Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལོ་འདི།

Posted on 2012-03-17 By ཁ་བརྡ་ 2 Comments on ལོ་འདི།

ཐེ་བོ་ཤེས་རབ་རྒྱ་མཚོ།
(ད་ནངས་བསྐྱར་དུ་རེབ་གོང་དང་རྔ་བ་ནས་རང་ལུས་མེ་བསྲེགས་གནང་བ་གོ་རྗེས་བྲིས།)

ཨོཾ་མ་ཎི་པདྨེ་ཧཱུཾ།

མེ་དམར་པོ་གདུག་རྩུབ་ཀྱིས་འུར་འུར་མཆེད་པའི་ལོ་འདི།།
སེམས་སྐྱ་མོ་སྡུག་བསྔལ་གྱིས་ཡང་ཡང་གཟིར་བའི་ལོ་འདི།།
སྤུན་ན་ཟླ་བློ་སྟོབས་ཀྱིས་ལམ་ལམ་འབར་བའི་ལོ་འདི།།
བོད་ཁ་བ་བླ་སྲོག་གིས་ཡོམ་ཡོམ་སྒུལ་བའི་ལོ་འདི།།

ལུས་ལྷུ་དྲུག་པྲ་ཚིལ་ལྟར་ཚིར་ཚིར་སྒྲོན་པའི་ལོ་འདི།།
སེམས་བསམ་པ་ཆུ་ཁོལ་ལྟར་ལྷོག་ལྷོག་གདུ་བའི་ལོ་འདི།།
མིག་མཆི་མ་དྲག་ཆར་ལྟར་ཤག་ཤག་འབབ་པའི་ལོ་འདི།།
ཞེ་འཁོན་འཛིན་གློག་ཞགས་ལྟར་འཁྱུག་འཁྱུག་གཡོ་བའི་ལོ་འདི།།

དེ་ལས་མང་བ་། “ལོ་འདི།” »

སྙན་ངག

རེབ་གོང་ནས་བསོད་ནམས་དར་རྒྱས་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་ཕྱོགས་བསྡུས།༼༢༠༡༢ ཟླ་ ༣ ་ཚེས་ ༡༧ ཉིན།༽

Posted on 2012-03-172012-03-17 By དབང་ཕྱུག་ 40 Comments on རེབ་གོང་ནས་བསོད་ནམས་དར་རྒྱས་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་ཕྱོགས་བསྡུས།༼༢༠༡༢ ཟླ་ ༣ ་ཚེས་ ༡༧ ཉིན།༽

ཕྱི་ལོ་ ༢༠༡༢ ཟླ་ ༣་ཚེས་ ༡༧ ཉིན་གྱི་བོད་ནང་གི་ཞོགས་པའི་དུས་ཚོད་ ༩ དང་སྐར་མ་ ༤༠ ཡས་མས་ཙམ་ལ། རེབ་གོང་རྫོང་གཉན་ཐོག་ཞང། ཤ་བྲང་སྡེ་བའི་བོན་རྒྱ་ཚོ་བ་ནས་ཡིན་པ་བསོད་ནམས་དར་རྒྱས(གཅེས་མིང་ལ་བསོད་ལོ)༼རང་ལོ་ ༤༤། ཕ་མིང་ལ་ཤ་མོ(ཚེ་འདས)། མ་མིང་ལ་ལྕགས་མོ་རྒྱལ་ལོ་ན་བདུན་ཅུ་དོན་བརྒྱད་རེད་འདུག སྐྱེས་དམན་གྱི་མིང་ལ་སྒྲོལ་དཀར་སྐྱིད། ཁོང་གཉིས་ལ་བུ་གཉིས་དང་བུ་མོ་གཅིག་ཡོད་འདུག༽ ཞུ་བ་ཞིག་གིས་རེབ་གོང་རོང་པོ་རྒྱལ་ཐང་ཞེས་པ་ནས་རོང་པོ་དགོན་ཆེན་ཕྱོགས་སུ་འགྲོ་ལམ་འཁེལ་ཡུལ་གངས་རིའི་མགྲོན་ཁང་དང་ཐོན་མིའི་རིག་གནས་དཔེ་ཁང་གི་ཉེ་འགྲམ་ལམ་གཞུང་ནས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་འདུག་པ་དང་། ཁོང་ནི་ནམ་རྒྱུན་བོད་དོན་ཐད་དོ་སྣང་དང་སེམས་ཤུགས་ཆེ་ཞིང་། ནམ་རྒྱུན་རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་རྒྱུ་ལས་གལ་ཆེ་བ་གཞན་མེད་པར་ཤོད་མཁན་ཞིག་དང་། རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་ཐུབ་པ་ཡིན་ན། བོད་ཀྱི་གནད་དོན་ཚང་མ་འགྲིག་འགྲོ་གི་རེད་ཅེས་ཤུགས་ཆེར་གླེང་མཁན་ཞིག ད་དུང་སྡེ་བ་ཕན་ཚུན་བར་གྱི་ནང་འཁྲུག་རིགས་ལ་ནམ་ཡང་ངོ་རྒོལ་བྱེད་མཁན་ཞིག་ཡིན་འདུག

དེ་ལས་མང་བ་། “རེབ་གོང་ནས་བསོད་ནམས་དར་རྒྱས་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་ཕྱོགས་བསྡུས།༼༢༠༡༢ ཟླ་ ༣ ་ཚེས་ ༡༧ ཉིན།༽” »

གསར་འགྱུར།

དྲག་དམག་ཁྲོད་ཀྱི་རེབ་གོང་ཤར་སྤྲུལ་གྱིས་གསུང་བཤད་དང་འཇམ་དབྱངས་དཔལ་ལྡན་གྱི་གཅེན་པོ།

Posted on 2012-03-17 By ཁ་བརྡ་ 25 Comments on དྲག་དམག་ཁྲོད་ཀྱི་རེབ་གོང་ཤར་སྤྲུལ་གྱིས་གསུང་བཤད་དང་འཇམ་དབྱངས་དཔལ་ལྡན་གྱི་གཅེན་པོ།

ནམ་མཁས་༡༥/༣/༢༠༡༢ལ་བྲིས། 

རེབ་གོང་རྒྱལ་བོ་ལྡོང་ངེ་རུ་༼ཚེ་འདས༽ཕ་དཀོན་མཆོག་སྐྱབས་དང་མ་ལྕགས་མོ་གཉིས་ཀྱི་ཁྱིམ་དུ་སྐྱེས་བའི་འཇམ་དབྱངས་དཔལ་ལྡན་དང་ཁོང་གི་སྙིང་སྟོབས་ཀྱི་མཛད་རྗེས། སློབ་གྲྭའི་སློབ་མ་ཚོས་སྐད་འབོད་བྱས་བ་སོགས་དྲ་ཐོག་ཏུ་བཀོད་འདུག་པས་བསྐྱར་འབྲི་མི་བྱེད། ཡིན་ཡང་ཁ་སང་དེ་རིང་འཇམ་དབྱངས་དཔལ་ལྡན་དང་ཁོང་གི་གཅེན་པོ་གཉིས་ཀྱི་གྲྭ་ཤག་ཏུ་རེབ་གོང་རོང་འབྲོག་ཡོངས་ཀྱི་གྲོང་སྡེ་མི་སྣ་མང་པོ་གདུང་སེམས་མཉམ་བསྐྱེད་ཀྱི་འཚམས་འདྲི་ཕེབས་བཞིན་པའི་སྒང་རེད་ཟེར། ངས་དེ་རིང་འདིར་ཁོང་གི་གཅེན་པོའི་སྐོར་ཅུང་ཟད་ངོ་སྤྲོད་བྱེད་འདོད་བྱུང་།

དེ་ལས་མང་བ་། “དྲག་དམག་ཁྲོད་ཀྱི་རེབ་གོང་ཤར་སྤྲུལ་གྱིས་གསུང་བཤད་དང་འཇམ་དབྱངས་དཔལ་ལྡན་གྱི་གཅེན་པོ།” »

སྣ་ཚོགས།

མེ་ཡི་གཤོག་པ་དང་གནམ་གྱི་མིག་ཆུ།­­

Posted on 2012-03-17 By ཁ་བརྡ་ 4 Comments on མེ་ཡི་གཤོག་པ་དང་གནམ་གྱི་མིག་ཆུ།­­

ཚེ་བརྟན་རྡོ་རྗེ་མ་བུ་གསུམ་ལ་ཕུལ།

ཀླུ་ཚང་གུ་རྒྱལ་གྱིས་།

  བོད་ཁ་བ་ཅན་གྱི་མེ་ཡི་གཤོག་པ་བརྐྱངས་ཏེ་གཤོག་ལྕག་གིས་མཚོ་དང་མཚོ་མོ་རྒུལ་དུས་།   རྡ་སའི་རི་ངོགས་ཀྱི་འདས་ཟིན་པ་ཐམས་ཅད་སླར་ཡང་སད། མ་བུ་གསུམ་གྱི་རྨི་ལམ་ནང་གི་ཉི་རྩེ་དེས། བར་སྣང་སྟོང་བ་ནས་འོད་ཀྱི་གཟེགས་མ་ལན་འགར་གཙུབས་ཏེ།  འཚོ་བ་བློས་གཏོང་དང་བརྩེ་དུང་བློས་གཏོང། བཟའ་ཚང་བློས་གཏོང་དང་བུས་ཕྲུག་བློས་གཏོང་། ཕྱི་རྒྱལ་བློས་གཏོང་སོགས་ཀྱིས་རླབས་ཆེ་བའི་ཨ་མའི་སེམས་ཀྱི་རི་རབ་སྐྱོར་ནས་སྲུང་ཆུང་མའི་རྐང་བའི་ན་ཟུག་གི་རྨ་ཁ་བསྡམ་། རང་གི་སྐྲ་ལོ་ལས་གཅེས་པའི་གོམ་པ་རེ་རེ་། ཉི་མ་ལྷ་ས་དང་ལྷ་སའི་མི་དམངས་ཚོའི་མདུན་དུ་ནུར། ཕྱིར་མིག་ཁྲོད་ཀྱི་ཕྱི་སྡོད་བོད་མི་ཚོའི་འོས་འགན་གྱི་ལམ་སྣེ་ལྕིད་པོ་ཞིག་དྲུད་དེ་ཤོར་།

དེ་ལས་མང་བ་། “མེ་ཡི་གཤོག་པ་དང་གནམ་གྱི་མིག་ཆུ།­­” »

སྣ་ཚོགས།

བོད་བརྒྱུད་ནང་བསྟན་དར་སྤེལ་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཐའེ་ཝན་དུ་འཚོགས་པ།

Posted on 2012-03-172012-03-19 By ཁ་བརྡ་ 42 Comments on བོད་བརྒྱུད་ནང་བསྟན་དར་སྤེལ་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཐའེ་ཝན་དུ་འཚོགས་པ།


གནས་ཚུལ་མཁོ་གཏོང་བ། རྫ་ཚེ་རིང་བཀྲ་ཤིས།

སྤྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༦ རེས་གཟའ་པ་སངས་ཀྱི་ཉིན། ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་རུ། ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་གོ་སྒྲིག་འོག་བོད་བརྒྱུད་ནང་བསྟན་ཇི་ལྟར་དར་སྤེལ་བྱེད་པའི་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཐེངས་གཉིས་པ་དེ་དངོས་སུ་འཚོགས་ཡོད། རང་གཞུང་ཐའེ་ཝན་དོན་གཅོད་ཀྱི་དགེ་བཤེས་འཇམ་དཔལ་ཆོས་འཛིན་དང་དགེ་བཤེས་ཆོས་ཀྱི་དབང་པོ། ཨ་ཀ་སྤྲུལ་སྐུ་སོགས་དགེ་ལུགས་ཀྱི་དགེ་བཤེས་དང་སྤྲུལ་སྐུ། ཤེས་རབ་གླིང་གི་མཁན་པོ་ཀར་བསྟན་དང་མཁན་པོ་འཕགས་སྐྱབས་སོགས་སོགས་བཀའ་བརྒྱུད་ཀྱི་མཁན་སྤྲུལ་དང་སློབ་དཔོན། གསེར་རྟ་མཁན་པོ་ཆོས་དབྱིངས་དང་མཁན་པོ་ཀརྨ་དོན་གྲུབ་སོགས་རྙིང་མ་ཕྱོགས་ཀྱི་མཁན་པོ་དང་སྤྲུལ་སྐུ། རྫོང་སར་བཤད་གྲྭའི་མཁན་པོ་བསམ་འགྲུབ་དང་སློབ་དཔོན་བསོད་ནམས་ཕུན་ཚོགས་སོགས་ས་སྐྱའི་ཕྱོགས་ཀྱི་མཁན་པོ་དང་སློབ་དཔོན། སྤྲུལ་སྐུ་བཀྲ་ཤིས་རྒྱ་མཚོ་སོགས་ཇོ་ནང་ཕྱོགས་ཀྱི་མཁན་སྤྲུལ་བཅས་ཆོས་བརྒྱུད་ཁག་ལྔ་ལས་གྲུབ་པའི་གདན་ཞུས་མཁན་སྤྲུལ་དགེ་བཤེས་སློབ་དཔོན་སོགས་སུམ་ཅུར་ཉེ་བའི་ཁར།

དེ་ལས་མང་བ་། “བོད་བརྒྱུད་ནང་བསྟན་དར་སྤེལ་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཐའེ་ཝན་དུ་འཚོགས་པ།” »

གསར་འགྱུར།

ངོས་ཀྱིས་དབུ་མའི་ལམ་འདིས་གོ་མ་ཆོད་པ་ཞིག་ཡིན་པར་ངོས་ལེན་བྱེད་ཀྱི་ཡོད།

Posted on 2012-03-162012-03-16 By ཁ་བརྡ་ 7 Comments on ངོས་ཀྱིས་དབུ་མའི་ལམ་འདིས་གོ་མ་ཆོད་པ་ཞིག་ཡིན་པར་ངོས་ལེན་བྱེད་ཀྱི་ཡོད།

བཀྲ་ཤིས་ཀྱིས།
——–
ཉིན་ཤས་གོང་ཨ་རིའི་གསར་འགྱུར་ཞིག་ཏུ་༧གོང་ས་མཆོག་ལ་བཅར་འདྲི་ཞུས་པ་ཞིག་མཇལ་རྒྱུ་བྱུང་། ངས་བཅར་འདྲི་དེ་ལ་འདི་འདྲའི་དོ་སྣང་སྤྲོད་དོན་ནི། ༧གོང་ས་མཆོག་གིས། “ངོས་ཀྱིས་ཡོངས་གྲགས་ཀྱི་ཐོག་ནས་ང་ཚོའི་བྱེད་ཕྱོགས་དེ་ལམ་ལྷོང་མ་བྱུང་བ་ཞིག་ཡིན་པར་ངོས་ལེན་བྱེད་ཀྱི་ཡོད། I publicly accept failure of our approach.”ཅེས་གསུངས་འདུག་ལ།
༼བཅར་འདྲིའི་སྐར་མ་གཉིས་ཀྱི་མཚམས་ཙམ་ལ་གསུངས་འདུག༽

དེ་ལས་མང་བ་། “ངོས་ཀྱིས་དབུ་མའི་ལམ་འདིས་གོ་མ་ཆོད་པ་ཞིག་ཡིན་པར་ངོས་ལེན་བྱེད་ཀྱི་ཡོད།” »

གསར་འགྱུར།

ཨ་མདོ་རྔ་པ་ནས་རང་ལུས་མེར་བསྲེགས་ལས་འགུལ་སྤེལ་གནས། ༼ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༦༽

Posted on 2012-03-162012-03-17 By དབང་ཕྱུག་ 21 Comments on ཨ་མདོ་རྔ་པ་ནས་རང་ལུས་མེར་བསྲེགས་ལས་འགུལ་སྤེལ་གནས། ༼ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༦༽

ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༦ ཉིན་བོད་ནང་གི་དགོང་མོའི་དུས་ཚོད་ ༥ ཙམ་ལ་མདོ་སྨད་རྔ་པ་ཀིརྟི་དགོན་པའི་རྒྱུད་པ་གྲྭ་ཚང་གི་གྲྭ་བློ་བཟང་ཚུལ་ཁྲིམས། རང་ལོ་ ༢༠ ། ཕ་མིང་ལ་ཡེ་ཤེས། མ་མིང་ལ་ཚེ་སྒྲོན་ཡིན་པ་ཁོང་གིས་རྔ་པ་རྫོང་མཁར་གྱི་སྟོད་ཕྱོགས་ཀྱི་གཞུང་ལམ་ནས་ངོ་རྒོལ་སྐད་འབོད་བྱེད་བཞིན་རང་ལུས་མེར་སྲེག་བཏང་འདུག་པ་དང་། ཁོང་གིས་རང་ལུས་མེར་སྲེག་གཏོང་ས་ནས་ཡར་གོམ་བགྲོད་བྱེད་བཞིན་པའི་སྐབས་དེར་ཁོང་གི་མདུན་ཕྱོགས་ནས་དྲག་ཆས་ཉེན་རྟོག་པ་སོགས་རྒྱུགས་ཡོང་སྐབས་ཁོང་མར་འཁོར་ནས་སྐད་འབོད་བྱེད་བཞིན་རྒྱུགས་ཡོད་འདུག་ཀྱང་། སྐབས་དེར་དེའི་ཕྱོགས་ཀྱི་ཉེན་རྟོག་པ་ཞིག་གིས་གཞུས་ནས་ཐང་ལ་འགྱེལ་བཅུག་ཡོད་པ་དང་།

དེ་ལས་མང་བ་། “ཨ་མདོ་རྔ་པ་ནས་རང་ལུས་མེར་བསྲེགས་ལས་འགུལ་སྤེལ་གནས། ༼ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༦༽” »

གསར་འགྱུར།

ཡིག་ཚགས་ལོ་རྒྱུས་ཀྱི་དེབ ༼ལྕགས་ཡོས་བཙན་རྒོལ་མེ་ལྕེ༽འགྲེམས་སྤེལ་དབུ་འབྱེད་གནང་བ།

Posted on 2012-03-162012-03-16 By དབང་ཕྱུག་ 7 Comments on ཡིག་ཚགས་ལོ་རྒྱུས་ཀྱི་དེབ ༼ལྕགས་ཡོས་བཙན་རྒོལ་མེ་ལྕེ༽འགྲེམས་སྤེལ་དབུ་འབྱེད་གནང་བ།

བོད་ལྕགས་ཡོས་ལོའི་ནང་། རྒྱལ་གཅེས་དཔའ་བོ་དང་དཔའ་མོ་ཚོས་རང་ལུས་མེར་བསྲེགས་ཀྱི་ལམ་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་རིམ་བསྟུད་དུ་སྤེལ་བའི་བྱུང་བ་འདི་ནི། བོད་ཀྱི་ལོ་རྒྱུས་ལེའུ་གསར་པ་ཞིག་ཆགས་ཡོད་ཅིང་། མདོ་སྨད་བཙན་རྒོལ་བདེན་རྒྱབ་མནའ་འབྲེལ་རྩོམ་སྒྲིག་ཚོགས་ཆུང་གི་ངོས་ནས། དམིགས་བསལ་བྱུང་རབས་འདི་ལོ་རྒྱུས་ཡིག་ཚགས་ནང་འགོད་རྒྱུ་གཙོ་འདོན་ཞུས་པའི་ཡིག་ཚགས་ལོ་རྒྱུས་ཀྱི་དེབ་༼ལྕགས་ཡོས་བཙན་རྒོལ་མེ་ལྕེ༽ཞེས་པ་ཡོངས་ཁྱབ་དཔར་འགྲེམས་ཀྱི་མཛད་སྒོ་དེ་བཞིན། དེ་རིང་ཕྱི་ཚེས་ ༡༦ ཉིན། བཙན་བྱོལ་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་ལྷག་པ་ཚེ་རིང་ཚོགས་ཁང་དུ། དཔལ་ལྡན་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་དབུ་འབྱེད་གནང་ཡོད།

དེ་ལས་མང་བ་། “ཡིག་ཚགས་ལོ་རྒྱུས་ཀྱི་དེབ ༼ལྕགས་ཡོས་བཙན་རྒོལ་མེ་ལྕེ༽འགྲེམས་སྤེལ་དབུ་འབྱེད་གནང་བ།” »

གསར་འགྱུར།

རེབ་གོང་གི་སློབ་གྲྭའི་དགེ་རྒན་ཚོས་གུང་གསེང་བཏང་མི་ཆོག་ཟེར།

Posted on 2012-03-162012-03-16 By ཤར་ཕྱོགས་ཁུག་རྟ། 6 Comments on རེབ་གོང་གི་སློབ་གྲྭའི་དགེ་རྒན་ཚོས་གུང་གསེང་བཏང་མི་ཆོག་ཟེར།


པར་འདི་ནི་༢༠༡༢། ༣། ༨ ཉིན་རེབ་གོང་གི་སློབ་མ་ཚོས་སློབ་དེབ་རྒྱ་ཡིག་ཏུ་བརྗེ་བསྒྱུར་ལ་རེབ་གོང་སྒྲོལ་མ་ཐང་ཆེན་དུ་ངོ་རྒོལ་སྐད་འབོད་གནང་བཞིན་པ་རེད།

དེ་ལས་མང་བ་། “རེབ་གོང་གི་སློབ་གྲྭའི་དགེ་རྒན་ཚོས་གུང་གསེང་བཏང་མི་ཆོག་ཟེར།” »

གསར་འགྱུར།

རེབ་གོང་ནས་ཡོང་པའི་པར་དང་གློག་བརྙན།

Posted on 2012-03-162012-03-16 By ཁ་བརྡ་ 4 Comments on རེབ་གོང་ནས་ཡོང་པའི་པར་དང་གློག་བརྙན།

གློག་བརྙན་འདི་དག་གི་ཡོང་ཁུངས་ནི་ http://www.freetibet.org/ ཡིན་འདུག


གོང་གསལ་གྱི་གློག་བརྙན་འདིའི་ནང་དགེ་འདུན་པ་ཚོས་སྐུ་ཞབས་འཇམ་དབྱངས་དཔལ་ལྡན་གྱི་འཁྲིས་སུ་སྨོན་ལམ་འདོན་པའི་ཚུལ་ཡིན་པ་རེད།

དེ་ལས་མང་བ་། “རེབ་གོང་ནས་ཡོང་པའི་པར་དང་གློག་བརྙན།” »

གསར་འགྱུར།

མེ་རྒོལ་གྱི་འབྱུང་རྐྱེན་གསུམ་འདི་ལྟར་ཤོད།

Posted on 2012-03-16 By ཁ་བརྡ་ 2 Comments on མེ་རྒོལ་གྱི་འབྱུང་རྐྱེན་གསུམ་འདི་ལྟར་ཤོད།

ཙ་ཡུས་ཕུན་ཚོགས།

འདས་པའི་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ལས་མཐོང་གསལ་ལྟར། བོད་མི་རིགས་ནི་རང་དབང་དང་ཞི་བདེ་ལ་དགའ་བའི་མི་རིགས་ཤིག་ཡིན་ལ། ཤེས་རབ་དང་རིག་གཞུང་ལ་དད་འདུན་བྱེད་པའི་མི་རིགས་ཤིག་ཀྱང་ཡིན་པ་མ་ཟད། རང་བྱུང་ཁམས་ཀྱི་སྐྱེས་དངོས་སྲོག་ཆོག་གང་ལའང་བདག་གཅེས་ཤ་ཚ་བྱེད་པའི་མི་རིགས་ཤིག་ཡིན།

བོད་ཀྱི་མེར་བསྲེགས་ངོ་རྒོལ་གྱི་འབྱུང་རྐྱེན་གསུམ།
དང་པོ། སྤྱི་ལོ༡༩༤༩ལོ་ནས་རྒྱ་དམག་བོད་ལ་བཙན་འཛུལ་བྱས་པ་ནས་བོད་མི་ཁྲི་ཕྲག་མང་པོ་དམར་གསོད་དང་། བོད་ཀྱི་རང་བྱུང་སྐྱེས་དངོས་སྲོག་ཆགས་མང་པོ་རྩ་མེད། མཐོ་སྒང་གི་ཞི་བདེ་ལྷིང་འཇགས་ཀྱི་འཚོ་བར་གཏོར་བཤིག་ཚད་མེད་བཟོས་པ། ནང་སྒོས་རིག་གནས་གསར་བརྗེ་ཞེས་པའི་རླུང་འཚུབ་འོག་བོད་ཀྱི་དགོན་སྡེ་ཁག་གཏོར་བཤིག་དང་རིག་གཞུང་རྩ་མེད། ཆོས་ལུགས་དད་མོས་བཅས་ལ་དོ་ཕོག་འདྲ་མིན་བཏང་བ་སོགས་ཀྱིས། བོད་མི་རིགས་དང་རྒྱ་ནག་དམར་གཞུང་གཉིས་བར་སེལ་ཐབས་མེད་པའི་ཞེ་འཁོན་གྱི་རྨ་ཁ་ཟབ་མོ་བཞག་ཡོད།

དེ་ལས་མང་བ་། “མེ་རྒོལ་གྱི་འབྱུང་རྐྱེན་གསུམ་འདི་ལྟར་ཤོད།” »

སྣ་ཚོགས།

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་དོན་གཏམ་བཤད།

Posted on 2012-03-16 By ཁ་བརྡ་ 9 Comments on ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་དོན་གཏམ་བཤད།

ཨ་རིའི་གྲོས་ཚོགས་གོང་མའི་ནང་རྒན་འཐུས་༼senator༽སྐུ་ཞབས་མཱར་ཁོ་ རོ་བྷིའོ་ ༼Marco Rubio༽མཆོག་གིས་བོད་དོན་སྐོར་ལ་ཚོར་ཤུགས་ཆེན་པོའི་གཏམ་གཤད་གནང་འདུག གཏམ་བཤད་འདི་ནི་གཤམ་གསལ་གློག་བརྙན་གྱི་སྐར་མ་ ༤༔༤༠ ཙམ་ནས་མགོ་བཙུགས་ཡོང་གི་འདུག ནང་དོན་གཙོ་བོ་ནི། དཀོན་མཆོག་གིས་འགྲོ་བ་མི་ཚང་མ་ལ་སྐྱེས་ཐོབ་ཀྱི་རང་དབང་ཞིག་སྤྲད་ཡོད་པ་དེ་འཛམ་གླིང་གཞན་དུ་བརྩིས་མེད་བྱེད་པའི་ཁྲོད་དུ་རྒྱ་ནག་དང་རཱ་ཤི་ཡ་སོགས་ཡོད་པ་དང་། རྒྱ་ནག་གིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་བྱས་རྐྱེན་བོད་མིས་རང་ལུས་མེར་སྲེག་གཏོང་བ་འདི་དག་ང་ཚོས་སྣང་མེད་དུ་འཇོག་མི་རུང་ཞེས་བཤད་པ་རེད།

གསར་འགྱུར།

༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་ཐབས།

Posted on 2012-03-162012-03-16 By ཤར་ཕྱོགས་ཁུག་རྟ། 16 Comments on ༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་ཐབས།

ཤར་ཕྱོགས་ཁུག་རྟ།

༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གིས་ས་དང་གནམ་ལས་ངོ་མི་ཤེས་པའི་རྒྱ་གར་འཕགས་པའི་ཡུལ་ནས་དུས་རབས་ཕྱེད་ཀའི་རིང་ངལ་བ་བརྒྱ་ཕྲག་ཁྱད་བསད་ཀྱིས་བོད་མི་རིགས་ཀྱི་རང་དབང་འཐབ་རྩོད་དང་བོད་ཀྱི་མགྲིན་ཚབ་གནང་སྟེ། ༢༠༠༨ ལོར་བོད་མིའི་མངོན་འདོད་གང་ཡིན་རྒྱ་ནག་གཞུང་གི་མགོ་ཁྲིད་རྣམས་ཀྱི་མདུན་དུ་བསྟར་ཡོད།

ཡིན་ནའང་། རྒྱ་ནག་གཞུང་གིས་དེ་ནི་ཕྱེད་རང་བཙན་དང་རྣམ་པ་འགྱུར་བའི་རང་བཙན། ༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གིས་བཏོན་པ་དེ་བོད་ནང་གི་བོད་མིའི་མངོན་འདོད་མིན། ཁོང་རྣམས་བདེ་སྐྱིད་ལྡན་པའི་ངང་འཚོ་བ་སྐྱེལ་བཞིན་ཡོད་ཅེས་རྒྱལ་སྤྱི་དང་བཙན་བྱོལ་བོད་གཞུང་ལ་ཧམ་འགྲེལ་རྒྱག་གི་ཡོད། ཐ་ན་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་ལ་དེ་འདྲའི་བསམ་ཚུལ་འདོན་རྒྱུའི་ཐོབ་ཐབ་ཀྱང་མེད་པ་དང་། བོད་ནང་གི་བོད་མི་ཚོས་དེ་འདྲ་ཞིག་རྩ་བ་ནས་འདོད་ཀྱི་མེད་ཅེས་བསྐྱར་བཤད་ཡང་བཤད་ཁྲི་ཕྲག་མང་པོ་བརྩེགས་ཀྱིན་པ་རེད།

ཡིན་ནའང་། རྒྱ་ནག་གཞུང་གིས་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གི་གང་གནང་བཞིན་པ་དག་བོད་ནང་གི་བོད་མི་ཚོར་ཤེས་རྟོགས་འབྱུང་བའི་ལམ་ཁ་བསྟེན་གྱི་ཡོད་པ་རེད་དམ་ཟེར་ན། དེ་ནི་ཐབས་ཟད་འུ་ཐུག་གིས་བཀབ་ཀྱང་ཤོར་ན་མ་གཏོགས་གནས་ཚུལ་ཁྱོན་ནས་ཤེས་རྟོག་བྱེད་དུ་འཇུག་གི་མེད་པ་དེ་རེད། མི་ལོ ༥༣ རིང་བོད་ནང་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གིས་ག་རེ་གནང་མིན་དེ་སྐད་ཆ་ཤབ་ཤུབ་ཙམ་དང་། མགོ་ཚང་ན་མཇུག་མེད་ན། མཇུག་ཡོད་ན་བར་མེད་པ་རྐྱང་རྐྱང་གིས་བསྐྱལ་ཡོད་པ་ནི་ཧ་ཅང་གསལ་བོ་རེད།

དེ་ལས་མང་བ་། “༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་ཐབས།” »

དཔྱད་རྩོམ།

མདོ་སྨད་དབུས་རྒྱུན་གསར་རྙིང་གིས་གླིང་ཚ་མ་བུ་གསུམ་ལ་གཟིགས་སྐོར།

Posted on 2012-03-162012-03-16 By ཁ་བརྡ་ 23 Comments on མདོ་སྨད་དབུས་རྒྱུན་གསར་རྙིང་གིས་གླིང་ཚ་མ་བུ་གསུམ་ལ་གཟིགས་སྐོར།


ཨ་རིག་འགྱུར་མེད་ཀྱིས།
(༢༠༡༢ ལོའི་ཟླ་ ༠༣ ཚེས་ ༡༥ ། རེས་གཟའ་ཕུར་བའི་ཉིན།)

ཞོགས་པའི་ཆུ་ཚོད་ ༡༠ དང་ཕྱེད་ཀ་ཡས་མས་སྟེང་། ང་རང་མདོ་སྨད་དབུས་རྒྱུན་གསར་རྙིང་གི་རྒྱུན་ལས་མི་སྣ་བརྒྱད་ཀྱིས་གྲུབ་པའི་ཚོགས་ཆུང་ཞིག་དང་ལྷན་དུ་བཞུགས་སྒར་གངས་ཅན་སྐྱིད་གཤོངས་ནས་རྡོག་ཐོན་བྱས། ཚོགས་ཆུང་འདི་ནི་ཉེ་ཆར་གྲུབ་མ་ཐག་པའི་མདོ་སྨད་དབུས་རྒྱུན་སྐབས་བཅུ་བཞི་བའི་ཚོགས་ཆེན་གཉིས་པའི་སྟེང་བདམས་ཐོན་བྱུང་བའི་སྐབས་བཅོ་ལྔ་བའི་རྒྱུན་ལས་གསར་བ་ཁག་ཅིག་དང་། སྐབས་བཅུ་བཞི་བའི་རྒྱུན་ལས་རྙིང་པ་ཁག་ཅིག་རེད། ཐེངས་འདིར་ཁོང་ཚོ་ཆད་དུ་ཟླ་འདིའི་གསུམ་བཅུའི་དུས་དྲན་ཉིན་ངྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས་འགོ་འཛུགས་གནང་བའི་ “ངྷ་ས་ནས་ལྷ་ས་བར་” གྱི་གོམ་བགྲོད་གནང་མཁན་གླིང་ཚ་རྡོ་རྗེ་ཚེ་བརྟན་མ་བུ་གསུམ་ལ་གཟིགས་སྐོར་དུ་ཕེབས་པ་རེད།

དེ་ལས་མང་བ་། “མདོ་སྨད་དབུས་རྒྱུན་གསར་རྙིང་གིས་གླིང་ཚ་མ་བུ་གསུམ་ལ་གཟིགས་སྐོར།” »

གསར་འགྱུར།

དཔལ་གྱི་ལྷ་མོ།

Posted on 2012-03-15 By ཤར་ཕྱོགས་ཁུག་རྟ། 4 Comments on དཔལ་གྱི་ལྷ་མོ།

རོང་བོ་དགེ་འདུན་ལྷུན་གྲུབ།

ཨ་མདོ་བྱམས་པའི་བྲིས་པའི་སྒྲོལ་སྐུ་ཞིག་ལ་མཇལ་རྗེས།

མཚར་བའི་ངོ་གདོང་དུད་པའི་ཉམས་ཀྱིས།།
སུ་ཞིག་འཛིན་པའི་ཟུར་མདའ་འཕེན་མཁན།།
དཔལ་གྱིས་དགེ་བ་དབྱངས་ཀྱི་བུ་མོ།།
གང་ལ་བཙུགས་པའི་འོད་དེ་རྣོ་བ།།

ཡིད་ལ་བརྐོས་པའི་ལྡེབས་རིས་ངོས་སུ།།

ཨུཏྤལ་ཞལ་ཁ་བག་ཙམ་གྲོལ་བའི།།

ཚེ་རབས་སྔོན་གྱི་བསགས་སྦྱངས་སད་མ།།

སྐྱེ་རྒུའི་གཙུག་ནོར་ཁྱེད་ལས་གང་ཡིན།།

དེ་ལས་མང་བ་། “དཔལ་གྱི་ལྷ་མོ།” »

སྙན་ངག

མ་ཎི་དུང་སྒྲུབ་དང་གོམ་བགྲོད་པར་རྒྱབ་སྐྱོར།

Posted on 2012-03-15 By ཁ་བརྡ་ 9 Comments on མ་ཎི་དུང་སྒྲུབ་དང་གོམ་བགྲོད་པར་རྒྱབ་སྐྱོར།


གསར་འགོད་པ། རྡོ་རྗེ་ཚེ་རིང་གིས།

སྤྱི་ཟླ་༠༣པའི་ཚེས་༡༥་ཉིན་ཏེ་རེས་གཟའ་ཕུར་བུའི་ཉིན་༼ཚོགས་སྐྱིད་མཉམ་སྦྲེལ་མཐུན་ཚོགས་༽ཀྱི་ཚོགས་གཙོ་སྤྱི་ཟུར་ཡོན་ཏན་རྒྱ་མཚོ་ལགས་ཀྱིས་གསུང་དོན། ང་ཚོའི་ཚོགས་པ་འདི་ནི་སྤྱི་ལོ་༢༠༠༨ལོ་ནས་མཐུན་ཚོགས་གསར་བ་ཚུགས་པ་ཡིན་ལ་དེ་ཚུགས་དགོས་པའི་རྒྱུ་མཚན་ནི། ༢༠༠༨ལོའི་བོད་ཀྱི་ཞི་རྒོལ་ཆེན་མོའི་སྐབས་ནས་བོད་ལ་ཧང་སང་བའི་དཀའ་ངལ་འཕྲད་པའི་རྒྱུ་མཚན་དེ་ལ་བརྟེན་ནས་༼ཆོལ་ཁ་གསུམ་གཙོ་བོར་གྱུར་བའི་རྡ་ས་མདོ་སྟོད་ཚོགས་པ་དང་དབུ་མའི་ལམ་མི་མང་ལས་འགུལ་ཁང་། ཆོལ་གསུམ་ཆིག་སྒྲིལ་ཚོགས་པ། མངའ་རིས་སྤྱི་མཐུན་ཚོགས་པ། བོད་རྒྱལ་ཡོངས་བཙོན་གྲོལ་ཚོགས་པ། རྡ་ས་ཆོལ་གསུམ་དྭང་བླང་མི་མང། ཚོང་ཁང་སྐྱིད་སྡུག ཟ་ཁང་སྐྱིད་སྡུག ༽བཅས་བཅུ་གཅིག་གིས་གྲུབ་པ་ཞིག་ཡིན་ལ། གང་ལྟར། བོད་དུ་བོད་མི་དེ་འདྲའི་མང་པོ་ཞིག་འདས་གྲོངས་སུ་འགྲོ་བཞིན་ཡོད་རེད་ལ། རྒྱ་མིས་བཙན་གནོན་དེ་འདྲ་ཞིག་བྱེད་ཀྱིན་ཡོད་པ་རེད། དེ་བས་ང་ཚོས་དེ་ལ་མཚོན་པའི་ལས་ཀ་ཞིག་བྱེད་རྒྱུ་བྱས།

དེ་ལས་མང་བ་། “མ་ཎི་དུང་སྒྲུབ་དང་གོམ་བགྲོད་པར་རྒྱབ་སྐྱོར།” »

གསར་འགྱུར།

མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་དྲུག་པའི་རྩོམ་རིག་འགྲན་བསྡུར་གྱི་ཨང་རིམ་གསལ་བསྒྲགས།

Posted on 2012-03-152012-03-15 By དབང་ཕྱུག་ 10 Comments on མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་དྲུག་པའི་རྩོམ་རིག་འགྲན་བསྡུར་གྱི་ཨང་རིམ་གསལ་བསྒྲགས།

མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་དྲུག་པའི་རྩོམ་རིག་འགྲན་བསྡུར་གྱི་ཨང་རིམ་གསལ་བསྒྲགས་གཤམ་གསལ།

དེ་ལས་མང་བ་། “མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་དྲུག་པའི་རྩོམ་རིག་འགྲན་བསྡུར་གྱི་ཨང་རིམ་གསལ་བསྒྲགས།” »

གསལ་བསྒྲགས།

ལས་འགུལ་ལ་མ་ཞུགས། ཕ་ཡུལ་དུ་འགྲོ་མི་ཐུབ།

Posted on 2012-03-15 By ཁ་བརྡ་ 15 Comments on ལས་འགུལ་ལ་མ་ཞུགས། ཕ་ཡུལ་དུ་འགྲོ་མི་ཐུབ།

ཙ་ཡུས་ཕུན་ཚོགས།

དེང་གི་བོད་ཀྱི་ཛ་དྲག་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐབས་འདིར། བོད་རིགས་འདུས་སྡོད་བྱེད་སའི་རྒྱལ་སྤྱིའི་ས་ཁུལ་མང་བོར་བོད་ནང་གི་ཛ་དྲག་གནས་བབ་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་མུ་མཐུད་སྤེལ་བཞིན་ཡོད་མོད། ལས་འགུལ་ལ་མཉམ་ཞུགས་བྱེད་མཁན་གྱི་མི་གྲངས་ནི་ཧ་ཅང་ཉུང་ཞིང་ཤིན་ཏུ་ཉུང་སྟབས། འདི་ནི་ཁོ་བོར་མཚོན་ན་ཅུང་བློ་ཡུལ་ལ་མི་འཚམས་པའི་དྲི་བ་ཞིག་ཏུ་གྱུར། དེ་བས་ཉིན་ཤས་གོང་ཁོ་བོས་གནས་སྟངས་འདིར་རྒྱུས་ལོན་བྱ་ཆེད་ཡུལ་འདིར་སྡོད་པའི་བོད་མི་ཁ་ཤས་ཤིག་གི་བསམ་ཚུལ་བླངས་པ་ཡིན། གཤམ་ནས་བོད་མི་ཁ་ཤས་ཀྱི་བསམ་ཚུལ་མུ་མཐུད་འགོད་རྒྱུ་ཡིན་ལ། དོ་བདག་གི་རེ་སྐུལ་ལྟར་ས་གནས་ཙམ་ལས་མིང་སོགས་གསལ་བོ་འགོད་རྒྱུ་མིན།

དེ་ལས་མང་བ་། “ལས་འགུལ་ལ་མ་ཞུགས། ཕ་ཡུལ་དུ་འགྲོ་མི་ཐུབ།” »

སྣ་ཚོགས།

དེ་རིང་ཡང་བསྐྱར་རེབ་གོང་དུ་སློབ་མས་ངོ་རྒོལ་གནང་འདུག

Posted on 2012-03-152012-03-20 By ཤར་ཕྱོགས་ཁུག་རྟ། 4 Comments on དེ་རིང་ཡང་བསྐྱར་རེབ་གོང་དུ་སློབ་མས་ངོ་རྒོལ་གནང་འདུག

དེ་རིང་ཞོགས་པའི་བོད་ནང་གི་ཚུ་ཚོད་ ༨ ཡས་མས་ལ་རེབ་གོང་ཐུན་རིན་རྫོང་བཅའ་སྡོད་སློབ་གྲྭའི་སློབ་མ་བརྒྱ་ལྷག་གིས་སློབ་གྲྭ་དང་ཉེ་སའི་ཁྲོམ་གཞུང་ནང་ཕྱིན་སྟེ་ངོ་རྒོལ་སྐད་འབོད་བྱས་འདུག གཞན་ཁ་སང་སྔ་དྲོར་དགེ་སློང་འཇམ་དབྱངས་དཔལ་ལྡན་ལགས་ཀྱིས་”༸གོང་ས་རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། བོད་ཀྱི་མི་རིགས་དང་སྐད་ཡིག་ལ་རང་དབང་སྤྲོད་དགོས”ཞེས་སྐད་འབོད་གནང་སྟེ་རང་ལུས་མེར་བསྲེགས་བཏང་བ་དང། སྐབས་དེར་རེབ་གོང་ཐུན་རིན་རྫོང་གི་ཆོས་དོན་སྡེ་ཚན་གྱི་མི་སྣ་དང་དམག་མིས་རྨ་ལྷོ་ཁུལ་སྨན་ཁང་དུ་ཁྱེར་བ་སེར་སྐྱ་མི་མང་གིས་ཕྱིར་རེག་ཐུབ་པ་བྱུང་སྟེ། ད་ལྟའི་ཆར་ཁོང་གི་གྲྭ་ཤག་ཏུ་སྨན་བཅོས་བྱེད་བཞིན་ཡོད་ནའང་གཟུགས་པོའི་གནས་སྟངས་ཚབས་ཆེན་དང་ན་ཟུག་བཟོད་སྲན་བྲལ་བའི་གནས་སུ་གྱུར་འདུག་པས། དེ་རིང་ནས་རེབ་གོང་སྟོད་སྨད་ཀྱི་རོང་འབྲོག་དང་། དགོན་པ་ཆེ་ཆུང་ཚང་མས་ཁོང་གི་ཆེད་དུ་སྐྱབས་འཇུག་སྨོན་ལམ་དང་རོང་འབྲོག་ས་ཁུལ་འགའ་ཤས་ན་དྭངས་བླངས་ཞལ་འདེབས་གནང་བཞིན་པ་དང། རེབ་གོང་གི་ས་ཆ་ཁ་ཤས་ཀྱི་ཁ་པར་མཐུད་མི་ཐུབ་པའི་གནས་ཚུལ་ཡང་ཐོན་འདུག

གསར་འགྱུར།

རང་བཙན་བགྲོ་གླེང་།

Posted on 2012-03-14 By ཁ་བརྡ་ 32 Comments on རང་བཙན་བགྲོ་གླེང་།


བོད་རང་བཙན་འཐབ་རྩོད་ཀྱི་སྒྲོམ་གཞི་དང་ཐབས་བྱུས། ཡོང་སྲིད་པའི་གནས་བབ་བཅས་ལ་བགྲོ་གླེང་།
ནིའུ་ཡོག་གྲོང་ཁྱེར་དུ། ༢༠༡༢ ལོའི་ ཟླ་གསུམ་པའི་ཚེས་ ༡༡ དང་ ༡༢

ཕྱི་ཟླ་ ༣ ཚེས་ ༡༡ དང་ ༡༢ བཅས་ཉིན་གཉིས་ཀྱི་རིང་ལ་ནིའུ་ཡོག་གྲོང་ཁྱེར་དུ་ རང་བཙན་མཐུན་ཚོགས་ཀྱིས་རང་བཙན་བགྲོ་གླེང་ཞིག་གོ་སྒྲིག་ཞུས་ཤིང་། དེར་ཉེ་བའི་འབྱུང་འགྱུར་གྱི་ཁྲོད་བོད་དོན་ལ་འཕྲད་སྲིད་པའི་གནས་བབ་ཀྱི་སྐོར་དང་། ད་དུང་བོད་རང་བཙན་གྱི་དམིགས་ཡུལ་གོང་འཕེལ་དང་མཐར་མངོན་འགྲུབ་བྱེད་རྒྱུ་ལ་ཐབས་བྱུས་ངེས་པར་འདིང་དགོས་པ་དང་སྒྲོམ་གཞི་ངེས་པར་འཛུགས་དགོས་པའི་སྐོར་ལ་བགྲོ་གླེང་བྱས་ཡོད།

དེ་ལས་མང་བ་། “རང་བཙན་བགྲོ་གླེང་།” »

གསར་འགྱུར།

Posts pagination

Previous 1 … 5 6 7 … 13 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme