Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཏོག་གསར་གློ་ཚད་རིམས་ནད་ལ་བལྟས་པའི་ཚོར་སྣང།

Posted on 2020-06-23 By ཁ་བརྡ No Comments on ཏོག་གསར་གློ་ཚད་རིམས་ནད་ལ་བལྟས་པའི་ཚོར་སྣང།

བསྟན་འཛིན་ནོར་འཛོམས། (དཔེ་སྟོན་སློབ་གྲྭ འཛིན་གྲྭ་༦ ཁ ལོ་ ༡༢)
 
ད་ལྟའི་ཏོག་དབྱིབས་གློ་ཚད་ནད་ཡམས་(Covid-19) འདི་ཐོག་མར་རྒྱ་ནག་གི་གྲོང་ཁྱེར་ཝུ་ཧན་བྱུང་བ་རེད་བརྗོད་ཀྱི་ཡོད།ནད་ཡམས་འདི་འཛམ་གླིང་རྒྱལ་ཁབ་ཚང་མའི་ནང་ཁྱབ་གདལ་འགྲོ་བཞིན་པ་ལྟར་རྒྱ་གར་ནང་དུའང་ཁྱབ་བཞིན་ཡོད་པ་ནི་ཞེ་སྣང་དང་དངངས་འཚབ་སྐྱེ་དགོས་པའི་གནས་ཚུལ་ཞིག་ཡིན།ནད་ཡམས་འདི་སྔོན་འགོག་གི་ཐབས་ཤེས་གཙོ་བོ་ནི་རང་ཁྱིམ་དུ་སྡོད་དགོས་པ་དང་ཕྱི་ལོག་ཏུ་འགྲོ་སྐྱོད་མ་བྱེད་པ་དང། ཅ་ལག་གང་བྱུང་ལ་ལག་པ་མ་རེག་རྒྱུ་སོགས་ཡིན། རྒྱ་གར་གཞུང་ནས་རྒྱལ་ཡོངས་སྒོ་རྒྱག་གི་ལས་འགུལ་ཞིགཕྱི་ཟླ་༣ཚེས་༢༥ནས་ཟླ་བ་༥པའི་ཚེས་༣བར་དང་།དེའི་རྗེས་ཐེངས་གཉིས་པ་དེ་ཕྱི་ཟླ་༥པའི་ཚེས་༤ནས་ཚེས་༡༧བར་རྒྱུན་མཐུད་ནས་སྤེལ་རྒྱུ་དང་ས་ཕྱོགས་གང་སར་དམ་བསྒྲགས་གནང་བ་ནི་འགོག་སྲུང་གི་ལས་འགུལ་ཞེ་དྲག་ཡག་པོ་བྱུང་བའི་ཚོར་སྣང་བྱུང་།ཧི་མ་ཅལ་མངའ་སྡེ་གཞུང་གི་ཆུ་ཚོད་༨ནས་༡༡བར་དང་དེའི་རྗེས་ཚོུད་༩ནས་༢པ་བར་བཟའ་ཆས་དང་ཅ་དངོས་སོགས་ཉོ་ཆེད་ཕྱི་ལོག་ཏུ་འགྲོ་ཆོག་པ་དང་ཅ་དངོས་ཉོ་སྐབས་མི་ཕན་ཚུན་བར་རྒྱང་ཐག་གང་ཙམ་བཞག་རྒྱུ་གལ་ཆེ་ཡིན་པ་བཀའ་ཁྱབ་གནང་སོང་། མཚམས་རེ་ཞོགས་པ་ཕ་མ་མཉམ་དུ་གསར་འགྱུར་བལྟ་སྐབས་རྒྱལ་ཡོངས་ལས་གྲྭ་མཚམས་འཇོག་བྱས་རྐྱེན་ཉིན་ལས་ལ་བརྟེན་ནས་ཐོག་འཚོ་བ་སྐྱེལ་མཁན་ལས་མི་རྣམས་ལ་ལས་ཀ་མེད་པ་དང་དངུལ་ཡོང་ཁུངས་མེད་པར་སོང་།བཟའ་རྒྱུ་མེད་པར་རྐྱེན་གྱིས་ལྟོགས་ཤི་བྱུང་བའི་གནས་ཚུལ་མཐོང་ཡོང་དུས་སེམས་སྐྱོ་བ་དང་སྙིང་རྗེ་སྐྱེས་སོང་།ང་ཚོ་བོད་པ་ནང་ཁུལ་ལ་དེ་འདྲའི་རྒྱུན་གཏན་གྱི་འཚོ་བའི་བརྒྱུད་རིམ་ལ་དཀའ་ངལ་འདི་ལྟ་བུ་མ་འཕྲད་པ་དང། གནས་སྟངས་ཞན་པོ་མེད་པ་ནི་གཙོ་བོ་རྒྱལ་དབང་རིན་པོ་ཆེ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བྱུང་བ་རེད་བསམ་གྱི་འདུགརྒྱ་གར་གྱི་མི་སྣ་ཕྱུག་པོ་ཁ་ཤས་ཀྱིས་མི་དབུལ་པོ་རྣམས་ལ་ཟས་སྦྱིན་པ་གཏོང་བཞིན་འདུགསྐབས་དེ་དུས་དཔལ་འབྱོར་ནི་དགོས་གལ་ཆེན་པོོ་དང།རྒྱུན་གཏན་ནས་བག་མེད་ལོངས་སྤྱོད་མ་བྱེད་པར་གྲོན་ཆུང་བསྲི་ཚགས་བྱེད་དགོས་པའི་ཚོར་སྣང་ཤུགས་ཆེན་སྐྱེས་བྱུང་།སྤྱིར་བཏང་རྒྱ་ནག་ནང་ལ་སེམས་ཅན་འབུ་སྲིན་ལ་སྙིང་རྗེ་མེད་པར་གསོན་པོ་བཟས་པ་སོགས་བྱེད་ཀྱི་ཡོད་པས་རྒྱ་ནག་ནང་དང་རྒྱལ་ཁབ་གཞན་གྱི་མི་མང་པོས་ཐོག་མར་ད་ལྟའི་ཏོག་དབྱིབས་ནད་ཡམས་འདིའི་བྱུང་རྐྱེན་ནི་རྒྱ་མི་ཙི་ཙི་སྐམ་པོ་དང་བདག་མེད་སྲོག་ཆགས་རིགས་སྣ་ཚོགས་བཟས་པ་ལས་བྱུང་བའི་ནད་ཡམས་ཤིག་རེད། ཅེས་བརྗོད་ཀྱི་ཡོད་རེད། ཨ་མི་རི་ཀའི་ཚན་རིག་པའི་དོགས་གཞི་ལ་ད་ལྟའི་ན་ཚ་འདི་རྒྱ་ནག་གི་ཚན་རིག་བརྟག་དཔྱད་ཁང་ནང་རྫས་སྦྱོར་བརྟག་དཔྱད་བྱེད་སྐབས་ནོར་འཁྲུལ་ཤོར་བ་ནས་བྱུང་བའི་ནད་ཡམས་ཤིག་ཡིན་པར་ངོས་འཛིན་དང་དཔང་རྟགས་ཁུངས་བཙན་ཡོད་སྐོར་བརྗོད་ཀྱི་ཡོད། ང་ཚོའི་བོད་པའི་དགོན་སྡེ་གྲྭ་ཚང་ནས་རྒྱ་གར་ཡུལ་མི་སྐྱོ་པོ་རྣམས་ལ་བཟའ་ཆས་རིགས་སྦྱིན་པ་བཏང་བའི་གནས་ཚུལ་མང་པོ་མཐོང་ཐོས་བྱུང།དེ་མ་ཟད་འཕྲོད་བསྟེན་ལས་ཁུངས་ཀྱིས་ན་ཚ་སྔོན་འགོག་གི་ཆེད་
དུ་ཁ་རས་དང་ལག་ཤུབས།སྨན་གྱི་ཡོ་ཆས་རྣམས་མཐུན་རྐྱེན་གནང་བཞིན་ཡོད།བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་རྒྱ་གར་སྲིད་འཛིན་གྱི་ཐེབས་རྩ་ལ་ཧིན་སྐོར་འབུམ་༢༥ཞལ་འདེབས་གནང་ཡོད་པ་རེད།ད་ལྟའི་བར་དུ་ཏོག་དབྱིབས་ནད་ཡམས་རྐྱེན་གྱིས་མི་འདས་གྲོངས་སུ་ཕྱིན་པ་མང་ཤོས་ནི་སྟོབས་ཆེན་རྒྱལ་ཁབ་ཨ་རི་ཆགས་འདུགརྒྱལ་ཁབ་ཚང་མས་ནད་ཡམས་འདི་ལ་སྤྱོད་ཐབས་སྨན་ཁབ་བཟོ་རྒྱུའི་འབད་བརྩོན་གནང་གི་ཡོད་འདུགདེ་མ་ཟད་ངའི་པ་ལགས་ཀྱི་ཨིན་ཇེའི་དཔེ་དེབ་ཅིག་གི་ནང་ལ་སྔོན་མ་ཕྱི་ལོ་༡༩༡༨དང་༡༩པའི་ནང་རྒྱ་གར་ནང་ནད་ཡམས་ཞིག་གི་རྐྱེན་གྱིས་རྒྱ་གར་མི་ས་ཡ་གཉིས་ནས་གསུམ་བར་འདས་གྲོངས་སུ་ཕྱིན་པ་གསལ་འདུགང་རང་བསམ་པར་སྐབས་དེ་དུས་སྨན་བཅོས་མཐུན་རྐྱེན་འཛོམས་པོ་མེད་པའི་རྐྱེན་གྱིས་མི་མང་པོ་འདས་གྲོངས་སུ་ཕྱིན་པ་རེད་སྙམ།ད་ལྟའི་ནད་ཡམས་འདི་འཛམ་གླིང་མི་གྲངས་ས་ཡ་གསུམ་ལྷག་ལ་ནད་འདི་ཕོག་འདུགནད་ཡམས་འདི་རྐྱེན་གྱིས་སྔོན་མ་ནང་བཞིན་ཕྱི་ལོག་ཏུ་གྲོགས་མོ་མཉམ་དུ་རྩེད་པོ་རྩེད་རྒྱུ་དང་། ཕ་མ་
མཉམ་ཁྲོམ་རྭར་འགྲོ་རྒྱུའི་གོ་སྐབས་འདི་མི་འདུག་པས་མཚམས་རེ་ཉོབ་སྣང་དང་སེམས་གུ་དོག་པའི་ཚོར་སྣང་ཡོང་གི་འདུགདངོས་གནས་ང་ཚོའི་རྒྱུན་གཏན་གྱི་འཚོ་བ་ལ་འགྱུར་ལྡོག་ཆེན་པོ་ཕྱིན་སོང། གཟུགས་མཐོང་རླུང་འཕྲིན་ནང་ནད་ཡམས་ཕོག་པའི་ནད་པ་དེའི་རིགས་ལ་དབུགས་བྱིན་རྔུབ་ལ་དཀའ་ངལ་འཕྲད་དེ་ཤི་གསོན་དབྱེ་ཐག་མ་ཆོད་པའི་གནས་སུ་གྱར་དུས། སོ་སོའི་ཕ་མ་གཉེན་སྤུན་ཡང་ཐུག་འཕྲད་དུ་ཡོང་དགོས་བསམས་ཀྱང་ནད་གཞི་འདི་འགོས་སླ་བར་བརྟེན་ཐ་མའི་ཐུགས་འཕྲད་ཀྱང་བྱེད་མ་ཐུབ་པའི་གནས་ཚུལ་ཐབས་རྡུགས་དེ་འདྲ་རང་གཞན་སྐྱེ་འགྲོ་ཀུན་ལ་མ་འཕྲད་པའི་སྨོན་ལམ་དང་ནད་ཡམས་ཀྱི་བར་ཆད་འདི་ནས་མྱུར་དུ་གྲོལ་ཐུབ་པ་ཤོག དཀོན་མཆོག་མཁྱེན།

སྣ་ཚོགས།

Post navigation

Previous Post: ཕུགས་བསམ།
Next Post: འབྲོག་མོ་སྙིང་ལ་རྗེ་བོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme