Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༸བཀའ་དྲིན་རྗེས་དྲན་མཆོད་འཕྲིན།

Posted on 2020-07-05 By ཁ་བརྡ No Comments on ༸བཀའ་དྲིན་རྗེས་དྲན་མཆོད་འཕྲིན།

རིག་རྣམ། དཔེ་སྟོན་སློབ་གྲྭ། འཛིན་རིམ་༦ ཁ རང་ལོ་༡༡
 
ད་ཆ་རྒྱལ་ཡོངས་ཀུན་ཏུ་ནད་ཡམས་ཁྱབ་གདལ་སོང་བའི་རྐྱེན་གྱིས་ཕྱི་རོལ་དུ་འགྲོ་རྒྱུ་མེད་ཅིང། ཁྱིམ་ཁོ་ནར་སྡོད་དགོས་པས་ཉོབ་སྣང་གིས་དུས་ཚོད་ཀྱང་འཁྱོལ་བ་དཀའ། ང་འདྲ་བའི་བུ་ཞིག་རྒྱལ་ཡོངས་སྒོ་བརྒྱབ་ནས་སློབ་གྲྭར་འགྲོ་མ་ཐུབ་པར་བརྟེན་ལེ་ལོའི་དྲྭ་བར་ཚུད་དེ་ཉིན་མཚན་ཀུན་ཏུ་མུན་ནག་གི་ཁྲོད་དུ་ལུས་པའི་ཁེར་རྐྱང་གི་ཚོར་སྣང་སྐྱེས་ནས་དུས་ཚོད་མ་འཁྱོལ་བར་ཉི་མ་ལོ་ལས་རིང་བ་ལྟ་བུར་གྱུར་བའི་སྐབས། བདག་གི་ཕ་མ་དང་འདྲ་བའི་མུན་སེལ་སྒྲོན་མེ་བཀའ་དྲིན་ཅན་གྱི་དགེ་བའི་བཤེས་གཉེན་གྱིས་ངའི་དྲིན་ཅན་ཨ་མ་ལགས་ཀྱི་ཞལ་པར་ཐོག་གསུང་སྐད་སྙན་འཇམ་ལྡན་པའི་ངང་ཚེ་འདི་ཕྱི་གཉིས་ལ་བཀའ་དྲིན་འགྲན་ཟླ་མ་མཆིས་པའི་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་ཧྲིལ་བུ་བོད་མི་རྣམས་ཡང་སྒོས་འཛམ་གླིང་ཞི་བདེར་ཕན་པའི་སྐུ་ལས་མཛད་མཐའ་མེད་པ་བསྐྱོན་པའི་བཀའ་དྲིན་རྗེས་དྲན་ཐོག་རྩོམ་ཡིག་ཅིག་འབྲི་རྒྱུའི་སྐུལ་མ་གནང་བྱུང། སྐབས་དེར་ངས་སུན་སྣང་སྤུ་ཙམ་མེད་པར་ཤོག་དཀར་སྟེང་དུ་ལག་པ་འགུལ་འགོ་བརྩམས། གང་ཡིན་ཟེར་ན། འཛམ་གླིང་ཞི་བདེའི་དབུ་ཁྲིད་བོད་མི་ཡོངས་ཀྱི་ཁོག་པའི་སྙིང་དང་ལྟ་བའི་མིག་ལྟ་བུ་ཚེ་འདི་ཕྱི་གཉིས་ཀྱི་དབུ་ཁྲིད་སྐྱབས་གནས་ཁོང་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་གོ་སྐབས་འདི་འདྲ་ཐོབ་རྒྱུ་དཀའ་བས་ཁོ་བོས་རྒན་ལགས་ཀྱི་རེ་བ་ཆུད་ཟོས་སུ་མ་བཏང་པར་རང་ཉིད་ནས་གང་ཐུབ་ཀྱིས་རྩོམ་ཡིག་འདི་འབྲི་འགོ་བརྩམས་པ་ཡིན། ཐོག་མར་བོད་ཁ་བ་ཅན་འདི་རྒྱལ་ཁབ་གཞན་ལྟར་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་མཁྱེན་གསལ་རེད། འོན་ཀྱང་༡༩༤༩ལོར་རྒྱ་དམར་གྱིས་བོད་ས་ཡོངས་རྫོགས་ཡར་རྒྱས་འཛུགས་སྐྲུན་རོགས་ཕན་ཡིན་ཁུལ་གྱིས་དམག་མི་སྟོང་ཕྲག་མང་པོ་བོད་ཡུལ་དུ་འཁྲིད་ནས་བཙན་འཛུལ་བྱེད་སྒོ་བརྩམས། མཐར་ཕྱི་ལོ་༡༩༥༩ལོར་རྒྱ་དམར་ཇག་པས་བོད་རང་བཙན་འཕྲོག་པ་དང་ཆབས་ཅིག་བོད་མི་ཚོའི་ལྷ་ཡུལ་ལྟ་བུའི་ཞིང་ཁམས་ཀྱི་བདེ་སྐྱིད་ལོངས་སྤྱོད་རིམ་པས་འཕྲོག་པ་དང་རྩ་མེད་བཏང་འགོ་བཙུགས། བོད་ཀྱི་བླ་ཆེན་དང་མི་ཆེན། དེ་བཞིན་མི་དམངས་ཡོངས་ལ་བཙན་གནོན་དང་བརྙས་བཅོས་དྲག་པོ་བཏང་བས། བོད་མི་ཉིས་འབུམ་ལྷག་དང་མཉམ་དུ་བརྩེ་བའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་གྱི་ས་ཁུལ་ས་ཐག་རིང་པོ་མང་དག་ཅིག་ལ་ཞབས་ཐང་བརྒྱུད་ཕེབས་ནས་མཐར་རྒྱ་གར་འཕགས་ཡུལ་མ་སུ་རིར་སྐུ་བདེའི་ངང་ཕེབས་འབྱོར་བྱུང། སྐབས་དེར་ཁོང་ལ་རྒྱ་གར་གྱི་སྲིད་བློན་ནེ་རུ་མཆོག་ནས་ཕེབས་བསུ་ཟབ་རྒྱས་གནང་བ་དང་ལྷན་ཅིག་ཁོང་རྣམ་གཉིས་མ་འོངས་བོད་ཀྱི་གནད་དོན་དང་བོད་དེ་རང་དབང་སླར་གསོ་ཡོང་ཆེད་བཀའ་མོལ་མང་དག་གནང་ནས་མཐར་སྲིད་བློན་ནེ་རུ་མཆོག་ནས་༸གོང་ས་མཆོག་དང་བོད་མིའི་སྐུ་ངལ་མཁྱེན་རྗེས་ཁོང་གིས་ལྷག་བསམ་སྙིང་རྗེའི་སྒོ་ནས་བོད་མི་རིགས་དང་༸སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་རོགས་རམ་གང་ཐུབ་ཞུ་རྒྱུའི་ཞལ་བཞེས་གནང། དེ་རྗེས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མ་འོངས་པར་རང་དབང་སླར་གསོ་ཡོང་ཆེད་བོད་མིའི་སྒྲིག་འཛུགས་གསར་འཛུགས་དང་མང་གཙོའི་ཀ་བ་གསུམ་བཅས་ཆེད་འཛུགས་གནང།དེ་དག་ནི། ཆོས་མཐོའི་ཁྲིམས་ཞིབ་ཁང་དང། བཀའ་ཤག བོད་མི་མང་སྤྱི་མཐུས་ལྷན་ཚོགས་བཅས་ཡིན། ད་དུང་ལས་བྱེད་པ་རྣམས་མུ་མཐུད་གནས་ཆེད་ལས་བྱེད་བདག་གཉེར་ཁང་སོགས་ཆེད་འཛུགས་གནང། མ་འོངས་བོད་མིའི་རྩ་དོན་དང་སོན་རྩའི་ཆེད་དུ་བོད་པའི་སློབ་གྲྭ དགོན་སྡེ་ཁག་གསར་འཛུགས་གནང།དེ་ནས་བཙན་བྱོལ་བོད་མིའི་ས་གནས་གཞིས་ཆགས་ཁག་དང་འཚོ་རྟེན་ཆེད་དུ་ལག་ཤེས་བཟོ་གྲྭ་སོགས་གསར་བཞེངས་གནང། དེ་དག་ལ་ལྟ་རྟོག་བྱེད་པར་ནང་སྲིད་ལས་ཁུངས་དང། བོད་ནས་གསར་དུ་ཕེབས་མཁན་བོད་མི་རྣམས་ལ་རོགས་རམ་སྲུང་སྐྱོབ་ཡོང་ཆེད་བདེ་སྲུང་ལས་ཁུངས། བོད་མིའི་རིག་གཞུང་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་ཡོང་ཆེད་ཆོས་རིག་དང་ཤེས་རིག་ལས་ཁུངས། བོད་མིའི་སྒྲིག་འཛུགས་ཀྱི་འགྲོ་གྲོན་དང་ཡོང་འབབ་རྣམས་དོ་དམ་བྱེད་པར་དཔལ་འབྱོར་ལས་ཁུངས། བོད་དོན་སྐོར་འཛམ་གླིང་ཡོངས་ལ་དྲིལ་བསྒྲགས་དང་རྒྱལ་ཁབ་གཞན་དང་འབྲེལ་བ་བྱེད་པར་ཕྱི་དྲིལ་ལས་ཁུངས།བོད་མི་རྣམས་ཀྱི་འཕྲོད་བསྟེན་དང་དེ་ཡར་རྒྱས་གཏོང་ཆེད་འཕྲོད་བསྟེན་ལས་ཁུངས་སོགས་མ་འོངས་ཕུགས་རྒྱང་རིང་པོའི་དགོངས་པ་རྒྱ་ཆེ་བཞེས་པའི་འབྲས་བུར་ད་ལྟའི་བོད་མིའི་ཆབ་སྲིད་གནས་སྟངས་འཛམ་གླིང་ཡོངས་ལ་གྲགས་པ་དང། བཙན་བྱོལ་བོད་མིའི་སྒྲིག་འཛུགས་མང་གཙོ་ཚད་ལྡན་ཐོག་འགྲོ་བཞིན་པ་དེ་༸མགོན་པོ་གང་གིས་དབུ་ཁྲིད་གནང་བར་བརྟེན་ནས་བྱུང་བ་རེད། དེ་བཞིན་༸སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཡི་རྒྱལ་ཁབ་ཁག་ལ་ནང་པ་སངས་རྒྱས་པའི་ཆོས་དང་མིའི་སྤྱི་ཚོགས་ནང་མི་སྤྱོད་བཟང་པོ་དང་མི་དང་མིའི་བར་ཕན་ཚུན་འཆམ་མཐུན་དགོས་པ་སོགས་བཀའ་སློབ་གནང་བ་མ་ཟད། ཕྱིའི་རྒྱལ་ཁབ་དང་འབྲེལ་མཐུད་གནང་འགོ་བཙུགས་ནས་བོད་མི་འཛམ་གླིང་གང་སར་གནས་འཁོད་བྱེད་ཆོག་པ་མ་ཟད། བོད་མི་ཚོར་དམིགས་བསལ་ཆེད་མཐོང་རྩིས་འཇོག་སོགས་གང་ལེགས་བྱེད་པ་དང། ཁོང་གིས་བོད་རང་གཙང་མའི་རྒྱལ་ཁབ་དེ་སྤྱི་ལོ་༡༩༥༩ལོར་རྒྱ་དམར་གྱིས་བཙན་འཕྲོག་བྱས་རྗེས་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་དུ་བཙན་བྱོལ་ལ་གནས་པ་སོགས་བོད་མིའི་གནས་སྟངས་ཕྱི་རྒྱལ་མི་རིགས་ལ་འབྲེལ་ལམ་ཐོག་ནས་ཡང་ནས་ཡང་དུ་ཁྱབ་བསྒྲགས་གནང། མཐའ་དོན་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་རང་ཉིད་ཀྱི་རང་དོན་སྤུ་ཙམ་མེད་ཅིང་མཚན་མོའི་སྐར་ཚོགས་ཀྱིས་ཀྱང་འགྲན་མི་ཐུབ་པ་ལྟར་ཡིན་པས། ༸གོང་ས་མཆོག་ཁོང་གི་བཀའ་དྲིན་དང་བཀའ་སློབ་རྣམས་རྡོ་ལ་རི་མོ་བརྐོས་པ་ཇི་བཞིན་སེམས་ནང་བཞག་དགོས་པ་ཡིན། ཁོང་གི་བཀའ་སློབ་རྣམས་ཉན་ནས་ཡར་རྒྱས་བཏང་དགོས་པ་མ་ཟད། ཁ་གཡེང་མིག་གཡེང་ནམ་ཡང་བྱེད་རྒྱུ་མེད། ཡིན་ནའང། དེང་དུས་ཕྲུ་གུ་རྣམས་ནས་ཁོང་གི་བཀའ་དྲིན་དང་མི་རབས་གོང་མ་རྣམས་ཀྱིས་སྐུ་ངལ་ཁྱད་བསད་ཀྱིས་འབད་བརྩོན་གནང་བའི་མཇུག་འབྲས་བཀའ་དྲིན་སེམས་ནང་མ་བཞག་པར་དེ་ལས་ལྡོག་སྟེ་མིག་འཁྲུལ་སྒྱུ་མའི་ཁྲ་ཁྲ་ཟིང་ཟིང་ལ་མགོ་འཁོར་ནས་གསེར་ལས་དཀོན་པའི་དུས་ཚོད་ཆུད་ཟོས་སུ་གཏོང་བའི་བྱེད་སྟངས་མཐོང་སྐབས་དངོས་གནས་ངོ་གནོང་དགོས་པ་ཞིག་རེད།

ལྔ་བཅུ་ང་དགུའི་ལོ་ལ་རྒྱ་ཡིས་བཙན་འཛུལ་བྱས།།
རྩ་ཆེན་བོད་ཀྱི་སྣོད་བཅུད་རྩ་གཏོར་བཏང།།
སྒང་པ་ཚང་གི་ལྷ་སྐལ་ཡིད་བཞིན་ནོར།།
བསྟན་དང་འགྲོ་བའི་དོན་དུ་རང་ཡུལ་བསྐྱུར།།

ལ་ལུང་ཀྱག་ཀྱོག་གྲངས་མེད་བརྒལ་བའི་རྗེས།།
རྒྱ་གར་འཕགས་པའི་ཡུལ་ལ་སྐུ་བདེར་འབྱོར།།
མཐོ་རིམ་མི་དྲག་མང་པོས་དགའ་བས་བསུས།།
མ་འོངས་བོད་ཀྱི་རྩ་དོན་སླར་གསོའི་ཆེད།།

ཐུགས་ཀྱི་དགོངས་པར་ཤེས་ཡོན་དང་པོར་དགོངས།།
ཕྱོགས་མཐའ་ཀུན་ནས་བཤེས་གཉེན་རྩེ་སྒྲུག་གིས།།
དུས་དང་མཚམས་པའི་མ་འོངས་སོན་རྩ་བསྐྱངས།།
དེ་དག་དུས་དང་མཚམས་པའི་སློབ་མཐར་སོན།།

ད་ལྟའི་དུས་སུ་མི་རབས་གཉིས་གསུམ་རྗེས།།
དགུང་ལོ་བཅུ་དྲུག་སོན་དུས་དགོངས་བཞེས་བཞིན།།
བཙལ་བྱོལ་བོད་གཞུང་དམངས་གཙོའི་འགྲོ་ལམ་ཐོག།
མང་མོས་འོས་བསྡུར་ཤར་སྐྱོད་བྱེད་འགོ་བཙུགས།།

བསྟན་པའི་གཞུང་དེ་འཕགས་པའི་ཞིང་ཁམས་འདིར།།
སླར་ཡང་ཡར་ཟླའི་དཔལ་བཞིན་གོང་འཕེལ་མཛད།།
ཆོས་ཀྱི་བཀའ་ཁྲིད་རྒྱུན་ཆད་མེད་པར་གནང།།
འཛམ་གླིང་ཡོངས་སུ་མཚན་སྙན་རྟ་བདུན་གྲགས།།

རྙེད་དཀའི་རླབས་ཆེན་མཛད་འཕྲིན་དེ་དག་ནི།།
སེམས་ཁོང་རུས་པའི་གཏིང་ནས་མ་བརྗེད་པར།།
རྡོ་ལ་རི་མོ་བརྐོས་བཞིན་ཡིད་ལ་འཛིན།།
ཚེ་རབས་ཀུན་ཏུ་བཀའ་དྲིན་རྗེས་དྲན་ཞུ།།

སྣ་ཚོགས།

Post navigation

Previous Post: ༸བཀའ་དྲིན་ཉི་མའི་འོད་ཟེར།
Next Post: སྐུ་ཡི་འཁྲུངས་སྐར་ལ་ཕུལ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme