Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆོས་རིག་བཀའ་བློན་ལ་སྤྲིངས་པའི་སེམས་གཏམ།

Posted on 2020-05-28 By ཁ་བརྡ 1 Comment on ཆོས་རིག་བཀའ་བློན་ལ་སྤྲིངས་པའི་སེམས་གཏམ།

ས་དཀར་བས།
 
ཨོ་རྒྱན་སྟོབས་རྒྱལ་ཟེར་བའི་མི་འདི་ཉིད་སྐྱག་པ་ག་ཚོད་བསྔོག་ན་དེ་ལྟར་སྐྱག་དྲི་ཁ་བ་ནང་བཞིན་ཁོའི་བྱས་ཉེས་རེ་རེ་ནི་ས་རིས་ཐང་གསལ་ལྟར་ཡིན་པས་གླེང་རྒྱུ་ཞེ་མེར་ལངས་ཤིང་རྣམ་རྟོག་ཟ་བའི་རྒྱུ་རུ་འགྲོ་བཞིན་འདུག་པས་གླེང་འདོད་མ་བྱུང་ལ་གླེང་ཡང་རང་ཉིད་ཀྱི་མཐོང་ཡང་ཆུང་རུ་འགྲོ་བར་དོགས་ནས་འདི་ཙམ་གྱིས་ཀྱང་ཁོ་ཉིད་མི་ག་འདྲ་ཞིག་ཡིན་པ་གསལ་བསྐྲོད་ཀྱིས་སྡོམ་ཚིག་ཐེངས་གཅིག་བཀོད་ཡོད་པར་སྙམ།

ངས་གླེང་བར་བྱ་བ་ནི་ཤར་ཕྱོགས་ཁུག་རྟས་གསུང་བ་ལྟར་བདུད་སྡིག་ཏོ་ཅན་ལྷས་བྱིན་དེ་ཉིད་མ་ཡིན་པར། ༧གོང་ས་མཆོག་གི་མཚན་གནས་དང་ཆེས་འབྲེལ་བ་ཆེ་བའི་ཆོས་རིག་བཀའ་བློན་གྱི་མིང་འཛིན་པ་གཡུ་ཐོག་དེ་ཉིད་ཡིན། དེ་ཉིད་ཆོས་རིག་བཀའ་བློན་གྱི་ལས་འཁུར་ཞུ་བཞིན་པའི་ཉིན་དང་པོའི་སྐབས་སུ།ཆོས་སྐྱོང་སྲུང་མ་གཉིས་དང་མཆོག་གསུམ་དཔང་དུ་བཙུགས་ནས་དྲང་བོ་དྲང་བཞག་དང་འཛེམ་ཟོན་སྤུ་ཙམ་མེད་པའི་སྒོ་ནས་བཅའ་ཁྲིམས་རིན་པོ་ཆེ་གཙིག་ཏུ་བཀུར་ནས།ལས་དོན་འཐུས་ཤོར་མེད་པ་ཞིག་བྱེད་ངེས་ཡིན་པའི་དམ་བཅའ་དེ་དག་ལོ་ལྔ་ཚན་འདི་རིང་དུ་ཆུ་ནང་དུ་རྟུག་དྲི་བཏང་བ་བཞིན་དུ་གྱུར་སོང་བ་མིན་ནམ།

ཁྱོད་ནི་ཁྱོད་ཀྱིས་བཤད་པ་ལྟར་རླུང་རྟ་རྒུད་པའི་བར་ཆད་ཀྱིས་ཆོ་འཕྲུལ་བྱུང་བ་ལྟར་ཟེར་བ་བཞིན་གཅིག་མིན་གཉིས་མིན་མ་ཡིན་པར་ནོར་འཁྲུལ་གཅིག་འཕྲོས་གཅིག་ལ་ཤོར་ནས་མིའི་སེམས་སུ་རྨ་ཁ་ག་ཚོད་ཅིག་བཟོས་པ་ཡོད་ཚད་རླུང་རྟ་རྒུད་པའི་བར་ཆད་ལ་ཁ་གཡར་ས་ཨེ་འགྲོ་འམ།འགྲོ་བའི་དབང་དུ་བཏང་ནས་མི་མང་ལྐུགས་པ་བཟོ་འདོད་ཀྱིས་འཁྲུལ་སྣང་དེ་དག་མ་འཆང་བར་ནོར་འཁྲུལ་ཡོད་ན་ནོར་འཁྲུལ་བྱུང་བའི་དགོངས་དག་ཡིན་གཅིག་མིན་གཅིག་མི་མང་ལ་ཞུ་དགོས་ལས་རེད།

དེ་མིན་ན་བདེན་པའི་ཁུངས་དང་རིག་པས་བསྒྲུབ་དགོས་པ་རེད།དེ་ལྟར་ཡང་བསྒྲུབ་རྒྱུ་མ་བྱུང་བར་སྐུལ་ལྕགས་དེ་ཉིད་བློས་གཏོང་མི་ཐུབ་ན་དེ་དེ་བཞིན་ལྷ་དགོངས་མི་སེམས་དྭངས་ནས་ཤིག་ཅི་ནས་བྱེད་དགོས་པ་རེད་ལ་དེ་ཡང་བཟོད་གསོལ་ཞུ་དགོས་ན་རེད།ཞུ་བ་འཐེན་དགོས་ན་རེད།གང་ལྟར་གནམ་མཁའ་གཡའ་དག་ས་གཞི་རྡུལ་དག་ཟེར་བཞིན་རང་ཉིད་རང་གིས་གཙང་མ་ཞིག་བཟོ་དགོས་པ་རེད།དེ་མིན་པར་འཇགས་འགྲོ་གི་རེད་སྙམ་པའི་དགོངས་གཞི་ཞིག་ཡོད་ན་ནི་ནོར་འཁྲུལ་ཆེན་པོ་ཞིག་ཏུ་འདོད།

སྤྱིར་བཏང་ཁྱེད་ནི་མ་གཞི་ནས་སྙིང་རྗེ་སྐྱེས་ཡུལ་ཞིག་ཏུ་འདོད།ཉེ་སྔོན་ཨ་རི་གཞུང་ཚབ་ཚོགས་ཟུར་སྐུ་ངོ་སྤེན་ཚེ་མཆོག་ལ་མ་ཉེས་ཁ་གཡོག་གིས་གསར་འགོད་གསལ་བསྒྲགས་ཀྱི་བཅར་འདྲི་སྐབས་སུའང་ལྡ་བ་ལྡིབ་བེ།ལྐོག་ལྐོག་སུད་སུད་ཀྱིས་བྲོས་མ་འགྲོ་ལྟ་བུའི་སྣང་ཚུལ་འདི་དག་ལས་ཁྱོད་འདི་སྡུག་ལ་སུན་པ་མེད་ན་ཨ་ཐང་ཆད་ནས་ཤིག་མ་རེད་དམ།བདེན་པ་དང་གདེངས་སྤོབས་མེད་ན་མི་དཀར་དཀར་ལ་ཞྭ་མོ་ནག་པོ་གཡོག་རྒྱུ་དེ་འདྲའི་སླ་མོ་ཞིག་ག་ལ་ཡིན་ཨང་།དེ་ལས་ཀྱང་ཁྱེད་ལ་བསླབ་བྱ་ཐེངས་གཅིག་དང་མྱོང་ཚོར་ཞིག་རེག་ཡོད་ན་ཡང་ཁྱོད་འདིར་ཅི་ཞིག་བྱུང་བ་ཡིན་ནམ།སྐབས་དེར་ཡང་རླུང་རྟ་རྒུད་པའི་བར་ཆད་ཅིག་ཏུ་འདོད་དམ།

མི་ཞིག་ཡིན་ན་འདས་པའི་ཉམས་མྱོང་དང་ཕམ་ཁའི་ཁྲོད་ནས་བསླབ་བྱ་ཐོབ་དགོས་ངེས་ཡིན་ཀྱང་ཁྱོད་འདི་ཅི་རེད།ཐང་ཐང་མི་འདུག་ཟེར་ན་ག་ནས་འགྲིག་སྟེ་ཁྱོད་བླ་ན་མེད་པ་གོང་ན་མེད་པའི་ཆོས་རིག་བཀའ་བློན་གྱི་ཞབས་སྟེགས་དེ་ཉིད་བདག་འཛིན་གནང་མཁན་གྱི་གང་ཟག་ཅིག་རེད།ཡིན་ཡང་ལས་ཀ་ལས་ཕྱོགས་ཐམས་ཅད་ཐོབ་དང་མིིང་ལས་ལྡོག་ཕྱོགས་གནང་མཁན་གྱིས་མི་བསམ་མེད་ཀླད་སྟོང་རྒྱུ་དག་མེད་པ་ཅིག་ཏུ་འདོད།འདི་ལྟར་བརྗོད་ཚེ་གུས་མེད་ལུགས་མེད་བྱས་སོང་ཟེར་ནས་ཁ་སྤོ་ཁ་ནས་ལངས།ཞེ་སྤོབས་གཏིང་ནས་ལངས་ནས་མ་དགའ་བའི་རྣམ་འགྱུར་སྟོན་སྲིད་ཀྱང་།དེ་ནི་མགོ་ན་ན་ཆང་རང་གིས་འཐུང་ནི་རེད་ཟེར་བཞིན་ལས་སྟངས་བྱེད་སྟངས་་ནས་བཤད་མི་དགོས་པར་བཤམས་ཡོད་པ་འདི་རེད།

མི་རློམ་པར་སྙམ་ན་ཁྱེད་རང་གིས་གསལ་བསྒྲགས་དང་པོའི་དོོན་ཚན་གསུམ་ཙམ་དེར་ཞིབ་ཏུ་གཟིགས་དང་།བསམ་བློ་བཏང་གིན་བཏང་གིན་ཧ་ལས་ཤིང་ཧོན་འཐོར་དུ་བཅུག་ཏུ་མི་འཇོག་གམ།ཁྱེད་ཀྱི་ཚིག་འབྲུ་རེ་རེ་ལས་ཨོ་རྒྱན་སྟོབས་རྒྱལ་དཀར་འདོན་གྱི་རྒྱབ་དཔུང་ཞིག་ལས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་ན་༧གོང་ས་མཆོག་གི་མཚན་གནས་སྲུང་སྐྱོབ་ཅེས་འཁོད་ཡོད་པ་དེ་དང་རྒྱབ་འགལ་དུ་གྱུར་མི་འདུག་གམ།ནོར་འཁྲུལ་འདི་ནི་རང་ག་བ་ཞིག་མ་ཡིན་པར་བརྟེན་བོད་མི་ཡོད་དོ་ཅོག་གིས་ག་ས་གང་ནས་མ་བཟོད་པར་སྐད་ཤོར་དགོས་ཆགས་པ་འདི་རེད།

ཁྱེད་ཀྱི་གསལ་བསྒྲགས་དེ་ནི་མེ་ལ་མེ་གྲོགས་ཀྱིས་ཚུལ་དུ་སོང་ནས་ཨོ་རྒྱན་སྟོབས་རྒྱལ་གྱི་རེ་འདོད་ལྟར་དུ་སོང་བ་དེ་ནི་ཨོ་རྒྱན་སྟོབས་རྒྱལ་ལས་ལྡབ་འགྱུར་གྱིས་ཚབས་ཆེ་བའི་ནག་ཉེས་ཤིག་ཏུ་འཁུམས་པ་མ་ཟད།བོད་མི་ཡོད་དོ་ཅོག་གི་རྨ་ཐོག་ལ་ཚ་བཏབ་པ་བཞིན་ཁྱེད་ཀྱིས་ཡོད་ཚད་ཟིང་ཟིང་དུ་བཟོས་ནས་མིག་ནང་གི་ཚེར་མ་རུ་གྱུར་སོང་བ་མིན་ནམ།

ཁྱེད་ཀྱིས་བསམ་བློ་ཐོངས་དང་ཁྱོད་གནད་ཡོད་མི་སྣ་ཞིག་རེད།དེ་ལས་ཀྱང་ཆོས་རིག་བཀའ་བློན་རེད།སྤྱིར་ན་ཁྱོད་༧གོང་ས་མཆོག་གི་གསུངས་ཀྱི་གསུངས་ཚབ་དང་ཐུགས་ཀྱི་ཐུགས་ཚབ་ཀྱི་གང་ཟག་དེ་ཉིད་ཡིན་དགོས་པ་རེད ་དེ།མ་བསམ་ས་ནས་༧གོང་ས་མཆོག་ལ་ཟུར་ཟ་དང་དམའ་འབེབས་བྱེད་མཁན་དང་ལག་པ་བཏང་ནས་དད་ལྡན་བོད་མི་དག་ལ་བརྙས་བཅོས་དང་མཐོང་ཆུང་བྱས་པ་དག་ནི་ཧ་ལས་པའི་ཚོད་དུ་འདུག་པ་དེ་རེད།

མ་གཞི་ནས་ཁྱེད་རང་ལ་དད་པ་ཡོད་མིན་དང་༧གོང་ས་མཆོག་ལ་གུས་བརྩི་ཞུས་མིན་ནི་ཁྱེད་ཀྱི་སྒེར་ངོས་ཀྱི་དོན་དག་ཅིག་ཏུ་ཡིན་པ་ལས་མཐའ་གཅིག་ཏུ་༧གོང་ས་མཆོག་ལ་གུས་བརྩི་ཞུས་དགོས་ཞེས་ནམ་ཡང་སུ་ཞིག་གིས་ཀྱང་སྨྲ་མི་སྲིད་དེ།ཡིན་ཡང་ཁྱེད་ནི་བོད་རིགས་མི་མང་གིས་མགྲིན་ཚབ་དང་༧གོང་ས་མཆོག་གིས་དགུང་ལོ་དྲུག་ནས་ཤར་ནུབ་ཀུན་ཏུ་ལག་ཟུང་ཐལ་མོ་སྦྱར་ནས་ད་བར་གཡས་སྐྱོར་གཡོན་སྐྱོར་གནང་ནས་བཙུགས་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གནད་ཡོད་མི་སྣ་ཞིག་གིས་བསམ་སྦྱོར་དེ་འདྲ་ཞིག་ཡིན་ན་ནི་རེ་བ་ཞིག་འཆང་རྒྱུ་མེད་པའི་ཁར་ལས་རྒྱུ་འབྲས་དང་མཐུན་གྱིས་འདུག་གམ།སྔ་དྲོ་རྟ་ཕོ་ཆས་ཀྱི་གསོས་ན་ཕྱི་དྲོ་དྲིན་ལན་འཕྲ་ཡིས་འཇལ་ཟེར་བ་བཞིན་ཁྱེད་ཀྱི་བྱ་སྤྱོད་དེ་དག་ལ་ཡིད་ཐང་ཆད་ནས་ཤིག་རེད།

ལྷག་པར་དུ་ཁྱེད་ཀྱིས་གསལ་བསྒྲགས་སྒང་ལ་གསལ་བསྒྲགས་བཏང་ནས་མི་མང་རྨོངས་སུ་བཅུག་འདོད་ཀྱིས་སྣང་ཚུལ་དེར་ད་ནི་ཉོབ་ཏུ་བཅུག་སོང་།ཞེ་མེར་གཏིང་ནས་ལངས་སུ་བཅུག་སོང་།མཐོ་བོང་སྡོམ་ཡོད་པ་ལྟར་ཅི་བྱེད་འདི་བྱེད་མེད་པ་དང་།བཤད་པའི་སྐད་ཆ་དག་ལ་ཆ་འཇོག་སྤུ་ཙམ་མེད་པའི་ཁར་མི་མང་གི་སེམས་ཁམས་རྨང་ནས་བཅོམ་ཟིན་པས་སླར་གསོས་ཤིག་ཡོང་རེ་དཀའ་རྒྱུ་རེད།མི་ཞིག་གི་སེམས་ཁམས་ཤིག་ཚར་བའི་རྗེས་སུ་ད་ཅི་ཞིག་བཤད་ཀྱང་དཀའ་རྒྱུ་རེད་ལ་དེ་ཡདྲ་ཞིག་གིས་དགོངས་དྭངས་ཡོང་ས་མ་རེད་དོ།།

ད་ནི་ཁྱེད་ལ་ཐབས་ལམ་གཅིག་ཡོད་པ་ནི་རྩ་དགོངས་ཞུ་རྒྱུ་ལས་ལྷག་མི་འདུག་པ་འདི་རེད།ཐབས་ལམ་འདི་ལ་འགྲོ་ཐུབ་ན་རང་གཞན་ཀུན་ལ་ཕན་པའི་སྨན་མཆོག་དེ་ཉིད་རེད།དེ་ལས་ཐབས་ཤེས་གཞན་ཞིག་ལྕེ་བརྒྱ་སྤྲུལ་ནས་སྨྲས་ཀྱང་ཡོད་རེ་དཀོན།རྒྱུ་མཚན་ནི་ཁྱེད་རང་མུ་མཐུད་ནས་ཨུ་ཚུགས་བསྡད་ནས་བཞུགས་ཀྱང་མི་མང་གིས་ཡིད་ཆེས་བརླག་ཚར་སོང་བས་ཁྱེད་ཀྱིས་ཅི་བཤད་ལ་ཆ་འཇོག་དང་རིན་ཐང་མེད་དུས་ཁྱོད་ཉིད་ཁྱོད་ལ་ན་ཟུག་དང་མི་རིགས་ལས་དོན་ལ་ཡང་འཐུས་ཤོར་དུ་འགྲོ་ཉེན་ཆེ་བས།ད་ནི་རང་སེམས་རང་གིས་གཅུན་ཐུབ་ན་རྩ་དགོངས་ཞུ་རྒྱུ་དེ་ནི་ཡག་ཤོས་ཤིག་ཏུ་འདོད་པས་གང་མགྱོགས་ལག་ལེན་དུ་བསྟར་བར་སྨོན་ཞེས་ཆེས་མཐའ་མའི་རེ་སྐུལ་ཞུ་འདོད་པ་དེ་ཉིད་དོ།།

ཁྱོད་གྲྭ་བ་གྲྭ་རྐྱང་ཞིག་ལ་དཀའ་ངལ་ཅི་ཞིག་ཡོད་ཨང་། སྐེ་མི་ཚུད་སར་ལུས་འཚང་བས་མཇུག་འབྲས་འདི་ལས་ཅི་ཞིག་ཡོད་ཨང་། སྔོན་མའི་སྔོན་མ་བཞིན་ཤེས་རིག་ལས་ཁུངས་ནས་བཞུགས་ཡོད་ན་ནི་འདི་འདྲའི་ལོ་རྒྱུས་ནག་པོ་ཞིག་ཅི་ལྟར་ཡོད་ཨང་། ད་ནི་ཚེ་མཇུག་དེ་ཉིད་རིན་ཐང་ཅན་ཞིག་ཏུ་འབད་བརྩོན་གནང་རོགས་ཀྱེ།
2020/5/28ཉིན།

བསམ་ཚུལ།

Post navigation

Previous Post: ཚབས་ཆེའི་བྱ་བར་མཐོ་དམན་ཚང་མས་རྒོལ་དགོས།
Next Post: སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱི་སྨྱོས་བཤད་ལ་ལན་དུ་ཟློ་བ།

Comment (1) on “ཆོས་རིག་བཀའ་བློན་ལ་སྤྲིངས་པའི་སེམས་གཏམ།”

  1. ཨ་ཁུ་འབྲོག་པ། says:
    2020-05-28 at 9:55 pm

    དྲྭ་གྲོགས་ཚོ། རང་རེ་བོད་ཀྱི་རིག་གཞུང་ནང་། གྲོགས་བཟང་བསྟེན་དགོས་པ་དང་།
    གྲོགས་ངན་སྤང་དགོས་ཞེས་གསུངས་པ་ནི་ཤིན་ཏུ་བདེན། ད་རེས་གྲོགས་ངན་པའི་དབང་གིས་མི་ཚེ་ཧྲིལ་པོ་གཞུང་ཞབས་ཞུས་ཤིང་། ཉམས་མྱོང་ཕུན་སུམ་ཚོགས་པའི་གཡུ་ཐོག་ཀརྨ་དགེ་ལེགས་གྲྭ་བ་རྒད་པོ་མ་ཤི་བར་དུ་སྨན་ཟོས། འཆི་ཁ་ལ་ཁར་དུག་ཟོས་ཟེར་བ་ལྟར་སྙིང་པོ་ཅི་ཡང་མེད་པར་གྱུར་སོང་། སྙིང་རྗེ། ལར་ནས་བློ་བཟང་སེངྒེ་ཞེས་དུད་འགྲོའི་མིང་ཅན་འདི་ནི། ༧གོང་ས་མཆོག་གིས་ཆོལ་གསུམ་གཅིག་ཏུ་བསྒྲིལ་བའི་བཙན་བྱོལ་བོད་མི་ཞེས་པའི་སྒྲིག་འཛུགས་ཤིག་སྐུ་ངལ་སྟོང་ཕྲག་ཁྱད་དུ་བསད་ཏེ་གསར་འཛུགས་བསྐྱངས་པ་འདི་གཏོར་བཤིག་སྟོང་མཁན་གྱི་དམ་སྲི་ཞིག་ཏུ་བསམ་བཞིན་སྐྱེས་པ་ཡིན་ནམ་སྙམ། མི་འདི་ཤེས་ཡོན་ཅན་དུ་བརྫུས་ཏེ་བཙན་བྱོལ་སྤྱི་ཚོགས་ནང་གི་མི་ཤེས་ཡོན་ལྷག་བསམ་དང་། སེམས་ཤུགས་ཅན་མང་པོའི་གྲོགས་བཟང་དུ་ཡང་བརྫུས་ཏེ་འཕྲོ་རླག་བཏང་དང་གཏོང་བཞིན་པ་རེད། དང་པོར་བདེ་སྐྱིད་ཆོས་དབྱངས། དེ་ནས་ཤར་གླིང་ཟླ་སྒྲོན་དང་སྤེན་པ་ཚེ་རིང་། ད་རེས་གཡུ་ཐོག་ཀརྨ་དགེ་ལེགས་བཅས་འཕྲོ་བརླག་བཏང་སོང་། གཞན་ཡང་ལྷག་བསམ་སེམས་ཤུགས་ཅན་་པོ་ཞིག་འཕྲོ་བརླག་བཏང་ཡོད་ཀྱང་། མིང་འདོན་བྱ་འདོད་མེད། རིམ་པས་ཤེས་ཀྱི་རེད། ད་ཀརྨ་ཡེ་ཤེས་འཕྲོ་བརླག་གང་འདྲ་བྱས་ཏེ་གཏོང་དགོས་མིན་སློབ་སྟོན་པ་རྣམས་དང་ཡང་གོ་བསྡུར་བྱེད་ཀྱིན་་ཡོད་པ་ཐག་གིས་ཆོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme