Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མཐོ་རྒྱུགས་ལ་ཞུགས་པའི་འབྲོག་གྲོང་གི་སློབ་མ། ཡིག་འཕྲིན།

Posted on 2020-07-08 By ཁ་བརྡ No Comments on མཐོ་རྒྱུགས་ལ་ཞུགས་པའི་འབྲོག་གྲོང་གི་སློབ་མ། ཡིག་འཕྲིན།

འདྲེ་གླེན་པ།
 
སྙིང་ནས་བརྩེ་བའི་ནུ་བོ་མགོན་པོ་ཚེ་བརྟན། ད་ཁྱོད་ལོ་ག་ཚོད་རེད་གོ ། ངས་གསལ་བོ་ཞིག་མི་དྲན་གི ། འོན་ཀྱང་། ངས་ད་དུང་ཡང་གསལ་བོ་དྲན་པ་ནི་ང་འགྲོ་ཁར་ཁྱོད་ཀྱིས་དོར་མ་ཐེད་པོ་ཞིག་གྱོན་ནས་ང་ལ་མིག་ཅེར་ནས་བལྟས་འདུག་པ་དྲན་སོས། གཏན་ནས་བརྗེད་ཐབས་མི་འདུག ཁྱེད་རང་དེ་དུས་ཧ་ཅང་ཆུང་། སློབ་ཆུང་ལོ་རིམ་གཉིས་གསུམ་ཙམ་ཡིན་ངེས། འོན་ཀྱང་། ངས་བསམ་པར་ཁྱེད་ཀྱིས་དེ་དུས་ནས་སེམས་ཁྲལ་བྱ་ཤེས་ཀྱི་འདུག་དྲན་ནས། ངས་ཁྱེད་ཅག་ཚང་མར་སེམས་ཁྲལ་ལ་གཏད་པ་དེར་འགྱོད་པ་གཏིང་ནས་སྐྱེས། ཕྱིས་སུ་ཡང་བྱིས་པ་འཚར་སྟངས་སྐོར་གྱི་དཔེ་དེབ་འགའ་ཀློག་སྐལ་བྱུང་བས། “བྱིས་པ་ནི་དྭངས་གཙང་གིས་འཚར་དགོས་པས། ཨ་ན་མ་ན་ཁྱེད་ཀྱི་ལྡུམ་ར་རུ་བཏབ་པའི་མེ་ཏོག་ལྟར་ཚ་གྲང་སྙོམ་པོ་བྱས་ཏེ་སྐྱེ་སྟོབས་འཕེལ་དགོས་པ་ཡིན་པས། བྱིས་པར་ནམ་ཡང་སྐྱོ་ངལ་སྤྲོད་མི་རུང་”ཞེས་པ་མཐོང་བས་བློ་འགྱོད་ཤིན་ཏུ་སྐྱེས། འོན་ཀྱང་། དུས་ཚོད་ནི་བཟློག་ཏུ་མེད་པས་གཏན་དུ་གཡང་གཟར་དུ་འབབ་པའི་རྦབ་ཆུ་ལྟར་བཞུར་ཟིན། དེ་ལྟར་ཏུ་མི་ལོ་བཅུ་ལྷག་ཅིག་མིག་འབྱེད་འཛུམ་ཙམ་གྱིས་བཞུར་སོང་།

ད་ཚོད་ཁྱོད་གསར་བུ་ཆགས་འདུག སློབ་གྲྭར་སོང་མེད་ན་ཨ་ཕ་ཡང་ཆགས་ཚར་ཡོད་ངེས། ཞ་ཞིས་ཁ་ཤས་ཀྱི་ཨ་ཕ་ཡིན་ངེས། འོན་ཀྱང་། ཁྱེད་ཀྱི་དུས་སྐབས་ནི་ཚང་མ་སློབ་གྲྭར་ཕྱོགས་བཞིན་པའི་སྐབས་ཤིག་ཡིན་ཙང་མི་ཐོགས་དེ་ནས་ན་གཞོན་ཚོས་རང་གི་གདོད་མའི་འཚོ་བ་བསྐྱུར་འགོ་ཚུགས་ཏེ་ཀུན་པོ་སློབ་གྲྭར་ཕྱོགས་པ་རེད། ཁྱེད་རང་ཡང་དེའི་ཁྲོད་ཀྱི་གཅིག་རེད། ཕ་མའི་སློབ་གསོ་རྒྱང་དུ་བཞག་སྟེ་དགེ་རྒན་ཟེར་བའི་འགྲོ་བ་མིའི་རིགས་ཀྱི་རྣམ་ཤེས་བཟོ་དཀྲུན་པ་རེ་རེའི་འགྲམ་དུ་བཅར་བ་རེད། ད་ནི་སློབ་ཆུང་དང་དམའ་འབྲིང་། མཐོ་འབྲིང་སོགས་བརྒྱུད་དེ་མཐོ་སློབ་ལ་ཞུགས་རན་པ་རེད། ངས་ཁྱེད་ཀྱི་བསམ་བློར་རྒྱུས་ལོན་བྱེད་ཐུབ་ཀྱི་འདུག ད་ཚོད་ཁྱེད་རང་ཧ་ཅང་ཚ་གི་ཚིག་གི་ཆགས་ཏེ་བློ་རྩེ་གཅིག་སྒྲིལ་གྱིས་མཐོ་རྒྱུགས་ལ་ཞུགས་ཐུབ་ཀྱི་མེད་པ་རྒྱུས་ལོན་བྱེད་ཐུབ་ཀྱི་འདུག དེ་ནི་ཁྱེད་ཙམ་མིན་པར་སང་ཉིན་གྱི་རྒྱུགས་སྤྲོད་ལ་ཞུགས་པའི་བོད་དང་སོག་པོ་ཚུད་པའི་དགྱ་ནག་སྐམ་ས་ཆེན་མོའི་སློབ་འབོར་ས་ཡ་བཅུ་ལྷག་ཅིག་གི་སེམས་ཁམས་ཡིན་ངེས། འོན་ཀྱང་། འཛམ་གླིང་གི་མཐོ་རྒྱུགས་སློབ་མའི་རང་སྲོག་གཅོད་པའི་གྲངས་འབོར་མང་ཤོས་ཀྱི་རྒྱལ་ཁབ་དགྱ་ནག་གི་ཤེས་ཡོན་སྲིད་ཇུས་ཁྲོད་ནས་རང་རིགས་བོད་མི་རྣམས་ནི་མཐོ་རྒྱུགས་མ་འཕྲོད་ན་ཚེ་སྲོག་མི་དགོས་ལབ་མཁན་གྱི་གྲས་མིན་པས་ང་ནི་ཁྱེད་ཅག་ལ་སེམས་ཁྲལ་ཁྱོན་ནས་མེད།

དེ་རིང་གི་དུས་སྐབས་འདིར་མི་རིགས་གཞན་རྣམས་ནི་ཚན་རིག་གི་དུས་སྐབས་ནས་ཕྱིར་ལོག་སྟེ་སྔར་གྱི་གདོད་མའི་དུས་སྐབས་ལ་རེ་སྨོན་བྱེད་ཅིང་། གྲོང་ཁྱེར་དང་ཁ་ཐག་རིང་བའི་ས་ཆ་ཞིག་ནས་འཚོ་བ་བཅའ་རྒྱུ་བྱུང་ན་བསམ་པའི་སྐབས་ཤིག་རེད། རྫས་དུད་ཀྱིས་མ་བཀབ་པའི་ནམ་མཁའ་སྔོ་སང་ངེ་ཡོད་པའི་གནམ་འོག་ཅིག་ནས་མི་ཚེ་སྐྱེལ་རྒྱུ་བྱུང་ན་བསམ་པའི་སྐབས་ཤིག་རེད། འོན་ཀྱང་། རང་རིགས་སློབ་མ་ཚོས་ཅི་ཞིག་བསམ་གྱིན་ཡོད་དམ། མཐོ་རྒྱུགས་མ་འཕྲོད་ཚེ་ཕྱིར་རྩྭ་ཐང་དུ་ལོག་སྟེ་འཚོ་བ་སྐྱེལ་རྒྱུ་བྱུང་ན་བསམ་མཁན་རེ་ཡོད་རེད་དམ། ད་དུང་སློབ་ཆེན་ཚར་བ་དང་གཞན་གྱི་བྲན་གཡོག་ཆགས་ཏེ་ལས་ཁུངས་ཐེབས་ཆག་ཅིག་ནས་ལས་བྱེད་ཐབས་སྡུག་ཅིག་བྱེད་རྒྱུ་མ་བྱུང་ན་ངོ་གནོང་བ་ལ་བསམ་མཁན་ཡང་ཡོད་དམ།

ང་རང་ཁྱེད་དང་རྒྱང་ཐག་རིང་རྐྱེན་དོན་དག་མང་པོ་ཞིག་ལ་གཏན་ནས་ཚོད་དཔག་བྱེད་མི་ཐུབ་པ་ནི། ཁྱེད་ཀྱིས་སློབ་ཡུན་དེ་དག་གི་ནང་དུ་དཔེ་དེབ་ག་ཚོད་ཅིག་བཀླགས་ཡོད་པ་དང་གཅིག དགའ་ཕྱོགས་ག་རེ་བཟུང་ནས་དཔེ་མཛོད་ལ་ཕྱིན་ཡོད་པ་དང་གཉིས། རང་གི་ཆུང་དུས་ཀྱི་རྩེད་རོགས་དང་བྱམས་པ་དག་ལ་བསམ་ཚུལ་ག་རེ་བཤད་ཡོད་ན་སྙམ་པ་དང་གསུམ་གྱི་ཁར། རྨི་ལམ་ཅི་ཞིག་རྨིས་ཡོད་ན། འབྲོག་གྲོང་གི་མི་རྣམས་ལས་བློ་འབྱེད་ག་རེ་བྱུང་ཡོད་ན། མཐོ་འབྲིང་ཚར་བ་དང་ཁྱེད་ཀྱིས་ཅི་ཞིག་ལ་འདངས་བརྒྱབ་ཡོད་དམ། རང་གི་འཚོལ་སྙེགས་ཀྱི་དམིགས་འདུན་མ་རྙེད་པར་ལྷག་ཡོད་དམ་སོགས་མང་པོ་ཞིག་སེམས་ལ་འཁོར་ཞིང་ཡོད། གང་ལྟར། ད་ནི་རྒྱུགས་དམིགས་སློབ་གསོ་དང་འབྲེལ་བའི་ཤེས་ཡོན་ཉི་ཚེ་བ་ཁོ་ནས་དབང་སྒྱུར་བའི་དུས་སྐབས་ཡོངས་སུ་ཡོལ་ཟིན་པ་འདི་ཁྱོད་ཀྱིས་ཀྱང་ཤེས་ཀྱིན་ཡོད་ན་སྙམ། དེ་ལས་གཞན་ངར་ཁྱོད་ལ་དམིགས་བསལ་ཅི་ཡང་བཤད་རྒྱུ་མེད་མོད། མཐོ་རྒྱུགས་ཚར་བ་དང་ངས་ཁྱོད་སྐར་གྲངས་ཀྱི་རྗེས་སྙེགས་མཁན་ཞིག་མིན་པར་ཆེད་ལས་དང་དགའ་ཕྱོགས་ཀྱི་སྣེ་མོ་འཛིན་མཁན་ཞིག་ཡོང་བར་རེ་སྨོན་བྱེད།

6/7/2020 ཉིན་ཨོ་སི་ཁྲོ་ལི་ཡཱ་འི་གྲོང་ཁྱེར་སེཌ་ཎེ་དང་ཁ་ཐག་ཉེ་བའི་གནས་མཆོག་རི་སྔོན་པོ་ནས་ཡུལ་འཁྱམས་པ་ཤེལ་དགེ་འདུན་ཚེ་རིང་གིས་ནུ་བོ་མགོན་པོ་ཚེ་བརྟན་ལ་བྲིས་པའོ།།

འཕྲིན་ཡིག

Post navigation

Previous Post: བོད་ཕྲུག་ལོང་བ་རྣམས་ལ་ཤེས་རབ་ཀྱི་མིག་སྦྱིན་པའི་ཕྱི་གླིང་མཛངས་མ།
Next Post: ཨ་མ་བཀའ་དྲིན་ཅན་གྱི་ངང་ཚུལ་ངེས་པར་བརྗོད་པའི་གཏམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme