Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྐུའི་འཁྲུངས་སྐར་བསུ་བའི་གླུ་ཞིག་ལེན། (བོད་འབྱོར།)

Posted on 2010-07-062010-07-06 By ཁ་བརྡ་ 18 Comments on སྐུའི་འཁྲུངས་སྐར་བསུ་བའི་གླུ་ཞིག་ལེན། (བོད་འབྱོར།)

སྐུའི་འཁྲུངས་སྐར་བསུ་བའི་གླུ་ཞིག་ལེན། བོད་འབྱོར།

ཆོས་མདོ་སྔགས་རྒྱ་གར་ཡུལ་ནས་དར།
ལུང་འཆད་ཉན་གངས་ཅན་བོད་ནས་རྒྱས།
གང་གི་གདུལ་བྱ་འཛམ་གླིང་ཀུན་ལ་ཁྱབ།
ཆོས་བསྟན་པ་དར་བའི་གླུ་ཞིག་ལེན།

རྗེ་བླ་མ་ཨ་མདོའི་ཡུལ་ནས་འཁྲུངས།
སྐུའི་མཛད་འཕྲིན་རྒྱ་གར་ཡུལ་ནས་རྒྱས།
མཚན་སྙན་གྲགས་འཛམ་གླིང་ཀུན་ལ་ཁྱབ།
ཁྱེད་སྐུ་ཚེ་བརྟན་པའི་གླུ་ཞིག་ལེན།

ང་གླུ་བ་གངས་ཅན་བོད་ནས་ཡོང་།
ངག་སྙན་མོ་འདིར་ཚོགས་ཁྲོམ་ལ་བླངས།
བཀྲ་ཤིས་བའི་གངས་ཅན་ལྗོངས་ལ་ཁྱབ།
བོད་གཞིས་བྱེས་འཛོམས་པའི་གླུ་ཞིག་ལེན།
བཀྲ་ཤིས་བའི་གངས་ཅན་ལྗོངས་ལ་ཁྱབ།
བོད་གཞིས་བྱེས་འཛོམས་པའི་གླུ་ཞིག་ལེན།

ང་ཚོ་ཚང་མས་ཁྱེད་ཀྱི་འཁྲུངས་སྐར་བསུ།

ང་ཚོའི་ཕ་ལོ་བྱང་ཆུབ་སེམས་དཔའ་ཡིན།
བྱམས་དང་སྙིང་རྗེ་ཅན་གྱི་རིགས་རྒྱུད་ཡིན།
ཆོས་དང་དགེ་བར་འབད་པའི་མི་རིགས་ཡིན།
ང་ཚོ་ཚང་མ་གདོང་དམར་བོད་པ་ཡིན།
ང་ཚོ་ཚང་མས་ཁྱེད་ཀྱི་འཁྲུངས་སྐར་བསུ།

ང་ཚོའི་མ་ལོ་བྲག་གི་སྲིན་མོ་ཡིན།
དཔའ་དང་སྙིང་སྟོབས་ཅན་གྱི་རིགས་རྒྱུད་ཡིན།
ཐབས་དང་བརྩོན་འགྲུས་ཅན་གྱི་མི་རིགས་ཡིན།
ང་ཚོ་ཚང་མ་གདོང་དམར་བོད་པ་ཡིན།
ང་ཚོ་ཚང་མས་ཁྱེད་ཀྱི་འཁྲུངས་སྐར་བསུ།

ང་ཚོའི་ཕ་ས་གངས་ལྗོངས་ཕྱུག་མོ་ཡིན།
གངས་སེང་དཀར་མོར་དགའ་བའི་རིགས་རྒྱུད་ཡིན།
འཛམ་གླིང་ཡང་རྩེ་སྲུང་བའི་མི་རིགས་ཡིན།
ང་ཚོ་ཚང་མ་གདོང་དམར་བོད་པ་ཡིན།
ང་ཚོ་ཚང་མས་ཁྱེད་ཀྱི་འཁྲུངས་སྐར་བསུ།

ང་ཚོའི་སྐྱབས་མགོན་ཡིད་བཞིན་ནོར་བུ་ཡིན།
ཞི་བདེ་ལས་ལ་བྲེལ་བའི་རིགས་རྒྱུད་ཡིན།
ལས་དང་རྒྱུ་འབྲས་བརྩི་བའི་མི་རིགས་ཡིན།
ང་ཚོ་ཚང་མ་གདོང་དམར་བོད་པ་ཡིན།
ང་ཚོ་ཚང་མས་ཁྱེད་ཀྱི་འཁྲུངས་སྐར་བསུ།

ང་ཚོའི་ཕ་མཁར་ཕོ་བྲང་དམར་པོ་ཡིན།
གངས་ལྗོངས་འདི་ཡི་གཞི་འཛིན་དང་པོ་ཡིན།
རིག་གནས་སྣ་མང་འཛོམས་པའི་མི་རིགས་ཡིན།
ང་ཚོ་ཚང་མ་གདོང་དམར་བོད་པ་ཡིན།
ང་ཚོ་ཚང་མས་ཁྱེད་ཀྱི་འཁྲུངས་སྐར་བསུ།

གླུ་གཞས།

Post navigation

Previous Post: ༧ཉིད་ཀྱི་འཁྲུངས་སྐར།
Next Post: བདག་གི་སྐྱབས་མགོན་རིན་པོ་ཆེ།

Comments (18) on “སྐུའི་འཁྲུངས་སྐར་བསུ་བའི་གླུ་ཞིག་ལེན། (བོད་འབྱོར།)”

  1. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2010-07-06 at 10:49 pm

    བོད་ནང་དུ་བོད་དོན་ཆེད། སྐད་འབོད་བྱས། རྩོམ་ཡིག་བྲིས། གླུ་གཞས་བླངས། ཐ་ན་རང་གི་ཚེ་སྲོག་ཡན་ཆད་ཀྱང་བློས་བཏང་།
    འདི་ལས་ལྷག་ཅིག་བྱེད་རྒྱུ་ཡོད་དམ། ད་བོད་དོན་ལ་བཟང་ཕྱོགས་ནས་འགྱུར་བ་ཞིག་ཡོང་གི་རེད་དམ།

  2. འབྲོང་བུ་ཟླ་བ་ཚེ་རིང། says:
    2010-07-06 at 11:12 pm

    གཞིས་ལུས་བོད་མིའི་སྙིང་སྟོབས་ལ་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཡོད། བརྗོད་འདོད་པ་ཞིག་ལ་བྱེས་གྱར་བ་ང་ཚོ་རང་དབང་ལུང་པར་གནས་ཡོད་ཀྱང་ཕྱོགས་གང་ཅིའི་ཐད་ནས་ཀྱང་གཞིས་ལུས་བོད་མིའི་རྗེས་སུ་ལྷག་ཡོད་པ་འདི་རེད། འདི་དོན་དངོས་རེད།
    རིག་འབྱུང་བུ། དེ་ལས་ལྷག་ཅིག་བྱེད་རྒྱུ་ཡོད་པ་མ་རེད། རང་སྲོག་འབེན་ལ་བཙུགས་ཚར་བ་རེད།
    བོད་དོན་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་བར་སྒུག་དགོས་པ་རེད་དམ། བཟང་ཕྱོགས་ཀྱི་འགྱུར་བ་ཞིག་གཏོང་དགོས་པ་རེད། ཁྱེད་ཀྱིས་བཟང་ཕྱོགས་ཀྱི་འགྱུར་བ་ཞེས་བ་འདི་འགྱུར་བ་གང་འདྲ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་དམ།

  3. tenzin tsomo says:
    2010-07-07 at 12:15 am

    very nice song
    very nice very
    nice very nice very nice very nice very nice very nice very nice very nice very nice very nice very nice very nice very nice very nice very nice very nice very nice very nice very nice very nice
    mind blowing
    mind blowing mind blowing mind blowing mind blowing mind blowing mind blowing mind blowing mind blowing mind blowing mind blowing mind blowing mind blowing mind blowing mind blowing

  4. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2010-07-07 at 1:06 am

    ༡
    རྒྱ་ནག་གཞུང་གིས་བོད་མིའི་མངོན་འདོད་ཁས་ལེན་བྱས་ཏེ་ལག་ལེན་ལ་བསྟར་ན་དེ་བཟང་ཕྱོགས་ཀྱི་འགྱུར་བ་རེད། དེ་ལྟར་བྱེད་སྲིད་དམ། ཕལ་ཆེར་དེ་ལྟར་རེ་བ་ནི་རྨི་ལམ་ལྟ་བུ་ཞིག་རེད།
    ༢
    འགྱུར་བ་ཡོང་བར་སྒུག་རྒྱུ་ཅང་ཡོད་མ་རེད། འགྱུར་བ་གཏོང་དགོས་རེད། འོན་ཀྱང་། ད་ལྟ་ཚུན་གྱི་ང་ཚོའི་ལས་དོན་བྱེད་ཕྱོགས་ལ་བལྟས་ན། འགྱུར་བ་ཞིག་ཡོང་བར་སྒུག་པའི་བཟོ་འདྲ་ཞིག་མ་གཏོགས།
    འགྱུར་བ་གཏོང་དགོས་བསམ་པ་དེ་ཡོད་མ་རེད་ལ། གཏོང་ཐུབ་ཀྱི་ཡང་མ་རེད་། ད་ཕན་བཙན་བྱོལ་བོད་གཞུང་གིས། བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྐྱོང་ཡོང་ཐབས་ལ་འབད་ཀྱི་ཡོད་པ་རེད།
    འབད་བརྩོན་སྟངས་དེ་ཡང་། ཕར་ཕྱོགས་ཀྱི་ལན་ལ་སྒུག་ནས་བསྡད་ཡོད་པ་རེད། བྱེད་སྟངས་དེ་འགྱུར་བ་གཏོང་སྟངས་ཤིག་མ་རེད། སྒྱིད་ལུག་པའི་རེ་སྒུག་བྱེད་སྟངས་ཤིག་རེད།
    ༣
    ད་འགྱུར་བ་ཞིག་གཏོང་དགོས་ན། བོད་ནང་ནས་འགྱུར་བ་ཞིག་ཡོང་དགོས་རེད། བོད་ནང་ནས་འགྱུར་བ་གཏོང་བ་ནི་ཚེ་སྲོག་བློས་གཏོང་བ་དེ་རེད།
    བོད་ནང་གི་འཐབ་རྩོད་ཀྱི་མེ་ལྕེ་དེ་ལོ་རེ་ནས་ལོ་རེ་བཞིན་ཇེ་ཆེར་འགྲོ་བཞིན་འདུག
    དཔེར་ན། དེང་སང་བོད་ནང་དུ་བོད་མི་གཅིག་རྒྱ་ནག་གཞུང་གིས་བཟུང་བ་ཡིན་ན། བོད་མི་དེའི་ཁྱིམ་མི་དང་སྤུན་མཆེད་དག་ཀྱང་འཐབ་རྩོད་ཀྱི་ནང་ལ་མཆོངས་ཡོང་གིན་འདུག བཙོན་ཁང་དུ་འགྲོ་རྒྱུར་སྐྲག་གི་མི་འདུག་ཟེར་མཁན་ཇེ་མང་ལ་འགྲོ་གི་འདུག
    ༤
    ཕྱི་ནས་རེ་བ་མི་འདུག་ལ་འགྱུར་བ་གཏོང་ཐུབ་གི་ཡང་མ་རེད། འགྱུར་བ་ངོ་མ་དེ་བོད་ནང་ནས་གཏོང་དགོས་བར་དྲན། འགྱུར་བ་གཏོང་སྟངས་དེ་ཡང་ཚེ་སྲོག་བློས་གཏོང་དགོས་རྒྱུ་དེ་རེད། ང་ཚོ་ཕྱི་ནས་བསྡད་དེ། བོད་ནང་གི་བོད་མི་ཚོས་སོ་སོའི་ཚེ་སྲོག་བློས་གཏོང་དགོས་རེད་ལབ་ན་ངོ་ཚ་བའི་སྐད་ཆ་རེད། ད་ག་རེ་བྱེད་དགོས་རེད་ལབ་ན། བོད་ནང་གི་སོ་སོའི་ཕ་མ་དང་སྤུན་མཆེད་ནས་འགོ་འཛུགས་དགོས་རེད་དྲན།
    བོད་ནང་གི་ཁྱེད་ཀྱི་ཕ་མ་དང་སྤུན་མཆེད་། གཉེན་ཉེ་དག་བཙོན་ལ་ཕྱིན་ནས་འགྱུར་བ་ཞིག་གཏོང་དགོས་རེད་དྲན། བོད་ནང་གི་ངའི་ཕ་མ་དང་སྤུན་མཆེད་། གཉེན་ཉེ་དག་བཙོན་ལ་ཕྱིན་ནས་འགྱུར་བ་ཞིག་གཏོང་དགོས་རེད་དྲན།
    བློས་གཏོང་ཞིག་མ་བྱས་བར་འགྱུར་བ་ཞིག་ཡོང་གི་མ་རེད། མཐའ་མའི་གནད་དོན་དེ་སྒྲོག་ཙེའི་སྒང་ནས་ཐག་ཆོད་རུང་། ཐོག་མའི་འགྱུར་བ་དེ་ཚེ་སྲོག་བློས་གཏོང་ནས་འགོ་འཛུགས་རེད་དྲན།
    དེ་ཙམ་ཡིན།

  5. རྩམ་དགའ། says:
    2010-07-07 at 1:40 am

    ལོ་གཞོན་དར་མའི་ལང་ཚོ་རྒས་པའི་བརྡ་རྟགས་སུ། །
    དབུ་ལ་སྐྲ་དཀའ་མེ་ཏོག་དཀར་བོ་བཞད་གྱུར་ཅིང་། །
    གོམ་འགྲོས་ཕོ་གསར་གཞོན་ནུའི་རྗེས་སུ་འགྲོ་བའི་ཚུལ། །
    མཐོང་བ་འདི་ཡིས་ཡིད་སེམས་དགའ་བ་འབུམ་གྱིས་མྱོས། །

  6. ཀརྡོ་རབ་འབྱམས་པ་ says:
    2010-07-07 at 3:43 am

    བོད་འབྱོར་འཁྲུངས་སྐར་བསུ་གླུའི་ནང་།
    ང་ཚོའི་སྐྱབས་མགོན་ཡིད་བཞིན་ནོར། །
    གཞིས་བྱེས་བོད་མི་འཛོམས་ལུགས་སོགས། །
    ང་ཡི་མིག་ཟུང་མིག་ཆུས་གང་། །

  7. chime in italy says:
    2010-07-07 at 7:05 am

    tashi delek.
    very good .

  8. སྦྲ་ནག་གཡག་སྙིང says:
    2010-07-07 at 11:35 am

    བོད་གངས་ཅན་ཚང་གི་སྐུ་ཚེ་རིང་།།
    གོང་བསྟན་འཛིན་རྒྱ་མཚོའི་སྐུ་ཚེ་རིང་།།
    ཁྱེད་གླུ་མ་གླུ་བའི་སྐུ་ཚེ་རིང་།།

    ཚེ་རིང་མིན་ང་ཚོར་རག་ལས་ཡོད།།
    དོན་ངོ་མར་ང་ཚོའི་ལས་ལ་ཐུག།
    ལས་ཐོད་པའི་རི་མོར་ཟེར་བ་མིན།།

    ལས་ཟེར་བ་རང་གི་ངལ་རྩོལ་ཡིན།།
    རྩོལ་ཞེས་པ་ལུས་ངག་ཡིད་ལས་བྱུང་།།
    ཆབ་བསམ་སྤྱོད་གསར་བར་ཟེར་བ་ཡིན།།
    དེའི་ཉམས་ལེན་འབྲས་བུར་ཟེར་བ་ཡིན།།

    ལས་བྱ་བ་ཡང་ཡང་འགྲུབ་པར་ཤོག།
    ལུས་བློ་ལྡན་ཡང་ཡང་འགུལ་བར་ཤོག།
    བོད་བསམ་དོན་འགྲུབ་པའི་བཀྲ་ཤིས་ཤོག།
    རྗེ་རྒྱལ་འབངས་མཉམ་འཛོམ་ཡོང་བར་ཤོག།

  9. མེ་ཏོག་དཀར་པོ། says:
    2010-07-07 at 11:52 am

    དཀོན་མཆོག་གསུམ། གླུ་པ་འདིའི་སྙིང་སྟོབས་ལ་ཨང་། དཔའ་བོ་རང་རེད།

  10. བཟོད་པ་ལྷ་རྩེ་ says:
    2010-07-07 at 12:04 pm

    གཞི་ལུས་བོད་མིའི་སྲོག་དང་བོད་དོན་བརྗེ།
    བཙན་བྱོལ་བོད་མིའི་དངུལ་དང་སྤུན་ཟླ་བརྗེ།
    ༧གོང་ས་མཆོག་གི་སྐུ་ཡི་འཁྲུངས་སྐར་ཡང་།
    འགྱུར་ཁུག་དབྱངས་ཀྱིས་བསུ་བར་རྟག་ཏུ་བསྟོད།

  11. མེ་ཏོག་དཀར་པོ། says:
    2010-07-08 at 11:39 am

    བཟོད་པ་ལྷ་རྩེ་ལགས།
    གཞིས་ལུས་བོད་མིས་སྲོག་དང་བོད་དོན་བརྗེ་བ་བདེན་ཡང་། བཙན་བྱོལ་བོད་མིས་དངུལ་དང་སྤུན་ཟླ་བརྗེ་བ་ཤིན་ཏུ་མི་བདེན།
    གཞིས་ལུས་བོད་མིར་བསྟོད་པ་ལ་བྱེས་འབྱོར་བོད་མིར་སྨད་ཨེ་དགོས།

  12. སྦྲ་ནག་གཡག་སྙིང says:
    2010-07-08 at 12:06 pm

    མེ་ཏོག་དཀར་པོའི་བཤད་པ་དེ་བདེན། དོན་མེད་བྱེས་འབྱོར་བོད་མིར་ཅི་ལ་སྨད། བྱས་རྗེས་དཔེ་མི་སྲིད་པ་དེ་འདྲ་བཞག་ཡོད། ང་ཚོའི་བཙན་བྱོལ་གཞུང་ཁྲ་ལམ་མེར་ཡོད་པ་དེའང་ཁོང་ཚོས་དྲིན་ཡིན། ང་ཚོ་གསར་འབྱོར་ཚོས་རྒྱབ་དྲོ་ཕོ་བརྒྱགས་ནས་འཛམ་གླིང་གང་སར་སླེབས་ཡོད་པ་འདི་ཡང་ཁོང་ཚོས་དྲིན་ཡིན། ད་ལྟའི་ང་ཚོའི་བདེ་སྐྱིད་འདིའི་ཆེད་དུ་མི་སྲོག་ག་ཚོད་སོང་ཡོད་པ་ང་ཚོས་རྟོགས་དཀའ། དྲང་མོ་བཤད་ན་བཟང་ངན་གཉིས་བོད་ཕྱི་ནང་གཉིས་གར་ཁྱབ་ཡོད། ཚང་མ་བོད་ཡིན་པ་ཤེས་ན་བཟང་། གུ་དོག་གི་སྐད་ཆ་ཉུང་ན་བཟང་།

  13. མགོན་པོ་ཕྱག་གཉིས་པ། says:
    2010-07-08 at 12:13 pm

    རེད། རེད། མེ་ཏོག་དཀར་པོ་དང་གཡག་སྙིང་གཉིས་ཀྱིས་བཤད་པ་བདེན། གླུ་བ་འདི་དང་འདིའི་གླུ་ཡི་སྐོར་ཤོད་དང་། དེ་མིན་གཞིས་ལུས་བོད་མི་དང་བཙན་བྱོལ་བོད་མི་ཟེར་བའི་སྐད་ཆ་ཆེན་པོ་དེ་འདྲ་ཅི་ལ་ཁྱེར་ཡོང་།

  14. རིག་བཟང་། says:
    2010-07-08 at 12:27 pm

    ཞུམ་མེད་ཀྱི་སྙིང་སྟོབས་དང་། ལྷད་མེད་ཀྱི་ལྷག་བསམ་ལྡན་པའི་གཞས་པ་ཁོང་ལ་རྒྱ་ནག་དམར་པོའི་གཞུང་གིས་ཉེས་མང་སྣ་ཚོགས་བཏགས་ཏེ། རྐྱེན་ངན་ཆག་སྒོ་མི་འབྱུང་བའི་སྨོན་ལམ་དང་། ཁོང་གི་བསམ་དོན་མཐའ་དག་གླུ་རུ་གྱེར་བར་རང་དབང་གི་ཐོབ་ཐང་འབྱུང་བའི་སྨོན་འདུན་ཞུ།

  15. སྒྱུ་རྩལ་པ། says:
    2010-07-08 at 1:15 pm

    རིག་འབྱུང་གི་མིང་ཅན། ཁ་རྒྱགས་དང་འུག་པས་བཤད་བཤད་མ་བྱེད་ལོ།

  16. ཡེ་ཤེས says:
    2010-07-08 at 9:13 pm

    གླུ་སྙན་པོ། ཚིག་བཟང་པོ། ཞུམ་པ་མེད་པའི་སྙིང་སྟོབས་དང་དཔའ་ངར་ལྡན་པའི་བུ་བུ་མོ་འདི་དག་གི་ལེན་སྟངས་ལ་བལྟས་ན། རྟེན་འབྲེལ་བཟང་གི མགོར་མདོག་ཁ་བོ་མ་རེད། ངས་བོད་ནང་གི་གཞས་གཏོང་མཁན་རྣམས་ལ་ལག་གཉིས་ཐལ་མོ་སྦྱར་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། དེ་དང་འབྲེལ་བའི་བོད་ནང་གི་དཔའ་བོ་དཔའ་མོ་རྣམས་ལའང་རྗེས་སུ་ཡི་རང་ཡོད། །

  17. སྨད་མཆོག་ཚེ་དབང་རིག་འཛིན། says:
    2010-07-09 at 6:40 am

    གངས་ལྗོངས་ཀྱི་དཔའ་རྒོད་ཚོར་གུས་བཏུད་ཞུ།

  18. གངས་བུ་བསམ་འགྲུབ། says:
    2010-07-17 at 3:20 pm

    ཁྱེད་གླུ་བ་གངས་ཅན་བོད་ན་བཞུགས། །གདངས་སྙན་པོ་འཛམ་གླིང་ཀུན་ཁྱབ། །མགོན་བླ་མར་བསྟོད་པའི་འབྲས་བུ་ཡིས། ཁྱེད་བར་ཆད་མེད་པའི་སྨོན་འདུན་ཞུ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme