Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དྲ་ཐོག་ན་འཚང་བའི་བོད་པའི་གཞོན་རབས།

Posted on 2020-06-302020-06-30 By ཁ་བརྡ 4 Comments on དྲ་ཐོག་ན་འཚང་བའི་བོད་པའི་གཞོན་རབས།

རྔ་བློས།
 
བོད་དུ་གཞོན་སྐྱེས་མང་པོ་དྲ་ལམ་དུ་འཚང་ག་རྒྱག་བཞིན་པ་མཐོང་བ་ན།གང་ཡང་མི་རྟོགས་ཅི་ཡང་མི་ཤེས་ཟེར་བ་དེ་དྲན་བཅུག་སོང་། རང་མགོ་རང་གིས་རྡུང་།ཕ་མགོ་བུས་གཡོག་ཟེར་བའི་གཏམ་དཔེ་ཡང་ཁ་ལ་སླེབས་སོང་། ཇི་འདྲའི་བོད་མི་མང་པོ་ཞིག་གི་དུས་ཚོད་འཕྲོ་བརླག་དང་མི་མེད་བདག་མེད་བཟོ་བཞིན་འདུགཕ་ས་ཕ་ཡུལ་འདིའི་ངོ་གདོང་འདི་བསམས་ན་སེམས་སྐྱོ་ཞིང་ཐང་ཆད་ཀྱིན་འདུག

བོད་དུ་དྲ་ལམ་ཐད་གཏོང་ཟེར་ནས་དགོས་པའི་གཏམ་སྣ་གཅིག་ཀྱང་མེད་པར། མི་དགོས་པ་ཁ་བཙོག་རྐྱང་རྐྱང་བཤད་དེ། མི་སྟོང་ཕྲག་མང་པོ་དྲ་ལམ་དུ་བསྡད་དེ་ཆུ་ཚོད་ག་ཚོད་ཆུ་ཟོས་སུ་གཏོང་གི་འདུགཆུ་ཚོད་ཟེར་བ་དེ་ག་ཚོད་རྩ་ཆེན་པོ་ཡིན་པ་ཞུ་མི་དགོས། མི་རིགས་ཤིག་ལ་ཐོབ་པའི་གྲུབ་འབྲས་ཚང་མ་ཆུ་ཚོད་དམའཛིན་རང་ལས་བྱུང་བ་རེད།ད་བོད་དུ་བོད་མི་ཚོར་གཅིག་ལྟོས་དང་། ཉིན་ཁར་ཉིན་བཞག་སྟེ་དྲ་ལམ་དུ་འཚང་ག་བརྒྱབ་སྟེ་སྡོད་མཁན་ག་ཚོད་འདུགངས་ཤེས་ཚོད་ཡིན་ན། བསྡེབས་གཅིག་ལ་ལྟ་མཁན་སྟོང་ཕྲག་གསུམ་བཅུ་ནས་བཞི་བཅུའི་བར་རེད། ད་ག་བར་བསླེབས་སོང་།མི་མང་པོ་དེ་འདྲ་ཞིག་གི་ཆུ་ཚོད་འཕྲོ་བརླག་གཏོང་གི་ཡོད། ང་ཚོ་གང་དུ་འང་བསླེབས་མ་ཐུབ་པར་མིའི་རིགས་ཀྱི་གྲལ་མཐའ་ལྷག་བསྡད་དེ་ཡང་། བསམ་བློ་སྐྱོ་དྲགས་པ། མཐོང་རྒྱ་ཆུང་བ།རང་ངོ་མ་ཤེས་པ། རྒྱང་རིང་ལ་ལྟ་མི་ཐུབ་པའི་མི་དྲ་ལམ་དུ་འཚང་མཁན་ཁོང་ཚོ་ལྟ་བུ་མང་དྲགས་བས་ལོན་ཡིན། ཁྱོད་ཚོར་རྒྱལ་ཁབ་དང་མི་རིགས་ཀྱི་སྐད་ཆ་བཞག་ཤོགརང་གི་བུ་ཕྲུག་དང་ཁྱིམ་མི་ལྟ་སྐྱོང་། དེ་མིན་བསྒྲུབ་དགོས་པའི་ལས་དོན་གང་མེད་པ་རེད་དམ།ཁྱོད་ཚོ་ཁོམ་པ་ལ་ཚད་ཅིག་མི་འདུགངས་བཤད་ཐུབ་པ་ཞིག་ལ།ཁྱོད་ཚོའི་རང་གི་ལས་དོན་དང་ཁྱིམ་ཚང་གི་གནས་བབ་སོགས་གང་ཐད་ནས་ཚགས་ཚུད་པོ་མེད་པ་རྗེས་སུ་དཔོག་ཐུབ་པ་ཞིག་རེད། ཁྱོད་ཚོར་བལྟས་ན་བོད་མི་རིགས་ཟེར་བ་དེ་ཚར་འདུག་ཨང་བསམ་པ་ཞིག་རང་བཞིན་གྱིས་སེམས་ལ་འཁོར་ཡོང་།

བག་མེད་དང་རྒྱས་སྤྲོས།དེང་གི་སྤྱི་ཚོགས་ཀྱི་ཟིང་ཟིང་མང་པོ་ཞིག་རྒྱ་ཡུལ་ནས་བོད་དུ་དར་ཏེ།བོད་མི་གཞོན་སྐྱེས་ཚོའི་ཟ་སྟངས་འཐུང་སྟངས། འགྲོ་སྟངས་འདུག་སྟངས་ཡན་ལ་འགྱུར་བ་ཐེབས་ཏེ།རང་ཉིད་བོར་ཞིང་གཞན་རྗེས་སྙེག་མཁན་ལོ་རེ་ནས་ལོ་རེ་བཞིན་ཇེ་མང་རེད། གཞོན་སྐྱེས་དེ་རིགས་ནི་རང་གི་རིག་གཞུང་གི་ཁྲག་རྒྱུན་ལུས་ལས་སྐམ་ཟིན་ལ། ག་བ་ཡིན་ན་འང་གཡུག་ཆོག་ཆོག་གི་ཉག་ཁའི་དར་ལྕོག་ཏུ་གྱུར་ཡོད། དེང་གི་སྤྱི་ཚོགས་ཟིང་ཟིང་འདི་བརྒྱུད་དེ།བོད་མི་ཚོ་ག་ཚོ་སྨྱོན་པ་མང་བ་ཆགས་ན། དེས་ཚོད་ཀྱིས་མི་རིགས་ཧྲིལ་བོ་གཡོ་འགུལ་ཐེབས་ཏེ།མཐར་མི་རིགས་རྩ་སྟོང་དུ་འགྲོ་རྒྱུ་དེ་རེད། སྤྱི་ཚོགས་ཟིང་ཟིང་འདིའི་ཁྲོད་ན་མི་མངོན་པའི་རྒྱ་གཞུང་གི་ཆབ་སྲིད་གཡོ་ཇུས་དང་དངུལ་གྱི་སླུ་བྲིན་ཐིམ་ཡོད་ཅིང་། གཞོན་སྐྱེས་ཚོ་ག་ཚོད་རང་ཉིད་བོར་ཞིང་བག་མེད་ལ་རོལ་བ། མི་ཚེ་སྟོང་ཟད་དང་རྒྱ་གཤིས་རང་སྟེང་དུ་བླངས་ཏེ།ཁྱིམ་ཚང་དུ་བསུ་བ་དང་། དེ་ནས་ཁྱིམ་ཚང་ནས་ཁྱིམ་ཚང་མཐར་མི་རིགས་ཡོངས་རྫོངས་རྒྱ་གཤིས་སམ་རྒྱ་རིགས་སུ་འཐིམ་འགྲོ་བ་དེ་རེད། དེ་ནི་ཡིག་ཐོག་དང་ངག་ཐོག་གང་ན་འང་མཐོང་རྒྱུ་མེད་པའི་རྒྱ་རིགས་ཅན་དུ་བསྒྱུར་བའི་འཇམ་པོའི་སྲིད་ཇུས་སྡུག་ཤོས་དེ་རེད།སྲིད་ཇུས་དེས་འཁོར་ལོ་བསྐོར་སའི་དམིགས་འཕེན་གཙོ་བོ་ནི་མ་འོངས་པའི་མི་རབས་གཞོན་སྐྱེས་ཚོ་རེད།

མ་གཞི་ནས་བོད་མི་ཚོར་ཆུ་ཚོད་དམ་འཛིན་ཟེར་བ་ཞིག་མེད་པ་འདྲ།ཆོས་ལུགས་ཀྱི་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་འོགལྷོད་དལ་གྱིས་མི་ཚེ་སྟབས་བདེ་ཞིག་བསྐྱེལ་རྒྱུ་ནི་གོམས་གཤིས་སུ་འཇགས་ཟིན།ངའི་ཕ་ཡུལ་ལ་ཆ་མཚོན་ན། ལོ་གཅིག་ལ་ཟླ་བ་ལྔ་དྲུག་ཙམ་ལས་ལས་ཀ་བྱེད་ཀྱིན་མེད།ཞིང་ལས་ཕྱུག་ལས་ཕྲན་བུ་དང་། དབྱར་ཁ་ཞོར་ལས་ཟླ་བ་གཉིས་ཙམ་རེད།དེ་མིན་ཧ་ལམ་ལོ་ཕྱེད་ཙམ་ལ་ནང་ལ་བསྡད་ཡོད། དགོན་མཐའ་ཉུལ་ཏེ་སྐོར་ཚད་ལེན་གང་ཐུབ་དང་།ཕྱག་ཁྲི་འབུམ་གང་འཚལ། གཟུང་སྔགས་ཅི་ཙམ་གསོག་པ་སོགས་ངོམ་རེས།འཁོར་ཁང་དང་ཚྭ་ཁང་དག་ལ་ཕྱི་སྐོར་ནང་སྐོར་འཚང་ཁ་བརྒྱབ་ནས་བསྡད་ཡོད།འདི་དག་འཇིག་རྟེན་མི་ཆོས་དང་། ཆུ་ཚོད་དམ་འཛིན་ཆེ་བའི་ནུབ་ཕྱོགས་ཀྱི་སྤྱི་ཚོགས་དང་བསྡུར་ན།ཧ་ཅང་གི་སྒྱིད་ལུག་གི་མི་རིགས་ཤིག་ཡིན་པ་དེ་རེད། སྒྱིད་་ལུག་དེས་བསྐྲུན་པའི་ང་ཚོ་ནི་གནའ་ནས་ད་བར་དུ་སྲིད་འབྱོར་རིག་གསུམ་གང་ཐད་ནས།ཡོས་མིན་མོས་མིན་ཤི་མིན་རོ་མིན་བྱས་ནས་ཡོང་ཡོད། ཡོང་བའི་མཐར་གང་ལ་བསླེབས་འདུགང་ཚོས་ང་ཚོའི་གནས་བབ་མཐོང་གསལ་རེད།ང་ཚོ་ནི་འཆི་བཞིན་པའི་མི་རིགས་ནད་པ་ཞིག་རེད། སྨན་ཁང་དུ་ལུས་པའི་མི་རིགས་་ནད་པ་ཛ་དྲག་་ཆེ་ཤོས་དེ་ཡང་རེད།

སྤྱིར་བརྡ་འཕྲིན་དུས་རབས་འདིར།འརྡ་འཕྲིན་རྒྱུད་ལམ་སྤྱད་དེ་ལས་དོན་མང་པོ་སྒྲུབ་ཀྱིན་ཡོད། དེའི་ཁྱབ་ཁོངས་སུ་མི་སྣ་གྲགས་ཅན་ཚོར་རྗེས་འཇུག་པ་ས་ཡ་མང་པོ་ཡོད་ཅིང་། དེ་དག་གི་རྗེས་སུ་འཇུག་མཁན་དག་ནི་རླབས་ཆེན་གྱི་མི་སྣ་དག་གི་བསམ་བློ་གཏོང་སྟངས་དང་ལེགས་བཤད་དག་ཉམས་སུ་ལེན་ཕྱིར་ཡིན་པ་ལས།བོད་ནང་གི་གཞོན་སྐྱེས་ཚོ་ནང་བཞིན་དོན་མེད་ཆགས་གཏམ་བཤད་དེ། རྩ་ཆེ་བའི་ཆུ་ཚོད་འཕྲོ་བརླག་ཏུ་གཏོང་མཁན་མ་རེད།

བསམ་ཚུལ།

Post navigation

Previous Post: ལྷ་རྗེ་རྒྱགས་པའི་གཏམ།
Next Post: ཀ་བཤད་ལ་དྲངས་བའི་དྲི་བ་དམར་རྗེན་མ།

Comments (4) on “དྲ་ཐོག་ན་འཚང་བའི་བོད་པའི་གཞོན་རབས།”

  1. གནམ says:
    2020-07-01 at 3:59 am

    རང་ལ་ལྟ་བའི་མིག་མེད་ནི། གཞན་ལ་བཤད་པའི་ཁ་ནི་ཡོད།
    ཁྱོད་རང་ཉིད་ཀྱང་དྲ་ལམ་ན་ཡོད་པས་མ་ཚད། ཤེས་མི་ཤེས་གཉིས་ཀ་གཉང་བ་ལྟར་གཉང་རྐྱང་ཡིན་པ་ཤེས་མ་སོང་ངམ། ཝེ།
    བོད་མིར་ཡོད་པའི་དཀའ་ངལ་དེ། མཆུ་ཐོ་ལ་རང་བདག་མེད་པར། ཡོད་ཚད་ཀྱི་ཕ་ཚབ་ཡིན་ཡིན་འདྲ་འདྲ། མ་ཚབ་ཡིན་ཡིན་འདྲ་འདྲས། དྲ་ངོས་གང་སར་སྐྱག་ལབ་གཏོང་བཞིན་པ་དེ་རེད། རང་ཉིད་དེ་དག་ལ་མི་སྤྲོ་ན། གཞན་ལ་ངན་སྨད་བྱེད་པ་ནི་ཁྱེད་ཅག་ལ་འོས་མེད།
    བོད་མིས་དྲ་ལམ་འགྲིམ་མི་ཆོག། སྟུ་ལམ་འགྲིམ་མི་ཆོག། དེ་ན། ཤོག་སྟོང་ཀླག། བརླ་སྟོང་གཡབ་ནས་འདུག་དགོས་བ་ཨེ་རེད།

  2. བན་དེ་བ་ཉི་མ། says:
    2020-07-01 at 7:53 am

    རྔ་བློ་ལགས་དེང་སང་དྲ་རྒྱའི་དུས་རབས་རེད། བོད་མི་གཞོན་སྐྱེས་ཚོ་དྲ་ཉུལ་ལོས་བྱེད། དུས་རབས་དང་འཚམས་པའི་འགྲོ་སྟངས་རེད། དྲ་ཉུལ་མ་བྱས་ན་ཁྱེད་རང་གི་ཁར་ཕྱིར་ལྟས་ཀྱི་རྩོམ་སྙོག་འདི་སུས་བཀླག་གི་རེད་དམ། དྲ་ཉུལ་བྱེད་མི་འོས་ན་དྲ་ཐོག་ཏུ་རྩོམ་སྙོག་མ་བསྐུར་ན་འགྲིག་གི་རེད། ཁ་ནང་དུ་འཁོར་ནས་བསམ་བློ་ཐོང

  3. རིན་ཆེན་ says:
    2020-07-01 at 7:50 pm

    སྙིང་རྗེ། གནམ་དང་བན་དེ་ཉི་མ་གཉིས་་ལ་ཅི་ཞིག་མ་འགྲིག་པ་ཡིན་ནམ། རྩོམ་ཀློག་པ་དང་བསམ་བློ་ཐོངས། རྩོམ་ལ་གོ་བ་ལེན་མ་ཤེས་སྔོན་ལ་མི་ལ་ཁ་གཏོང་ཤེས་པ་དེ་དམིགས་བསལ་རེད། བསམ་བློ་ཐོངས་དེ་ནས་སྐད་ཆ་ཤོད། སྐད་ཆ་འང་རབས་བྱུང་ན། ཆེ་ས་ནས་ཤོད། མི་སྒེར་ལ་ཅིག་ཅིག་ཉུག་ཉུག་མ་ཟེར། ད་དེ་ཙམ་ཡིན། དོན་མཐུན་སྐད་ཆ་ཡོད་ན་རིམ་པས་བགྲོ་གླེང་ཞུ་་ཆོག

  4. Kunchok gamtso says:
    2020-07-06 at 5:37 am

    སྐུ་ཡི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme