Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བྱེས་སྡོད་བོད་མིའི་ཁྲོད་ཀྱི་སྐད་ཡིག་གླེང་བ།

Posted on 2020-06-17 By ཁ་བརྡ 3 Comments on བྱེས་སྡོད་བོད་མིའི་ཁྲོད་ཀྱི་སྐད་ཡིག་གླེང་བ།

ཐེ་འོད་ཟེར།
 
ལོ་རྒྱུས་རིང་བའི་རང་རིགས་སྐད་ཡིག་འདི་གཉིས་རང་ཅག་བོད་མི་རིགས་འདི་ཉིད་འཚོ་གནས་ཐུབ་མིན་གྱི་བླ་སྲོག་ཉག་ཅིག་ཡིན་པར་མཐོང་ནས། དེ་སྔར་ནས་རྒྱ་གཞུང་གིས་འཆར་གཞི་ལྡན་པའི་ཐོག་ནས་ཉམས་ཆག་ཏུ་བཏང་དང་གཏོང་བཞིན་འདི་ལྟར་ཡང་། སྤྱི་ནོར་༧གོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་ཉག་ཅིག་ལས། ཤར་ནུབ་ཡུལ་གྲུ་ཕལ་མོ་ཆེར་བོད་སྐད་ཡིག་ལ་སློབ་སྦྱོང་གནང་མཁན་ཉིན་རེར་ཇེ་མང་དུ་འགྲོ་བཞིན་ཡོད་པ་འདི་ནི་དགའ་འོས་སུ་མཆིས་མོད། འོན་ཏེ་རང་རིགས་བཙན་བྱོལ་བའི་ཁྲོད་དུ་མཚར་ལོངས་བྱུང་བའི་གཞོན་སྐྱེས་མི་ཉུང་བ་ཞིག་གིས། རང་རིགས་སྐད་ཡིག་འདི་ཉིད་ཉམས་ཆག་ཏུ་འགྲོ་བཞིན་ཡོད་པ་མ་ཤེས་པའམ་ཡང་ན་ཤེས་བཞིན་ཅི་མི་སྙམ་པར་ལྟ་བུས། གཞན་གྱི་སྐད་ཡིག་ལ་མཐོང་ཆེན་དང་དགའ་མོས་བྱེད་ཀྱིན་པར་ཞིབ་མོར་བལྟས་ན་དགའ་འོས་སུ་ཆེར་མ་མཐོང་། གང་ཡིན་ཞེ་ན། རང་རིགས་ཁ་བ་གངས་ཅན་ཟེར་བའི་མི་རིགས་འདི་ཉིད་ད་བར་དུ་འཚོ་གནས་ཐུབ་པ་འདི་ཡང་རང་གི་སྐད་ཡིག་འདི་གཉིས་ཀྱི་བཀའ་དྲིན་ཉིད་ལས་སྐད་ཡིག་གཞན་ལ་བརྟེན་ནས་མ་ཡིན་པ་ཤེས་དགོས་པ་རེད། འུ་ཚོའི་བཙན་པོ་རིམ་བྱུང་ནས་ཀྱང་རང་གི་སྐད་ཡིག་འདི་གཉིས་ལ་བརྟེན་ནས་ཆོས་སྲིད་གཉིས་ཀྱི་དབུ་འཕང་རྒྱ་བསྐྱེད་གནང་མྱོང་བ་ལས། སྐད་ཡིག་གཞན་ལ་བརྟེན་ནས་རྒྱལ་ཁབ་དང་མི་རིགས་སྲུང་སྐྱོར་བྱས་མྱོང་བའི་ལོ་རྒྱུས་ཤིག་ད་སྔར་བྱུང་མྱོང་མེད་ལ་ཕྱིས་སུ་ཡང་འབྱུང་མི་སྲིད་པ་ལྟར་བུ་རེད། ལར་སྤྱི་ནོར་༧གོང་ས་མཆོག་གི་མཛད་པ་འཕྲིན་ལས་ནམ་མཁའི་མཐའ་དང་མཉམ་པ་འདི་ཡང་རང་རིགས་སྐད་ཡིག་འདི་གཉིས་ལ་བརྟེན་ནས་བྱུང་བ་ཡིན་ཞིང་། རྒྱ་དམར་དབུས་གཞུང་གིས་དམིགས་ཡུལ་ངེས་ཅན་ཞིག་གིས་ཐོག་ནས་བོད་ཁུལ་ཡོངས་ཀྱི་སློབ་གྲྭ་ཕར་ཆེར་བར་བཙན་དབང་གིས་རྒྱ་སྐད་དང་རྒྱ་ཡིག་སློབ་འཇུག་དོན་འདི་ཡང་མདོར་དེད་ན། བོད་མི་རིགས་འདི་ཉིད་ས་སྒང་རིལ་རིལ་འདིའི་སྟེང་ནས་རྩ་མེད་དུ་བཟོ་ཆེད་ཡིན་པ་རེད། རྒྱུ་མཚན་དེས་ན་བྱེས་སྡོད་སྤུན་ཟླ་ཡོངས་ཀྱིས་རྒྱ་དམར་གྱི་དམིགས་ཡུལ་གང་ཡིན་པ་དེ་ནི་དངོས་འཛིན་མ་ནོར་མ་འཆུག་པ་གསལ་བོར་མཁྱེན་པའི་ཐོག་ནས་རང་རིགས་སྐད་ཡིག་འདི་གཉིས་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་དུ་གཏོང་མ་ཐུབ་རུང་། རྒྱ་དམར་གྱི་གདུག་རྩུབ་ཆེ་བའི་དམིགས་ཡུལ་ངན་པ་དེར་དཔུང་རོགས་ལྟ་བུར་མ་སོང་བར་ཅིས་ཀྱང་འབད་དགོས་པ་རེད། བོད་བསྟན་སྲིད་མི་རིགས་དང་བཅས་པ་རྒྱུན་གནས་ཐུབ་མིན་གྱི་གནད་འདི་ལ་དགོངས་ནས། གོང་ས་མཆོག་གིས་བོད་རང་གི་མཐུན་མོང་མ་ཡིན་པའི་སྐད་ཡིག་འདི་གཉིས་སློབ་དགོས་པའི་བཀའ་སློབ་ཡང་ཡང་ཕེབས་ཡོད་པ་རེད། ང་ཚོས་ཁ་ནས་སྐད་ཡིག་ཉམས་རྒུད་དུ་འགྲོ་དང་འགྲོ་བཞིན་པ་གླེང་ཤེས་ཙམ་གྱིས་ཅི་ཡང་ཕན་གྱིན་མེད་པས་ངེས་པར་དུ་རང་ཉིད་ནས་མགོ་བརྩམས་ཏེ་ལག་ལེན་དུ་བསྟར་དགོས་པ་རེད། གཞིས་ལུས་སྤུན་གྲོགས་མང་དག་ཅིག་གིས་སྐད་ཡིག་འདི་གཉིས་སྲུང་སྐྱོར་ཆེད་དུ་གཅེས་པའི་སྲོག་ལ་ཡང་མ་འཛེམས་པར་དགྲ་བོའི་མེ་མདའི་སོ་ཁ་ནས་ཡོད་ཚད་བློས་བཏང་བྱས་དང་བྱེད་བཞིན་ཡོད་པ་འདི་ལྟར་ཡང་། རང་རིགས་བཙན་བྱོལ་བའི་ཁྲོད་ཀྱི་ཀླད་མེད་ཁོག་སྟོང་མི་ཉུང་བ་ཞིག་གིས་རང་སྐད་ལ་སྣང་ཆུང་ལྟ་བུས་སྐད་རིགས་འདྲ་མིན་བསྲེས་ནས་ར་མ་ལུག་བཤད་པའི་ངན་གཤིས་ཤིག་རྒྱུན་ཆགས་སུ་འགྲོ་བར་མཐོང་ཆོས་སུ་གྲུབ་པ་འདི་ཉིད་ཆེས་ངོ་གནོངས་དགོས་པ་ཞིག་རེད་ལ། ལྷག་པར་དུའང་ནུབ་ཕྱོགས་སུ་མཚར་ལོངས་བྱུང་བ་ཕལ་ཚེར་བས་བོད་ཡིག་འབྲི་ཀློག་ལྟར་ཅི། ཐ་ན་བོད་སྐད་ཐོག་ནས་རང་གི་ཕ་མར་གོ་བརྡ་མི་འཕྲོད་པའི་གཞོན་སྐྱེས་ཧ་ཅང་མང་བོ་ཡོད་པ་རེད། དེ་ཡང་བུ་ཕྲུག་གཅིག་པུར་ལན་པ་། གཏན་ནས་མ་ཡིན་པར་ཕ་མ་སོ་སོའི་དངོས་ནས་ཀྱང་འགན་མ་བླངས་པ་ཡིན་ཏེ། དཔེར་ན་ཕ་མ་ཚོས་རང་ཁྱིམ་དུ་བོད་སྐད་མི་བཤད་པར་གཞན་སྐད་བཤད་མང་བ་དང་གཅིག རང་གི་སྐད་ཡིག་ཉམས་ཆག་ཏུ་འགྲོ་བཞིན་པར་སེམས་འཁུར་བོར་བ་དང་གཉིས། རང་གི་གནས་སྐབས་ཀྱི་དགོས་མཁོ་གཅིག་པུར་བལྟ་བ་ལས་བོད་སྤྱིའི་ཕམ་ཉེས་ལ་བསམ་བློ་མེད་པ་སོགས་ཀྱི་གནད་དོན་འདི་དག་གསུམ་གྱི་ཐོག་ནས་བྱུང་བ་ཡིན་པར་གསལ་བོ་ཡིན་ན། ཕ་མ་རང་རང་སོ་སོས་རང་ཁྱིམ་དུ་རྒྱུན་པར་བོད་སྐད་གང་ཐུབ་ཐུབ་བཤད་པའི་ཐོག་ནས་རང་གི་བུ་ཕྲུག་ཚོའི་ཁ་ནང་ལ་བོད་ཡིག་འཇོག་མ་ཐུབ་རུང་བོད་སྐད་གཙང་མ་ཞིག་ངེས་པར་དུ་འཇོག་ཨེ་ཐུབ་བལྟ་དགོས་པ་ནི་གཡོལ་ཐབས་མེད་པའི་འོས་འགན་ཞིག་ཡིན་པ་ཤེས་དགོས་པ་རེད་དྲན་ནོ། བོད་སྐད་ཡིག་རྒྱལ་ལོ།

བསམ་ཚུལ།

Post navigation

Previous Post: ཅིའི་ཕྱིར་ང་ཡེ་ཤུ་བ་ཞིག་མིན་ནམ།
Next Post: དེ་རིང་གི་སེམས་པ།

Comments (3) on “བྱེས་སྡོད་བོད་མིའི་ཁྲོད་ཀྱི་སྐད་ཡིག་གླེང་བ།”

  1. བོད་ཡིག་སྐྱབས། says:
    2020-06-22 at 8:22 am

    གནད་དོན་འདི་ཚང་མས་ངོས་ལེན་ཐུབ་ཡོད། འོན་ཀྱང་ལག་ལེན་ཐུབ་ཀྱི་མེད། ད་ཅི་བྱ།

  2. རྒྱ་ཞིང་མྱི་དཀར། says:
    2020-06-22 at 2:13 pm

    བཤད་མ་བཤད་ཅང་མེད་ཀི་ད་ཚར་སོང་ཟི་ཅང་ར་ལྷག་མེད་ཁུ་མ་ཟད་ནམ་ཞིག་༧གོང་ས་མཆོག་མེད་བ་ཡིན་ན་དེ་དེ་ནས་བཟུང་ཡོངས་སུ་རྫོགས་པ་ཚར་སོང་བ་རེད་དོོ།།

  3. བོད་ཡིག་སྐྱབས། says:
    2020-06-22 at 2:58 pm

    ཡིན་ན་ཡང་བོད་ནང་ལ་རེ་བ་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme