Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་བཀླགས་པའི་བརྗེད་བྱང་། 3

Posted on 2020-08-04 By ཁ་བརྡ 1 Comment on ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་བཀླགས་པའི་བརྗེད་བྱང་། 3

བློ་བཟང་རིན་ཆེན།

སྔོན་གླེང་།

དེ་རིང་རེས་གཟའ་ཟླ་བའི་གུང་སེང་རེད། འོན་ཀྱང་ལོ་འཁོར་རྒྱུགས་སྤྲོད་རན་ལ་ཉེ་བས། ཁང་ཚན་དུ་བློ་འཛིན་གྱི་སྐད་སྒྲ་ལྡིར་ལྡིར་གྲགས་པས་ཞོགས་པ་སྔོ་བོ་ནས་གཉིད་ནས་བསླངས་སོང་། འོན་ཀྱང་གཉིད་མ་ཁུག་ཀྱང་ཉལ་ཐུལ་དྲོན་པོས་ནང་དུ་ཚ་སོབ་སོབ་གླུ་གཞས་སྙན་མོ་ཞིག་ལ་ཉན་བཞིན་སླར་ཡང་ཉལ། ཆུ་ཚོད་བཅུ་བའི་ཐོག་གྲོགས་པོ་སྐོར་ཞིག་དང་ལྷན་དུ་མོག་མོག་བཟོས་ཏེ་གུང་ཟས་སྤུས་ལེགས་ཤིག་བཟས། མ་ཟད་གཞས་དགོན་གྱི་མཁན་པོ་གསར་པའི་སྐོར་ལ་ལབ་གླེང་མང་པོ་ཞིག་བྱས་ཤིང་། དེ་འཇོག་སྟངས་སྐོར་གྱི་གཏམ་རྒྱུད་མང་པོ་ཞིག་ཐོས་དུས་བློ་ཕམ་སྐྱེས་ཏེ་རང་ཤག་ཏུ་ལོག

དེ་ནས་ཕྱི་ལོགས་སུ་ཟམ་ཟིམ་དུ་འབབ་པའི་ཆར་སྒྲ་ལ་ཉན་བཞིན་སྔར་གྱི་དཔེ་ཀློག་གི་འཕྲོ་ནས་ཀློག་དུས། དེ་རིང་གི་ཚན་པ་འདི་དཔེ་དེབ་འདིའི་གཞུང་དངོས་ལ་ཁེལ་འདུག མ་གཞི་དཔེ་དེབ་འདི་ནི་སྡེ་ཚན་གཉིས་དང་ལེའུ་བཅུ་གཅིག་གི་རྩོམ་ལུས་ཤིག་རེད་ལ། ལེའུ་རེ་ལའང་ཚན་པ་མང་དག་ཅིག་མཆིས་སོ།། དེ་རིང་བཀླག་པར་བྱ་བའི་ལེའུ་འདིའི་མིང་ལ་<<ཆོས་དང་མ་འབྲེལ་བའི་རིང་ལུགས་ལ་བསྐྱར་ཞིབ་>>ཟེར་ཞིང་། དེ་ལའང་ནང་གསེས་ཀྱི་ཚན་པ་བདུན་མཆིས་པ་ལྟར། དེ་དག་བཀླགས་པའི་བརྗེད་བྱང་ཞིག་ངལ་བ་བསྟེན་ནས་གཤམ་ལ་འབྲི་བར་བྱ།

ཚན་རིག་གི་དུས་སྐབས་ཀྱི་ནང་སེམས་ཀྱི་རིན་ཐང་།

མ་གཞི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་སེམས་ཁམས་ཚན་རིག་པ་ཡག་ཤོས་ཤིག་ཏུ་ངོས་འཛིན་བྱེད་ཆོག་ཀྱང་། ཁོང་གིས་ཁེངས་སྐྱུང་གི་ངང་ནས་“ང་རང་ཚན་རིག་པ་མིན་པ་གསལ་པོ་རེད།” མ་ཟད་ཚན་རིག་ནི་ངོས་རང་ཕྲུ་གུ་ཡིན་སྐབས་སློབ་སྦྱོང་གི་ཆ་ཤས་ཤིག་ཀྱང་མིན། འོན་ཀྱང་བཙན་བྱོལ་དུ་འབྱོར་བ་ནས་བཟུང་། ཚན་རིག་ལ་དོ་སྣང་དང་ཁ་གསབ་བྱས། དེའང་མི་ལོ་སུམ་ཅུ་ལྷག་གི་རིང་ལ་དངོས་ཁམས་རིག་པ་དང་། འཇིག་རྟེན་ཁམས་ཀྱི་རིག་པ། སྐྱེ་དངོས་རིག་པ། སེམས་ཁམས་རིག་པ། དབང་རྩའི་ཚན་རིག་སོགས་ལ་ཆེད་མཁས་ཀྱི་མཁས་དབང་མང་པོ་དང་ལྷན་དུ་བགྲོ་གླེང་དང་ཉམས་ཞིབ་བྱས་པ་ཡིན་ཞེས་གསུངས་ཡོད། འདི་དག་ལ་ལྟ་དུས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་གནའ་དེང་ལ་དབྱེ་བ་མེད་པར་གང་ལ་ཤེས་རིག་གི་དཔལ་ཡོན་མཆིས་ན། དེ་ལ་འཇུག་པའི་བློ་སྟོབས་དང་། ལེགས་ཉེས་རྣམ་པར་འབྱེད་པའི་རྣམ་དཔྱོད་མངའ་བ་དཔོག་ཐུབ།

འདས་པའི་ལོ་ངོ་བརྒྱ་ཕྲག་གཉིས་ཙམ་གྱི་ནང་ལ་ཕྱིའི་མཐུན་རྐྱེན་ཡར་རྒྱས་སོང་ཞིང་། ཚན་རིག་གི་ལག་རྩལ་འཕེལ་རིམ་ལ་བརྟེན་ནས་སྔར་རྨི་ལམ་དུ་འཁོར་མ་མྱོང་བའི་གནམ་གྲུ་དང་། གློག་ཀླད་སོགས་མངོན་གྱུར་བྱུང་བ་རེད། དེར་བརྟེན་མི་མང་པོ་ཞིག་གིས་རེ་བ་ཚན་རིག་ལ་བཅོལ་ནས་ཆོས་ལུགས་དགོས་མིན་དང་། བདེ་སྐྱིད་ནི་ཚན་རིག་གི་ལག་རྩལ་ལ་བརྟེན་ནས་བྱུང་བར་ཡིད་ཆེས་བྱེད་པ་ལ་ཧང་སངས་དགོས་དོན་མེད་ཅེས་གསུངས་པ་ཧ་ཅང་བདེན་དུ་སྙམ།

ཚན་རིག་གི་ཡར་ཐོན་དང་འགྲོགས་ནས་སེམས་དོན་རིག་པའི་རིན་ཐང་ཡར་རྒྱས་སུ་འགྲོ་དགོས་པ་ནི་ཧ་ཅང་གལ་ཆེན་ཞིག་ཡིན་ནའང་། ད་ཆ་སེམས་དོན་རིག་པ་སྣང་མེད་དུ་ལུས་པ་ནི་འཐུས་ཤོར་ཆེན་པོ་ཞིག་རེད། འོན་ཀྱང་དུས་ཚོད་ཀྱི་འགྱུར་འགྲོས་དང་བསྟུན་ནས་ནང་སེམས་ཀྱི་བཟང་སྤྱོད་ཐད་ལ་ཚན་རིག་གི་སྒྲུབ་བྱེད་བརྟན་པོ་ཞིག་རིམ་པས་ཐོན་པར་ངོས་ལ་ཡིད་ཆེས་ཡོད་ཅེས་གསུངས་འདུག ད་དུང་རང་འདོད་མེད་པ་དང་། གཞན་ལ་སེམས་ཁུར་བྱེད་པ་ནི་ང་ཚོའི་ལུས་པོའི་གྲུབ་ཆའི་རང་ཆས་སུ་གྲུབ་པར་ཚན་རིག་གིས་དཔང་རྟགས་བྱས་ཡོད། དེ་དང་ང་ཚོ་སྒེར་གྱི་མྱོང་བ་མཉམ་སྡེབ་བྱས་ཤིང་། རྒྱུན་ཤེས་དང་ཟུང་འབྲེལ་བྱས་ཚེ། ཆོས་དད་ལ་རྩ་བ་ནས་མ་བརྟེན་པར་འགྲོ་བ་མིའི་གཞིའི་རྩའི་རིན་ཐང་རྒྱུད་སྦྱོང་བྱེད་པའི་ཕན་ཡོན་ཐད་སྒྲུབ་བྱེད་བླ་མེད་ཅིག་བསྐྲུན་ཐུབ་ཅེས་གསུངས་པ་ཕུགས་རྒྱང་རིང་པོའི་གདམས་ངག་ཅིག་གོ །

2020/8/3 བློ་བཟང་རིན་ཆེན་གྱིས་བྲིས།

སྣ་ཚོགས།

Post navigation

Previous Post: ཨ་མ་ཨ་བདེ་མཆོག
Next Post: བླ་ན་མེད་པའི་བླ་མ་དང་གོང་ན་མེད་པའི་དཔོན་པོ་ཡིན།

Comment (1) on “ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་བཀླགས་པའི་བརྗེད་བྱང་། 3”

  1. ཀརྡོ་རབ་འབྱམས་པ་ says:
    2020-08-06 at 11:11 am

    ་་་་་་་་་་་་་་་་ ཚན་རིག་ལ་དོ་སྣང་དང་ཁ་གསབ་བྱས། དེའང་མི་ལོ་སུམ་ཅུ་ལྷག་གི་རིང་ལ་དངོས་ཁམས་རིག་པ་དང་། འཇིག་རྟེན་ཁམས་ཀྱི་རིག་པ། སྐྱེ་དངོས་རིག་པ། སེམས་ཁམས་རིག་པ། དབང་རྩའི་ཚན་རིག་སོགས་ལ་ཆེད་མཁས་ཀྱི་མཁས་དབང་མང་པོ་དང་ལྷན་དུ་བགྲོ་གླེང་དང་ཉམས་ཞིབ་བྱས་པ་ཡིན་ཞེས་གསུངས་ཡོད། ་་་་་་་་་་་་་་་
    ་
    ཚན་རིག་ནི་ཡར་རྒྱས་དང་། བདེ་སྐྱིད་ཀྱི་ཕྱོགས་སུ་བསྒྱུར་ཕྱིར་སྦྱང་དགོས་པ་ལས། དམག་འཁྲུགས་མཚོན་བྱ་དང་། མི་སྡེ་རྡེབ་གསོད་ཀྱི་ཆེད་དུ་མ་སོང་བའི་ཆེད་དུ་ཚན་རིག་སྦྱང་དགོས་པ་དེ་གཞི་ནས་ཤེས་ནས་གྲྭ་པའམ། ཆོས་པས་ཚན་རིག་སྦྱོངས་དགོས་ཡིན་དགོས་པར་མངོན་འདུག་སྙམ་མོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme