Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁ་བརྡར་ཕུལ་བ།

Posted on 2008-12-07 By དགེ་རབ་ 3 Comments on ཁ་བརྡར་ཕུལ་བ།

སྐར་ཆེན་། ཡོ་རོབ།

ཁ་བརྡ་དྲ་དེབ་འདི་སྒོ་ཕྱེས་ནས་ཟླ་ངོ་འགའ་ཤས་མ་གཏོགས་ཕྱིན་མེད། ཟླ་ངོ་འགའ་ཤས་འདིའི་རིང་ལ་ཁ་བརྡའི་སྒང་ལ་རྩོམ་ཡིག་སྤེལ་མཁན་མང་། ཁ་བརྡའི་སྒང་གི་རྩོམ་ཡིག་ྐློག་མཁན་མང་། རྩོམ་ཡིག་སྤེལ་མཁན་དང་ྐློག་མཁན་གཉིས་ཀྱིས་ག་ལ་ཚད། མཆན་བུ་འདེབས་མཁན་དེ་ལས་མང་།་ འོན་ཀྱང་། མཚམས་རེར་མཆན་བུ་དག་བརྗོད་བྱའི་རྩོམ་གྱི་སྒང་ལ་མ་ཕྱིན་བར་མི་སྒེར་གྱི་སྒང་ལ་ཕྱིན་པས་ག་ལ་ཚད། མི་སྒེར་གྱི་མདུན་བརྒྱབ་བསྔོགས། མི་སྒེར་གྱི་མཚང་བྲིས། ད་དུང་དེས་ག་ལ་ཚད། མཚམས་མཚམས་སུ་བརྟག་དཔྱད་དང་ཞིབ་འཇུག་མེད་པར། བློ་བསྐྱེད་དང་གནས་ལུགས་མེད་པར། རང་གི་རྩ་བའི་བླ་མའི་སྐོར་ལ་ཡང་འདྲ་མི་འདྲ་གླེང་གི་ཡོད། གང་ལྟར། མཐའ་མར་ཅིག་འགྲིག་འགྲོ་གི་འདུག རྒྱུ་མཚན། ཁ་བརྡའི་སྒང་གི་རྩོམ་འབྲི་བ་མང་ཆེ་བ་ཉམས་མྱོང་ཡོད་མཁན། བསམ་བློ་ཐོངས་མཁན་། ཉེ་ཕུགས་མཐོང་མཁན་རྐྱང་ཡིན། དེར་བརྟེན། ད་ལྟར་བར་དུ་ཁ་བརྡའི་རྩོམ་འབྲིའི་ཐད་ལ་དཀའ་ངལ་དམིགས་འཕྲད་མེད་པའི་ཚོར་བ་ངེད་ལ་ཡོད། མ་འོངས་བར་ཡང་དཀའ་ངལ་དང་འགོག་རྐྱེན་མེད་པར་ཁ་བརྡའི་རླུང་རྟ་གོང་ནས་གོང་དུ་འཕེལ་བའི་སྨོན་ལམ་ཡོད། རེ་བ་ཡོད། ཕྱོགས་ཆུང་ས་ནས་བཤད་ན་ཁ་བརྡ་འདིས་ཁ་འཐོར་བའི་བོད་རིགས་རྩོམ་པ་པོ་ཚོར་རང་གི་ཚོར་བ་དང་བསམ་ཚུལ་གླེང་སའི་གླེང་སྟེགས་ཤིག་བསྐྲུན་སོང་། གླེང་སྟེགས་འདིས་རྩོམ་པ་པོ་རྣམས་ལ་རང་དབང་དང་ཐོབ་ཐང་གླེང་སའི་གོ་སྐབས་ཆེན་པོ་ཞིག་སྤྲད་སོང་། ད་ལྟ་བར་དུ་ཁྱེད་ཀྱིས་གླེང་མ་ཐུབ་པ་མང་པོ་ཞིག་ཁ་བརྡ་བརྒྱུད་གླེང་སོང་ལ་ངས་ཀྱང་བཤད་མ་ཐུབ་པ་མང་པོ་ཞིག་ཁ་བརྡ་བརྒྱུད་ནས་བཤད། ཐ་ན་ཁྱེད་གང་ལ་འགྲོ་དང་ཁྱེད་ལ་ལས་ཀ་ཅི་ཡོད་སོགས་ཀྱང་ཁ་བརྡ་བརྒྱུད་དང་གླེང་ཐུབ་སོང་། འདི་ནི་ཁ་བརྡ་རང་དབང་ལུང་བའི་སྐྱེས་བའི་གཟི་བརྗིད་རེད། ཁ་བརྡ་རང་དབང་ལུང་བར་འཁྲུངས་བའི་རྟེན་འབྲེལ་ཀྱང་རེད། གལ་སྲིད་ཁ་བརྡ་འདི་ཇ་འཐུང་སའི་ཇ་ཁང་ཡིན་པའི་ཆ་བཞག་ན། ཇ་ཁང་འདི་ཉིན་མ་རྟག་པར་ཇ་འཐུང་མཁན་གྱི་འགྲུལ་བས་ཁེངས་ནས་ཡོད། ཇ་ཁང་འདི་རྟག་པར་འགྲུལ་བ་འདྲ་མིན་ཐུག་སའི་དཀྱིལ་འཁོར་སྟབས་བདེ་ཞིག་ཀྱང་ཡིན། ཇ་ཁང་འདིར་ཡོང་བའི་འགྲུལ་བ་ཚོ་ཡང་ཕྱོགས་ཁག་འདྲ་མིན་ནས་ཡིན་ལ་ཁོང་ཚོར་གནས་ཚུལ་ཡང་འདྲ་མིན་བཤད་རྒྱུ་ཡོད། མཚམས་རེར་འགྲུལ་བ་ཚོའི་བར་ལ་ཁ་རྩོད་ཤོར། གཅིག་གིས་གཅིག་ལ་མིག་ལོག་རྒྱག་རེས་བྱས། འོན་ཀྱང་། འགྲུལ་བ་འདི་ཚོར་ཡོན་ཏན་ཞིག་ཡོད་པ་ནི་འགྲུལ་བ་འདི་ཚོ་ནམ་ཡང་འཁྲུག་འཛིང་མི་བྱེད། འདི་ནི་ཇ་ཁང་འདིའི་དྲོལ་ཁོལ་ཡིན་ལ་འགྲུལ་བ་ཚོའི་ཡོན་ཏན་ཡང་ཡིན། གལ་སྲིད་ཁ་བརྡ་འདི་བུད་མེད་ཞིག་ཡིན་པའི་དབང་དུ་བཏང་ན། བུད་མེད་འདིའི་གདོང་ལ་བལྟ་མཁན་ཉིན་རེ་ནས་ཉིན་རེར་ཇེ་མང་ནས་ཇེ་མང་ཡིན། བུད་མེད་འདིའི་ཁང་བའི་སྒོ་རྡུང་མཁན་ཡང་ད་ལྟ་བར་དུ་ཆད་མྱོང་མེད། སྒོ་རྡུང་མཁན་ཡང་ཉིན་མཚན་གཉིས་ལ་ཡོད། ད་དུང་ཉིན་མོ་ལས་མཚན་མོར་མང་། བུད་མེད་འདི་ལ་ཡང་བདག་པོ་གཅིན་མིན། བདག་པོ་ཁ་ཤས་ཡོད། བདག་པོ་ཚང་མ་བུད་མེད་འདིའི་མཛེས་སྡུག་གཅེས་སྐྱོང་གནང་མཁན་ཡིན། འདི་ནི་ཆུང་ས་ནས་བཤད་ན་ཁ་བརྡས་ངེད་ཀྱི་སེམས་ལ་བཞག་པའི་ཚོར་བ་ཡིན།

རྩོམ་རིག

Post navigation

Previous Post: འདི་ལོར་ལོ་གསར་མ་བྱེད་རོགས།
Next Post: ལྷ་ས་ས་རེད། ཇོ་བོ་ཟངས་རེད།

Comments (3) on “ཁ་བརྡར་ཕུལ་བ།”

  1. མགོན་པོ་ཕྱག་གཉིས་པ། says:
    2008-12-07 at 11:06 pm

    གལ་སྲིད་ཁ་བརྡ་དྲ་ཁང་འདི་བུད་མེད་ཅིག་ཡིན་ན། ཕོ་གསར་རྫིག་མིན། དབུལ་ཕྱུག རིགས་མཐོ་དམན་སྐྱ་སེར་སོགས་ལ་དབྱེ་བ་མེད་པར་བརླ་སྒོ་ཡངས་པོར་ཕྱེ་ནས་དགྱལ་ཆོག་ཆོག་དང་རྒྱོ་ཆོག་ཆོག་ཡོད་པ་རེད། འདི་འདྲ་བུད་མེད་འདོད་ལྡན་རྣམས་ལ་འདོད་པ་སྐོང་མཁན་དྲིན་ཆེན་ཞིག་གཡབ་ས་རྙེད་དཀའ། འདོད་ལྡན་རྣམས་ལ་འདོད་པ་སྦྱིན་པ་དེ།། དགེ་བ་མེད་ན་སྡིག་པ་ག་ལ་ཡོད།

  2. གསེར་བུམ་སྤྲུལ་སྐུ། says:
    2008-12-08 at 2:29 am

    སྐར་ཆེན་ལགས། ཁྱོད་ཀྱིས་ཞེ་བསམ་པའི་གཏིང་ན་ཁ་བརྡ་དྲ་ཚིགས་ལ་བསྟོད་བསམ་པ་ཡིན་ནམ། སྨད་བསམ་པ་ཡིན། ངས་བསམ་ན་ཁྱོད་ཀྱིས་བཤད་མ་ཤེས་པར་བྱ་ཕོའི་གཡོས་བླུགས་འདུག་ག། ཁ་བརྡ་དྲ་ཚིགས་འདི་ཇ་ཁང་ཞིག་ཡིན་ན་ད་ནི་ཡོད་ཚད་ཚར་སོང་ནི་རེད། འདི་ཁྱོད་ཀྱིས་ངེས་པར་དུ་ཤེས་དགོས། ནམ་རྒྱུན་ཇ་ཁང་ན་ཡོད་ནི་ཚོ་ངས་བཤད་མི་དགོས་པར་ཁྱོད་ཀྱིས་ཀྱང་ཤེས་རྒྱུ་རེད། ཁོང་ཚོས་ཅི་ཞིག་བཤད་ཀྱི་རེད། ཁོང་ཚོ་ལས་ཀ་ཅི་ཞིག་ལས་མཁན་རེད། ཁྱོད་ཀྱིས་འདིའི་སྐོར་ལ་བསམ་བློ་བཏང་མྱོང་མེད་གི་པ། ཨ་རོགས། སྐད་ཆ་བསམ་ནས་ཤོད། རྩམ་པ་ལྡོད་ལ་མུད། སྡོམ་ཚིགས་འདི་ད་མེས་པ་དྲིན་ཆེན་དག་གིས་ཁྱོད་དང་ཁྱོད་འདྲ་བ་ཚོར་བཞག་ནི་ཡིན་རྒྱུ་རེད། ཐུགས་རྗེ་ཆེ། བསམ་ཚུལ་བརྗེ་རེས་འདོད་པས་ཡིན།

  3. karchen says:
    2008-12-08 at 2:59 pm

    གང་བསམཔ་དེ་ཡིག་ཐོག་ལ་ཕབ་པར་རྗེས་སུ་ཡི་རངས་ཡོད།
    ངེད་ཀྱིས་བསམ་ན། འཛམ་གླིང་ན་ཇ་ཁང་འདྲ་མིན་ཡོད་ཀྱི་རེད། ཇ་ཁང་ཚང་མ་ཁྱེད་ཀྱི་སེམས་ཀྱི་ཡུལ་གྱི་ཇ་ཁང་དེ་ཡིན་དགོས་བའི་ངེས་བ་མེད་ལ་ངས་བསམ་པ་དེ་ཡིན་དགོས་བའི་ངེས་བའང་མེད། མདོར་ན། ཇ་ཁང་ཕལ་ཆེ་སྐབས་ཐོག་གི་ངལ་གསོ་རྒྱག་ས་དང་གླེང་མོལ་བཤད་ལྟ་བུ་རེད། གླེང་མོལ་ལ་ཡང་སྣ་མང་ཡོང་གི་རེད། ངེད་ཀྱིས་ཁ་བརྡར་སྨད་ཀྱང་མེད་ལ་བསྟད་ཀྱང་མེད། ཚོར་བའི་ངོས་ལ་ཡོད་པ་དེ་མར་ཕབ་པ་ཡིན། གཞན་ཁྱེད་ཀྱིས་ང་ལ་སྐད་ཆ་སོམས་ལ་ཤོད་ཟེར། རྩམ་པ་ལྡོད་ལ་མིད་ཟེར། ངས་ཀྱང་དེ་ལྟར་བྱེད་རྒྱུའི་འབད་བརྩོན་ཞུ་གི་ཡོད། གཞན་མེས་པོ་དམ་པ་ཚོས་ངེད་འདྲ་བར་བཞག་པའི་སྡོམ་ཚིག་ཡིན་ན་ནི་ངེད་ཀྱིས་ཁུར་དུ་བླངས་ཆོག གཞན་ཅང་བཤད་རྒྱུ་མེད།
    ངེད་ཀྱིས་བཤད་མ་ཤེས་བར་བྱ་ཕོའི་གཡུས་བླུགས་པ་ཡིན་ན་ཐང་། བྱ་ཕོའི་གཡུས་བླུགས་སྟངས་མ་ཡིན་པའི་བཤད་སྟངས་འདྲ་ཉིད་ལ་ཡོད་ལ་འཁྱེར་ལ་ཤོག ཚང་མའི་དཀྱིལ་བ་ཞོག མ་རེད་དམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme