Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བལ་ཡུལ་མཆོད་རྟེན་གྱི་གཏམ་རྒྱུད་ཐོར་བུ། (ཚན་པ་བཞི) 

Posted on 2020-05-25 By ཁ་བརྡ No Comments on བལ་ཡུལ་མཆོད་རྟེན་གྱི་གཏམ་རྒྱུད་ཐོར་བུ། (ཚན་པ་བཞི) 

དགེ་བསྟན།
 

གཅིག སྤྲང་པོ།

རེ་བའི་མིག་གི་འགུལ་སྐྱོད་ཤིན་ཏུ་མྱུར་བའི་སྤྲང་པོ་ཞིག་ལམ་འགྲམ་དུ་བསྡད་ནས་གཏོང་ཕོད་ཅན་གྱི་སྦྱིན་བདག་ལ་སྒུག་བཞིན་འདུག །ཐེམ་སྤང་བཀའ་རྒྱ་བཏང་ནས་ཟླ་བ་གཉིས་ལྷག་ཕྱིན་ཟིན་པས། ཁོའི་ཉེ་འཁོར་གྱི་ཁྱི་འཁྱམ་དེ་དག་གི་ལྟོ་བ་ཡང་དབུགས་ཤོར་བའི་ལྒང་ཕུག་དང་མཚུངས།

མདུན་གྱི་ཤེལ་ཀོའི་སྟེང་དུ་”སངས་རྒྱས་བལ་ཡུལ་དུ་འཁྲུངས་”ཞེས་བྲིས་པའི་རླངས་འཁོར་ཞིག་སྔོག་བཤེར་ས་ཚིགས་རེ་རེ་བདེ་བླག་ཏུ་བརྒལ་ནས་སྤྲང་པོ་དང་ཇེ་ཉེ་ཇེ་ཉེར་གྱུར། རླངས་འཁོར་དེའི་གཞོགས་གཡས་གཡོན་དུ། ད་དུང་”སངས་རྒྱས་ལ་སྐྱབས་སུ་མཆིའོ།། དབུལ་པོར་ཟས་སྦྱིན་་་་་་”སོགས་བལ་དབྱིན་གཉིས་ཀའི་ནང་བྲིས་པའི་རས་དམར་པོ་རེ་བཏགས་འདུག །སྤྲང་པོའི་མིག་ལས་རེ་བའི་འོད་མདངས་རྣམ་པར་བཀྲ་ཞིང་། “ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ། ཨོྃ་མ་ཎི་པདྨེ་ཧཱུྃ།” ཞེས་གོམས་ལོབས་སུ་སོང་བའི་སློང་དབྱངས་སྙན་པོ་སྐྱོར་མ་དགོས་པར་ཁ་ནས་རང་དབང་མེད་པར་ཤོར་ཞིང་། སྐྱ་ཧྲལ་ཧྲལ་དུ་གྱུར་པའི་མཆུ་ཏོ་ལས་ཀྱང་འཛུམ་པའི་ཉམས་ཡིད་དུ་འོང་བ་ཞིག་མངོན་བྱུང་།

རླངས་འཁོར་དེ་སྤྲང་པོ་དང་ཇེ་རིང་ནས་ཇེ་རིང་དུ་གྱུར་པ་དང་། མཐར་མི་མངོན་པར་གྱུར། ཁོའི་ཡོང་འབབ་ནི་རླངས་འཁོར་ནང་ནས་མི་ཞིག་གིས་ཁོ་ལ་བལྟས་ནས་སྣ་སྙེར་ཞིག་བྱས་པ་དེ་ཁོ་ནའོ།།

གཉིས། རོགས་རམ།

ཐེམ་སྤང་བཀའ་རྒྱས་ནད་ཡམས་སྔོན་འགོག་ལ་ཕན་ནུས་ངེས་ཅན་བཏོན་པའི་ཞོར་ལ། མཁའ་དབུགས་འབག་བཙོག་ཉུང་འཕྲི་བྱས་པ་ནི་དོན་བཟང་ཞིག་ཡིན་པ་སྨོས་མ་དགོས། འོན་ཀྱང་། དབུལ་བོ་རྣམས་ལ་མཚོན་ན། བཀའ་རྒྱ་འདིས་མནར་གཅོད་བཏང་བཏང་ཞིག་སུས་ཀྱང་བཏང་མ་མྱོང་། འདིས་སྤྲང་པོ་ཚོ་ཨ་ཅང་ཅང་། ཁྱི་ལྡོམ་རྣམས་ལའང་མནར་གཅོད་བཏང་དང་གཏོང་མུས་རེད་པས། གལ་ཏེ། བཀའ་རྒྱ་འདི་སྲོག་ཆགས་ཤིག་ཡིན་ན། ཁྱི་ལྡོམ་དང་སྤྲང་པོ་ཚོས་སྔ་ས་ནས་ཐལ་བའི་རྡུལ་དུ་བརླགས་ཟིན་པར་ཐེ་ཚོམ་མེད།

མོ་ནི་ཀ་ནི་བལ་ཡུལ་མཆོད་རྟེན་དང་དེའི་ཉེ་འཁོར་གྱི་མི་རྣམས་ཀྱི་ཕྱི་ཚུལ་མཛེས་པོ་དེས་ཡིད་དབང་འཕྲོགས་པའི་ཨ་རི་བ་ཞིག་ཡིན་ལ། མཆོད་རྟེན་དུ་གཏན་སྡོད་བྱས་ཡོད། ཐེམ་སྤང་བཀའ་རྒྱ་བཏང་རྗེས། མོའི་མ་བསྐུལ་དང་བླངས་ཀྱི་ལས་འགན་ནི་སྲང་ཁྱི་ལ་འཚོ་སྐྱོང་བྱེད་རྒྱུ་དེ་རེད། མོས་ཅི་ནུས་གང་ཐུབ་ཀྱིས་སྲང་ཁྱི་ལ་ལྟོ་སྟེར་ཞིང་། ད་དུང་ཁྱི་རྨས་མ་མཐོང་དུས་སྨན་ཁང་དུ་སྐྱེལ་བར་བྱེད། རྟག་ཏུ་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཅིག་ཅེས་མ་ཎི་བགྲང་བགྲང་བྱེད་པའི་ནང་པ་ཚོས། མོ་ནི་ཀ་ལ་བལྟས་ནས་”མགོ་སེར་འདི་ཚོ་དངོས་གནས་ཅོལ་ཆུང་རེད”ཟེར།

གསུམ། སྐྱོ་བོ།

གཟའ་ཉི་མ། དགོང་མོའི་ཆུ་ཚོད་༩ ཡས་མས།
“རྒྱ་ནད་ཏོག་དབྱིབས་ནད་དུག་གིས་དཀའ་ངལ་སྤྲད་པའི་བོད་མི་རྣམས་ལ། དབུས་བོད་མི་སྒྲིག་འཛུགས་ནས་རོགས་རམ་གནང་གཏན་འཁེལ་འདུག །རོགས་རམ་དགོས་ན་སང་ཞོགས་ས་གནས་ལས་ཁུངས་ལ་ཐོ་འགོད་བྱེད་པར་ཤོག” ཆོལ་ཁ་དང་ལུང་ཚན་སོ་སོའི་སྐད་འཕྲིན་ཚོགས་པའི་ནང་དུ་བརྡ་ཁྱབ་བཏང་བྱུང་།

གཟའ་ཟླ་བ། སྔ་དྲོའི་ཆུ་ཚོད་༩ ཡས་མས།
ལག་དེབ་ལྗང་ཁུ་འཁྱེར་བའི་རྒད་པོ་ཞིག་གིས་ལས་ཁུངས་སྒོ་ཕྱེ་བར་སྒུག་འདུག །ལས་བྱེད་པས་སྒོ་ཕྱེས་མ་ཐག་རྒད་པོ་ནང་དུ་འཛུལ། “པ་ལགས། ཁྱེད་རང་ཨང་༡༠༠༩ རེད། རོགས་རམ་རག་གི་ཡོད་མེད་བཤད་ཚོད་མི་ཐིག་་་་་་” ལས་བྱེད་པས་ཐོ་འགོད་བྱེད་ཞོར་དུ་སྨྲས། “སྔ་ཤོས་ང་ཡིན་པ། དེ་འདྲ་མང་པོའི་རྗེས་ལ་ག་འདྲ་སེ་ལུས་པ་རེད།” རྒད་པོ་ཧ་ལས་སོང་།
“……….”

བཞི། སྦྱིན་པ།

ཐེམ་སྤང་བཀའ་རྒྱའི་རིང་། དགོན་པ་རྣམས་ཟས་སྦྱིན་དངུལ་སྦྱིན་སོགས་ཟང་ཟིང་གི་སྦྱིན་པ་ལ་གཅིག་ཏུ་གཞོལ་བའི་གསར་འགྱུར་གྱིས་དྲ་ལམ་དོག་པོར་བྱས་པས། བལ་ཡུལ་མཆོད་རྟེན་ན་ནང་པའི་ཁ་གྲངས་མངོན་གསལ་དོད་པོའི་སྒོ་ནས་ཇེ་མང་ལ་སོང་འདུག་སྐད།

ལྷུག་རྩོམ།

Post navigation

Previous Post: པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དང་བོད་པའི་ཆབ་སྲིད་ཀྱི་ཁ་ཕྱོགས།
Next Post: གཡུ་ཐོག་ཀརྨ་དགེ་ལེགས་ཀྱིས་ཅིའི་ཕྱིར་ཨོ་རྒྱན་སྟོབས་རྒྱལ་དག་འབུད་བྱ་དགོས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme