Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གསེར་ཀོང་རྐུན་མས་བརྐུས་ན་འཛུམ་དམུལ་དམུལ། མར་མེ་རླུང་གིས་གཡོས་ན་འཛུམ་དམུལ་དམུལ།

Posted on 2020-05-27 By ཁ་བརྡ 1 Comment on གསེར་ཀོང་རྐུན་མས་བརྐུས་ན་འཛུམ་དམུལ་དམུལ། མར་མེ་རླུང་གིས་གཡོས་ན་འཛུམ་དམུལ་དམུལ།

སྐྲན། [ སིཌི་ནིས། ]
 
མི་འདི་ཚོའི་རིགས་ཀྱིས་དང་པོར་སྔ་འདང་ཕྱི་འདང་མི་བྱེད་པར་ཅི་ཡང་བྱུང་རྒྱལ་དུ་སྨྲས། བར་དུ་ཨུ་ཚུགས་ཀྱི་གཡག་ཤེད་བསྐྱང་རྒྱུ་ལས་ཐབས་ཤེས་ཟད་པས། ཐ་མར་འཛུལ་སའི་ཨུ་ཁུང་མི་རྙེད་པར་མི་མདངས་ལ་རྫུན་བཤད་ཅིང་མགོ་སྐོར་གཏོང་ཐབས་བྱེད།

སྔར་ཡང་། ང་ཚོར་དེ་འདྲ་མང་པོ་བྱུང་མྱོང་ཡོད། གནད་ལ་ཐུག་ཅིང་འགྲེལ་བཤད་དང་གནས་ལུགས་ཟད་དུས། དཔེར་ན། “མདང་ནུབ། ང་བཟི་སོང་པས་” ཟེར་མཁན་དང་། ཡང་། “སྒྱུ་རྩལ་གྱི་ཁྱབ་ཁོངས་ནས་བཤད་ཀྱི་ཡོད་”ཟེར་བ་ལྟ་བུ་སོགས་སོ།། ད་ལན་ཡང་། སྤྲུལ་སྐུའི་མིང་འཛིན་ཨོ་སྟོབས་ཟེར་བ་དེས་༧གོང་ས་མཆོག་ལ་མཚད་སྨོད་ཞུས་པར། གཞུང་འབྲེལ་མི་སྣ་ཆོས་རིག་བཀའ་བློན་གྱིས་གཞུང་གི་ལས་ཤོག་བེད་སྤྱོད་ཀྱིས་ད་དུང་ཨོ་སྟོབས་འགྲིག་འདུག་མདོག་མདོག་གིས་འགྲེལ་བཤད་ཡ་མ་བརླ་ཞིག་བྱས་པ་ནི་དོན་ངོ་མར་ “གསེར་ཀོང་རྐུན་མས་བརྐུས་ན་འཛུམ་དམུལ་དམུལ། མར་མེ་རླུང་གིས་གཡོས་ན་འཛུམ་དམུལ་དམུལ།” ཟེར་བ་ལས་མ་འདས་སྟབས། ཨོ་སྟོབས་ཀྱིས་ཆོས་རིག་བཀའ་བློན་ལ་ཐུགས་རྗེ་ཆེའི་ཞུ་ཡིག་སྤེལ།

ཡང་། དེའི་རྗེས་སུ་ <ཆོས་རིག་ལས་ཁུངས་> ཞེས་པའི་ངོ་དེབ་སྟེང་དུ་ “ཕྲན་རང་ནད་དགོངས་ཐོག་ཡོད་ཀྱང་ཆོས་ཕྱོགས་དང་འབྲེལ་བའི་གནས་ཚུལ་ཚབས་ཆེན་ཞིག་གློ་བུར་ཐོན་པར་སེམས་ཀྱིས་མ་བཟོད་པར་” སོགས་དང་། ཡང་། “སྒེར་གྱི་བསམ་ཚུལ་ཡིན་པ་ལས་གཞུང་གིས་མིན་” ཟེར་བ་སོགས་གང་ཡིན་འདི་ཡིན་མེད་པར་སྨྱོ་བཤད་བཟི་བཤད་ཀྱིས་མི་དམངས་ལ་ཉམས་ཚོད་ལེན་གྱི་ཡོད་རེད། མགོ་སྐོར་གཏོང་གི་ཡོད་རེད། དེ་ཟེར་བཞག་ན་གང་དྲགས། འདི་ལབ་བཞག་ན་གང་དྲགས་བསམ་བཞིན་ཉམས་ཚོད་འདྲ་རྐྱང་རྐྱང་བླངས་བསྡད་པས་མི་མང་གཞུང་ལ་ཡི་ག་ལོག་བྱེད་དག་འདི་དང་འདི་འདྲ་ནས་བྱུང་དང་འབྱུང་གི་ཡོད་པ་མ་ཡིན་ནམ། ལག་པ་བྲང་ཁར་ཞོག་ལ་ག་ལེར་སོམས་དང་སུས་མི་ཤེས་ཨང་།

མདོར་ན། ང་ཚོ་ཉམ་ཆུང་བའི་མི་དམངས་ལ་ཡིད་ཆེས་བློས་འགེལ་བྱ་སའི་གཞུང་དེ་དགོས་ཀྱི་ཡོད་རེད། དབུས་བོད་མའི་སྒྲིག་འཛུགས་དགོས་ཀྱི་ཡོད་རེད། སྲ་བརྟན་འགྱུར་མེད་གྱི་དམངས་སེམས་ཁེན་སའི་གཞུང་དེ་འདྲ་ཞིག་དགོས་ཀྱི་ཡོད་རེད། ཡིན་ཡང་། མི་ངན་སྤྱོད་ངན་རེ་ཟུང་གིས་དམངས་དང་གཞུང་གི་དབར་ལ་དབྱེན་བྱས་ནས། ནང་ཁུལ་ཕུ་དཀྲུག་མདའ་དཀྲུག་བྱེད་ཀྱིན་པར་བོད་ཀྱི་བཀའ་ཤག་གིས་ཐུགས་འགན་ལེགས་པར་བཞེས་དགོས་པར་མ་ཟད། རྟ་ཤུལ་སྒྲོག་ཏུ་མི་འགྲོ་ཆེད་དང་། དམངས་གཞུང་ཡིད་ཆེས་མི་བརླག་ཆེད། ཀརྨ་དགེ་ལེགས་ལྟ་བུར་མི་ཐེག་པའི་ཁལ་ལ་ཨུ་ཚུགས་བྱེད་དུ་མི་འཇུག་པར་གོ་གནས་གལ་འགངས་ཆེ་བ་དེ་ལས་གནས་དབྱུང་གཏོང་འོས་ཞེས་ཞུས་པ་ལགས་སོ།།

བསམ་ཚུལ།

Post navigation

Previous Post: བོད་ཀྱི་རྩ་དོན་ལ་གནོད་པའི་རྒྱུག་ཁྱི་ཡོད་དམ།
Next Post: ལྟས་ངན་ངན་པ་དགུ་འཛོམས།

Comments (1) on “གསེར་ཀོང་རྐུན་མས་བརྐུས་ན་འཛུམ་དམུལ་དམུལ། མར་མེ་རླུང་གིས་གཡོས་ན་འཛུམ་དམུལ་དམུལ།”

  1. བདེ་འཇགས་ཕོ་ཉ། says:
    2020-05-28 at 3:05 pm

    ཚང་མས་འདི་ལ་གསན་ཨ། https://www.youtube.com/watch?v=Ti8-552Q6as

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (84)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (32)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (16)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme