Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་རྩ་དོན་ལ་གནོད་པའི་རྒྱུག་ཁྱི་ཡོད་དམ།

Posted on 2020-05-272020-05-27 By ཁ་བརྡ No Comments on བོད་ཀྱི་རྩ་དོན་ལ་གནོད་པའི་རྒྱུག་ཁྱི་ཡོད་དམ།

བསྟན་འཛིན་ཆོས་སྐྱོང་།
 
རྒད་པོ་ཨོ་རྒྱན་སྟོབས་རྒྱལ་གྱིས་གྲ་སྒྲིག་དང་འཆར་གཞི་ཡོད་པའི་ཐོག་ནས་༸གོང་ས་མཆོག་ལ་བསྟན་པ་བཤིག་པའི་སྟ་རེ་དང་། བསྟན་བཤིག་ཆེན་པོ་བདུད་ཀྱི་ལས་ཀ་ངོ་མ་དེ་རེད་ཅེས་སྨྱོ་ལབ་བརྒྱབ་ཡོད། སྐད་ཆ་འདིས་སྤྱི་ཚོགས་སྐྱོ་ངལ་ཆེན་པོར་ལྷུང་བའི་དེང་གི་འཛམ་གླིང་ནང་དུ་༸གོང་ས་མཆོག་གི་རྗེས་འཇུག་རྣམས་ལ་ཡིད་ཕམ་དང་ཁོང་ཁྲོ་སློང་རྒྱུ་ཡིན་པ་ཁྲམ་པ་རིག་པ་ཅན་གྱིས་སྔ་ས་ནས་ཚོད་རྩིས་ཐུབ་ཡོད། གོ་ཐོས་ལ་རྒད་པོ་ཁོ་ཆོས་དང་སྲིད་གང་ལའང་རྨོངས་པ་ཞིག་ཡིན་འདུག་པས་ཆ་འཇོག་བྱེད་འོས་པ་དང་། དོ་སྣང་བྱེད་དགོས་པའི་གནད་གང་ཡང་མེད་ཀྱང་། རྒད་པོ་ཁོ་ནི་མདོ་ཁམས་ཆུ་བཞི་སྒང་དྲུག་ཚོགས་པའི་སློབ་སྟོན་པ་དང་། བླ་མིང་ཅན་གྱི་འབྱོར་ཕྱུག་གི་ཡོང་ཁུངས་མི་གསལ་བའི་ཕྱུག་བདག་ཅིག་ཡིན་འདུག་པས་མི་མང་དཀྱུས་མ་ཉུང་ཤོས་ཤིག་ལ་ས་ག་ཟླ་བར་ཆོས་བགེགས་དང་། བོད་ཀྱི་རྩ་དོན་ལ་གནོད་པ་ཐེབ་སྲིད་པ་ཞིག་རེད། དེའི་ཐོག་ཆོས་རིག་བཀའ་བློན་གྱིས་གླིང་སྒྲོག་འུར་གཏམ་གྱིས་རྒྱབ་གནོན་བྱས་པས་ཉེན་ཁ་སྔར་ལས་ཆེ་བར་གྱུར་ཅིང་། གནད་དོན་ཡང་མང་པོ་འབྱུང་བཞིན་འདུག

དབང་ལུང་མན་ངག་གི་ཆོས་ཀྱི་ཕྱག་ལེན་སྐོར་ནས་གཞུང་ལུགས་ཀྱིས་རྒྱབ་རྟེན་དང་བཅས་དགེ་བའི་བཤེས་གཉེན་མང་པོས་༸གོང་ས་ཐམས་ཅད་མཁྱེན་པའི་དགོངས་གཞི་ལ་མོས་གུས་ཀྱི་བཀའ་གནང་བཞིན་འདུག་པས་དེ་ལས་ལྷག་གི་གཡའ་སེལ་ཞིག་གང་ནས་ཡོང་ལ། དགོས་པའང་མི་འདུག ལྷག་པར་དུ་དེང་གི་སྐབས་སུ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་གཏན་ཚིགས་ལ་མི་མང་གོ་རྟོགས་སད་ཅིང་རྨོངས་དད་ཀྱི་ལམ་ལུགས་ལ་ཁེ་ཕན་ཆེན་པོ་ཐུབ་རྒྱུར་དཀའ་ངལ་ཆེས་ཆེར་འཕྲད་བཞིན་པའི་དུས་སྐབས་འདིར་ཨོ་རྒྱན་སྟོབས་རྒྱལ་ནི་ཧ་ཅང་ན་ཟུག་གི་ངང་གནས་ཡོད་ཚོད། གང་ཡིན་ཟེར་ན། དྲ་ལམ་རྒྱུད་ནས་ནང་ཆོས་ཀྱི་བྱིན་རླབས་གནང་བ་དང་། སེམས་པ་ཆོས་ལ་འཇུག་པའི་སྐུལ་མ་གནང་སྐབས་འབུལ་རྟེན་མེད་པས་ལམ་ལུགས་དེ་ཁོ་ཚོའི་རིགས་ལ་ཁེ་ཕན་ཤོར་བའི་ཆག་སྒོ་ཅིག་ཡིན་པ་ང་ཚོས་གོ་རྟོགས་ཐུབ་ཀྱི་འདུག ཡིན་ནའང་། སྡུག་སྐད་དེ་ནི་རང་བསླུ་བྱས་པའི་འཁྲབ་སྟོན་ཞིག་ཏུ་གྱུར་ཡོད་ལ་བོད་ཀྱི་རྩ་དོན་ལ་གྱོང་གུད་ཀྱང་སླེབས་བཞིན་འདུག

ཐབས་སྐྱོ་བ་ཞིག་ལ་གཡུ་ཐོག་ཀརྨ་དགེ་ལེགས་ཀྱིས་སྒེར་གྱི་བསམ་ཚུལ་ཡིན་པར་བསྒྲགས་པའི་ཆོས་རིག་བཀའ་བློན་གྱི་ལས་ཤོག་ཐོག་གི་ཨོ་རྒྱན་སྟོབས་རྒྱལ་དཀར་འདོན་གྱི་བསྒྲགས་གཏམ་དང་། བཀའ་ཤག་གིས་བློ་ཕམ་ཡོད་ཚུལ་བསྒྲགས་པའི་གསལ་བསྒྲགས་གཉིས་ཀའི་ནང་དུ་དོགས་གཞི་ཆེ་བའི་བརྗོད་པ་ཞིག་རྒྱུན་སྐྱོང་བྱས་ཡོད། གཟིགས་དང་། ཆོས་རིག་བཀའ་བློན་གྱིས་ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༦ ཉིན་ “རིང་མིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དྲྭ་བརྙན་བརྒྱུད་ཐུགས་རྗེ་ཆེན་པོའི་དབང་ཆེན་སྩལ་རྒྱུ་དཔེ་མཚོན་དུ་བཟུང་ནས་བླ་ཆེན་རྣམ་པས་དྲྭ་ལམ་དང་བརྙན་འཕྲིན་བརྒྱུད་ནས་གསང་སྔགས་ཀྱི་དབང་དང་བྱིན་རླབས་གནང་ལམ་འཇགས་པ་དེ་དག་བསྟན་པ་ཉམས་པ་དང་བཤིག་པའི་རྒྱུ་རྐྱེན་དུ་ངེས་ཚུལ་གསུངས་འདུག་པར་”ཞེས་བྲིས་ཡོད། མཚན་རྟགས་འགོད་རྒྱུར་དགའ་བའི་སྲིད་སྐྱོང་བློ་སེང་བཀའ་ཤག་གིས་ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༧ ཉིན་གཞུང་འབྲེལ་ཡིག་ཚགས་ལ་དེབ་སྐྱེལ་གྱི་ཡིག་ཨང་མེད་ཅིང་། དབང་ལྡན་འགན་འཛིན་གྱི་མཚན་རྟགས་མེད་པའི་གསལ་བསྒྲགས་སུ་“སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་ནས་སྤྱི་ཚོགས་དྲྭ་ལམ་བརྒྱུད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དྲྭ་བརྒྱུད་བཀའ་དབང་སྩལ་རྒྱུ་དཔེར་བཟུང་ནས་བླ་ཆེན་རྣམ་པས་སྤྱི་ཚོགས་དྲྭ་ལམ་ཐོག་བཀའ་དབང་དང་བྱིན་རླབས་གནང་བ་དེ་དག་བསྟན་པ་ཉམས་པ་དང་བཤིག་པའི་རྒྱུ་རྐྱེན་དུ་འགྲོ་ཚུལ་དང་བཅས་མཚན་སྨད་ཞུས་པ་”ཞེས་བཀོད་ཡོད།

ཨོ་རྒྱན་སྟོབས་རྒྱལ་གྱི་སྐད་ཆ་སྔ་མའི་ནང་དུ། “དེང་སང་ TVནང་ནས་བསྐུར་འགྲོ་གི་ཡོད་རེད། ཏཱ་ལའི་བླ་མས་སང་ཉིན་ཐུགས་རྗེ་ཆེན་པོའི་དབང་ཆེན་བསྐུར་འོང་ཟེར་བ་ཉིན་མ་གཉིས་ལ། འཛམ་བུ་གླིང་ཐམས་ཅད་ལ་ TVནང་ནས་སྟོན་གྱི་ཡོད་པ་རེད། དེ་ཚོ་བསྟན་པ་བཤིག་པའི་སྟ་རེ་ངོ་མ་དེ་ད་བཟོ་གི་ཡོད་པ་རེད། རྒྱུ་འབྲས་གསང་བ་སྙིང་པོ་ TVནང་ནས་བཤད་ཡོང་བ་རེད། Wechat ནང་ནས་བཤད་ཡོང་གི་རེད་ཟེར། ཡེ་ཤེས་བླ་མས་ Wechat ནང་ནས་བཤད་ཡོང་གི་རེད་ཟེར་བ། ད་དོན་དག་ཡག་རྙིང་ Wechat ནང་ནས་བཤད་དགོས་པ་རེད་ཟེར། དེ་འདྲའི་བསྟན་བཤིག་ཆེན་པོ་བདུད་ཀྱི་ལས་ཀ་ངོ་མ་དེ་རེད་པཱ། དེ་ནས་ཆོས་ཀྱི་རྒྱུད་པ་ཉམས་མི་འགྲོ་བ། ཁུངས་གཏན་ནས་ཡོད་པ་མ་རེད།” ཅེས་བཤད་ཡོད་པ་དང་། སྐད་ཆ་ཕྱི་མའི་ནང་དུ་བླ་མ་གཞན་གྱིས་དྲ་ལམ་ནས་དབང་ལུང་གནང་བ་མཐོང་ཐོས་མེད་ཚུལ་བཤད་ཡོད། ཆོས་རིག་བཀའ་བློན་དང་བཀའ་ཤག་གིས་ “བླ་ཆེན་རྣམ་པ་” ཞེས་པའི་ཚིག་འདི་གང་དྲངས་ཡོང་བ་དང་། ཅིའི་ཕྱིར་སྣོན་པ་རྒྱག་བཞིན་ཡོད་དམ།

དྲ་ལམ་གྱི་མི་ངོས་མི་ཟིན་པའི་མཆན་འབྲི་བ་མང་པོ་ཞིག་གི་བརྡ་སྲོལ་དུ། ངོ་ལོག་ཕྱོགས་ཁག་ཅེས་པ་ཞིག་བློ་སེང་ཁྲིམས་ཐོག་ནས་ཕམ་ཉེས་ཆེན་པོ་གཏོང་མཁན་ལ་སྦྱོར་གྱི་འདུག་པ་དང་། དེ་ཡི་ཁ་གཏད་དུ་རུལ་སུངས་ཕྱོགས་ཁག་ཅེས་པ་ཞིག་ཀྱང་འདུག ད་ལྟའི་གླེང་གཞི་འདིའང་བྱེད་པ་པོ་དེ་གཉིས་ངོས་འཛིན་གྱིས་ཞུས་ཆོག་པ་འདུག ཉེ་ལམ་གྱི་སྣང་ཚུལ་ལྟར་ན། ཨོ་རྒྱན་སྟོབས་རྒྱལ་གྱིས་སྨྱོ་ལབ་བརྒྱབ་སྟེ། རང་ཉིད་ཆོས་གཟུགས་ལ་ཆོས་ཀྱི་ཤེས་ཡོན་མེད་པའི་གནས་ཚུལ་ཕྱི་ལ་ཤོར་རྗེས་ལོ་ངོ་ཉི་ཤུ་རྩ་གྲངས་རིང་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ལ་སྦྱངས་པ་མཐར་སོན་པའི་དགེ་བཤེས་རྣམས་ཀྱིས་དོན་དངོས་སློབ་སྟོན་གནང་ཞིང་། དགེ་བཤེས་རྣམ་པའི་རིགས་པ་ལ་བྱང་རྩལ་ཆེ་བའི་སློབ་སྟོན་དེས་༸གོང་ས་མཆོག་ལ་གནས་དུས་ཚོད་རྩིས་བྱེད་པའི་ཨོ་སྟོབས་ཅན་སོགས་ཀྱི་ཐབས་ཇུས་དེ་ལ་འཇིགས་སྐྲག་ཅིག་བསླངས་ཡོད་པ་ཧ་ཅང་གསལ་བོ་འདུག དེའི་རྐྱེན་གྱིས་བཀའ་ཤག་དང་ཆོས་རིག་བཀའ་བློན་གྱིས་ཨོ་རྒྱན་སྟོབས་རྒྱལ་གྱིས་བཤད་པའི་ “བསྟན་པ་བཤིག་པའི་སྟ་རེ་ངོ་མ་”་དང་། “བསྟན་བཤིག་ཆེན་པོ་བདུད་ཀྱི་ལས་ཀ་ངོ་མ་” ཞེས་པའི་རྨོངས་གཏམ་དེ་ “བླ་ཆེན་རྣམ་པར་”བགོ་བྱ་བརྒྱབ་སྟེ་རུལ་སུངས་ཕྱོགས་ཁག་ལ་སྲུང་སྐྱོབ་བྱས་ཡོད། འདི་ནི་མི་སྒེར་རམ་ཚོགས་སྡེ་ཡི་སྣང་བརྙན་ལ་སྲུང་སྐྱོབ་བྱེད་སྟངས་རིགས་པ་དང་ལྡན་པ་ཞིག་མ་རེད་དམ། རིགས་པ་འདི་བོད་ཀྱི་བདེན་མཐའ་གསལ་བར་ཅིས་ཀྱང་བསྐོར་འོས་ཀྱང་། རེ་སྨོན་ཙམ་ཞིག་ཏུ་ལུས་ཡོད། འོན་ཀྱང་། ཨོ་རྒྱན་སྟོབས་རྒྱལ་གྱི་གསོས་ཕྲུག་ཚོའི་སེམས་པ་ལ་༸རྒྱལ་བ་རིན་པོ་ཆེར་གང་བྱུང་བཤད་པ་སྨྲ་བརྗོད་རང་དབང་དང་། དེ་ལ་ཡ་ལན་ནི་སྨྲ་བརྗོད་རང་དབང་མ་ཡིན་པའི་མགོ་རྨོངས་ཀྱི་སྐད་ཆ་ཞིག་ཀྱང་ཡོང་བཞིན་ཡོད། དགོད་བྲོ་བའི་བསམ་ཚུལ་འདིས་མང་གཙོ་དང་ཆབ་སྲིད་ཀྱི་གཞུང་ལུགས་བཤད་པ་ནི་ལྟས་ངན་རང་རེད།

ཡ་མཚན་པའི་གནད་དོན་གཞན་ཞིག་ནི། རྒྱ་ནག་གིས་ཧོང་ཀོང་ལ་ཁྲིམས་འཆར་གསར་པ་བཟོས་ཤིང་། ཀྲུང་གོའི་གྲངས་ཉུང་མི་རིགས་སུ་བཏགས་པའི་འཐུས་མི་རྣམས་ལ་རྒྱབ་སྐྱོར་གྱི་རྣམ་པ་སྟོན་བཅུག་པའི་གནས་ཚུལ་ཞིག་ཐོན་པ་དང་། ཧོང་ཀོང་ནང་དུ་གུང་ཁྲུན་ཏང་གི་དབང་བསྒྱུར་ལ་ཉེན་ཁའི་ཆུ་མིག་བརྡོལ་རྒྱུའི་ལྟོས་བཟང་དེ་ཁྱབ་པའི་དུས་ཡུན་ཐུང་ངུའི་ནང་དུ་བོད་མི་སྲིད་དོན་ལ་དོ་སྣང་ཆེ་བ་ཚོས་སྣེ་ཁྲིད་ཀྱིས་དགག་ལན་མགོ་བརྩམས་ཤིང་། དེ་ལ་ཞིབ་འཇུག་དང་དཔེ་ལྟོས་ཀྱི་ལས་འཆར་ལ་གྲ་སྒྲིག་བྱེད་སྒང་ལ་ཨོ་རྒྱུན་སྟོབས་རྒྱལ་གྱིས་གློ་བུར་དུ་བོད་མིའི་ཆོས་དང་འཇིག་རྟེན་གཉིས་ཀྱི་མགོན་སྐྱབས་བླ་ན་མེད་པ་༸གོང་ས་མཆོག་ལ་མཚན་དམོད་བྱས་ཏེ་བོད་ཀྱི་རྩ་དོན་སེམས་ལ་བཟུང་བའི་མི་མང་ཁྲི་ཁྲག་མང་པོ་འུར་ཆི་ལེར་བཏང་ཞིང་། ཧོང་གོང་གི་གནས་ཚུལ་ཀྱང་དུས་ཡུན་ཐུང་ངུ་འདིའི་ནང་ལབ་གླེང་ནས་ཡལ་བར་བྱས། འདི་ནི་རྒྱ་གཞུང་ལ་མཚོན་ན་དངོས་གནས་དགྲ་གཅིག་ཚར་བཅད་པ་དང་ཅིས་མི་འདྲ།

༢༠༢༠།༥།༢༧ ཉིན་སེང་གེ་གྲོག་མས་གསོད་པའི་གཏམ་རྒྱུད་ལ་ཕྱིར་དྲན་དང་བཅས་བྲིས།

བསམ་ཚུལ།

Post navigation

Previous Post: ལོག་པར་རྟོག་པ་མཐའ་དག་གི་སྙིང་ཁྲག་དགུང་དུ་མཆོད་པ།
Next Post: གསེར་ཀོང་རྐུན་མས་བརྐུས་ན་འཛུམ་དམུལ་དམུལ། མར་མེ་རླུང་གིས་གཡོས་ན་འཛུམ་དམུལ་དམུལ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (83)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (24)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (13)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme