Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཧོང་ཁུང་། བོད་ཀྱི་སྐར་ཁུང་།

Posted on 2020-07-02 By ཁ་བརྡ 1 Comment on ཧོང་ཁུང་། བོད་ཀྱི་སྐར་ཁུང་།

སད་མི།

<<ཧོང་ཁུང་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས >> འབོད་པ་འདི། རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན 162 ཡིས་སྤྱི་མོས་སྒོས་གཏན་ལ་ཕབ་པ་དང་། ཁྱོན་ལེའུ 6 དང་། དོན་ཚན 66 བདག་ཉིེད་ཅན་དུ་གྲུབ།

རྒྱལ་ཁབ་ཁ་བྲལ་གཏོང་བ་དང་། རྒྱལ་ཁབ་སྲིད་དབང་མགོ་རྟིང་སློག་པ། འཇིགས་སྐུལ་བྱེད་སྒོ་སྤེལ་བ། ཕྱི་རྒྱལ་དང་ངན་འབྲེལ་བྱེད་པའམ་ཕྱི་ལོགས་སྟོབས་ཤུགས་ལ་བརྟེན་ནས་རྒྱལ་ཁབ་བདེ་འཇགས་ལ་ཉེན་ཁ་བཟོ་བ། བཤད་མ་ཐག་པའི་དོན་ཚན་འདི་བཞི་བཅའ་ཁྲིམས་སུ་བཙུད་ཡོད་པ་རེད།

ད་དུང་བཀོད་དོན། གལ་ཏེ་ཧོང་ཁུང་ས་གནས་ཁྲིམས་གཞི་དང་བཅའ་ཡིག་འདིར་མི་མཐུན་ཕྱོགས་མཆིས་ཚེ། བཅའ་ཡིག་འདི་ཉིད་ཚད་འཛིན་བྱ་དགོས་ཟེར། དེས་ན། བཅའ་ཁྲིམས་འདི་ཧོང་ཁུང་ས་གནས་ཀྱི་ཁྲིམས་གཞི་མཐའ་དག་གི་སྒང་ལ་བཞག་ཡོད་པ་དེ་རེད། དེས་མི་ཚད། བཅའ་ཁྲིམས་འདིའི་འགྲེལ་བརྗོད་བདག་དབང་པེ་ཅིང་གི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལ་ཡོད་ཟེར།

ལྷག་པར་དུ། དོན་ཚན་སོ་བརྒྱད་ལས། ཧོང་ཁུང་དམིགས་བསལ་ས་ཁུལ་དུ་གནས་སྡོད་ཆོག་པའི་ཐོབ་ཐང་མེད་པ་ཚོས་ཀྱང་། གལ་ཏེ་ཧོང་ཁུང་གི་ཕྱི་ལོགས་ས་ཁུལ་ནས་བཅའ་ཁྲིམས་འདི་དང་འགལ་བའི་ལས་ཀ་བྱས་ཚེ། ཁྲིམས་གཞི་འདི་ལག་བསྟར་བྱ་རྒྱུ་ཡིན་ཟེར། དེ་ཡིན་དུས། དོན་དུ་ཧོང་ཁུང་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་འབོད་པ་འདི། ཧོང་ཁུང་ཙམ་དུ་མ་ཟད། འཛམ་གླིང་གི་འགྲོ་མི་ཐམས་ཅད་ཁྲིམས་སུ་བཅས་པའི་གདོན་ཡིག་ཅིག་ཡིན་པ་རེད།

དེ་རིང་ནས་བཟུང་། ཧོང་ཁུང་གི་ཡུལ་མི་ཁྲི་ཚོ་བདུན་བརྒྱ་བོ་རང་དབང་དང་དམངས་གཙོ་ཁ་ཕྲལ་བ་རེད་ལ། ད་ནས་བཟུང་། བོད་དང་ཡུ་གུར་ལྟར་དུ། འཇིགས་དངངས་དང་ཞེད་སྣང་ཞིག་གི་སྤྱི་ཚོགས་ཤིག་ནས་འཚོ་དགོས་པ་རེད། བོད་དང་ཡུ་གུར་ལྟར་དུ། རྒྱལ་ཁབ་གཞན་དང་གཞན་དུ་སྐྱབས་བཅོལ་མ་སོང་ཐུ་མེད་ཆགས་ཚར།

ད་གལ་ཏེ། རྒྱ་ནག་གིས་དབྱིན་ཇི་བཙན་རྒྱལ་བ་དང་མཉམ་དུ་གན་རྒྱ་བཞག་ལ། འཇོག་སའི་ཁ་གཏད་ཀྱང་རྒྱ་ནག་པ་རང་ཉིད་དང་སྐད་ཡིག་རིག་གནས་ཆུ་ལ་ཆུ་བཞག་གི་སྤུན་ཟླ། དེས་མི་ཚད་ཀྱི་ཧོང་ཁུང་ནི་འཛམ་གླིང་ན་འཐེན་ཤུགས་ཡོད་པའི་ཚོང་རྭ་དང་ཤར་ཕྱོགས་ཀྱི་མུ་ཏིག་འོད་པོ་ཅན་རྡོག་གཅིག་པུ་དེ་རེད། དེའི་སྟབས་ཀྱིས་དབྱིན་ཇི་བ་ཙམ་དུ་མ་ཟད། ཨ་རི་བཙན་རྒྱལ་རིང་ལུགས་ཚང་དང་ཡོ་རོབ་མནའ་འབྲེལ་ཚང་། མདོར་ན་ང་ཆེ་ང་བཙན་གྱི་རྒྱལ་ཁབ་ཚོགས་སྡེ་ཐམས་ཅད་ཀྱི་མིག་འོག་ན། ཅི་མི་སྙམ་པར་ཆིངས་གན་རྩ་གཏོར་གཏོང་ཐུབ་གི་ཡོད་ན། བཙན་བྱོལ་བོད་པ་འདྲ་བོ་དག་གིས་རྒྱ་ནག་དང་གྲོས་ཁ་གཏམ་རྒྱུ་དང་། རྒྱ་ནག་པོས་གྲོས་དོན་དེ་དག་བརྩི་སྲུང་བྱེད་པའི་ཡིད་ཆེས་དང་གདེང་སྤོབས་ཤིག་ཡོང་སའི་གཞི་མེད་གནས་མེད་དོ།

དེའི་ཕྱིར། བོད་པ་ཚོ་ལ་སྲིད་དོན་རིག་པའི་ཕྱོགས་ནས་མཁྱེན་རྒྱ་ཡངས་པའི་སློབ་སྟོན་པ་ཡོད་མེད་མི་ཤེས་ལ། དགོས་ཀྱང་མི་དགོས། ང་ཚོས་ནི། ང་ཚོ་དང་ལས་དབང་ཧ་ཅང་གཅིག་པའི་ཧོང་ཁུང་བ་ཚོའི་གནས་བབ་ལ་ཅེར་ཏེ་བལྟས་འོངས་ན། དེ་གས་ཆོག ཧོང་ཁུང་འདི་བོད་ཀྱི་མ་འོངས་བལྟ་སའི་སྐར་ཁུང་ཆེས་གསལ་ཤོས་དེ་ཡིན་ལ། བོད་ཀྱི་མ་འོངས་རྒྱ་ལྟ་བྱེད་པའི་རྒྱང་ཤེལ་སྤུས་ཀ་ལེགས་ཤོས་དེའང་ཡིན།

དེ་འདྲ་ཡིན་སྟབས། གལ་ཏེ་སུ་འདྲ་ཞིག་གིས་རྒྱ་ནག་དང་སྐད་ཆ་བཤད་ནས་ཁ་དན་བཟོ་རྒྱུ་ཡོད་། ས་ཡིག་རྒྱག་རྒྱུ་ཡོད་ཟེར་ན། དེས་ནི་རྒྱ་ནག་ལ་རྩ་བའི་ཆ་རྒྱུས་ཙམ་མེད་རྟགས་ཡིན། ད་བར་དུ། འདས་པའི་ལོ་རྒྱུས་ནང་སུས་ཀྱང་རྒྱ་ནག་དང་གྲོས་གཏམས་རྗེས་ཁ་དན་བརྩི་སྲུང་བྱས་པའི་ལོ་རྒྱུས་ཤིག་ག་ན་ཡོད།

དངོས་གནས་བྱས་ན། རྒྱ་ནག་རྒྱུས་མངའ་ཆེས་ཆེ་ཤོས་ནི་བོད་དང་ཡུ་གུར་སོགས་ཡིན་ལོས་དགོས། ཆིངས་དོན་བཅུ་བདུན་ཅི་བྱས་སོང་། ཧ་ལམ་སྣག་ཚ་ཡང་མ་སྐམ་གོང་ནས་གཏོར་བཤིག་བཏང་ཨེ་སོང་། ཧོང་ཁུང་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཅི་འདྲ་བྱས་སོང་། འཛམ་གླིང་མི་དམངས་ཀྱིས་བལྟས་བལྟས་རིག་རིག་ལ་ཁ་དན་ཡོད་ཚད་རྩབས་ཧྲལ་ལ་བཏང་མ་སོང་ངམ། དེ་བཞིན་དུ་མན་ཇུ་དང་རྒྱ་ནག་དབར་གྱི་གོ་གནས་ཕྱིར་བསྡུའི་ཆིངས་ཡིག་རེད། མའོ་ཙེ་ཏུང་དང་ཅང་ཅེ་ཧྲིའི་གྲོས་མོལ་སོགས་རྐང་རྡོག་གཅིག་ཁ་དན་ལྟར་དུ་གནས་སོང་ངམ།

དེ་རིང་ཁ་སང་གི་རྒྱལ་སྤྱིའི་འགྲོ་མིའི་ཐོབ་ཐང་བསྒྲགས་གཏམ། འཛམ་གླིང་ཚོང་དོན་སྒྲིག་འཛུགས WTO རེད། ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་གན་རྒྱ་རེད། ཉིང་རྡུལ་མཚོན་ཆ་ཁྱབ་སྤེལ་མི་བྱེད་པའི་གན་རྒྱ་རེད། ཨ་རི་དང་ཉོ་ཚོང་གན་རྒྱ་རེད། མདོར་ན་གན་རྒྱ་ཐམས་ཅད་ནས་ཐམས་ཅད་ཕྱིར་བཤིག་དང་རྩ་གཏོར་བཏང་བ་མ་རེད་དམ།

ཐ་ན། རྒྱ་ནག་ཁོ་རང་ཚོའི་ཏང་རྒན་རྒྱས་འཛོམས་སྒོ་ནས་གཏན་ལ་ཕབ་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཟེར་བ་དེའང་སྲུང་བརྩི་མི་བྱེད། ལག་བསྟར་མི་དགོས་ན། ཅིའི་ཕྱིར་དུ། བོད་དང་ཡུ་གུར་འདྲ་བོ་དག་གི་ཁ་ཆད་ལ་བརྩི་བཀུར་བྱེད་པ་ཡིན།

07.01.2020

ཉིའུ་ཡོག

བསམ་ཚུལ།

Post navigation

Previous Post: ལོ་བཅུ། ཧོང་ཀོང་གི་ལུང་བསྟན་གློག་བརྙན།
Next Post: ༸རྒྱལ་བའི་མཛད་བཟང་དྲན།

Comment (1) on “ཧོང་ཁུང་། བོད་ཀྱི་སྐར་ཁུང་།”

  1. སྐལ་བཟང says:
    2020-07-03 at 4:27 pm

    རྒྱ་གམར་གཞུང་ཁ་དན་ཚིག་ལ་མི་གནས་པ་ཞིག་ཡིན་པ་ང་ཚོ་ཚང་མས་ཤེས་ངེས་ཡིན་མོད།འོན་ཀྱང་ང་ཚོར་གྲོས་མོལ་ལས་གཞན་པའི་གདམ་ཀ་ག་རེ་ཡོད་དམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme