Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མི་ཚེ་རྩེད་འཇོར་འཐིམ་པའི་བྱུང་བ།

Posted on 2020-07-23 By ཁ་བརྡ 1 Comment on མི་ཚེ་རྩེད་འཇོར་འཐིམ་པའི་བྱུང་བ།

བློ་བཟང་རིན་ཆེན།
 
ཞོགས་པའི་སྐྱ་རེངས་དམར་སེར་ཤར་མ་ཐག།
གམ་གྱི་གྲོགས་པོ་བཀྲ་ཤིས་གཉིད་ལས་སད།།
ཅི་ཞིག་བརླག་པ་ལྟ་བུའི་རྣམ་འགྱུར་ཁྲོད།།
སྔས་ཀྱི་ཁ་པར་དེ་ལ་འཕྲལ་དུ་བསྙབས།།

ཁ་པར་ངོགས་ལ་ཅུང་ཙམ་ཅེར་བས་ན།།
རང་ལ་རྒྱལ་ཁ་ཐོབ་པའི་ངང་ཚུལ་ལྟར།།
ང་རང་དགའ་སའི་ཚོགས་པ་རྒྱལ་སོང་ཞེས།།
ལག་གཉིས་ཁུ་ཚུར་བསྡམས་ནས་གནམ་ལ་བསྒྲེངས།།

དགའ་སྤྲོའི་ཚོར་འདུ་ཅུང་ཙམ་ལྷོད་པའི་སྐབས།།
ཁམས་ཚན་རྒན་གྱི་གོམ་སྒྲ་ཐོས་ཙ་ན།།
མིག་གིས་ཧྲིག་ཧྲིག་ཡར་མར་ལྟ་བཞིན་དུ།།
དཔེ་ཆ་སྐྱོར་བའི་ཁུར་གྱི་འཁྲབ་སྟོན་བྱས།།

དགེ་རྒན་གཟིགས་སྐོར་ཡོང་བའི་སྐབས་དག་ལ།།
ལག་ལ་རྩལ་དགུ་རྫོགས་པའི་གྲོགས་པོ་ཡིས།།
ཁ་པར་རྐུབ་ལ་འདེད་པའི་མགྱོགས་མྱུར་དེས།།
ངེས་མེད་ཁ་པར་རྩེ་བ་མཐོང་མྱོང་མེད།།

རྩོད་ཤུགས་རབ་ཏུ་ཆེ་བའི་ཆོས་གྲྭ་ནས།།
ན་མཉམ་གྲོགས་ཀྱི་རིག་པར་རྣོ་ངར་རྒྱས།།
ཁོང་གི་ཁ་ལ་སྨྲ་བའི་དབང་ཐོབ་སྟེ།།
ཆོས་གྲྭའི་དུས་སྐབས་ལབ་རྡོལ་ཁྲོད་ནས་ཟད།།

ཚ་གདུང་རབ་ཏུ་ཆེ་བའི་ཞིང་མཐའ་ནས།།
རང་དང་འདྲ་བའི་ན་མཉམ་ཚོགས་པ་ཞིག །
རྐང་རྩེད་སྤོ་ལོར་དགའ་བའི་སྤྲོ་སྣང་དེས།།
ཉི་མས་ངོ་གདོང་བསྲེག་པ་ཚོར་མ་མྱོང་།།

གྲྭ་རྐྱང་རྩེད་འཇོར་དགའ་བའི་གྲོགས་ཉིད་ལ།།
རྐང་རྩེད་འགྲན་སྡུར་ཁྲོད་ཀྱི་ཕམ་ཁ་དང་།།
ཁམས་ཚན་རྒན་ལ་བྱིན་པའི་ཆད་པ་ཡིས།།
སྒོར་ཁུག་སྟོང་པར་ཕུད་པའི་གཏམ་རྒྱུད་མང་།།

ལོ་ཟླ་རྒྱུན་ཆད་མེད་པར་བཞུད་པ་ན།།
དགེ་བཤེས་ཤིག་གི་ཆོ་ལོ་ཐོབ་ནས་བཟུང་།།
སྟོད་འགག་སེར་པོ་ལུས་ལ་མནབས་བཞིན་དུ།།
རྐང་རྩེད་སྤོ་ལོ་རྩེ་བའི་སྟབས་མ་བདེ།།

རྐང་རྩེད་སྤོ་ལོ་སློབ་སའི་གཞི་མ་རག །
ནང་བསྟན་གཞུང་ལུགས་འཆད་པའི་བློ་མ་རྒྱས།།
ཐ་སྙད་རིག་གནས་སྨྲ་བའི་ངག་མ་གྲོལ།།
མི་ཚེ་ཐུང་ཐུང་སྤོ་ལོའི་ཁྲོད་ནས་རྫོགས།།

སློབ་གླིང་འདི་ཡི་དགེ་མཚན་མ་ངེས་ཤིང་།།
རྩེད་འཇོ་མ་གཏོགས་རིག་པ་མི་སློབ་པའི།།
ང་དང་ང་འདྲའི་རབ་བྱུང་དཀྱུས་མ་དག །
བློས་བསླངས་བྱས་ཏེ་ཡི་གེའི་གཟུགས་སུ་ཕབ།།

མ་གཞི་རྩེད་མོ་ལ་དགའ་བ་ནི་སྐྱོན་ཆ་ཞིག་ག་ལ་ཡིན། ད་དུང་དུས་ཚོད་རན་པའི་ལུས་རྩལ་སྣ་ཚོགས་ཤིག་བརྩེས་ན་ལུས་པོའི་འཕྲོད་བསྟེན་དང་། སེམས་ཀྱི་ལོངས་སྤྱོད་ཅིག་ཡིན་པ་ནི་སུས་ཀྱང་བསྙོན་དུ་མེད་པའི་བདེན་པ་ཞིག་ཡིན། འོན་ཏེ་གོང་གི་རྩོམ་ཡིག་དེ་ནི་རྩེད་མོ་རྐྱང་རྐྱང་ལ་མགོ་འཁོར་ཏེ། རང་ཉིད་གང་ལ་གནས་པའི་ཆོས་གྲྭ་འདིའི་དགེ་མཚན་མ་རྙེད་པའི་ང་དང་ང་ལྟ་བུ་དག་བློས་བསླངས་བྱས་ནས་བྲིས་པའོ།།

2020/ 7/ 22 བློ་བཟང་རིན་ཆེན་གྱིས་བྲིས།

སྙན་ངག

Post navigation

Previous Post: དགུ་གཏོར་ཞིང་སྐྱོང་།
Next Post: ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་བཀླགས་པའི་བརྗེད་བྱང་། (2)

Comment (1) on “མི་ཚེ་རྩེད་འཇོར་འཐིམ་པའི་བྱུང་བ།”

  1. Abharu Jigwang says:
    2020-07-23 at 10:33 pm

    རྩེད་མོར་དགའ་ན་ལུས་ཀྱི་འཕྲོད་བསྟེན་རེད།
    མ་བརྗེད་ངེས་པར་རྩེད་མོ་རྩེད་དགོས་སོ།
    ཡིན་ཡང་རྩེད་མོར་ཚོད་འཛིན་ངེས་བྱེད་ནས།
    རྩ་ཆེ་རིག་གནས་ངེས་པར་ལེགས་སྦྱང་སྟེ།
    མཁས་པ་དགེ་འདུན་ཆོས་འཕེལ་རྗེས་སུ་རྒྱུགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme