Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལྷ་ས་ས་རེད། ཇོ་བོ་ཟངས་རེད།

Posted on 2008-12-07 By དགེ་རབ་ 10 Comments on ལྷ་ས་ས་རེད། ཇོ་བོ་ཟངས་རེད།

སྤོབས་པ་མཐའ་ཡས།
རང་རེའི་མི་ཕལ་མོ་ཆེས་དད་པ་འཇོག་དགོས་ས་དེར་མི་འཇོག་པར་མི་དགོས་ས་རྐྱང་རྐྱང་གི་ཆེད་དུ་སྲོག་ཡིན་ཡང་གཏོང་ཐུབ་པའི་དད་པ་འཇོག་གི་རེད། བོད་མི་ཕལ་མོས་ཆེ་མི་ཚེའི་རིང་ལྷ་སར་ཐེངས་གཅིག་འགྲོ་ཐུབ་པ་དེ་ཧ་ཅང་གི་སྐལ་བ་བཟང་པོ་ཞིག་ཏུ་བརྩི་ཞིང་། སྔོན་དུས་སུ་ངེད་ཚོའི་ཕ་ཡུལ་མདོ་ཁམས་སྨད་ནས་ལྷ་ས་བར་དུ་གོམ་བགྲོད་ཀྱིས་ཟླ་བ་གསུམ་བགྲོད་དགོས་ཤིང་རྐུན་ཇག་མང་བ། མཐུན་རྐྱེན་ཞན་པ། འབྲོག་སྟོང་དང་། གཡང་ས་དང་། ནགས་ཁྲོད་དང་། ལ་ཐུར་མང་བ་སོགས་ཀྱི་དཀའ་ངལ་རྣ་བས་ཉན་མི་བཟོད་པ་མང་པོ་ཡོད་ཀྱང་ཇི་མི་སྙམ་པར་འགྲོ་ཞིང་སྲོག་མགོ་ཐོན་པ་དང་མ་ཐོན་ཅི་རིགས་བྱུང་གིན་ཡོད་འདུག
བོད་མི་ཚོ་ས་དེ་ལྟབུའི་དཀའ་བ་དང་དུ་བླངས་ནས་གང་ཞིག་མཇལ་དུ་འགྲོ་བ་དེ་ནི་ཀོང་ཇོས་སྤྱན་དྲངས་པར་གྲགས་པའི་ཇོ་བོ་ཞེས་པའི་གསེར་སྐུ་འདི་དང་གཞན་ཡང་ལྷ་སྐུ་མདའ་ངེ་མདུང་ངེ་དང་ལྷ་ཁང་བ་གེ་བུག་གེ་ཁ་ཤས་ཤིག་རེད། དེ་མིན་གླིང་སྐོར་ལམ་འགྲམ་གྱི་ས་རྡོ་ཡན་ཆད་ལ་བྱིན་རླབས་ཞུ་བ་དང་མཆོད་པ་འབུལ་ཁུལ་གྱིས་མར་བྱུགས་ནས་ནག་རིལ་རིལ་བཟོས་ཡོད་པ་རེད། ལྷ་ཁང་དང་ལྷ་སྐུ་དེ་བཞིན་ས་རྡོ་འདི་ཚོས་བྱིན་རླབས་ཟེར་བ་དེ་བཙན་ཐབས་སུ་རང་རྒྱུད་ལ་བཅུག་ཡོང་གིན་ཡོད་པའི་དད་པ་ལོང་བ་ཞིག་ལས་གང་ཡང་མེད།
དེང་དུས་སུ་ཡང་བོད་མི་ཚོས་དོ་སྐྱེལ་འཕྲུལ་འཁོར་གླས་ཤིང་དོ་སྐྱེལ་འཕྲུལ་འཁོར་རེ་རེའི་ནང་དུ་མི་བཞི་བཅུ་ནས་བརྒྱད་ཅུའི་བར་བསྡད་ནས་འགྲོ་ཞིང་དེའི་དཀའ་ངལ་དང་ཉེན་ཁ་དེ་ཡང་སེམས་ཀྱིས་མི་བཟོད་པ་ཞིག་རེད། འཕྲུལ་འཁོར་ཁ་ལོ་པ་མང་པོ་ཞིག་ལ་སྦྱོང་བརྡར་དང་ལག་ཁྱེར་ཡང་ཚད་ལྡན་མེད་སྟབས་བརྡབ་སྐྱོན་བྱུང་ནས་སྲོག་ཤོར་བའི་གྲངས་འབོར་ཧ་ཅང་ཆེན་པོ་ཡིན། སྤྱིར་བཏང་ལྷ་སར་སོང་ན་ཕན་ཡོན་མེད་ཅེས་བཤད་མི་ཐུབ་ཀྱང་བོད་མིའི་དད་པ་འཇོག་སྟངས་འདིའི་གང་ལ་ཡང་སླེབས་ཀྱིན་མེད།
ད་དུང་ལ་ལས་བརྐྱངས་ཕྱག་འཚལ་ཞིང་ལོ་ནས་ལོ་མཐུད་དེ་མགོ་བོས་ས་བརྡུངས་ཏེ་ལྷ་སའི་བར་དུ་འགྲོ་ཞིང་དེ་ལ་བརྟེན་ནས་ཚེ་འདི་ཕྱིའི་དོན་ཆེན་ཞིག་འགྲུབ་མདོག་སྟོན་པ་འདི་ཚོར་ཡང་ལེགས་པར་བརྟག་ན་དེ་ཙམ་ཡིད་སྨོན་ཤོར་འོས་པའི་ཆོས་བསྒྲུབ་སྟངས་ཤིག་མ་རེད་སྙམ། དཀའ་བ་སྤྱད་པ་དེ་ཡང་ཀུན་སློང་དང་ངེས་ཤེས་ཡང་དག་ཅིག་གིས་མ་ཟིན་ན་ཕྱི་རོལ་པའི་དཀའ་ཐུབ་ལས་ཀྱང་ཞན། ཕྱི་རོལ་པས་དཀའ་ཐུབ་སྤྱོད་པ་ལ་དེའི་ཚོད་ཀྱིས་དངོས་གྲུབ་བསྒྲུབ་སྟངས་ཀྱི་མན་ངག་ཅིག་ཡོད་ཀྱང་བོད་མིས་ནི་ལྷ་ས་མཇལ་ཆེད་དུ་རྔུལ་ནག་ཅི་ཙམ་མང་པོ་ཞིག་བཞུར་བ་དེ་ཙམ་་གྱི་བྱིན་རླབས་མོད་པོ་ཞིག་འབྱུང་སྙམ་པ་ལས་གང་ཡང་མེད།
ལྷ་ས་འདི་ཆོས་རྒྱལ་སྲོང་བཙན་སོགས་ཀྱི་སྐབས་ནས་བོད་ཀྱི་རྒྱལ་ས་ཡིན་པ་དང་། བོད་ཆོས་སྲིད་གཉིས་ཀྱི་མངའ་བདག་༸གོང་ས་སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་པའི་བཞུགས་གནས་གཙོ་བོ། ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དང་གདན་ས་སེ་འབྲས་དགའ་གསུམ་སོགས་ཆགས་ཡོད་སྟབས་བྱིན་རླབས་དང་དངོས་གྲུབ་གཞན་ལས་མྱུར་བའི་སྒྲུབ་གནས་ཁྱད་པར་ཅན་ཞིག་ཀྱང་ལོས་ཡིན། འོན་ཀྱང་བཀྲ་མི་ཤིས་པ་འབྱུང་ས་ཞིག་གི་ངོས་ནས་བསམ་ན་ལྷ་ས་འདི་ལས་ལྷག་པའི་བཀྲ་མི་ཤིས་པ་མང་དུ་བྱུང་སའི་ཡུལ་ལྗོངས་ཤིག་བོད་སྟོད་སྨད་བར་གསུམ་གང་ན་ཡང་མེད་པ་ལྟ་བུར་འདུག དཔེར་ན་གཙང་སོག་ཀྱི་དམག་འཁྲུགས་དང་། བོད་རྒྱའི་དམག་འཁྲུགས་རིམ་བྱུང་། དེ་མཚུངས་ཕྱི་དགྲ་དང་ནང་འཁྲུག་བྱུང་བའི་ལོ་རྒྱུས་དེ་ཚོ་བྐླགས་ན་ལྷ་ས་ནི་དམྱལ་བའི་ཟངས་ཁང་ལྟ་བུ་ཞིག་ཏུ་གྲུབ་འདུག་པས་ལྟ་སྐོར་ལ་འགྲོ་བའི་རིན་ཐང་ཡོད་ཀྱང་མཇལ་སྐོར་འགྲོ་ཡུལ་ཞིག་མིན་པ་འདྲ།
ནང་པ་སངས་རྒྱས་པའི་ཆོས་འདི་ནང་སེམས་ཀྱི་ཡར་རྒྱས་ལ་གཙོ་བོར་འཛིན་པའི་ཆོས་ལུགས་ཤིག་ཡིན་པར་དངོས་གནས་ཡིད་ཆེས་ཡོད་ན་ཨི་ཟི་ལམ་པ་ཚོ་མེ་ཁ་ལ་རྡོ་གྲུ་བཞི་དེ་མཇལ་དུ་འགྲོ་བ་ལྟར་དུ་ཡོད་ཚད་བློས་གཏང་དགོས་ཀྱང་ཅི་མི་སྙམ་པར་ལྷ་སར་གནས་སྐོར་ལ་རྒྱུག་སྲོལ་འདི་འགོག་རན་འདུག

གསར་འགྱུར།

Post navigation

Previous Post: ཁ་བརྡར་ཕུལ་བ།
Next Post: སྲི་ཐར་

Comments (10) on “ལྷ་ས་ས་རེད། ཇོ་བོ་ཟངས་རེད།”

  1. མགོན་པོ་ཕྱག་གཉིས་པ། says:
    2008-12-07 at 10:49 pm

    ངའི་སྤུན་ཉེ་ཞིག་གིས་ན་ནིང་བླ་བྲང་ནས་མགོ་བཙུགས་ཏེ་ལྷ་ས་བར་བརྐྱང་ཕྱག་འཚལ་ནས་འགྲོ་མགོ་བཙུགས་ཤིང་དགུན་ཁ་དབུས་ལམ་ཁ་བས་མ་འགག་བར་ཕྱིན་ནས་དེ་ནས་དགུན་ཁ་མ་སླེབས་སྔོན་ཚུར་ཕ་ཡུལ་དུ་ལོག་ཡོང་པ་རེད། དེ་ནས་ད་ལོ་ལོ་གསར་གྱི་རྗེས་རང་གི་སྤུན་མཆེད་ཅིག་ཤིང་རྟ་འདྲུད་རོགས་སུ་ཁྲིད་ནས་ཡང་སྐྱར་སྔོན་མའི་འཕྲོ་མཐུད་དེ་ཕྱག་འཚལ་ནས་ཆབ་མདོའི་ས་མཚམས་ཟིན་མ་ཟིན་ཞིག་གི་སྐབས་བོད་ས་གང་གང་དུ་ད་ལོའི་ཞི་རྒོལ་བྱུང་སྟེ། ཁོང་གཉིས་ཆ་སི་ཁྲོན་གྱི་རྒྱ་དམག་གིས་འཛིན་བཟུང་བྱས་ནས་ཁྲིད་ཕྱིན་འདུག དེ་ནས་ནང་མིས་འབྲེལ་བ་དང་འབད་བརྩོན་ལ་བརྟེན་ནས་ངེད་ཚོའི་རྫོང་སྲིད་གཞུང་གིས་ཐབས་ཤེས་སྣ་མང་འཐེན་པར་བརྟེན་མཐའ་མཇུག་དཀའ་ངལ་མང་པོ་ཞིག་བརྒྱུད་ནས་རང་ཡུལ་དུ་ལོག་ཐུབ་ཙམ་བྱུང་འདུག ད་ལོ་རྗེས་མ་ཡང་སྐྱར་སྔོན་མའི་ཕྱག་འཚལ་འཕྲོ་མཐུད་དུ་འགྲོ་གི་རེད་ཟེར།

  2. འདོད་ལྷའི་བུ། says:
    2008-12-08 at 1:27 am

    ཨ་རོགས་སྤོབས་པ། ཀྲུང་གོ་ལ་དོ་སྐྱེལ་འཕྲུལ་འཁོར་མི་བརྒྱད་ཅུ་ཅ་ལག་དང་མཉམ་དུ་ཤོངས་ས་ཞིག་ཡོད་དམ།

  3. མི་རྒོད། says:
    2008-12-08 at 1:47 am

    ཡ་སྤོབས་པ།
    ཁྱོད་ཀྱིས་བཤད་པར་རྒྱུ་མཚན་གཏན་ནས་མེད་པ་ཞིག་མིན་ལ།    དད་པ་ཟེར་བ་དེ་ཡང་རྨོངས་དད་མ་ཡིན་པར་ཤེས་ནས་ཐོབ་པའི་དད་པ་ཡིན་དགོས་པ་བདེན་མོད།    ནང་པ་ཞིག་གི་ངོས་ནས་བཤད་ན།   སངས་རྒྱས་ཀྱི་སྐུ་གཟུགས་ལ་དད་ཕྱག་དང་མཆོད་འབུལ་བྱས་པར་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད་ཚུལ།    ཁང་བུ་བརྩེགས་པའི་མདོ་དང་།    ཀླུ་སྒྲུབ་ཀྱི་བཤེས་སྤྲིང་སོགས་མདོ་རྒྱུད་བསྟན་བཅོས་དུ་མ་ནས་གསལ་བར་གསུངས་ཡོད་པས།    དེ་དག་ལ་ཡིད་ཆེས་བྱས་ན་མི་འགྲིག་པ་གང་ཡང་མེད།   ལྷ་སའི་ཇོ་བོ་རིན་པོ་ཆེ་རྒྱ་བལ་གང་ནས་ཡིན་པ་དང་།    དེའི་རྒྱུ་ཆ་ཟངས་གསེར་སོགས་གང་ཡིན་གལ་ཆེན་པོ་མ་རེད།    གཙོ་བོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་གཟུགས་ཡིན་པའི་ཆ་ནས་བོད་མི་རྣམས་ཀྱིས་དཀའ་ངལ་དང་བླངས་ཀྱིས་མཇལ་ཕྱག་བྱས་པར་རྒྱུ་མཚན་ཡོད་ལ།    དེས་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་ཡང་བསོག་གིན་ཡོད་པ་གོང་གི་གཞུང་དེ་ཚོར་ལྟོས་དང་ཤེས་ཐུབ།    
    གང་ལྟར་ལྐོག་གྱུར་གྱི་གནས་ལ་དཔྱད་པ་གཏོང་འདོད་ཡོད་ན།   གཙོ་བོ་སྐྱེས་བུའི་ངག་ཚད་མར་བཟུང་དགོས་པ་ལས་རྒྱུ་མཚན་གཞན་མེད།     མཐའ་དོན་ཁྱོད་ཀྱིས་༧གོང་ས་མཆོག་ལ་སྐྱོན་བརྗོད་བྱེད་མཚམས་བཞག་མ་ཐག    ཁོང་གི་བཞུགས་གནས་བོད་ཀྱི་རྒྱལ་ས་ལྷ་ས་དང་།   རྟེན་གཙོ་ཇོ་བོ་རིན་པོ་ཆེ་སོགས་ལ་སྐྱོན་བརྗོད་བྱེད་མགོ་བཙུགས་ཡོད་པ་འདི་ཡ་མཚན་ཞིག་ཏུ་མཐོང་།

  4. ÇtôzÅ-q- says:
    2008-12-08 at 5:03 am

    མི་རྒོད། ངས་ཀྱང་དེ་ག་རང་ཤོད་ཀྱིན་ཡོད། མདོ་ཁམས་སྨད་ཀྱི་རྒྱུད་ན་ཡང་ལྷ་ཁང་བག་གེ་བུག་གེ་དང་ལྷ་སྐུ་མདའ་ངེ་མདོང་ངེ་མང་མ་དྲགས་ན་ཡང་ཉུང་མ་དྲགས་པ་ཞིག་འདུག སངས་རྒྱས་ཀྱི་སྐུ་གཟུགས་ཡིན་པ་གཅིག་མཚུངས་རེད། གོང་མ་ཚང་གི་སྲས་མོས་ཁྱེར་ཡོང་བ་བདེན་པའི་བདེན་པའི་དབང་དུ་བཏང་ཡང་དེ་ལ་བྱིན་རླབས་ལྷག་མ་ཞིག་ཡོད་པར་ནི་ྐླུ་སྒྲུབ་སོགས་ཀྱིས་གསུངས་མི་འདུག བདེ་བར་གཤེགས་པའི་སྐུ་གཟུགས་ཤིང་ལས་ཀྱང་། །བགྱིས་པ་གང་འདྲའང་རུང་སྟེ་མཁས་པས་མཆོད། །ཅེས་པ་དེ་རྒྱུ་སྤུས་སོགས་ལ་ལྟ་མི་དགོས་པའི་དོན་རེད།
    ལྷ་ས་འདི་༸གོང་ས་མཆོག་གི་བཞུགས་གནས་ཡིན་པ་བདེན་མོད་༸གོང་ས་མཆོག་དང་འབྲེལ་བའི་ས་དེར་གནས་མཇལ་དུ་འགྲོ་དགོས་ན་༸གོང་ས་སྐུ་ཕྲེང་གསུམ་ཙམ་ཁམས་ནས་འཁྲུངས་པ་དང་གཅིག་ཨ་མདོ་ནས་འཁྲུངས་སྟབས་དེ་ཚོར་མཇལ་ན་ལོས་ཆོག
    དངུལ་མང་དྲགས་ནས་ལྷ་སར་གནམ་གྲུ་ལས་འགྲོ་ཞིང་མགྲོན་ཁང་སྐར་མའི་གྲངས་ཀ་བརྩི་རྒྱུ་ཡོད་པ་དེ་ཚོར་སྡོད་ཐུབ་ན་ལྷ་སར་སྤྲོ་འཆམས་ལ་འགྲོ་དགོས་པ་རེད་མ་གཏོགས་དེ་མིན་བོད་མི་སྤྱི་དང་ལྷག་པར་ཡང་ཕ་མ་རྒན་རྒོན་ཚོ་སྡུག་ལ་གཏད་ནས་ལྷ་སར་གནས་མཇལ་མ་ཁྲིད་ན་ལེགས་སྙམ་གྱིན་འདུག བོད་མི་འདི་ཚོས་ལུས་སྲོག་ལོངས་སྤྱོད་བློས་བཏང་བྱ་ས་ནོར་འགྲོ་བཞིན་འདུག

  5. ÇtôzÅ-q- says:
    2008-12-08 at 5:05 am

    དགོང་དག ༸གོང་ས་སྐུ་ཕྲེང་བཞི་ཙམ་ཁམས་ནས་འཁྲུངས་འདུག

  6. བོད། ལྷ་ཀླུ་གཉན་གསུམ། says:
    2008-12-08 at 8:31 am

    སྤོབས་པ་ཟེར་བས་མིང་ཅན་ལགས། ཁྱེད་རང་གི་ག་དུས་ཡིན་ཡང་ངན་ཕྱོགས་མ་གཏོགས་བོད་མིས་བཟང་ཕྱོགས་རེ་བཤད་ཀྱི་མེད་པ་འདི་ནི་དངོས་ནས་ཐབས་སྐྱོ་བོ་ཞིག་རེད། བཟང་ངན་མཉམ་དུ་བསྲེས་དེ་ཤོད་དང་ད་གཟོད་བོད་པ་ཚང་གི་ཉན་ཤེས་བྱེད་ངེས་ཡིན། གོ་སོང་ངམ། གླེན་པས་བུ། སྤོབས་པ་ལགས།

  7. མི་ says:
    2008-12-08 at 11:47 am

    སྤོབས་པ་ཟེར་བ་འདི་ བསྐྱར་དཔར་ཞིག་རེད། བོད་ནང་རྣོ་སྤྲངས་ཟེར་བ་ཞིག་ནས་ཇོ་ས་རེད། མཇལ་བ་མྱི་རེད་བ་ཟེར་སྤེལ་བ་ལ་བསྐྱར་དཔར་བརྒྱགས་འདུག མ་གཞི་ཁོ་ཡང་བོད་པ་རྒྱ་དམར་གྱི་ལྟ་བའི་ཤུགས་རྐྱེན་ཆེན་པོ་ཡོད་མཁན་ཞིག་རེད། ལབས་མ་རྒྱགས། མི་མང་ལ་འུར་སླཽང་ན་འདོད་གི་ཡོད་ནི་རེད། ལོ་ལོ་ཚང་མས་ཤེས་ནི་རེད་ལོ།

  8. ལྕགས་རྒྱ་འགྲམ་ནག says:
    2008-12-08 at 8:33 pm

    ཆོས་ངོ་ཚུལ་བཞིན་མི་འཕྲོད་པ་འདི་མང་ཚོགས་ལྐུགས་སོང་བ་རེད་དམ། བླ་སྤྲུལ་ཚོས་གསུངས་མ་ཤེས་པ་རེད། སྤོབས་པས་བཤད་པར་གནས་ལུགས་འདུག ཟང་ཟིང་གི་ཆོས་དར་སྲོལ་ཆེ་དྲགས་ན་དེས་བསྟན་པར་གནོད་པ་ལས་ཕན་མི་སྲིད། རྒྱ་རི་ཚང་གི་སྤྲུལ་ཕྲུག་གི་ཁྲི་སྟོན་ཐོག་གི་སྐུ་མགྲོན་མང་ཤོས་ཕྱི་གླིང་བ་རེད་ཟེར་བ་ལྟར། ཨ་མདོ་རེབ་གོང་གི་ཨ་ལགས་ཁ་སོ་ཟེར་བ་དེའི་ནང་ཆེན་དུ་རྒྱ་རྒྱ་མོས་ཁེངས་འདུག་པ་ངས་དངོས་སུ་མཐོང་སོང་། བོད་ཀྱི་བླ་སྤྲུལ་ཚོའི་ཁྲོད་ན་བོད་མང་ཚོགས་ལ་ཐུགས་བརྩིས་ཆུང་མཁན་གང་མང་མང་རེད། དེ་མི་བདེན་ན། རྒྱལ་བ་རིན་པོ་ཆེའི་རོགས་སུ་ཆབ་སྲིད་ཀྱི་ལས་འགན་འཁྱེར་མཁན་གྱི་བླ་སྤྲུལ་ཅི་ཙམ་འདུག་གམ། བླ་སྤྲུལ་ཚོས་ཆུ་མགོ་ནས་རྙོག་སྡོད་པ་འདི་བོད་པའི་མིག་གིས་མཐོང་མི་ཐུབ་པ་དང་ཁ་ནས་བཤད་མི་ཐུབ་པའི་དུས་ཚོད་ཡལ་ཚར་བ་རེད། ལྷ་ས་ས་རེད། ཇོ་བོ་ཟངས་རེད། བླ་སྤྲུལ་མྱི་རེད། ཧ་ལས་རྒྱུ་ག་རེ་ཡོད།

  9. མི་ says:
    2008-12-09 at 12:47 am

    སྤོབས་པ་དང་འགྲམ་ནག་ཟེར་བ་འདི་དག་རྒྱ་ནག་གི་སློབ་གྲའི་ནང་ནས་་གུང་ཁྲན་ཏང་གི་དུག་ཚོ་མཁན་་རེད། བླ་མའི་སྲིད་སྒྲུབ་ན་བླ་མས་སྲིད་སྒྲུབ་ཀིན་འདུག་ཞེས་ངན་བརྗོད། བླ་མས་སྲིད་མ་སྒྲུབ་ནའང་བླ་མས་སྲིད་སྒྲུབཀིན་མི་འདུག་ཟེར་ནས་ངན་བརྗོད་ཀིན་འདུག། དོན་དུ་ནང་ཆོས་ལ་དགའ་ནི་མ་རེད།

  10. ÇtôzÅ-q- says:
    2008-12-10 at 5:17 am

    རྡ་རམ་ས་ལའི་རྒྱུད་ཀྱི་གཞོན་སྐྱེས་ཤེས་ཡོན་ཅན་ཚོའི་ཁྲོད་དུ་ལྟ་སྟངས་མི་འདྲ་བ་གཉིས་འདུག རིགས་གཅིག་གིས་གྲྭ་བཙུན་སྤྱི་དང་ལྷག་པར་ཡང་བླ་ཆེན་ཚོ་ཆབ་སྲིད་གྱི་ལས་འགུལ་ལ་ཞུགས་དགོས་ཀྱིན་འདུག་ཟེར་གྱིན་འདུག རིགས་གཞན་ཞིག་གིས་བླ་གྲྭ་ཚོ་ཆབ་སྲིད་ཞུགས་ཁུལ་བྱས་ན་ཆབ་སྲིད་ལ་མི་ཕན་ཐོག་ཁོ་རང་ཚོའི་རྒྱལ་བསྟན་འཛིན་སྐྱོང་ལ་གནོད་ཀྱིན་འདུག་པས་མཚམས་བཞག་ན་ལེགས་ཚུལ་ཤོད་ཀྱིན་འདུག ཕྱོགས་གཉིས་པོར་ཡང་རྒྱུ་མཚན་མང་པོ་བགྲང་རྒྱུ་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme