ་ཀྱི་མིང་ཁོ་ལ་བཏགས་པས། དེ་ནས་བཟུང་མདོ་འཛིན་པ་དང་རྒྱ་གར་མི་དམངས་ཚོས་ཁོ་ལ་sunny hindustannaiཞེས་འབོད་ཀྱི་ཡོད། སྐབས་རེ་གླུ་གཞས་འགྲན་ཚོགས་ལ་ཆེད་མངགས་སྐུ་མགྲོན་གདན་འདྲེན་ཞུས་བའི་གླུ་བ་སྐད་གྲགས་ཅན་ཚོས། སན་ནེ་ཡིས་གླུ་གཞས་བཏང་ཚར་ན་ཡང་། ཡང་བསྐྱར་ཉན་འདོད་ཀྱི་དབང་གིས་ཡང་བསྐྱར་གླུ་ལེན་དུ་བཅུགས་ཡོད་ལ། སྐུ་མགྲོན་ཁ་ཤས་ཡར་སྟེགས་བུའི་ཐོག་ཡོང་སྟེ་སན་ནེ་ལ། ལག་རྟགས་དངུལ་དང་གསེར་གྱི་སྐེ་རྒྱན་སྒྲ་དབྱངས་ཀྱི་སྒྲ་སྒམ་དེ་འདྲ་ཡང་ཕུལ་ཡོད། སྐབས་དེ་དུས་སན་ནེ་ཡི་འཛུམ་མདངས་དཀྱིལ་གྱི་ལྷད་མེད་པའི་བརྩེ་སེམས་དང་གུས་བརྩི་ཡིས་་མར་ཁོའི་དགེ་རྒན་གསུམ་པོར་བལྟ་གི་ཡོད།


ཐེངས་ཞིག་ལ་སན་ནེ་གནའ་བའི་སྲོལ་རྒྱུན་རྣམ་ཐར་གཏོང་བའི་སྐབས། ཁོ་ལ་རོགས་འདེགས་བྱེད་པའི་ལག་པའི་རྔ་རྡུང་མཁན། དབུ་སྐྲ་དཀར་པོ་ཅན་གྱི་ཕར་ལྟས་ཚོད་ཀྱིས་ཅུང་ཟད་སྐྱོ་བོ་ཡིན་པའི་སྐྱེས་པ་ཞིག་འདུག སན་ནེ་ཡིས་གནའ་བའི་རྒྱ་གར་གྱི་རྣམ་ཐར་གཏོང་བའི་སྐབས། གོང་དུ་བཤད་ཟིན་པ་ལྟར་གླུ་ཡི་གདངས་མགྱོགས་དལ་བྲེལ་གསུམ་གྱིས་ལེན་དགོས་སྟབས། རྔ་དེ་ཡང་དེ་ལྟར་རྡུང་དགོས་པས་སན་ནེ་ཡི་གླུ་གཞས་ལ་རོགས་འདེགས་བྱེད་མཁན་རྒན་པོ་དེ་ཅི་འདྲའི་རྔ་རྡུང་མཁས་པ་ཞིག་རེད། སན་ནེ་ལེན་ཚར་དུས་མདུན་གྱི་དགེ་རྒན་གསུམ་པོའི་དཀྱིལ་གྱི་གླུ་མ་ན་ཆུང་བུ་མོ་Neha kakkarལགས་ཀྱིས་ཧིན་སྐད་ཀྱིས་ཚིག་འགའ་བཤདའདོད་ཡོད་ཀྱང་། མོའི་སེམས་སྨྲེངས་ནས་བཤད་མ་ཐུབ་པར་ངུས་སོང་། མོའི་གཡས་གཡོན་གྱི་སྐྱེས་པ་དེ་གཉིས་ཀྱིས་མོ་ལ་ཁྱོད་ག་རེ་བྱས་སོང་ཞེས་འདྲི་ཞོར་མོ་འཐམས་ནས་སེམས་གསོ་ལྟ་བུ་ཞིག་བྱས། རྗེས་ནས་མོ་ངུ་ཞོར་རྔ་རྡུང་མཁས་བའི་རྒད་པོ་དེ་ལ་བུ་མོ་དེ་ཁྱེད་རང་གི་བུ་མོ་ཡིན་ནམ་ཟེར། རྔ་རྡུང་མཁན་གྱིས་རེད་ངའི་བུ་མོ་ཡིན་ཟེར་ཞོར་ཁོ་ཡང་ངུས་སོང་། དེ་ནས་གླུ་མ་Neha kakkarཡིས་ཁྱེད་ཀྱི་སྡོད་ཁང་འགྲིག་ཡོད་དམ་ཟེར། རྔ་རྡུང་མཁན་གྱིས་སྡོད་ཁང་འགྲིག་ཡོད་ཅེས་ལན་བཏབས་རྗེས། གླུ་མ་Neha kakkarཡིས་མོས་ཁྱེད་ལ་ཧིན་སྒོར་འབུམ་གཉིས་ལག་རྟགས་སྤྲོད་ཀྱི་ཡིན་ཟེར་ཞོར། ཡར་སྟེགས་བུའི་ཐོག་སོང་སྟེ་རྔ་རྡུང་མཁན་གྱི་བུ་མོ་དང་རྔ་རྡུང་མཁན་གཉིས་ལ་འཐམས་སོང་། གླུ་མ་དེས་རྔ་རྡུང་མཁན་དེ་ལ་ཁྱེད་རང་གི་སྡོད་ཁང་ཡོད་མེད་ཀྱི་གནས་ཚུལ་འདྲི་དུས་ནས། གླུ་བ་སན་ནེ་མིག་ཆུ་རང་དབང་མེད་པར་ཤོར་ཏེ་སྟེགས་བུའི་ཐོག་ཏུ་མིག་ཆུ་ལྷུང་བཞིན་འདུག་པས། ང་རང་ཡང་ཡིད་སེམས་ཤིན་ཏུ་སྐྱོ་བོ་བྱུང་པས། བརྙན་ཐུང་ངུ་འདིའི་བརྒྱུད་རིམ་ལ་གོ་རིམ་མེད་ན་ཡང་། ངའི་སེམས་ཚོར་ཐོར་བུ་འདིར་བཀོད་པ་དེ་ཡིན།


སན་ནེ་ཡི་ཁང་པ་ལས་བྱེད་འགྲོ་སོང་གཏོང་མཁན་རྒྱ་གར་གྱི་ཕྱུགས་པོ་ན་གཞོན་གཉིས་ཀྱིས་རོགས་པ་བྱས་ཚུལ་ཞིག་བྲིས་ཏེ། ངའི་སེམས་ཚོར་ཐུང་ངུ་འདིའི་མཇུག་བསྡུ་རྒྱུ་ཡིན། བོད་ཀྱི་གཏམ་དཔེ་ཞིག་གིས་ཚིག་མགོར་དྲངས་ཏེ་བཤད་ན། ཨ་མའི་བུ་ལ་འཇོན་ཐང་ཡོད་ན། དགའ་ལྡན་ཁྲི་ལ་བདག་པོ་མེད་ཟེར་བ་ལྟར། གླུ་གཞས་འགྲན་ཚོགས་ཀྱི་མི་སྟོང་ཕྲག་འགའི་ནང་ནས་གདམས་གསེས་བྱས་ཏེ་མཐའ་མ་བཅུ་གཅིག་གདམས། མི༡༡དེ་དག་ཡང་ཟླ་འགའི་རིང་འགྲན་རྩོད་བྱེད་དགོས་ཀྱི་རེད། རིམ་གྱིས་གསེར་ཐང་ན་ཡོད་ན་འོད་གནམ་ན་ཡོད་ཟེར་བ་ལྟར། སན་ནེ་གླུ་སྐད་ཀྱིས་རྒྱ་གར་རྒྱལ་ཡོངས་ཀྱིས་ཡིད་སེམས་འཕྲོག་སྟབས། རྒྱ་གར་གྱི་གསར་འགོད་པ་ཚོ་གཅིག་རྗེས་གཉིས་མཐུད་ཀྱིས་སན་ནེ་ཡི་གྲོང་སྡེ་ལ་སོང་སྟེ། ཁོའི་ཁྱིམ་ཚང་གི་གནས་བབ་དང་ཁོའི་ལས་ཀ་སོགས་རྒྱུས་ལོན་བྱས་ཤིང་། གྲོང་སྡེ་མི་ཚོར་བཅའ་འདྲི་མང་པོ་བྱས་བའི་ནང་། སན་ནེ་ཡིས་རྒྱ་གར་སྲང་ལམ་ནས་འཇུར་རྩི་ལོ་མང་པོ་བྱུགས་ཚུལ་དང་། ལྷག་པར་དུ་ཁོའི་གཤིས་རྒྱུད་འཇམ་ཤིང་སེམས་རྒྱུད་བཟང་པོ་ཡིན་ཚུལ། ཁོ་སྐྱེས་སའི་གྲོང་གསེབ་དེའི་མི་ཚོས་ཁ་གཅིག་མཚུངས་རེད། ཉིན་ཞིག་གསར་འགོད་པ་ཞིག་གིས་སན་ནེ་ཡི་ཨ་མའི་སྤུན་ཟླ་སྐྱེས་པ་ཞིག་ལ་བཅའ་འདྲི་བྱེད་པའི་སྐབས། སན་ནེ་ཁང་པ་ལས་བཞིན་འདུག་པས། གསར་འགོད་པ་དེས་ཁང་པ་ལས་བྱེད་ཀྱི་དངུལ་སུས་སྤྲད་མིན་དྲིས་སོང་། དེ་དུས་རྒྱ་གར་གྱི་ཚོང་པ་ཕྱུགས་པོ་བཟའ་མི་ན་གཞོན་གཉིས་ཀྱིས་སྤྲད་ཚུལ་དང་། བཟའ་མི་དེ་གཉིས་ཀྱི་འདྲ་པར་ཁ་པར་བརྒྱུད་ལམ་ནས་གསར་འགོད་པར་བསྟན་སོང་པས། བྱམས་སེམས་ལྡན་པའི་བཟའ་མི་དེ་གཉིས་དང་ལྷག་པར་དུ་ཁོའི་དགེ་རྒན་རྣམ་པ་ཚོ། བྱམས་ལྡན་མNeha kakkarདེ་མ་ཡིན་པའི་སན་ནེ་ཡི་གླུ་གཞས་འགྲན་ཚོགས་སྐབས་ཆེད་མངགས་གདན་འདྲེན་ཞུས་བའི་གླུ་བ་གྲགས་ཅན་ཚོར་ཐུགས་རྗེ་ཆེ་ཞུ།

སྣ་ཚོགས།

Post navigation

Previous Post: བླ་ན་མེད་པའི་བླ་མ་དང་གོང་ན་མེད་པའི་དཔོན་པོ་ཡིན།
Next Post: སྙན་ངག་གི་བླ་སྲོག་ཚ་གླེང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme