Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཀོ་རོ་ན།

Posted on 2020-05-20 By ཁ་བརྡ 1 Comment on ཀོ་རོ་ན།

བདག་མོ།

སྤྱི་ལོ་༢༠༡༩ལོའི་ལོ་མཇུག་ཏུ་རྒྱ་ནག་གི་ལྦུའུ་ཧྭན་གྲོང་ཁྱེར་ནང་རིམས་ནད་ཏོག་དབྱིབས་ནད་དུག་གསར་བ་ཞིག་ཁྱབ་ནས་ཟླ་གཅིག་ལྷག་གི་རིང་ལ་མི་བགྲངས་ཧ་ལས་འདས་པ་ཞིག་ནད་དུག་དེས་ཟིན། དེའི་ཁྲོད་མི་ཕལ་མོ་ཆེའི་ཚེ་སྲོག་ཤོར་ཡོད་ནའང་བློ་ཕམ་དང་བསམ་ཡུལ་ལས་འདས་པ་ཞིག་ལ་ས་གནས་དེའི་མིས་དྲང་བདེན་དང་ལྷག་བསམ་གྱིས་ཕྱུག་པའི་སྨན་པ་དང་གསར་འགོད་པ། མི་སྣ་བློ་སྤོབས་ཅན་ཁག་ཅིག་ལ་དམར་ཕྱོགས་གཞུང་གིས་གསང་བའི་རང་བཞིན་གྱི་བཀག་རྒྱའི་འོག་གནོན་ཤུགས་དང་མ་ཉེས་ཁ་གཡོགས་ཀྱིས་མནར་གཅོད་ཤུགས་ཆེན་སྤྲད་མཐར། ལ་ལ་ཞིག་ནད་དུག་ལ་ཁ་གཡར་ནས་དམར་གསོད་བཏང་། ལ་ལ་ཞིག་གར་སོང་ཆ་མེད་དུ་གྱུར་ཏེ་ཤུལ་མེད་དུ་སོང་། སྐབས་དེར་རིམས་ནད་ཀྱི་རྐྱེན་གྱིས་རྒྱ་ནག་ནང་གི་གྲོང་ཁྱེར་སོ་སོའི་འགྲུལ་བཞུད་ས་ཚིགས་ཁག་རྒྱ་དམར་གཞུང་གི་བཀའ་རྒྱ་ལྟར་དུས་ཐོག་ཏུ་སྒོ་བརྒྱབ་ཡོད་ཀྱང་། ཡ་ང་བ་ཞིག་ལ་བོད་ཁུལ་དུ་འགྲུལ་བཞུད་ས་ཚིགས་ཁག་རྒྱུན་ལྡན་ལྟར་རང་གར་བཞག་ཡོད་པ་ཡང་མིག་མཐོང་ལག་ཟིན་ཡིན། འདི་ནི་རྒྱ་དམར་གཞུང་གིས་བོད་མི་རིགས་རྩ་མེད་དུ་གཏོང་བའི་ལམ་ཀ་གསར་བའམ་སྲིད་ཇུས་ངན་པ་ཞིག་མ་ཡིན་ནམ།

སྤྱི་ལོ་༢༠༢༠ལོའི་ལོ་མགོ་ཚེས་མ་ཐག་ཏུ་གཟུགས་མེད་ཀྱི་དགྲ་བོ། རྒྱ་ནག་གི་ནད་ཡམས་ཏེ། ཀོ་རོ་ན་ཨ་རི་གཙོས་འཛམ་གླིང་ཡུལ་གྲུ་ཁག་གི་མི་རིགས་སོ་སོའི་སྲོག་གི་གཤེད་མར་གྱུར་ཀྱང་། “འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་”ཀྱི་སྤྱི་ཁྱབ་འགན་འཛིན་མཆོག་གིས་ལྐོག་ནས་རྒྱ་དམར་གཞུང་དང་ངན་འབྲེལ་གྱིས་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཛ་དྲག་གི་བདེན་པ་རྒྱབ་ཏུ་བསྐུངས་ཏེ་འཇོན་མདོག་མདོག་གིས་རིམས་ནད་ཅིག་མིན་རབ་ཀྱིས་སྐྱག་རྫུན་ལུང་པ་གང་བཤད་སྟབས་འཛམ་གླིང་ཧྲིལ་བོ་རྒྱ་དམར་གྱི་གཡོ་སྒྱུ་ཁྲམ་གསུམ་འོག་ཚུད་པར་བཅུག དེར་བརྟེན། ད་ལྟའི་གནས་བབས་ལ་གཞིགས་ན་ཨ་རི་གཙོས་གོ་ལ་ཁྱོན་ཡོངས་སུ་རིམས་ནད་ཀྱིས་མནར་བཞིན་པའི་ནད་པ་མི་གྲངས་ས་ཡ་བཞི་དང་འབུམ་བདུན་ལྷག་ལ་བུད་འདུག་པ་དང་། དེའི་ཁྲོད་མི་གྲངས་འབུམ་གསུམ་དང་ཁྲི་གཅིག་ལྷག་གི་ཚེ་སྲོག་འཕྲོག ད་རུང་གསོན་བཞིན་པའི་མི་རྣམས་ཤི་གསོན་མ་ངེས་པར་འཇིགས་སྐྲག་དང་དངངས་འཚུབ་ཀྱི་གནས་སུ་བསྐྱལ་ཡོད།

རྒྱ་དམར་གྱིས་འཛམ་གླིང་ཧྲིལ་བོ་དམྱལ་ཁམས་སུ་བསྒྱུར་པའི་གཉན་འཕྲང་ཅན་གྱི་དུས་ངན་འདིར་ཚན་རིག་པའི་ཀླད་ཤུགས་དང་ཚན་རྩལ། ཆོས་རྒྱུད་ཁག་གི་བླ་ཆེན་རྣམ་པའི་སྨོན་ལམ་ཀྱི་མཐུས་སྟོབས་འབྱོར་ཅན་གྱི་ཕྱུག་བདག་པ་ཚོས་དཔལ་འབྱོར་མཉམ་སྤུངས། ཚང་མས་ཁ་ཡོད་ལག་ཡོད་ཀྱིས་ནུས་པ་ཡོད་རྒུ་བཏོན་ནས་མཉམ་རུབ་ཀྱིས་རིམས་ནད་འགོག་ཐབས་དང་བཅོས་ཐབས་ཐད་ནུས་ཤུགས་རྩལ་སྤྲུག་གིས་འབད་དང་འབད་ཀྱིན་ཡོད་ན་ཡང་རྒྱ་དམར་གཞུང་གི་ནད་དུག་འདིས་གོ་ལ་ཧྲིལ་བོར་གཡུལ་ས་ཞིག་ལ་བསྒྱུར་ཏེ། གཡུལ་ས་འདི་ལས་ཐར་ཐབས་ཀྱི་དཀའ་ངལ་འདི་སེལ་བར་མངོན་འགྱུར་གྱི་འབྲས་བུ་ཅི་ཡང་ཐོན་མེད། འདི་ནི་རྒྱ་དམར་གྱི་བསམ་ངན་སྦྱོར་རྩུབ་ཀྱི་གཡོ་སྒྱུའི་རང་གཟུགས་འཛམ་གླིང་ནང་མངོན་སུམ་ངང་གཟུགས་ཅན་དུ་རྒྱུ་བའི་ངན་འབྲས་དེ་ཡིན།

རྒྱ་དམར་གཞུང་གིས་བོད་ས་བཙན་འཛུལ་བྱས་པ་ནས་འདས་པའི་ལོ་ངོ་དྲུག་ཅུའི་རིང་བོད་ལ་མི་སེར་སྤེལ་ཡུལ་གྱི་སྤྱོད་ངན་དང་། གྲངས་ཉུང་མི་རིགས་ཚོར་གཅེར་རྡུང་དང་བཙོན་འཇུག གསོད་གཅོད་ཁྲག་སྦྱོར་གྱིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཏུ་བཏང་བའི་འཆལ་སྤྱོད་མཐའ་དག་འཛམ་གླིང་གིས་མཐོང་ཡང་སྣང་ཆུང་བཏང་སྟབས། རྒྱ་དམར་གཞུང་གིས་འཛམ་གླིང་སྟེང་རྒྱ་ནག་ནང་མི་རིགས་འདྲ་མཉམ་དང་ཐོབ་ཐང་འདྲ་མཉམ། ཆོས་དད་རང་དབང་དང་སྨྲ་བརྗོད་རང་དབང་ཡོད་པ་སོགས་ཆེ་ཆེ་སྙན་སྙན་ཚུལ་གྱིས་སྤེལ་བའི་སྐྱག་རྫུན་དེ་དག་སྒྲིབ་གཡོག་ཏུ་སྤྱད་དེ། བོད་དང་གྲངས་ཉུང་མི་རིགས་ཁག་གི་ཡ་ང་བའི་གནས་སྟངས་འཐུས་ཤོར་ཏུ་བཏང་ཡོད། ཐེངས་འདིར་འཛམ་གླིང་ཡུལ་གྲུ་ཁག་ལ་རྒྱ་དམར་གཞུང་གི་གཡོ་སྒྱུ་ཁྲམ་གསུམ་ཚང་བའི་གཤེད་མར་གྱུར་པའི་གདུག་རྩུབ་ཅན་གྱི་དུག་ནད་རང་སྟེང་དུ་བབས་པ་འདིས་བོད་དང་གྲངས་ཉུང་མི་རིགས་ཁག་གི་དཀའ་སྡུག་སྣང་མེད་དུ་བཏང་བ་དེར་ནོངས་འགྱོད་སྐྱེས་དགོས་པ་གསལ་འདེབས་དང་ར་སྤྲོད་བྱས་ཡོད། སྐབས་འདིར་རྒྱལ་ཁབ་སོ་སོས་ཛ་དྲག་དུ་གྱུར་ཡོད་པའི་ནད་དུག་གི་གནས་བབས་དང་རྒྱ་དམར་གཞུང་རྒྱ་ཡན་དུ་མ་བཏང་བར་འཛམ་གླིང་ཁྱོན་ཡོངས་རྡོག་རྩ་གཅིག་བསྒྲིལ་གྱིས་གཡུལ་སའི་དཀའ་ངལ་ལ་གདོང་ལེན་བྱེད་དགོས་པ་མ་ཟད། རྒྱ་ནག་དམར་ཕྱོགས་གཞུང་གི་སྔར་བྱས་ལ་འགྱོད་བཤགས་དང་ཁས་ལེན། འབྱུང་འགྱུར་བོད་ཀྱི་བདེན་དོན་དང་གྲངས་ཉུང་མི་རིགས་ཁག་ལ་མི་རིགས་འདྲ་མཉམ་དང་ཐོབ་ཐང་འདྲ་མཉམ། ཆོས་དད་རང་དབང་དང་སྨྲ་བརྗོད་རང་དབང་། ད་དུང་སྤྱི་ཚོགས་ཀྱི་གནས་སྟངས་ལྷིང་འཇགས་དང་འཛམ་གླིང་ཞི་བདེ་ཅན་ལ་བསྒྱུར་རྒྱུ་དེ་འཇམ་རྩུབ་གཉིས་ཀྱི་ལམ་ཀར་བརྒྱུད་དེ་ཁས་ལེན་གྱི་གན་རྒྱའམ་དམ་བཅའ་ཡང་དག་ཅིག་འཇོག་ཏུ་འཇུག་པའི་དུས་ལ་སླེབ་ཡོད།

འདི་ལྟ་བའི་ཛ་དྲག་གི་གནས་སྟངས་འདིས་ང་ཚོ་ལ་རྣམ་པ་ཅི་ཞིག་གསལ་བཤད་བྱེད་ཀྱིན་ཡོད་པ་རེད་ཟེར་ན། འདས་པའི་ལོ་ངོ་དྲུག་ཅུ་ལྷག་གི་རིང་འཛམ་གླིང་གི་ཡུལ་གྲུ་ཁག་དང་བོད། གྲངས་ཉུང་མི་རིགས་ཚོར་རྒྱ་དམར་གཞུང་གིས་ལས་ངན་པ་ཏག་ཏག་བྱས་རྐྱེན་གདུག་རྩུབ་ཅན་གྱི་གཡོ་སྒྱུ་ཁྲམ་གསུམ་སྔར་ལས་ལྷག་པར་སྟོབས་ཤུགས་ཇེ་ཆེར་སོང་སྟེ། ད་ལྟ་རྒྱལ་སྤྱིའི་སྟེང་ལ་ཧམ་བཤད་ཀྱིས་གོམས་པ་སྤོ་འགོ་རྩོམ་པའི་བློ་ཁོག་ལྡན་ཡོད་པའི་སྟེང་། ཛ་དྲག་ཆེ་བའི་རྒྱལ་སྤྱི་རང་བཞིན་གྱི་གཟུགས་མེད་ནད་དུག་གི་གཡུལ་འཁྲུགས་འདི་ཡང་རྒྱ་དམར་གཞུང་གིས་སྤེལ་བས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་དམར་གཞུང་གི་ཉེས་སྤྱོད་མཐའ་དག་རྒྱ་ཡན་དུ་མི་གཏོང་བར་བཀག་བསྡོམས་ཀྱིས་ཉེས་ཆད་དྲག་པོ་བཅད་དེ་རྒྱ་དམར་གཞུང་དམངས་གཙོ་ཅན་དུ་བསྒྱུར་དགོས་པའི་དུས་ལ་སླེབས་ཟིན་པ་དེ་ཡིན།

སྤྱི་ལོ་༢༠༢༠ཟླ་༠༥ཚེས་༡༩ཉིན།

བསམ་ཚུལ།

Post navigation

Previous Post: འབྲུག་པ་ཀུན་ལེགས་ཀྱི་རྣམ་ཐར་བཀླགས་པའི་བརྗེད་ཐོ་ཆགས་བཤད་ཨི་ཙི་ལུ་གུ།
Next Post: སྦྲ་ནང་ནས་སྐྱེས་པ།

Comment (1) on “ཀོ་རོ་ན།”

  1. Tsultrim Gyaltsen says:
    2020-05-20 at 4:45 pm

    རྒྱ་དངུལ་བླངས་ན་རྒྱལ་ཁབ་ཕུང་།
    དུས་རབས་ཉི་ཤུ་པའི་འགོ་སྟོད་ནས་ཧན་མི་རིགས་ཀྱི་འགོ་དཔོན་ཚོས་ཞི་དྲག་གཉིས་ཀྱིས་བོད་ཀྱི་བླ་ཆེན་མི་ཆེན་ཚོར་རྡ་ཡང་དང་།  རྒྱུ་དངོས་གང་འཚམ་སྤྲད་དེ་མགོ་སྐོར་བཏང། རིམ་པས་བོད་ཀྱི་ས་ཁོངས་ཡོངས་རྫོགས་རྒྱ་ཡི་བདག་དབང་དུ་བསྒྱུར།
    59   ལོར་༧གོང་ས་མཆོག་དང་མི་དམངས་མང་དག་རྒྱ་གར་ནང་བཙན་བྱོལ་དུ
    ཕེབས་ཏེ་བོད་ཀྱི་སྒྲིག་འཛུགས་ཤིག་འཛུགས་ཐུབ་པ་བྱུང་་ཡོད།
    དུས་ཚོད་རིམ་པས་འགྲོ་དུས་གུང་ཁྲན་དང་།         གོ་མིན་གཉིས་ནས་བོད་སོག་ལས་ཁུངས་རྒྱུད་ནས་་དངུལ་མང་དག་བཀྲམ།   དེས་རྐྱེན་བྱས་ཏེ་བཙན་བྱོལ་ནང་བརྡབ་གསིག་གང་འཚམ་བྱུང་།    དེ་དག་རིམ་པས་ཐག་གཅོད་བྱུང་ཡང་།     བསྐྱར་དུ་གུང་ཁྲན་སྲིད་གཞུང་གི་དོལ་རྒྱལ་ཚོཊ་པ་འཛུཊ་དགོས་པའི་ནུས་སྟོབས་སྤེལ་བའི་ཐོག་དེའི་འགྲོ་སོང་ཡོངས་རྫོགས་བཏང་བས་ཕུགས་བསམ་མེད་པའི་བོད་འདྲེ་མང་པོས་བཙན་བྱོལ་ནང་མི་བསད་རྙོག་ཟིང་མང་དག་བཟོས་ཟིན།
    ༢༽       ཡང་ལོ་ཤས་གོང་ནས་གུང་ཁྲན་གཞུང་གིས་རྒྱུད་གཅིག་ལམ་གཅིག་གི་འཛམ་གླིང་ཧྲིལ་པོ་དབང་དུ་བསྡུ་རྒྱུའི་ངན་སེམས་ཀྱིས་གློག་ཁང་གསར་རྒྱག་དང་།   གཞུང་ལམ་བཟོ་བའི་ལས་ཀ་འགོ་བཙུགས་པས་ད་ཆ་མི་རིགས་ནག་པོའི་ལུང་པ་
    ཁ་ཤས་དང་།   ཤར་ཕྱོགས་རྒྱལ་ཁབ་ཁ་ཤས་བུ་ལོན་འོག་ཚུད་དེ་རང་གི་གླིང་ཕྲན་ཆུང་ངུ་དང་།   གཏེར་ཁ་ཐོན་ཡུལ་དག་བོགས་གཏར་འཇོག་དགོས་ཐུག
    ༣༽    དེ་སྔའི་ཨ་རིའི་སྲིད་འཛིན་ཁི་ལིན་ཊན་དང་།    ཨོ་བྷ་མ།   དེ་བཞིན་ཨ་རིའི་བཟོ་ཚོང་ཆེ་ཁག་སྟེ།   ཨ་རིའི་གློག་བརྙན་ཚན་པ།   ཀུ་ཤུ་བཟོ་ཚོང་ཁང་།
    འགུང་གྷལ་བཟོ་ཚོང་ཁང།   མཐོ་སློབ་་སོགས་པས་རྒྱ་དངུལ་མང་དག་བླངས་པས་
    ད་ཆ་ཨ་རིའི་ནང་གུང་ཁྲན་གྱིས་ནུས་པ་ཆེར་སླེབས་ཡོད།
    ༤༽    ད་ཆ་ཊོམ་གཞུང་སྲིད་ཁང་ནས་དེ་དག་ལ་གདོང་ལེན་ཆེར་གནང་དགོས་དུས་དཀའ་ངལ་ཆེན་པོ་ཡོད།    བློ་སྟོབས་དང་།   ཁ་རི་ཁ་ཐུག   ཤོད་ཕོད་པའི་
    ཨ་རིའི་ལས་ཐོགས་སྲིད་འཛིན་ཊོམ་གྱིས་རྒྱ་དངུལ་གང་ཡང་མ་བླངས་པར་ཇག་ཚོཊ་ལ་ཁ་གཏད་དྲག་པོ་གཅོག་བཞིན་ཡོད།    འདི་ནི་ཨ་རིའི་མི་དམངས་ཀྱི་ཕུགས་ལ་ཕན་པའི་བྱ་བ་ཞིག་ཡིན།        ཡང་སྟབས་མི་ལེགས་པར་བྷ་རག་ཨོ་སྷ་མས་ལོ་བརྒྱད་རིང་གང་ཡང་མི་འཇོན་པར་ད་ལྟ་་ཊོམ་ལ་སྐྱོན་འཛུགས་དང་།   འཇོ་བྷེ་ཊེན་ཕྱོགས་ཁག་ནས་དངུལ་ཏོག་ཙམ་འཐོབ་རྒྱུའི་འབད་བརྩོན་བྱེད་པ་ནི་ཆུའི་ནང་གི་ཟླ་གཟུགས་ལེན་པ་དང་མཚུངས།
    ༥༽   འཛམ་གླིང་འཕྲོད་བསྟེན་འགན་འཛིན་ལ་རྒྱ་་ཕྱོགས་ནས་རྒྱ་་དངུལ་གང་འཚམ་སྤྲད་པར་བརྟེན་རྒྱ་ཡི་འདོད་པ་ལྟར་གནས་ཚུལ་ཕྱི་གསལ་ནང་གསལ་བཟོ་མི་ཐུབ་ལ་གོ་ལོག་ཅན་དང་།    ལམ་སྟོན་ནོར་བ་སོགས་ཀྱིས་ཡོངས་ཁྱབ་གསལ་བསྒྲགས་བྱས་པ་དེས་འཛམ་གླིང་མི་དམངས་འབུམ་ཕྲག་ལྷག་འཆི་བ།    ས་ཡ་མང་པོ་ནད་ཀྱིས་མནར་བ།    ལས་མེད་དུང་ཕྱུར་མང་པོ་ཆགས་པ་བཅས་དཀའ་་ངལ་ངང་ལྷུངས་སུ་བཅུག    ད་དུང་གུང་ཁྲན་གྱིས་རིམས་ནད་སྐབས་ལས་དོན་ཡག་པོ་སྒྲུབ་ཀྱི་ཡོད་པའི་སྐད་ཆ་ཡང་བཤད་ཡོད།    གང་ལྟར་འཛམ་གླིང་འཕྲོད་བསྟེན་
    སྒྲིག་འཛུགས་ཀྱི་འགན་འཛིན་དང་།    ལས་རོགས་དེ་ཚོས་འཛམ་གླིང་གི་ལས་དོན་མི་སྒྲུབ་པར་རྒྱ་མིའི་ལས་དོན་སྒྲུབ་བཞིན་པ་ནི་ང་ཚོས་འདི་ལོ་མཐོང་ཡོད།
    ༦༽   ཡོ་རོབ་རྒྱལ་ཁབ་ཚོར་རྒྱ་ནད་འདིས་རྐྱེན་པས་དཀའ་ངལ་ཆེར་འཕྲད་ནའང་
     ད་ཆ་་ཁ་བཙུམ་ནས་ལྷོད་པོར་སྡོད་པ་ནི་རྒྱ་དངུལ་ལ་དགའ་དྲག་པས་རེད།
    ལོ་ངོ་ཉི་ཤུའི་རྗེས་ཡོ་རོབ་གནས་སྟངས་ཡོངས་རྫོགས་རྒྱ་མིའི་བཀོད་ཇུས་འོག་འགྲོ་རྒྱུར་ཐེ་ཚོམ་མེད།    དེ་དུས་འགྱོད་ཀྱང་ཕྱི་དྲགས་པ་རེད།
    ༧༽   གུང་ཁྲན་ཏང་ལ་ལྷ་ཆོས་མེད་ལ།    མི་ཆོས་དེ་བས་མེད་པས་བྱམས་པ་དང་།   བརྩེ་བ།    སྙིང་རྗེ།   བསམ་ཤེས།   དྲིན་དྲན།  ངོ་ཚ་དེ་དག་མེད་དུས་གཙོ་བོ་
    ཨ་རི་དང་།   ཡོ་རོབ་་རྒྱལ་ཁབ་ཁག་གི་དཔལ་འབྱོར་ཉམས་རྒུད་གཏོང་ཡག་་དེ་གུང་ཁྲན་གྱི་དམིགས་ཡུལ་དང་པོ་དེ་ཡིན།།     དེང་་ཨ་རི་གཙོ་བོར་གྱུར་པའི་ནུབ་ཕྱོགས་པ་རྣམས་དེང་རབས་དམག་གིས་གཏོར་མི་ཐུབ་པས་འུ་ཐུག་ཐབས་ཟད་ཀྱིས་ནད་ཡམས་འདི་་་༢༠༡༩  ལོར་འཛམ་གླིང་དུ་བཀྲམས།           ད་ཆ་ཁོ་ཚོའི་བསམ་དོན་དང་པོ་དེ་འགྲུབ་ཡོད།
    འཛམ་གླིང་རྒྱལ་ཁབ་ཚང་མས་རྒྱ་མིར་ཕྱོགས་གང་སྤྱིའི་ཐད་ནས་གནོན་ཤུགས་ཆེན་པོ་ཞིག་སྤྲོད་མ་ཐུབ་ཚེ་ནད་ཡམས་འདི་བསྐྱར་དུ་གཏོང་རྒྱུར་ཐེ་ཚོམ་མེད།  
    ༨༽   མི་ཚང་མ་རྒྱུ་དངོས་ལ་དགའ་པོ་ཡོད་ཀྱང་།    དགའ་སྟངས་ཤེས་དགོས།
    དགའ་སྟངས་མ་ཤེས་ན་བོད་དང་།   ཡུ་གུར་བའི་གནས་སྟངས་ལ་ཕྱིར་མིག་བལྟས་ན་ཤེས་ཐུབ།     ད་ནི་གུང་ཁྲན་ཏང་འབུར་འཇོམས་བྱེད་ཡག་དུས་ལ་བབ་འདུག
    མགོ་སེར་ཚོ།    གཉིད་ལས་སོད་ཅིག    ངེས་པར་དུ་ལོངས་ཤིག  །
           

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme