Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མི་ཞིག་གི་སྒྲུང་།

Posted on 2020-07-27 By ཁ་བརྡ No Comments on མི་ཞིག་གི་སྒྲུང་།

དགེ་འདུན་བསྟན་འཛིན།
 
གཅིག
ན་ནིང་དབྱར་ཁར། གཡང་སྐྱིད་ཟེར་བའི་ཤར་པའི་བུད་མེད་ཅིག་གཟའ་འཁོར་གཅིག་གི་ནང་ལ་ཇོ་མོ་གླང་མའི་རི་རྩེར་ལན་གསུམ་འཛེགས་ནས། འཛམ་གླིང་རི་འཛེགས་ཀྱི་ལོ་རྒྱུས་ནང་ཟིན་ཐོ་གསར་པ་བཀོད། གསར་འགྱུར་དེ་འཛམ་གླིང་སྤྱི་དང་། ཁྱད་པར་དུ་ཧི་མཱ་ལ་ཡའི་མི་རིགས་རྣམས་ལ་མཚོན་ན། བླ་ན་མེད་པའི་གཏམ་བཟང་ཞིག་རེད་པས། བརྙན་འཕྲིན་དང་ཁ་པར་སོགས་མི་ཚོགས་ཀྱིས་རུབ།

རྣ་གཤོག་གཡོན་པའི་རྩེ་མོ་མེད་པའི་བླ་རྒན་ཞིག་ཀྱང་བརྙན་འཕྲིན་མེ་ལོང་གི་མདུན་དུ་སྐྱིལ་ཀྲུང་བཅས་ཏེ། དོ་སྣང་ཆེན་པོའི་སྒོ་ནས་ལྟ་བཞིན་མཆིས། བུད་མེད་དེའི་སྐད་གདངས་དང་ངོ་དབྱིབས་སོགས་གང་ལ་བལྟས་ཀྱང་ཆ་ཡོད་རྒྱུས་ཡོད་ཅིག་ཡིན་ཐག་ཆོད་རེད་མོད། འོན་ཀྱང་། ཁོས་བསམ་གཞིག་ཇི་ལྟར་བྱས་རུང་ངོ་རྟགས་མ་ཆོད། མཚམས་ཤིག་ལ་གསར་འགོད་པས་གཡང་སྐྱིད་ཆུང་དུས་ཀྱི་འཚོ་བའི་སྐོར་བཅར་འདྲི་བྱེད་སྐབས། མོ་ན་རེ། “ང་ནི་ཀ་ཋ་མན་གྲུར་སྐྱེས་ཤིང་། ལོ་དྲུག་ཡིན་དུས་པ་ཕས་ཆུང་མ་གཞན་ཞིག་བླངས།” མོའི་མིག་ལས་ཁྲོ་ཉམས་མངོན་ཞིང་མུ་མཐུད་ནས། “དེ་ནས་ཨ་མས་ང་འཁྲིད་ནས་རང་ཡུལ་ཁུམ་བུར་ལོག” བླ་རྒན་དེ་མཚར་སྣང་ཆེན་པོས་ཡར་ལང་ལ་ཁད་བྱེད། སྐབས་དེར་གཡང་སྐྱིད་ཆུང་དུས་ཀྱི་འདྲ་པར་ཁ་ཤས་ཀྱང་བསྟན་སོང་།

བླ་རྒན་དེ་སྨྱོས་པ་ནང་བཞིན་མཆོང་ཐེངས་གཅིག་གིས་བརྙན་འཕྲིན་མེ་ལོང་ལ་འཐམས་ཤིང་། ངའི་བུ་མོ་་་། ངའི་བུ་མོ་་་་་ཞེས་ངུད་རྒྱངས་བྱེད་ཅིང་མཆིས།

གཉིས།
མི་ཞིག་གི་མིང་ལ་ཟླ་བ་ཟེར། ཁོ་བོད་ནས་བྲོས་བྱོལ་ལ་ཡོང་སྐབས། གྲྭ་སར་ཕྱིན་ནས་བསླབ་པ་སློབ་གཉེར་མཐར་ཕྱིན་པ་ཞིག་བྱ་འདོད་ཡོད་ཅིང་། དགེ་བཤེས་དམ་བཅའ་མ་བཞག་པར་ཕ་ཡུལ་ལ་མི་ལོག་པའི་དམ་བཅའ་བཞག ”ལྷ་རམས་དམ་བཅའ་མ་བཞག་པར་ཕ་ཡུལ་ལ་མི་ཡོང་ཐག་ཆོད་ཡིན། ངའི་དམ་བཅའ་རྡོ་རྗེ་བྲག་རི་ཡིན།” རྒྱ་གར་ལྷོ་ཕྱོགས་ལ་སླེབས་མ་ཐག་ཁོས་ཕ་ཡུལ་ལ་བསྐུར་བའི་ཡི་གེའི་ནང་ལ་དེ་ལྟར་བྲིས། ཡུལ་མི་རྣམས་ཧ་ཅང་དགའ། ཁོས་སེམས་ཤུགས་ཆེན་པོའི་སྒོ་ནས་ཉིན་མཚན་དབྱེར་མེད་དུ་སློབ་གཉེར་བྱས།

ཟླ་ཤས་སོང་རྗེས་ཁོའི་དམ་བཅའ་ནི་རྡོ་རྗེ་བྲག་རི་ལྟ་བུ་ནས་རླུང་ཁའི་རྩྭ་སྐྱ་ལྟ་བུར་གྱུར། ཁོ་ལ་ཁག་མེད་དེ། ཁ་བའི་ལྗོངས་ནས་རྒྱ་མཚོའི་འགྲམ་ལ་འབྱོར་བ་ནི། ཉ་མོ་ཆུ་ཚན་ནང་ལ་གཡུགས་པ་དང་མཚུངས་ལ། ཁོའི་ལུས་ལ་ཚ་འབུར་བུད་པ་ནི་ལུས་ཧྲིལ་པོ་བྱུ་རུས་བརྒྱན་པ་དང་གཉིས་སུ་མེད། ས་ཆུ་མི་འཕྲོད་པའི་དཀའ་ངལ་ཆེ་ཁར། ཟ་མ་བཅུད་ལྡན་འདང་ངེས་མེད་པས་དུག་སྦྲང་གིས་མཆུ་ཏོས་འཇིབ་པའི་ཁྲག་ཐིགས་རེ་ལའང་སེར་སྣ་ཤོར་བའི་ཚད་ལ་སླེབས། ཁོས་བསམ་བློ་ཇི་ལྟར་བཏང་རུང་འདི་ལྟར་བསྡད་མི་ནུས་པ་ཐག་ཆོད་རེད་སྙམ།

ཁོས་འགྲོ་ལམ་གཉིས་པ་ཞིག་ཡོད་མེད་རྩད་གཅོད་བྱས་པ་ན། བལ་ཡུལ་སྣེ་ལེན་ཁང་ནས་གསར་འབྱོར་བའི་མིང་ཐོག་ནས་སྦིར་སློབ་གྲྭར་འགྲོ་བའི་ལམ་ཁ་ཞིག་ཡོད་པ་ཤེས་པས། ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་བྱས་ནས་དེ་ལྟར་བསྒྲུབས། ནངས་སྔ་ལང་དང་དགོང་འཕྱི་ཉལ་བྱས་ནས་དབྱིན་ཇི་སྦྱངས། དགེ་སློབ་ཚང་མས་ཁོ་ལ་བསྔགས་པ་བརྗོད།

ཟླ་བ་འགའ་ཤས་ལས་མ་འགོར་བར་སློབ་གྲྭའི་ཁོར་ཡུག་ནི་ཡིད་ལ་ཤིན་ཏུ་མི་འོང་བ་ཞིག་ཏུ་གྱུར། དེར་ཡང་ཁག་མེད་དེ། ཁོའི་ཕོ་བ་རྒྱུན་མ་ཆད་པར་བཤལ་བས་ལུས་ཀྱི་ཤ་བསྐམས་པར་མ་ཟད། རྐེད་པའང་སྒུར་འདུག །ཡིན་ནའང་། ཁོའི་སེམས་པ་ད་དུང་གྲུང་རིག་རིག་ཡོད་པས་ལམ་ཁ་གཞན་ཞིག་འཚོལ་བཞིན་ཡོད།

ཁོ་སླར་ཡང་བལ་ཡུལ་ལ་འབྱོར། ངོ་ཤེས་འགའི་ནང་དུ་བསྡད་རིང་ཉིན་མོ་གྲྭ་ཆས་གྱོན་ནས་གྲོང་ཆོག་ལ་སོང་ཞིང་། ནངས་དགོང་གྲྭ་ཆས་ཕུད་དེ་སྐྱ་ཆས་གྱོན། གཅིག་ནས་ཕ་ཡུལ་ལ་ཐག་ཉེ་ཞིང་གཉིས་ནས་རང་དབང་ཆེ་བའི་ཧི་མཱ་ལ་ཡའི་རྒྱལ་ཕྲན་འདི་དང་ཁོ་ལ་ལས་འབྲེལ་ཞིག་ཡོད་པ་ལྟར། དེ་ནས་བཟུང་ཟླ་བ་བལ་ཡུལ་དུ་གཏན་སྡོད་བྱེད་མི་ཞིག་ཏུ་གྱུར།

ཁ་རྒྱབ་གཉིས་ནི་ཐག་གཅོད་བྱེད་དགོས་པའི་གནད་དོན་དང་པོ་དེ་ཡིན་པའི་མི་ཞིག་ལ་མཚོན་ན། ལས་ཀའི་ཡག་སྡུག་ནི་གལ་ཆེན་པོ་མ་ཡིན་པར། གལ་ཆེ་བ་ནི་ལས་ཀ་ཞིག་ཡོད་དགོས་པ་དེ་རེད། ཟླ་བས་ལས་ཀ་ཞིག་རག་སོང་། ཟ་ཁང་ཞིག་གི་མ་བྱན་རག་སོང་། ཁོ་ཆུང་དུས་ནས་དགོན་པར་བསྐྱལ་ཏེ་དགེ་རྒན་ལ་གཡོག་བྱས་ནས་འཚར་བའི་མི་ཞིག་ཡིན་པས། ཟ་མ་གཡོ་སྐོལ་བྱེད་རྒྱུ་ནི་དཀའ་ལས་ཁག་པོ་ཞིག་མ་རེད། ཁོས་འཐེན་ཐུག་ཞིམ་ཐག་ཆོད་སྐོལ་ཤེས་ལ། མོག་མོག་དང་བག་ལེབ་སོགས་ཀྱང་བཟོ་ཤེས།

ཟླ་བ་རྫི་གསང་དོད་པས་སྦྱིན་བདག་མའི་སེམས་པ་ཁོ་ལ་ཤོར་བ་ཚོར། ཁོས་ཀྱང་ཁ་རྩིས་ཁོག་རྩིས་ཞིབ་པར་བརྒྱབ། པ་སངས་ལྷ་མོ་ཁོ་ལས་ལོ་བཅུས་ཆེ་བས། ལུས་ལང་ཚོའི་ཐད་ནས་ཡིད་དབང་འཕྲོག་པ་ཞིག་མེད་མོད། འོན་ཀྱང་། མོ་ནི་ཡུལ་འདིའི་ས་སྐྱེས་རྡོ་སྐྱེས་ཀྱི་ཡུལ་མི་ཡིན་པ་དང་། ཟ་ཁང་གི་བདག་མོ་ཡིན་པ་རེད། དེ་བས་མོ་དང་མཉམ་དུ་འཚོ་བ་བསྐྱལ་ན་རང་ལ་གྱོང་མེད་པ་གསལ་བོ་རེད་སྙམ།

ཁོ་གཉིས་ལ་ཕྲུ་གུ་ཞིག་སྐྱེས་ནས་ལོ་འགའ་ཕྱིན་ཅིང་། ཟ་ཁང་གི་ཚོང་ལེགས་པར་བྲིན་པས་ཟ་ཁང་གཞན་ཞིག་ཀྱང་སྒོ་ཕྱེས། ཁོས་བུ་མོ་སློབ་གྲྭར་སྐྱེལ་ལེན་བྱེད་པ་དང་། ཟ་ཁང་ལ་སོང་ནས་དངུལ་རྩིས་ལེན་པ་སོགས་བྱེད་པ་ལས། སྔོན་ཆད་ནང་བཞིན་ཉིན་མོ་ཟས་བཅག །མཚན་མོ་གཉིད་བཅག་ནས་ལས་ཀ་བྱེད་མི་དགོས། ཁོ་ཧ་ཅང་སྐྱིད་པོ་རེད་ཅེས་བཤད་ན་ཆོག

བར་སྐབས་ཤིག་ལ། ཁོའི་འཚོ་བའི་ནང་ལ་ཅི་ཞིག་མི་ཚང་བ་ལྟ་བུའི་སྣང་བ་བྱུང་ཞིང་། ཚོར་སྣང་དེས་ཁོ་ལ་སུན་སྣང་བསྐྱེད། ལྷག་པར་ཁྱིམ་ལ་འགྲོ་བར་སུན་སྣང་སྐྱེས། པ་སངས་ལྷ་མོར་དེ་བས་ཀྱང་སུན་སྣང་སྐྱེས། དེ་ནི་ཁོའི་དཀའ་ངལ་རེད།

གསུམ།
ཁོའི་ཟ་ཁང་ནང་ལ་མི་མང་པོ་འོང་གི་ཡོད་ཅིང་། འགའ་ཞིག་རྒྱུན་དུ་འོང་བའི་གཏན་གྱི་མགྲོན་པོ་ཡིན། ས་རི་ཏཱ་ནི་དེའི་གྲས་ཀྱི་གཅིག་རེད། ས་རི་ཏཱ་གཟུགས་བྱད་ལེགས་ལ་ལང་ཚོ་རྒྱས་པས། ཁམ་སྡོང་ཞིག་གི་སྒང་ལ་མེ་ཏོག་ཤར་བ་དང་ཁམ་བུ་སྨིན་པ་དུས་གཅིག་ལ་བྱུང་བ་དང་མཚུངས། ཁོའི་མིག་གཉིས་ལག་གདང་སྦྲེལ་ནས་ཁོ་རང་ས་རི་ཏཱའི་ཕྱོགས་སུ་འཐེན་པར་བྱེད། འདྲུད་པར་བྱེད། ས་རི་ཏཱས་མིག་གི་མདའ་མོ་ཕྱིར་འཕངས་པ་ན། ཟླ་བའི་སྙིང་གི་དཀྱིལ་ལ་ཟུག །ཁོ་གཉིས་ལྷན་དུ་སྦྲེལ། ཁོའི་སྙིང་གི་སྟོང་ཆ་ཆེན་པོ་དེ་བསྐངས་པའི་སྣང་བ་སྐྱེས།

ཁོས་ཁོ་རང་སུམ་མདོ་ཞིག་ཏུ་འགྲེང་ཡོད་པ་ཚོར། འགྲོ་ལམ་གཡས་པ་འདེམ་མམ་ཡང་ན་གཡོན་པ་འདེམ། ས་རི་ཏཱ་དང་འབྲལ་མི་ཕོད་ལ། པ་སངས་ལྷ་མོ་ཡང་བུ་མོའི་ཨ་མ་ཡིན་པས་གཡུག་ཆོག་ཆོག་ག་ལ་ཡོད། ཁོས་བསམ་བློ་ཡང་གཏོང་བསྐྱར་གཏོང་བྱས། ཁོས་ལམ་ཁ་ཞིག་རྙེད་སོང་། དེ་ནི་པ་སངས་ལྷ་མོ་ཆེན་མ་དང་ས་རི་ཏཱ་ཆུན་མ་བྱས་ནས་གཉིས་ཀ་ཉར་རྒྱུ་དེ་རེད། ས་རི་ཏཱའི་རིགས་རྒྱུད་ལ་དེ་ནི་ཡོངས་སུ་གྲགས་པ་ཞིག་རེད།

ཐོག་མར་པ་སངས་ལྷ་མོས་འདོད་མོས་མ་བྱས་པར་མ་ཟད། གལ་ཏེ། མོ་བློས་མི་ཐོངས་ན་ང་དང་ཁ་ཕྲོལ་ཅིག་ཟེར། ད་ལྟ་ཟླ་བ་བལ་སྐད་ལ་བྱང་ཆ་ལྡན་ལ། བལ་པོའི་ཡུལ་མིའི་ལག་འཁྱེར་ཡང་རག་ཡོད་པས། ཁོ་སྔར་ལྟར་པ་སངས་ལྷ་མོ་ལ་དེ་ཙམ་བརྟེན་མི་དགོས།

ཟླ་བས་ས་རི་ཏཱ་བློས་གཏོང་མི་བྱེད་པའི་དོན་དངོས་གསལ་བར་རྟོགས་རྗེས། པ་སངས་ལྷ་མོ་ཅུང་ཟད་གཉོམ་པར་གྱུར། རྒྱུ་མཚན་ནི། རང་གི་བུ་མོ་ཕ་འཛོམས་མ་འཛོམས་ཀྱི་ཕྲུ་གུ་ཞིག་ཡིན་ན་འདོད་པས་རེད། དེ་བས་མོས་མཐུན་ཡོད་ཅེས་མ་བརྗོད་ཀྱང་། དགག་པ་ཡང་མ་བརྒྱབ་པས། ཟླ་བས་གོ་སྐབས་དམ་འཛིན་བྱས། ཡུལ་ཕྱོགས་འདིར་འདི་ལྟ་བུའི་སྲོལ་བཟང་ཞིག་(སྐྱེས་པ་གཅིག་གིས་ཆུང་མ་གཉིས་རེ་ཉར་བའི་སྲོལ།)་འདུག་ཨང་སྙམ་ཞིང་དགའ་སྤྲོ་དཔག་མེད་སྐྱེས།

དུས་ཚོད་ཀྱིས་སྒུག་མི་སྲིད། ས་རི་ཏཱ་སྦྲུམ་པར་མ་ཟད། བུ་ཞིག་སྐྱེས་པ་དང་། དེ་ཡང་འཚར་ནས་སློབ་གྲྭར་འགྲོ་བཞིན་ཡོད། བུ་སྐྱེས་པ་ནས་བཟུང་ས་རི་ཏཱའི་མགོ་འཕང་ཇེ་མཐོ་ཇེ་མཐོར་གྱུར་པས། ཆེན་ཆུན་གཉིས་ཁྱིམ་གཅིག་ཏུ་འགྲིག་ཐབས་མེད་པར་གྱུར། དེར་བརྟེན། པ་སངས་ལྷ་མོ་མ་སྨད་གཉིས་ཟླ་བ་དང་ཤ་ཁ་ཁ་དང་གྲི་སོ་སོ་བྱས་ཟིན།

ས་རི་ཏཱ་སྦྱིན་བདག་མའི་ཉམས་སྟོན་རྒྱུར་དགའ་བས་འགུལ་སྐྱོད་ཉུང་ཞིང་བཟའ་བཏུང་མང་། ལོ་ཤས་ཀྱི་ནང་ལ་ལུས་ཀྱི་ཆ་ཤས་ཀུན་ལ་ཤ་ཐོགས་ནས་ཟླ་བ་དང་ཐུག་དུས་ཀྱི་ས་རི་ཏཱ་དེ་རེད་ཟེར་ན་ཡིད་མི་ཆེས་པ་ཙམ་དུ་གྱུར།

ཟླ་བ་ལ་སྔར་མཚུངས་ཀྱི་ཚོར་སྣང་ཞིག་སྐྱེས། ཚོར་སྣང་དེ་ཁོས་ངོ་ཤེས་པས་སེམས་ལ་འཇིགས་སྣང་སྐྱེས་རུང་། དེས་སྦྱིན་བདག་ཆེན་མོ་ཟླ་བ་ངོ་མི་ཤེས་པས་ཁོ་ལ་གུས་ཞབས་མེད་པར་ཁོའི་མི་ཚེའི་འདུན་མ་རྡོག་བརྫིས་གཏོང་བཞིན་ཡོད། ཚོར་སྣང་དེ་ཤུགས་ཇེ་དྲག་ཏུ་གྱུར་ནས་ད་ལྟ་ཁོ་ས་རི་ཏཱ་ལ་སུན་སྣང་སྐྱེ་བཞིན་ཡོད།

བཞི།
ཟླ་བའི་ཟ་ཁང་སྙན་གྲགས་ཆེ་བས་འགྲུལ་བ་རྒྱུན་མི་ཆད། འགྲུལ་བ་བརྒྱ་ཕྲག་སྟོང་ཕྲག་གི་ནང་ནས་ཆེས་དམིགས་བསལ་བ་ཞིག་གིས་ཁོའི་མིག་གཉིས་སྒྲོག་ཏུ་བཙུད་སོང་། དེ་ནི་བྲམ་ཟེའི་བུ་མོ་ས་པ་ནཱ་རེད། ལུས་པོ་དྲང་ཞིང་ལྡེམ་ལ་འཕོང་དང་ནུ་མ་འབུར་དུ་ཐོན། སྨུག་ཅིང་དྭངས་པའི་བཞིན་རས་ནི་པད་མ་ལས་ཀྱང་མཛེས་ལ། མིག་ཟུང་ལས་ཕ་རོལ་པོའི་སེམས་ཀྱི་གསང་བ་བརྟོལ་ནུས་པའི་འོད་མདངས་འཕྲོ། ཟླ་བའི་ཀླད་པའི་ནང་ལ་མོའི་སྣང་བརྙན་གྱིས་གང་ནས་ཁོའི་མིག་ལམ་དུ་མངོན་པ་ས་པ་ནཱ་ཡིན་ལ། རྣ་ལམ་དུ་གྲག་པའང་ས་པ་ནཱ་ཡིན།

ས་པ་ནཱ་ས་རི་ཏཱ་ནང་བཞིན་ལས་སླ་པོའི་སྒོ་ནས་འགུགས་མ་ནུས་མོད། སྒོར་མོས་ཅི་ཡང་ཉོ་ནུས་པ་ལྟ་བུའི་སྤྱི་ཚོགས་འདིའི་ནང་དུ་མཇུག་མཐར་མོའི་རང་ཚུགས་ཤོར་ནས། ལྕགས་ཀྱུའི་ཟས་ལ་ཆགས་པའི་ཉ་མོ་ལྟར་ཟླ་བའི་ཇུས་ཀྱི་དྲ་བར་ཚུད། ཟླ་བ་རང་གི་ཐབས་ཇུས་དེས་ཡིད་ཚིམས།

སྔོན་མའི་ཐབས་ཤེས་ལམ་དུ་མ་ལྷོངས་པས། ད་རེས་ཁོས་ཐབས་ལམ་གཞན་ཞིག་བཙལ། ས་རི་ཏཱས་མ་ཤེས་པར་བྱས་ཏེ་ཟུར་བསྟེན་ཆུང་མར་ཉར་རྒྱུའི་ཐག་བཅད། གནས་ཚུལ་དེ་ས་པ་ནཱ་ལ་ལབ་པ་ན། མོ་ཧ་ལས་ཤིང་ཧོན་འཐོར་སོང་། མོ་ན་རེ། གལ་ཏེ། ངའི་ནང་མིས་གསང་བ་རྟོགས་ན། འུ་གཉིས་ཀ་ཤ་ཉོག་རུས་ཉོག་ཏུ་གཏོང་གི་རེད་ཟེར།

རིགས་རུས་དབྱེ་འབྱེད་ལ་བརྟེན་ནས་མི་གསོད་ཁྲག་སྦྱོར་བྱས་པའི་ལོ་རྒྱུས་འགའ་ཟླ་བའི་ཡིད་ལ་ཤར། ཡུལ་གྲུ་འདི་ལ་སྲོལ་ངན་འདི་འདྲ་ཞིག་ཀྱང་འདུག་ཨང་སྙམ་ནས་ཕངས་སེམས་སྐྱེས། དང་ཐོག་ས་པ་ནཱའི་རིགས་རྒྱུད་གང་ཡིན་མ་དྲིས་པ་ལ་འགྱོད་པ་སྐྱེས། ཡིན་ནའང་། ད་ནི་ཁོའི་སེམས་པ་རྟ་རྒོད་སྲབ་མེད་ཅིག་དང་འདྲ་བར་མདུན་ནས་མདུན་དུ་རྒྱུགས་པ་ལས། ཕྱིར་བཤིག་བྱེད་ཐབས་མེད་པའི་ཚད་ལ་སླེབས་འདུག

ཟླ་བའི་རྣམ་འགྱུར་རྒྱུན་ལྡན་མིན་པ་དང་། ཟ་ཁང་གི་ཡོང་འབབ་ཉུང་བ་སོགས་ཀྱིས་ས་རི་ཏཱའི་སེམས་ལ་དོགས་པ་བསླངས། མོའི་ནང་མི་སྤུན་མཆེད་དང་བཅས་པ་འོངས་ནས་ཡིག་ཐོག་ལ་འགོད་འོས་པའི་རྒྱུ་ནོར་ཐམས་ཅད་མོའི་མིང་ཐོག་ལ་མིང་སྒྱུར་བྱས། དེ་ནི་ཟླ་བའི་ལག་པ་བཅད་པ་དང་འདྲ་ཡང་། ཁོ་ད་དུང་སེམས་ཤུགས་ཆག་མེད།

མི་གཅིག་ལ་མིག་གཉིས་ལས་མེད་པ་དང་། དེའི་ཉེ་འཁོར་ན་མིག་བརྒྱ་ཕྲག་དུ་མ་ཡོད། ཟླ་བས་གནས་ལུགས་དེ་ལ་སྣང་ཆུང་བྱས་པའི་འབྲས་བུ་འཕྲལ་དུ་སྨིན་བྱུང་། ཉིན་ཞིག་ས་པ་ནཱའི་ཕུ་བོ་གཉིས་ཀྱིས་ཕོ་གསར་ལྔ་དྲུག་ཅིག་འཁྲིད་ནས་སླེབས་བྱུང་། ཕོ་གསར་ཞིག་གིས་གྲི་གུག་ཤུགས་ཀྱིས་འཕྱར་ནས་ཟླ་བའི་མགོ་ལ་གཟས་ནས་གཞུས། ཟླ་བ་གཡོལ་ཙམ་བྱས་པ་ན་རྣ་གཤོག་གཡོན་པའི་རྩེ་མོ་ལ་ཕུག་གི་ལོ་མ་བཞིན་དུ་བཞར། ཟ་ཁང་གི་ལས་བྱེད་དང་ཁང་བདག་སོགས་ཀྱི་རོགས་རམ་ལ་བརྟེན་ནས་ཁོ་བྲོས་ཐུབ་ཙམ་བྱུང་། ཁོས་རྣ་བ་སྐྱོར་ནས་ཤུགས་ཡོད་ཚད་ཕྱུངས་ནས་བྲོས། དེ་ནས་བཟུང་ཟླ་བ་མི་རྣམས་ཀྱི་མཐོང་ཐོས་ཀྱི་ཡུལ་ལས་ཡལ་བར་གྱུར་ཏོ།།

བརྩམས་སྒྲུང་།

Post navigation

Previous Post: དབྱར་ཁའི་མཚན་མོ་དེར་ནམ་མཁའ་ནས་མཐོང་བ་དེ།
Next Post: ས་སྲོད་དེའི་མིག་ལམ་དུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme