Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕྲེང་རྡོག་གསུམ་གྱིས་ཐག་བཅད་པའི་ལྷད་མེད་བརྩེ་དུང་གི་ལས་དབང་།

Posted on 2010-07-052010-07-05 By ཁ་བརྡ་ 1 Comment on ཕྲེང་རྡོག་གསུམ་གྱིས་ཐག་བཅད་པའི་ལྷད་མེད་བརྩེ་དུང་གི་ལས་དབང་།

ངམ་རིང་ཡོན་ཏན་རྒྱ་མཚོ།

རང་རེའི་མི་རིགས་འདི་ནི་དཀར་ཕྱོགས་ཆོས་ལ་མོས་ཤིང་སེམས་རྒྱུད་བཟང་བའི་མི་རིགས་ཤིག་ཡིན་པ་འཛམ་གླིང་སྟེང་ཡོང་གྲགས་མིན་ཀྱང་སྐྱེ་བོ་མི་ཉུང་བ་ཞིག་གིས་དེ་ལྟར་ངོས་འཛིན་བྱེད་ཀྱི་ཡོད། རྒྱབ་ལྗོངས་དེའི་འོག་འཛམ་གླིང་སྐྱེ་འགྲོ་མང་པོ་ཞིག་གིས་བོད་མི་རིགས་ལ་དགའ་ཞེན་དང་མི་རིགས་དེའི་ཆོས་རིག་ལ་དང་ཞེན་ཆེན་པོ་བྱེད་ཀྱི་ཡོད། དེ་ཡང་མདོར་བསྡུས་ནས་བརྗོད་ན། འཛམ་གླིང་སྐྱེ་བོ་ཚོས་ཆེས་ཡིད་སྨོན་བྱེད་ཡུལ་ནི་བོད་ཀྱི་ནང་ཆོས་ཡིན་ལ་ནང་ཆོས་ཀྱི་ཤེས་རིག་ལ་བརྟེན་ནས་ཁོ་ཚོས་རང་ཉིད་ཀྱི་མི་མངོན་པའི་བསམ་བློའི་འཁུར་པོ་ཡང་ཏུ་གཏོང་ཐབས་བྱེད་ཀྱི་ཡོད་ལ་ནང་ཆོས་ཀྱི་སློབ་གསོར་བརྟེན་ནས་ཁོ་ཚོས་སྙོག་འཛིང་ཆེ་བའི་སྤྱི་ཚོགས་དེ་ཞི་བདེའི་ཁོར་ཡུག་བཟང་པོ་ཞིག་ལ་བསྒྱུར་རྒྱུར་འབད་ཐབས་བྱེད་ཀྱི་ཡོད་པ་རེད། གང་ཡིན་ཟེར་ན། ནང་ཆོས་ནི་ཡོད་ཚད་གཟུགས་མེད་ཀྱི་ལྷ་ལ་སྐྱབས་བརྟེན་འཚོལ་བར་མཛུབ་འཁྲིད་བྱེད་མཁན་གྱི་ཆོས་ལུགས་རང་ག་བ་ཞིག་མིན་པར་དེ་བས་ནང་ཆོས་ནི་ཚན་རིག་དང་མཐུན་ལ་གཏན་ཚིག་རང་བཞིན་གྱིས་ཕྱུགས་པའི་ཆོས་ལུགས་ཤིག་ཡིན་པ་དེས་ཡིན། དེ་ནི་ཤེས་ཡོན་གྱི་ཆུ་ཚད་མཐོ་བའི་ཕྱི་གླིང་པ་རྣམས་ཀྱིས་ནང་ཆོས་ལ་དགའ་ཞེན་དང་དད་གུས་བྱེད་པའི་རྒྱུ་མཚན་གཙོ་བོ་དེ་རེད། དེས་ན་རྒྱུ་མཚན་མཐོང་ནས་ནང་ཆོས་ལ་དད་པ་བྱེད་མཁན་གྱི་ནུབ་གླིང་བ་ཕལ་མོ་ཆེས་གང་འདྲ་ཞིག་ལ་ནང་ཆོས་ཟེར་མིན་དང་དེའི་དགོངས་དོན་གཙོ་བོ་གང་ཡིན་མི་དམན་ཙམ་རྟོགས་ཀྱི་ཡོད་ལ་དེ་རྟོགས་པ་རྒྱུ་མཚན་དུ་བྱས་ནས་ཁོ་ཚོས་ནང་ཆོས་ཀྱི་རིན་ཐང་གླེང་གི་ཡོད་པ་རེད། འོན་ཀྱང་བློ་ཕང་བ་ཞིག་ལ་སངས་རྒྱས་པའི་ཆོས་ལུགས་བོད་མི་རིགས་ཀྱི་རྣམ་ཤེས་ཀྱི་སྙིང་དབུས་སུ་ཞུགས་ནས་ད་བར་དུས་རབས་བཅུ་བཞི་ཙམ་ཕྱིན་ཟིན་ཀྱང་ང་ཚོ་མི་ཉུང་བ་ཞིག་གིས་ནང་ཆོས་ཀྱི་དགོངས་དོན་སྙིང་པོ་བདེན་པ་བཞི་དང་། ལྟ་བ་བརྟེན་བྱུང་སྤྱོད་པ་འཚེ་མེད་ཀྱི་རྣམ་བཞག་ལས་ཡོངས་སུ་འགོངས་ཏེ་ལྷ་འབོད་ཀླུ་འབོད་ཀྱི་ཆོ་ཁ་དེ་དག་ནང་ཆོས་ཀྱི་སྙིང་པོར་བརྩིས་ཏེ་དེར་ཤི་འཐམ་རོ་འཐམ་བྱེད་ཀྱི་ཡོད་པ་རེད། དཔེ་མཚོན་ཙམ་གླེང་ན། རང་རེའི་སྤྱི་ཚོགས་ནང་དར་ཁྱབ་ཆེ་བའི་མོ་རྒྱག་པའི་ལུགས་སྲོལ་དེ་རེད། ལ་ལས་མོ་རྒྱག་པ་སོགས་པའི་རང་རེའི་ཆོས་ལུགས་ཀྱི་བྱེད་སྒོ་མི་ཉུང་བ་ཞིག་བོན་ལུགས་ཡིན་པར་བརྗོད། གང་ལྟར་ཡང་ལུགས་སྲོལ་དེ་དག་གིས་ང་ཚོའི་མི་རིགས་འདིའི་བསམ་བློ་དམ་པོར་བཅིངས་ཡོད་ལ་འཆིངས་ཐག་དེའི་ཁྲོད་ནས་ང་ཚོ་ད་དུང་ཡང་མཐར་མེད། དེ་ཡང་རང་རེ་མི་ཉུང་བ་ཞིག་གིས་གལ་ཆེའི་གནད་དོན་གང་ཞིག་ཐག་གཅོད་བྱེད་སྐབས་རང་ཉིད་ཀྱིས་ཀླད་པ་སྤྱད་ནས་ཐག་གཅོད་མི་བྱེད་པར་བླ་མའམ་མོ་བ་གང་རུང་ཞིག་གི་མདུན་དུ་བཅར་ནས་མ་འོངས་མངོན་གཟིགས་ཀྱི་སྐྱབས་འཇུག་ཞུ་གི་ཡོད་ལ་ལུང་རིག་དང་གཏན་ཚིག་ཀྱི་རྒྱབ་བརྟེན་ཡོད་མིན་ལ་མ་བལྟོས་པར་མོ་ཡི་མཇུག་འབྲས་གཞི་ལ་བཞག་ནས་གནད་དོན་ཐག་གཅོད་བྱེད་ཀྱི་ཡོད། ལུགས་སྲོལ་དེའི་ནང་གཞོན་ནུ་ཕོ་མོའི་བརྩེ་དུང་དང་མ་འོངས་ཀྱི་མདུན་ལམ་ཡང་ཚུད་ཀྱི་ཡོད་པ་རེད། དེ་ཡང་གཞོན་ནུ་ཕོ་མོ་གཉིས་ལྷད་མེད་བརྩེ་དུང་གི་དྲ་བའི་ནང་ཚུད་སྐབས་ཕ་མས་གཞོན་ནུ་གཉིས་ཕན་ཚུན་བརྩེ་དུང་ཟབ་ཞན་དང་། ལྟ་སྤྱོད་མཐུན་མིན་སོགས་མིག་མདུན་གྱི་དངོས་ཡོད་གནད་དོན་ལ་རྟག་དཔྱད་མི་བྱེད་པར་གཞོན་ནུ་གཉིས་ཀྱི་མདུན་ལམ་དེ་མོ་བའི་ལག་ཏུ་འཇོག་གི་ཡོད། ཐད་ཀར་བརྗོད་ན་མོ་བའི་ལག་ནང་གི་ཕྲེང་རྡོག་བརྒྱ་དང་བརྒྱད་ནས་ཕྲེང་རྡོག་གསུམ་གྱིས་གཞོན་ནུ་གཉིས་ཀྱི་མ་འོངས་པའི་རེ་བ་དང་། ཕུགས་འདུན། བརྩེ་སེམས་སོགས་ཡོད་ཚད་ཐག་གཅོད་ཀྱི་ཡོད། གལ་ཏེ་མོ་དེ་གཞོན་ནུ་གཉིས་ཀྱི་འདོད་འདུན་བཞིན་མ་བབ་པར་དེའི་མཇུག་འབྲས་ལ་བརྩི་བཀུར་མ་བྱས་ཚེ་ཁོ་ཚོས་ལྟ་ལོག་དང་ལོག་སྤྱོད་པ་ལ་སོགས་པའི་ཞ་ནག་ཞིག་མི་འདོད་བཞིན་དུ་གྱོན་དགོས་ཀྱི་ཡོད་པ་རེད། དྲང་པོར་བརྗོད་ན། ང་ཡང་དེའི་ནང་གི་གཅིག་ཡིན། ངའི་ལྷད་མེད་པའི་བརྩེ་དུང་གི་འཆིངས་ཐག་དང་དེའི་མངའ་དུ་སྦྲུམས་པའི་ཕུགས་བསམ། མ་འོངས་པའི་རེ་བ་སོགས་ཡོད་ཚད་མོ་བའི་ལག་གི་འཕྲེང་རྡོག་གསུམ་གྱིས་རྩ་མེད་དུ་བཟོས་སོང་།
ད་དུང་ང་དང་འདྲ་བའི་རང་རིགས་གཞོན་ནུ་ཅི་ཙམ་གྱི་བརྩེ་དུང་གི་ལས་དབང་དེ་མོ་བའི་ལག་ནང་གི་འཕྲེང་རྡོག་གསུམ་གྱིས་ཐག་གཅོད་བྱ་རྒྱུར་བསྡད་ཡོད་དམ། མཁྱེན་ཡངས་ཀློག་པ་པོ་རྣམས་པ། ཁྱེད་རྣམས་ཀྱིས་ཡང་སྙིང་ང་ཚོའི་ལུགས་སྲོལ་དེ་དང་འདྲ་བ་དག་ཡང་དག་ཡིན་མིན་ལུང་རིགས་ཀྱི་རྒྱབ་བརྟེན་བསྣམས་ཏེ་འདིར་ཕེབས་དང་། ངས་ཁྱེད་རྣམས་སྒུག་བཞིན་ཡོད།

རྩོམ་རིག

Post navigation

Previous Post: རྡ་སའི་ཐང་ཁྲོམ་སྟོན་མཁན་ཚོའི་དཀའ་ངལ།
Next Post: རིན་ཆེན་བསམ་འགྲུབ་ལགས་ཀྱི་འདྲ་པར་འགའ།

Comment (1) on “ཕྲེང་རྡོག་གསུམ་གྱིས་ཐག་བཅད་པའི་ལྷད་མེད་བརྩེ་དུང་གི་ལས་དབང་།”

  1. མེ་ཆ་། says:
    2010-07-05 at 11:36 am

    ད་དུང་དུས་ག་ལ་ཚད་ཆོལ་ཁ་གཅིག་མིན་། ཆོས་ལུགས་གཅིག་མིན་། སྲུང་མ་མཐུན་མིན་། མི་རིགས་གཅིག་མིན་། ལུས་ལ་དྲི་མ་དྲོ་མི་དྲོ་། མི་ཚང་དེ་གཤན་རྒྱུད་ཡིན་མིན་། ཤིང་བཟོ་ཡི་རྒྱུད་པ་ཡིན་མིན་། རྡོ་བཟོ་ཡི་རྒྱུད་པ་ཡིན་མིན་། མགར་རྒྱུད་ཡིན་མིན་། འཛེམ་སྲོལ་ངན་པ་འདི་དག་ནི་། བོད་རྒྱལ་ཁབ་ཡར་རྒྱས་འགྲོ་བར་ལམ་དཀྱིལ་གྱི་བཀག་རྡོ་ཉག་གཅིག་གོ །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme