Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ངན་པ་སྐྱག་ལང་བཏང་ན་ལངས་གཅིན་གཏོང་ཟེར་བ་ཅིམ་བདེན།

Posted on 2020-05-27 By ཁ་བརྡ No Comments on ངན་པ་སྐྱག་ལང་བཏང་ན་ལངས་གཅིན་གཏོང་ཟེར་བ་ཅིམ་བདེན།

ས་དཀར་བས།
 
ཅི་ལྟར་བསམ་བློ་བཏང་ཡང་གཅིག་རྒྱབ་གཅིག་གིས་ལངས་ནས་དུས་རབས་ཉེར་གཅིག་པའི་སྟོན་པ་ཆེན་པོར་སྐུལ་འདེད་དང་ཟུར་ཟ་བྱས་པ་དག་ནི་བློ་ཡུལ་དུ་ཤོང་ཐུབ་པ་ཞིག་ཅི་ལ་ཡིན་ཨང་།ཁྱེད་ཅག་གིས་བྱེད་སྟངས་ལས་སྟངས་འདི་ཡིས་ང་ཡི་སྟོན་པའི་སྤུ་ཉག་ཙམ་ཡང་སྒུལ་ཐུབ་ཀྱིས་མི་འདུག་ནའང་།དད་ལྡན་བོད་མི་ཡོངས་ལ་ཕོག་ཐུག་བཟོས་པའི་ནག་ཉེས་འདི་གནམ་ས་ཤོང་ཐུབ་པ་ཞིག་ག་ནས་ཡིན་ཨང་།

མ་གཞི་ནས་ཨོ་རྒྱན་སྟོབས་རྒྱལ་གྱིས་སྨྱོ་བཤད་གཟའ་བཤད་དེ་དག་ལ་གླེང་རིན་ཞིག་དང་ཆ་འཇོག་ཅིག་ཡོད་མི་སྲིད་ལ།ཡོད་པའི་དབང་དུ་བཏང་ནའང་ཁོ་རང་གིས་གསོས་པའི་གསོས་ཕྲུག་རེ་གཉིས་ལས་ཁོས་ཅི་བཤད་ཡོད་ཚད་ཚད་མར་འཛིན་མཁན་ནི་ཉིན་མོའི་སྐར་མ་ལས་མ་འདས་པ་འདི་རེད། ཁོ་ནི་རྒྱུད་ན་སྡོམ་པ་མེད་པའི་ཁར་སྟོན་པའི་ན་བཟའ་གྱོན་གྱོན་ལ་བུད་མེད་བདག་ཏུ་གཉེར་ནས་བུ་ཕྲུག་གཅིག་གཉིས་ཤིག་གི་ཨ་ཕ་གྱུར་ནས་ཡོད་ན་ཡང་།བསམ་སྦྱོར་གང་ཅིའི་ཐད་ནས་མི་སྐྱ་ཕོ་མོ་ལས་དམན་པར་འདུག་ན་ནི་སྤྲུལ་སྐུ་ཞེས་པའི་མིང་འཛིན་དེ་ནི་སྟག་ལྤགས་གཡོག་པའི་བོང་བུའི་དཔེ་ཟླར་འོས་པ་ཟུར་བལྟས་ལེབ་མཐོང་དུ་ཡིན་པས་ཁོ་ལ་བཤད་རྒྱུ་དེའང་སྐྱག་པ་སྐྱག་དྲི་ཁ་བ་ལས་གཞན་མི་འདུག་ན་དེ་ལྟར་ས་བཀབ་ནས་གཡུག་རྒྱུ་ལས་ཆེས་གླེང་རིན་དང་མཐོང་མེད་པ་ལྐུགས་པའི་ལྐུགས་པ་ཞིག་མིན་ན་ཤེས་ཚོད་ཡིན།ཁོས་བྱེད་ལས་ནི་ག་དུས་ཡིན་ན་བོད་མི་ནང་ཁུལ་དཀྲུག་རྒྱུ་དང་རྒྱ་མི་ལྟར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད།ས་སྟེང་ཡོངས་ཀྱི་མངའ་བདག ་༧གོང་ས་མཆོག་ལ་མཛད་དཀའ་དང་བོད་མི་སེམས་པར་རྨ་བཟོ་བ་ལས་ཅི་གང་མི་འཇོན་པའི་རྒན་འཁོག་ཞེ་ནག་ཅིག་ལས་ཧང་སངས་དགོས་པ་ཅི་ཡང་མེད།

དེ་ལས་ཀྱང་དེ་དང་རྗེས་འབྲེལ་ཆོས་རིག་བཀའ་བློན་མིང་འཛིན་པ་བྱ་སྤུ་སྣོན་དེ་ཉིད་ཀྱིས་སྤེལ་བའི་གསལ་བསྒྲགས་དེ་ཉིད་ནི་དེ་ལས་ཧང་སངས་ཞིང་ཧོན་འཐོར་དུ་མི་འཇུག་གམ།མི་འདི་དག་ཐམས་ཅད་ཀྱི་དམིགས་ཡུལ་དང་འཆར་གཞི་ཅི་ཞིག་ཡིན་ནམ་སྙམ་པའི་དོགས་པ་ཞིག་རང་དབང་མེད་པར་སེམས་སུ་འཁོར་ཡོང་བ་ཅི་ཁག་ཨང་།
ནམ་ཞར་དུ་ཁོ་ཚོས་གོ་སྐབས་གང་ཡོད་དང་སྡིངས་ཆ་གང་ཡིན་ལ༧གོང་ས་ཡིད་བཞིན་ནོར་བུའི་བཀའ་དྲིན་ཞེས་མ་ཎི་འདོན་འདོན་བསྒྲངས་ཀྱིས་ཡོད་པ་མ་ཟད།སྟོང་ལོ་ཉི་ཤུ་འདི་ཉིད་ནི་བཀའ་དྲིན་རྗེས་དྲན་གྱི་ལོ་ཡིན་ཞེས་བཀའ་ཤག་ལྷན་རྒྱས་ནས་གནམ་བསྒྲགས་ས་བསྒྲགས་བྱས་ཀྱང་དོན་ལ་ནི་ཁ་སྟོང་ནང་གི་ཚིག་སྟོང་།དགོས་མཁོ་བྱུང་ན་གཞན་མགོ་གནོན་བྱེད་ཅིག་ལས་ཅི་ཞིག་འདུག དངོས་གནས་ཡིན་ན་སྲིད་སྐྱོང་གི་གྲོས་ཚོགས་ར་བ་ནས་ཁ་སྤོབས་ཆེན་པོས་༧གོང་ས་མཆོག་ལ་དད་གུས་ང་ལས་ཆེ་བ་མེད་ཟེར་བའི་འུར་སྒྲོག་དེ་བདེན་ན།ཨོ་རྒྱན་སྟོབས་རྒྱལ་དང་ཆོས་རིག་བཀའ་བློན་བྱ་སྤུ་སྣོན་སོགས་ཀྱི་བྱེད་བབ་ལ་གཞིགས་པའི་ཁྲིམས་ཀྱིས་ཐག་གཅོད་གནང་མི་དགོས་སམ། གནད་དོན་འདིའི་ཐད་དུ་བོད་མི་མང་སྤྱི་འཐུས་ཐུན་མོངརེ་རེ་ནས་ཀྱང་མ་གོ་མ་ཐོས་མེད་པའི་ཐོག་ནས་གནད་དོན་འདི་ལ་དཔག་པའི་ནམ་འགྱུར་ཞིག་སྟོན་མི་དགོས་སམ།ནམ་ཡིན་ན་གྲོས་ཚོགས་ར་བ་ན་ཚོར་ཤུགས་ཆེན་པོས་འབྲོང་ངར་ངར་དང་ཁྱི་ཟུག་ཟུག་གནང་མཁན་གྱི་ཆོས་རྒྱུད་སྤྱི་འཐུས་དག་གང་དུ་འཚམས་སུ་བཞུགས་ཡོད་དམ།

ལྷག་པར་དུ་བཅའ་ཁྲིམས་རིན་པོ་ཆེ་ན་༧གོང་ས་མཆོག་གི་མཚན་གནས་ལ་སྲུང་སྐྱོབ་བྱེད་དགོས་ཅེས་འཁོད་འདུག་པ་འདི་དག་བཀའ་སྤྱི་རྣམ་པས་མཁྱེན་གྱིས་ཡོད་ན་ནི།ཨོ་རྒྱན་སྟོབས་རྒྱལ་གྱིས་བྱས་ཉེས་དང་།དེ་དང་འབྲེལ་བའི་ཆོས་རིག་བཀའ་བློན་གཉིས་སྣང་མེད་དུ་འཇོག་ཐུབ་ཐབས་ཤིག་རྩ་བ་ནས་མི་འདུག་ན།དེ་དང་བསྟུན་པའི་ཉེས་ཆད་དང་གནས་དབྱུང་ག་རེ་ཞིག་གང་མགྱོགས་མགྱོགས་གནང་ན་མ་གཏོགས་བོད་མིའི་རྨ་ཁ་དེ་ཅི་ལྟར་གསོ་ཨང་།

ད་ནི་ཅི་ལྟར་བཤད་ཀྱང་ལས་རྒྱུ་འབྲས་ཤིག་དང་བཀའ་དྲིན་ལ་བསམ་ཤེས་ཤིག་ཡོད་ན་ནི།འུ་ཚོ་ཁ་རོག་གེར་འདུག་ཐབས་མེད་པའི་གནས་སྟངས་ལ་གཞིགས་ནས་མར་གྱི་སྤུ་བཏོན་བཏོན་གནང་ནས་མི་དགོས་པ་དག་ཐལ་བར་བསྐྱུར་དགོས་པའི་དུས་སུ་སླེབས་འདུག་གོ།

ཨོ་རྒྱན་སྟོབས་རྒྱལ་ལ་གདམས་པའི་གླུ།

དུས་སྙིགས་མའི་དུས་ཚོད་འདི་འདྲ།།
མི་ཀླད་མེད་ཨོ་རྒྱན་སྟོབས་རྒྱལ།།
ཁ་བདག་མེད་དུར་ཁུང་ནང་ནས།།
ཚིག་ཚོད་མེད་གང་བྱུང་སྨྲས་སོང་།།

བོད་ས་ཡ་དྲུག་གི་མགོན་སྐྱབས།།
ཁོང་ཡིད་བཞིན་ནོར་བུ་མཆོག་ལ།།
ཚིག་ངན་པས་ཟུར་ཟ་བྱས་པ།།
བོད་ས་ཡ་དྲུག་ལ་གནོད་ཡོད།།

བོད་ཁ་བའི་དབང་ཐང་དར་བ།།
ཆོས་རིག་གཞུང་འཛམ་གླིང་ཁྱབ་པ།།
བོད་ཁ་བ་གསོན་དུ་བཞག་པ།།
ཁོང་ཡིད་བཞིན་ནོར་བུ་མིན་ནམ།།

ཁྱོད་སྤྲུལ་རྫུན་ཨོ་རྒྱལ་སྟོབས་རྒྱལ།།
ནང་བསྟན་པའི་ཞབས་འདྲེན་ཁྱོད་རང་།།
ཁྱིམ་བཟའ་ཚང་བུ་ཕྲུག་བསྐྱངས་ཡོད།།
སེམས་མ་གཅུན་འདམ་གྱིས་གཡོག་ཡོད།།

བོད་ཆོས་སྲིད་གང་ཅིའི་ཐད་ལ།།
ལག་ཞབས་རྗེས་སྤུ་ཙམ་མ་དགོས།།
ནང་ཕུ་ནུ་དཀྲུགས་པའི་ཕྱོགས་ལ།།
ཁྱོད་མི་ངན་གཞན་ལས་སུ་ཡོད།།

ཡུལ་བཙན་བྱོལ་ས་མཐའ་འདི་ནས།།
མགོ་ཁང་བ་ཀླུ་རྒྱལ་འདྲ་ཞིག།
ཁྱོད་མི་ངན་འཇོན་པ་མ་རེད།།
ཁོང་ཡིད་བཞིན་ནོར་བུའི་དྲིན་ཡིན།།

ཁྱོད་ཨ་ཕོ་ཨོ་རྒྱན་སྟོབས་རྒྱལ།།
མཐོང་འཇོན་ཐང་ཧུར་ཐག་ཡིན་ནོ།།
ནང་ཕུ་ནུ་གཏོར་རྒྱུ་དེ་ཡིན།།
དེ་མ་ཡིན་གཞན་ཞིག་མི་འཇོན།།

ཆོས་ཉམས་ལེན་བཤད་རྒྱུ་ཕར་ཞོག།
རྒྱུ་སྐྱབས་འགྲོ་རྒྱུད་ན་ཨེ་ཡོད།།
དུག་ཉོན་མོངས་དམ་ཉམས་ཁྱོད་འདྲ།།
བོད་ཁ་བའི་ནང་དགྲ་ཁྱོད་ཡིན།།

ཚིག་མང་པོ་བཤད་ན་མི་གོ།།
དོན་མང་པོ་འགྲེལ་ན་མི་རྟོགས།།
མི་ཁྱོད་འདྲ་མཐོང་ན་ཉོབ་པ།།
འདི་གོ་ན་ཤ་ཚའི་གཏམ་ཡིན།

བྱ་སྤུ་སྣོན་ལ་གདམས་པའི་ལེགས་བཤད།

ཚུར་གསོན་དང་བཀའ་ཤག་ལྷན་རྒྱས།།
ནང་སྒོས་སུ་ཆོས་རིག་བཀའ་བློན།།
དོན་མེད་ལ་རྙོག་དྲ་བཟོ་མཁན།།
སྐབས་བཅོ་ལྔའི་བཀའ་ཤག་ཡིན་ཐལ།།

བྱ་སྤུ་སྣོན་ཞེས་པའི་མཚང་མིང་།།
མི་ཧམ་ཅན་ཁྱོད་ལ་ཐོགས་པ།།
གཅིག་གཉིས་གཉིས་བྱས་ནས་མི་བརྗོད།།
ས་འཛམ་གླིང་ཡོངས་ཀྱིས་རྟོགས་ཡོད།།

དུས་དེང་སང་དམ་ཉམས་ཨོ་རྒྱན།།
ཚིག་ངན་པས་ཟུར་ཟ་བྱས་པ།།
བྱ་སྤུ་སྣོན་རྒྱབ་རྩར་ལངས་ནས།།
འབྲེལ་མེད་པའི་གསལ་བསྒྲགས་སྤེལ་སོང་།།

མི་ནག་པོ་དཀར་འདོན་བྱེད་མཁན།།
བྱ་སྤུ་སྣོན་གྲྭ་རྒན་འདི་ཡིས།།
རྟགས་རང་གཟུགས་ངོ་མ་ངོམས་སོང་།།
སུ་ཡིན་རུང་ཡིད་གཟབ་གནང་རོགས།།

ཆོས་བཀའ་བློན་རྐུབ་སྟེགས་མ་རྫོབ།།
བོད་ཁ་བའི་དུས་ཚོད་མ་བརླག།
མི་འཇོན་མེད་གཡུ་ཐོག་དམ་ཉམས།།
དུས་ད་ལྟ་རྩ་དགོངས་ཞུས་རོགས།།

དེ་མིན་ན་སྐྱབས་གནས་དམ་པ།།
ཞེ་བསམ་པས་དགོངས་དག་ཞུ་དགོས།།
དེའི་མི་ཚད་བོད་མི་ཡོངས་ལ།།
ང་ནོར་སོང་མཐེ་བོང་སྟོན་རོགས།།

ཁྱོས་བཀའ་བློན་གོ་གནས་ཆེད་དུ།།
ལས་ཚང་མ་རྐང་རྗེས་ལག་བསུབས།།
མི་ངན་པས་མི་ལས་དགུ་ལས།།
བོད་ཁ་བའི་ལོ་རྒྱུས་བཀོད་སོང་།།

ཨ་ཤུ་རེ་གྲྭ་རྐྱང་ཞིག་ལ།།
ཁ་མི་གསོས་དོན་དག་ཅི་ཡོད།།
ལས་ངན་པ་བསགས་ནས་བསྡད་ན།།
ཚེ་ཕྱི་མ་ཟེར་བ་ཨེ་ཤེས།།

ཁྱོད་འདྲ་བས་བསྟན་པ་བཤིག་ནས།།
ལོ་ལྔ་ཚན་འདི་ཡི་རིང་ལ།།
རང་ཁོ་ནས་དོན་དུ་རྒྱུགས་ནས།།
མགོ་འཛུལ་ས་ཁང་བ་བཟོས་ཡོད།།

ད་བཤད་ན་ཚར་རྒྱུ་མེད་པ།།
བྱ་སྤུ་སྣོན་ཞབས་འདྲེན་རང་རེད།།
ཚེ་འདི་ཡི་ཚེ་སྨད་རིང་ལ།།
རང་སེམས་པ་ཨེ་གཅུན་བལྟ་རོགས།
༢༠༡༥/༥/༢༥ཉིན།

སྣ་ཚོགས།

Post navigation

Previous Post: ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་ཀྱིས་འཕྲལ་དུ་ཆོས་རིག་བཀའ་བློན་ནས་དགོངས་པ་ཞུ་དགོས།
Next Post: བདུད་སྤྲུལ་ཨོ་རྒྱན་སྟོབས་རྒྱལ་ལ་གདམས་པ་ལུང་རིགས་གློག་དམར་འཁྱུག་པ་ཞེས་བྱ་བ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme