གསལ་བསྒྲགས་ཀྱི་ནང་གི་ཡིག་མཛོད།
བསེ་རོང་འོད་ཟེར།
——————
ཉེ་ཆར་མདོ་སྨད་ཐེ་བོ་སྨད་རྒྱུད་དམ་དེང་སང་འབྲུག་ཆུ་རྫོང་ཞེས་རྒྱ་ནག་དམར་པོའི་གཞུང་གིས་ས་ཆ་བཅད་བགོས་བྱས་པའི་ས་ཁུལ་འབྲུག་ཆུ་རྫོང་ནང་། རི་ཉིལ་དང་ཆུ་ལོག་འདྲེས་མས་གནོད་འཚེའི་འོག་འདས་གྲོངས་སུ་སོང་བ་རྣམས་ཀྱི་ཆེད་དུ་མཆོད་འབུལ་གཟབ་རྒྱས་ཤིག ༧ སྐྱབས་མགོན་ཀིརྟི་རིན་པོ་ཆེ་བཀའ་དྲིན་འོག་ཐེ་བོ་སྟོད་སྨད་བར་གསུམ་གྱི་བྱེས་འབྱོར་ཐེ་བོ་མི་མང་རྒྱ་བལ་ཁུལ་དང་ཕྱི་རྒྱལ་ཁག་ཏུ་གནས་སྡོད་ཐུན་མོང་གིས་གོ་སྒྲིག་བྱས་པའི་བདུན་ཚིགས་གཉིས་པའི་མཆོད་འབུལ། ཕྱི་ཟླ་ ༨ པའི་ཚེས་ ༢༡ གཟའ་སྤེན་པའི་སྔ་དྲོརཆུ་ཚོད་བརྒྱད་པའི་ཐོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ ༧ སྒྲུབ་བརྒྱུད་བསྟན་པའི་མངའ་བདག་དཔལ་༧རྒྱལ་དབང་ཀརྨ་པ་མཆོག་ཚོགས་མགོན་དུ་དབུ་བཞུགས་ཐོག རྩོམ་ཡིག་འདིའི་འཕྲོ་ཀློག »
དགེ་རབ་ཀྱིས་སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༢༨ ལ་ གསལ་བསྒྲགས་ཀྱི་གྲས་སུ་བཀོད། |
མཆན་ ༦ བཀོད་འདུག »

ཁྱེད་བོད་མི་དོ་སྣང་ཅན་ཞིག་ཡིན་ན་འདི་ཡང་བོད་དོན་ལས་འགུལ་གལ་ཆེན་ཟིག་ཡིན། དཀའ་ངལ་མེད་འགྲོ་སོང་མེད། དུས་ཚོད་མི་འགོར་བར་་་གཤམ་གྱི་དྲ་གནས་བརྒྱུད་གོང་གི་བོད་རྒྱལ་དར་གྱིས་རྒྱན་ཐོག་བོད་རང་དབང་འཁོད་པའི་མོ་ཊའི་བཟོ་བཀོད་དེར་འོས་བླུག་རོགས། དེ་རིང་ཉིན་མཐའ་མ་རེད།
TOYOTA་མོ་ཊའི་མཛེས་སྤྲོས་ཇུས་འགོད་འདི་འགྲན་བསྡུར་ཁྲོད་རྩེད་ཕུད་བཅུའི་ནང་དང་ཡང་ན་མཐའ་མའི་འགྲན་རྩོད་ནང་སླེབས་ཐུབ་ཚེ་ རྒྱལ་ཡོངས་འགྲན་བཞུགས་ཁྲོད་ཀྱི་ཀྲོ་ཡོ་ཀྲའི་འགྲན་རྒྱུགས་མོ་ཊའི་མཛེས་སྤྲོས་ཇུས་འགོད་དེ་ཐོབ་རྒྱུ་ཡིན་པ་མ་ཟད་ ད་ལོའི་ལོ་མཇུག་ལ་ཨ་རིའི་མངའ་སྡེ་ཨེ་རི་ཛོ་ན་ཡིས་ཕི་ནིཀ་སི་རུ་བདུན་ཕྲག་གཅིག་རིང་ཀྲོ་ཡོ་ཀྲའོ་འགྲན་བརྒྱུགས་མོ་ཊའི་མཛེས་སྤྲོས་ཇུས་འགོད་འགྲེམས་སྟོན་བྱ་རྒྱུ་ཡིན་པ་རེད། དེར་བརྟེན་འདི་ནི་རྒྱལ་སྤྱིའི་རང་བཞིན་གྱི་བོད་དོན་ཁྱབ་བསྒྲགས་གི་གོ་སྐབས་ཟིག་ཡིན་པས་ཚང་མས་སྲ་ལ་བྱོས་ཡ། <<<འདི་ལ་ད་གནོན>>>
ཀླུས་སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༤ ལ་ གསལ་བསྒྲགས་ཀྱི་གྲས་སུ་བཀོད། |
མཆན་ ༡༢ བཀོད་འདུག »

སྤྲ་ནག་དོན་འགྲུབ་ཚེ་རིང་ནས།
ཉིས་སྟོང་བཅུ་གཅིག་ལོའི་བཀའ་བློན་ཁྲི་བའི་སྔོན་འགྲོའི་འོས་མིའི་བགྲོ་གླེང་ཞིག
ཟླ་བརྒྱད་པའི་ཚེས་༡༤ཉིན་གྱི་ཕྱི་དྲོར། འདི་ག་བྱང་ཀ་ལེ་ཕོ་ཉའི་ས་གནས་ཚོགས་པའི་( Tibetan Association of Northern Califofnia)བཀོད་སྒྲིག་འོག
བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་དང་། མཁས་དབང་བློ་བཟང་སེང་གེ་ ཕུར་བུ་རྡོ་རྗེ་གསུམ་གྱིས་མ་འོངས་བཀའ་བློན་ཁྲི་བའི་སྐོར་ལ། བཀའ་སློབ་དང་བཀའ་འདྲི་དང་ལེན་གནང་རྒྱུ་ཡིན་པས། ཕྱོགས་མཐའ་ཁག་ན་གནས་བའི་བོད་རིགས་ཚོས། དྲི་བ་གང་ཡོད་ཐད་ཀར་ཁ་བརྡའི་མཆན་གྱི་ནང་དུ་འགོད་རྒྱུའམ་། ཡང་ན་གུས་བའི་དྲ་འཕྲིན་ཐོག་གནང་རོགས་ཞེས་འབོད་སྐུལ་དུ།
tibetantsampa@gmail.com
ཁ་བརྡ་ཚང་གིས་སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༡ ལ་ གསལ་བསྒྲགས་ཀྱི་གྲས་སུ་བཀོད། |
མཆན་ ༣༧ བཀོད་འདུག »
སྤྱི་ལོ་ ༢༠༡༡ ལོ་ནི་བཙན་བྱོལ་ནང་བོད་རྒྱ་ཆེའི་མི་དམངས་ཀྱི་བཀའ་ཁྲི་དང་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་མོ་ཡིན་ལ། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་རང་འཁྲིའི་ལས་འགན་ཁུར་ཁྱེར་གྱིས་བཀའ་སྤྱི་གཉིས་ཀྱི་འོས་གཞིའི་ས་བོན་སྔོན་ཚུད་ནས་བཏོན་ཡོད། ལྷག་དོན་བཀའ་ཁྲིའི་འོས་གཞི་འདི་གལ་འགངས་ཤིན་ཏུ་ཆེ་བར་ངོས་འཛིན་གྱིན་ཡོད། ྋགོང་ས་མཆོག་གི་བླ་ན་མེད་པའི་དབུ་ཁྲིད་འོག་ང་ཚོར་ཤེས་འཇོན་གཉིས་ལྡན་གྱི་ན་གཞོན་གང་ལ་གང་འཚམས་ཡོད་པ་ནི་གཟི་བརྗིད་དང་སྤོབས་པ་ཡིན།
ལྷག་དོན་ཐེངས་འདིའི་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་བཀའ་ཁྲིའི་འོས་གཞི་ཁག་གཉིས་ཀར། རྩོམ་ཡིག་འདིའི་འཕྲོ་ཀློག »
ལུང་རིགས་ཀྱིས་སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༦ ལ་ གསལ་བསྒྲགས་ཀྱི་གྲས་སུ་བཀོད། |
མཆན་ ༡༡ བཀོད་འདུག »
འདོན་སྤེལ། ༢༠༡༠/༠༨/༠༢
པེན་ ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་དུས་ཀྱི་དགོས་མཁོ་ལྟར་རིམ་ བཞིན་བོད་ནང་གི་དམིགས་བསལ་ཚབ་མཚོན་རྩོམ་ཡིག་ཁག་ཅིག་གི་ནང་དོན་གསལ་རྟོགས་དང་ དགེ་སྐྱོན་བླང་དོར་གྱི་སླད་དུ་བགྲོ་གླེང་ཞིབ་ཙམ་རེ་གནང་རྒྱུའི་ལས་རིམ་ཞིག་འགྲོ་རྒྱུ་གལ་ཆེར་མཐོང་བས། ཕྱི་ཟླ་བརྒྱད་པ་འདིའི་ཚེས་བཅོ་ལྔ་ཉིན<<ཁྲག་ཡིག>>དང<<གནམ་ས་གོ་འབྱེད>>གཉིས་ ལ་རང་དབང་རང་མོས་ཀྱི་བགྲོ་གླེང་ཞིག་གོ་སྒྲིག་བྱེད་ཀྱིན་ཡོད་པས། ཤེས་ནས་སྨྲ་བའི་དཔྱོད་ལྡན་དག་གིས་གོང་གསལ་རྩོམ་ཡིག་གཉིས་གང་རུང་གི་དོན་ཚན་ནམ་གནད་དོན་བྱེ་བྲག་པ་གང་རུང་ཞིག་གི་སྐོར་ལ་དཔྱིས་ཕྱིན་པའི་བགྲོ་གླེང་རེ་གནང་རྒྱུའི་རེ་སྐུལ་ཞུ་གིན་ཡོད། རྩོམ་ཡིག་འདིའི་འཕྲོ་ཀློག »
དགེ་རབ་ཀྱིས་སྤྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༦ ལ་ གསལ་བསྒྲགས་ཀྱི་གྲས་སུ་བཀོད། |
མཆན་ ༡༡ བཀོད་འདུག »
འཆམ་ར་དྲི་མེད་རྒྱལ་མཚན།
དཔལ་གསང་ཆེན་སྔ་འགྱུར་བའི་གདན་ས་ཆེན་མོ་ཐེག་མཆོག་རྣམ་གྲོལ་གླིང་གི་ཆོས་མཆེད་གྲྭ་བཙུན་ཡོངས་ཀྱིས་མཁྱེན་ཆུབ་དགོས་རྒྱུར།
དེ་ཡང་གདན་ས་རྣམ་གྲོལ་གླིང་གིས་ཁ་སྔོན་ཕྱི་ཟླ་ ༥ ཚེས་ ༡༠ ཉིན་གསར་བསྒྲགས་གནང་གསལ་དུ། འདི་ལོའི་བོད་ཟླ་དགུ་བའི་ ཚེས་༢༢ རྒྱལ་བ་ལྷ་ལས་བབ་པའི་དུས་ཆེན་ཁྱད་པར་ཅན་གྱི་ཉིན། སྔ་འགྱུར་མཐོ་སློབ་ཆེན་མོའི་མདོ་འོག་མའི་རྒྱུགས་སྤྲོད་ཟིན་པ་རྣམས་ལ་མཐའ་བྲལ་སྨྲ་བའི་དབང་ཕྱུག་དང་། མདོ་གོང་མའི་རྒྱུགས་སྤྲོད་ཟིན་པ་རྣམས་ལ་ཕར་ཕྱིན་རབ་འབྱམས། རྒྱུད་སྡེ་གོང་འོག་གི་རྒྱུགས་སྤྲོད་ཟིན་པ་རྣམས་ལ་ངེས་གསང་ལེགས་བཤད་མཛོད་འཆང་གི་ཕྱག་ཁྱེར་བཅས། སོ་སོའི་གནས་བབ་དང་བསྟུན་ནས་འབུལ་རྒྱུ་གཏན་ཁེལ་གནང་མོད། རྩོམ་ཡིག་འདིའི་འཕྲོ་ཀློག »
ཁ་བརྡ་ཚང་གིས་སྤྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༢༩ ལ་ གསལ་བསྒྲགས་ཀྱི་གྲས་སུ་བཀོད། |
མཆན་ ༡༦ བཀོད་འདུག »
༄༅། ། མཁྱེན་དཔྱོད་ལྡན་པའི་རྒྱ་ཆེ་བའི་བོད་རིགས་རྩོམ་པ་པོ་རྣམ་པ།
ཁྱེད་རྣམ་པས་དུས་དང་རྣམ་པ་ཀུན་ཏུ། བོད་ཀྱི་སྐད་ཡིག་ཐད་ལྗགས་རྩོམ་མང་པོ་ཞིག་སྐད་ཡིག་ཚགས་པར་སྟེང་བསྐུར་བར་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་རྩོམ་ཡིག་མང་བོ་ཞིག་སྐད་ཡིག་ཚགས་པར་སྟེང་བཀོད་མ་ཐུབ་པར་ལྷག་ཡོད་པས། དེའི་རྩོམ་པ་པོ་རྣམ་ལའང་གོ་སྐབས་འདི་བརྒྱུད་ནས་ཆེད་དུ་དགོངས་དག་ཞུས་པ་ཡིན། ཐེངས་འདིའི་སྐད་ཡིག་ཚགས་པར་སྤྱིའི་འདོན་ཐེངས་ ༡༥ བའི་སྟེང་། བོད་ཕྱི་ནང་གཉིས་ཀྱི་མིང་ཚིག་གསར་སྒྱུར་དང་གཅིག་གྱུར་ཡོང་ཐབས་ཞེས་པའི་བརྗོད་གཞིའི་ཐོག་དཔྱད་རྩོམ་བསྡུ་འཆར་ཡོད་པས། རྩོམ་པ་པོ་རྣམ་གྱིས་དུས་ལྟར་བརྗོད་གཞི་དང་འབྲེལ་བ་དམ་ཟབ་ཡོད་པའི་ལྗགས་རྩོམ་རེ་བསྐུར་རོགས།
ང་ཚོས་འདིར་ཉེན་ཁ་ཞིག་མཐོང་བཞིན་ཡོད་པ་ནི། བོད་ཕྱི་ནང་གཉིས་སུ་མིང་ཚིག་གསར་སྒྱུར་ཐད་འགལ་བ་ཞིག་མཐོང་བཞིན་ཡོད་པ་འདི་ཡིན། སྤྱིར་བཏང་འགལ་བ་འདི་མིང་ཚིག་གཅིག་གི་ཐོག་ཡོང་གིན་ཡོད་ཀྱང་། རྗེས་མར་བོད་ཕྱི་ནང་གཉིས་སུ་མིང་ཚིག་གཅིག་གི་འགལ་བ་འདི་ཕྱོགས་འཐེན་གྱི་འགལ་བ་རུ་མི་འགྱུར་བའི་ངེས་པ་གཏན་ནས་མེད་པས། མཁྱེན་དཔྱོད་ཀྱི་བློ་གྲོས་རྒྱས་པའི་རྩོམ་པ་པོ་རྣམ་གྱིས་འདིའི་ཐད་ལམ་སྟོན་དང་། ཡང་ན་ང་ཚོས་གོ་མེད་ཚོར་མེད་ངང་མུ་མཐུད་དུ་འདི་ལྟར་ཕྱིན་པ་ཡིན་ན་དགེ་སྐྱོན་གང་ཡོད་ཀྱི་ཐོག་དཔྱད་རྩོམ་རེ་བསྡུ་འཆར་ཡོད་པ་དེ་ཡིན།
བོད་ཕྱི་ནང་གཉིས་ཀྱི་མིང་ཚིག་གསར་སྒྱུར་དང་གཅིག་གྱུར་ཡོང་ཐབས་ཞེས་པའི་བརྗོད་གཞིའི་ཐོག་དཔྱད་རྩོམ་བསྐུར་ཚེ་ཡིག་འབྲུ་ ༧༠༠ ལས་མ་བརྒལ་བ་གནང་རོགས། རྩོམ་ཡིག་དང་མཉམ་དུ་རྩོམ་པ་པོའི་འདྲ་པར་རེ་དང་ངོ་སྤྲོད་ཐུང་ངུ་རེ་བསྐུར་རོགས། ད་དུང་ཁ་པར་ཨང་གྲངས་དང་གློག་འཕྲིན་ཁ་བྱང་སོགས་ཀྱང་བསྐུར་རོགས་གནོངས།
རྩོམ་ཡིག་བསྐུར་ཡུལ། t.language@yahoo.in/choedak007@gmail.com
༢༠༡༠ ༨ ༡༥ ཚུན་ལ་རྩོམ་ཡིག་འདིར་འབྱོར་དགོས།
ཁ་པར། ༩༨༠༥༣༤༤༧༨༩ ཡང་ན ༩༨༨༢༥༧༡༠༡༨
རྡོར་དབང་གིས་སྤྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༢༨ ལ་ གསལ་བསྒྲགས་ཀྱི་གྲས་སུ་བཀོད། |
མཆན་ ༣ བཀོད་འདུག »
དབྱར་ས་ཞེས་བའི་ཁམས་ཁུལ་གྱི་འབྲོག་པའི་་མི་ཚང་ཞིག་གི་འཚོ་བ་གཙོ་བོར་བཟུང་བའི་གློག་བརྙན་གསར་བ་འདི་། མི་འགྱངས་བར་ཨ་རིའི་ནེའུ་ཡོག་(New York) དང་ལོ་སི་ཨན་རྗི་ལིས་སི་(Los Angeles)གཉིས་སུ་སྟོན་གི་རེད།
ནེའུ་ཡོག་(New York)
ཏུ་སྤྱི་ཟླ་བདུན་པའི་ཚེས་༣༠ནས་བརྒྱད་པའི་ཚེས་༥བར་སྟོན་གི་རེད། སྟོན་ས་དང་དུས་ཚོད་གཤམ་གསལ།
NEW YORK: July 30th - August 5th
IFC Center
323 Sixth Avenue @ West 3rd Street
www.ifccenter.com
Fri July 30: 3:45 PM & 9:40 PM
Sat July 31: 12:05 PM & 5:50 PM
Sun Aug 1: 2:00 PM & 7:50 PM
Mon Aug 2: 3:45 PM & 9:40 PM
Tue Aug 3: 12:05 PM & 5:50 PM
Wed Aug 4: 2:00 PM & 7:50 PM
Thu Aug 5: 3:45 PM & 9:40 PM
ལོ་སི་ཨན་རྗེ་ལིས་སི་(Los Angeles)རུ་བརྒྱད་པའི་ཚེས་༦ནས་༡༢བར་སྟོན་གི་རེད། སྟོན་ས་དང་དུས་ཚོད་གཤམ་གསལ།
LOS ANGELES: August 6th - 12th
Arclight Cinemas Hollywood
6360 W. Sunset Blvd
www.arclightcinemas.com
Fri Aug 6: 12:00 PM & 5:35 PM
Sat Aug 7: 1:50 PM & 7:40 PM
Sun Aug 8: 3:45 PM & 9:45 PM
Mon Aug 9: 12:00 PM & 5:35 PM
Tue Aug 10: 1:50 PM & 7:40 PM
Wed Aug 11: 3:45 PM & 9:45 PM
Thu Aug 12: 12:00 PM & 5:35 PM
གློག་བརྙན་འདིའི་ནང་དོན་མདོར་བསྡུས་ཤིག་གཤམ་ནས་གཟིགས་ཐུབ། རྩོམ་ཡིག་འདིའི་འཕྲོ་ཀློག »
ཁ་བརྡ་ཚང་གིས་སྤྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༡༦ ལ་ གསལ་བསྒྲགས་ཀྱི་གྲས་སུ་བཀོད། |
མཆན་ ༨ བཀོད་འདུག »
ཉེ་སྔོན་སྐྱོ་བྲག་དགའ་དབང་ལགས་ཀྱི་རྩོམ་ཡིག་ལྕགས་མོ་འཚོའི་འཕྲིན་ལན་ཟེར་བ་ཞིག་ཁ་བརྡའི་ངོས་སུ་བཀོད་པ་ཡིན། ཕྱི་ཚེས་༡༡སྟེ་གཟའ་ཉི་མའི་ཉིན་རྩོམ་དེའི་མཆན་བུ་རྣམས་ལ་རོབ་བལྟས་ཙམ་བྱེད་རྒྱུ་བྱུང་། སྐབས་དེར་མཆན་བུ་བཅུ་ཙམ་བསུབ་པ་མ་ཟད་ཁ་བརྡའི་རེ་སྐུལ་ཞིག་ཀྱང་མཆན་གྱི་ཁོངས་སུ་བཞག་ཡོད། འོན་ཀྱང་། ལས་བྲེལ་གྱི་དབང་གིས་དེའི་རྗེས་ཀྱི་ཉིན་གཉིས་རིང་ང་ཚོར་མཆན་བུ་གཞན་དག་ལ་བསྐྱར་དུ་བལྟ་ཁོམ་མ་བྱུང་། དེ་རིང་་བསྐྱར་དུ་མཆན་བུ་རྣམས་བསྔོགས་དུས། མཆན་བུའི་ཁོངས་སུ་གང་ཟག་སྒེར་དང་འབྲེལ་བའི་གནས་ཚུལ་མ་འོས་བ་ཁ་ཤས་ཀྱང་འདུག་སྟབས། གནས་སྐབས་རིང་རྩོམ་དེ་ཕྱིར་བསྡུ་བྱས་ཡོད། དོ་དགོང་ལྕགས་མོ་འཚོའི་གསལ་འདེབས་དེ་ཡང་འབྱོར་ནས་ཁ་བརྡའི་སྒང་ལ་བཞག་ཡོད། ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་ངོས་ནས་ཉིན་འགའི་རིང་མཆན་བུ་རྣམས་ལ་དུས་ཐོག་ཏུ་བརྟག་ཞིབ་བྱེད་མ་ཐུབ་པར་འཐུས་ཤོར་ཕྱིན་པ་ལ། བཀུར་འོས་ལྕགས་མོ་འཚོ་དང་འབྲེལ་ཡོད་རྣམ་པར་དགོངས་དག་ཞུ་བཞིན་ཡོད།
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས།
ཁ་བརྡ་ཚང་གིས་སྤྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༡༥ ལ་ གསལ་བསྒྲགས་ཀྱི་གྲས་སུ་བཀོད། |
མཆན་ ༤ བཀོད་འདུག »
བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ༎
བླ་མ་ དང་ མགོན་པོ་ འཇམ་པའི་དབྱངས་ ལ་ ཕྱག་ འཚལ་ལོ༎

གནངས་ཉིན་ཏེ། རེས་གཟའ་སྤེན་པ་དང་། ཕྱི་ཚེས་ ༡༠ ཉིན་ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་དུ། བོད་ཡིག་གི་ཚེག་བར་ལ་བར་སྟོང་དགོས་སམ། ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་གི་འདུག གཏམ་བཤད་གནང་མཁན་གསུམ་ནས་སོ་སོའི་ལྟ་ཚུལ་མ་འདྲ་བའི་ཐོག་བགྲོ་གླེང་བྱེད་ཀྱི་འདུག
བསྟན་འཛིན་བདེ་སྐྱིད་ལགས་ནས་བོད་ཡིག་གི་ཚེག་བར་ལ་བར་སྟོང་འཇོག་དགོས་པའི་སྐོར། བླ་མ་པད་མ་དབང་གྲགས་ལགས་ནས་ཚེག་རིང་དང་ཚེག་ཐུང་གི་སྐོར། རིག་འབྱུང་དོན་གྲུབ་བཀྲ་ཤིས་ལགས་ནས་རྗོད་པ་ཐུང་དུ་གཏོང་དགོས་པའི་སྐོར་སོགས་བགྲོ་གླེང་བྱེད་རྒྱུ་ཡིན་པ་རེད།
ཐག་རིང་དུ་བཞུགས་མཁན་རྣམས་ཀྱིས། ཀུན་ཕན་ཐེབས་རྩ་ཚོགས་པའི་འབྲེལ་ཐག་བརྒྱུད་ཐད་ཀར་དྲ་ཐོག་ནས་ལྟ་ཉན་བྱེད་ཐུབ་ཀྱི་ཡོད་པ་མ་ཟད། དྲི་བ་དང་བསམ་ཚུལ་ཡང་དྲ་ཐོག་ནས་བསྐུར་ཆོག་པ་རེད་འདུག
འབྲེལ་ཐག་དེ།
http://www.trace.org/livestream.html
བརྗོད་གཞི། བོད་ཡིག་གི་ཚེག་བར་ལ་བར་སྟོང་དགོས་སམ།
ས་གནས། ལ་རྩེ་དཔེ་མཛོད་ཁང་།
དུས་ཚོད། གཟའ་སྤེན་པ། ཕྱི་དྲོའི་ཆུ་ཚོད་༣པ་ནས་༥བར།
དགེ་རབ་ཀྱིས་སྤྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༨ ལ་ གསལ་བསྒྲགས་ཀྱི་གྲས་སུ་བཀོད། |
མཆན་ ༥༩ བཀོད་འདུག »
སྤྱི་ཟླ་བདུན་པའི་ཚེས་༡༠ཉིན་གྱི་ཕྱི་དྲོའི་དུས་ཚོད་༣པ་ནས་༥བར་ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་དུ་། བསྟན་འཛིན་བདེ་སྐྱིད་དང་བླ་མ་པད་མ་དབང་གྲགས། རིག་འབྱུང་དོན་གྲུབ་བཀྲ་ཤིས་གསུམ་ནས་”ཚེག་བར་གྱི་བར་སྟོང་བཞག་ནས་བོད་ཀྱི་སྐད་ཡིག་ྐློག་ཐབས་ཀྱི་དཀའ་ངལ་སེལ་ཐུབ་མིན་སྐོར་”བགྲོ་གླེང་གནང་གི་ཡོད། ད་ཕན་གནད་དོན་འདིའི་ཐོག་བོད་སྐད་ཀྱི་བརྙན་འཕྲིན་དང་དྲ་རྒྱ་སོགས་སུ་བགྲོ་གླེང་སྣ་ཚོགས་བྱུང་ཡོད་ཅིང་། ད་རེས་བགྲོ་གླེང་བ་གསུམ་གྱིས་ཀྱང་ལྟ་ཚུལ་མི་འདྲ་བ་གསུམ་གྱི་ཐོག་ནས་བགྲོ་གླེང་གནང་གི་རེད། ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་ལ་ཕེབས་ཐབས་མེད་པའི་རྒྱང་རིང་གི་དོ་སྣང་ཅན་ཚོས་དུས་ཚོད་དེ་གའི་སྟེང་ལ་འབྲེལ་ཐག་འདི་(www.trace.org/livestream.html)མནན་ན་ཐད་ཀར་བལྟ་ཉན་བྱེད་ཐུབ་པ་མ་ཟད་དྲ་ཐོག་ནས་སོ་སོའི་བསམ་ཚུལ་དང་དྲི་བ་ཡང་གཏོང་ཐུབ།
ཁ་བརྡ་ཚང་གིས་སྤྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༢༧ ལ་ གསལ་བསྒྲགས་ཀྱི་གྲས་སུ་བཀོད། |
མཆན་ ༡༥ བཀོད་འདུག »
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས
ཁ་བརྡ་དྲ་བ་ྐློག་མཁན་ཇེ་མང་ལ་འགྲོ་བ་དང་བསྟུན་ནས། ཁ་བརྡ་དྲ་བས་ངོ་དེབ་(Facebook)བེད་སྤྱོད་གཏོང་མཁན་གྱི་བོད་རིགས་ཚོའི་སླད་དུ་དྲ་ངོས་ཀྱི་རྩོམ་ཡིག་རྣམས་ངོ་དེབ་སྒང་ལ་ཡང་འཇོག་གིན་ཡོད།
ད་ཕན་ཁ་བརྡའི་ངོ་དེབ་སྒང་ན་བོད་རིགས་ཁེ་གཙང་༡༩༠༠ལྷག་ཡོད་ཅིང་། ཁོང་ཚོས་ངོ་དེབ་བརྒྱུད་ཁ་བརྡའི་དྲ་ངོས་ཀྱི་རྩོམ་རྣམས་བལྟ་ྐློག་ཐུབ་ཀྱི་ཡོད།
ངོ་དེབ་བརྒྱུད་ནས་འཛམ་གླིང་ཤར་ནུབ་ཀྱི་བོད་རིགས་ྐློག་པ་པོ་ཚོའི་དགོས་འདུན་སྐོང་བ་ནི་ཁ་བརྡའི་ལས་གཞི་གསར་བ་ཞིག་ཡིན། ཁ་བརྡས་ལས་གཞི་འདི་ཚགས་ཚུད་དང་རྒྱ་ཆེ་རུ་བཏང་ནས་བོད་རིགས་ྐློག་པ་པོ་སྟོང་ཕྲག་མང་པོའི་དགོས་མཁོ་སྐོང་ཐུབ་རྒྱུར་འབད་བརྩོན་ཞུ་བཞིན་ཡོད། རྩོམ་ཡིག་འདིའི་འཕྲོ་ཀློག »
ཁ་བརྡ་ཚང་གིས་སྤྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༢༣ ལ་ གསལ་བསྒྲགས་ཀྱི་གྲས་སུ་བཀོད། |
མཆན་ ༧ བཀོད་འདུག »
འཆམ་ར་དྲི་མེད་དེས།
རྒྱ་ཆེའི་བཀུར་བར་འོས་པའི་ཕྱོགས་བཞུགས་སྙིང་ཉེ་བ་ཡོངས་ལ་གུས་ཞུ།
ང་ཚོས་་Zazzle་་་་་ཟེར་བའི་བཟོ་གྲྭས་ནང་པའི་ལྷ་དང་དབུ་ཁྲིད་ལྷམ་ངོས་ལ་སྦྱར་ནས།
ཚོང་འགྲེམ་བྱེད་ཀྱིན་པར་ངོ་རྒོལ་བྱ་འཆར་གྱིས།
རྡ་སའི་དབྱིན་ཡིག་སློབ་ཕྲུག་ཚོགས་པ་ཟེར་བ་གསར་དུ་བཙུགས་ཏེ།
ཟླ་བ་འདིའི་ཚེས་ ༡༩
ཉིན་ལས་འགུལ་དངོས་སུ་སྤེལ་རྒྱུའི་ཐག་བཅད་བྱས་ཡོད། རྩོམ་ཡིག་འདིའི་འཕྲོ་ཀློག »
ཁ་བརྡ་ཚང་གིས་སྤྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༡༥ ལ་ གསལ་བསྒྲགས་ཀྱི་གྲས་སུ་བཀོད། |
མཆན་ ༡༠ བཀོད་འདུག »
དེ་ཡང་ zazzle ཟེར་བའི་བཟོ་གྲྭ་དེས། ནང་བ་སངས་རྒྱས་པའི་ཆོས་ལུགས་ཀྱི་སྟོན་པ་ཤཀྱ་ཐུབ་པ་དང་། ཤེས་རབ་ཀྱི་ལྷ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་པར་རིས། སྙིང་རྗེའི་ལྷ་འཕགས་པ་སྤྱན་རས་གཟིགས་ཀྱི་གཟུངས་སྔགས། ནང་པའི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མའི་སྐུ་པར་བཅས། ལྷམ་གོག་གི་ཕྱི་ངོས་ལ་བཀོད་ནས་བཟོ་སྐྲུན་བྱས་པའི་ལྷམ་མང་པོ་ཞིག་རྒྱལ་ སྤྱིའི་ཚོང་ར་ལ་འགྲེམ་སྤེལ་བྱས་ཡོད། དེ་ནི་ནང་པ་སངས་རྒྱས་པ་ཡོངས་ལ་ཁྱད་གསོད་དང་། མཐོང་ཆུང་། དམའ་འབེབས། རྡོག་རོལ། མནར་གཅོད་བཅས་བཟོད་དཀའ་བ་ཞིག་ཡིན་པར་བརྟེན། ང་ཚོ་རྡ་སའི་དབྱིན་ཡིག་སློབ་ཕྲུག་ཚོགས་པས་དང་བླངས་གིས་ངོ་རྒོལ་ཞིག་བྱ་འཆར་ ཡོད་ལ། ཚོགས་པ་དེ་ནི་ཧི་མ་ལ་ཡའི་མི་རིགས་དང་། སོག་པོ། བྷ་མ་སོགས་ནང་པ་མང་པོ་ཞིག་ལས་གྲུབ་པ་ཞིག་ཡིན། ལས་འགུལ་ལྟེ་བ་སྤེལ་ཡུལ། བཙན་བྱོལ་བོད་ཀྱི་རྒྱལ་ས་མེ་ལོག་ཏུ་ཡིན་ལ། ཡན་ལག་ལས་འགུལ་རྣམས་ས་གནས་མང་པོའི་ནང་སྤེལ་འཆར་ཡོད་པས། རྒྱལ་ཡོངས་ནང་པ་ཡོངས་ཀྱིས་གཙོས། དྲང་བདེན་དང་། བཟང་སྤྱོད་ལ་བརྩི་ཞིང་དུང་བའི་ཕྱོགས་ཡོངས་ཀྱི་མི་མང་རྣམས་ལྷན་ཞུགས་གནང་ རོགས་ཞུ་ཞུ།། ལས་འགུལ་དེའང་གསལ་འགྱུར་བརྒྱུད་ལམ་ཁག་བརྒྱུད་འཛམ་གླིང་ཁྱོན་ཡངས་ལ་སྤེལ་ ཐབས་བྱེད་ཀྱིན་ཡོད། ལས་འགུལ་གྱི་ངོ་བོ་ཆབ་སྲིད་དང་འབྲེལ་བ་མེད་པ་ཞིག་ཡིན། རྩོམ་ཡིག་འདིའི་འཕྲོ་ཀློག »
ཁ་བརྡ་ཚང་གིས་སྤྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༡༤ ལ་ གསལ་བསྒྲགས་ཀྱི་གྲས་སུ་བཀོད། |
མཆན་ ༢༠ བཀོད་འདུག »
སྤྱི་ཟླ་དྲུག་པའི་ཚེས་བཅུ་གཉིས། གཟའ་སྤེན་པའི་ཕྱི་དྲོ་དུས་ཚོད་ ༣ པ་ནས་ ༥ བའི་བར་དུ་ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་དུ་བླ་མ་ཕུན་ཚོགས་དགེ་ལེགས་ལགས་ནས་ནང་ཆོས་ཀྱི་ཆོ་གའི་རོལ་ཆས་འབུད་རྡུང་དཀྲོལ་གསུམ་གནང་རྒྱུ་རེད། དབྱངས་རིག་མཁས་པ་ Michael Monhart ལགས་དང་མཉམ་དུ། བླ་མ་ཕུན་ཚོགས་དགེ་ལེགས་ལགས་ནས་བོད་ཀྱི་རོལ་དབྱངས་ཀྱི་དབྱངས་ཡིག་དང་དབྱངས་ཚིགས། བོད་བརྒྱུད་ནང་ཆོས་ཀྱི་ཆོ་གའི་ནང་དུ་རོལ་དབྱངས་ཀྱི་གོ་བབས་བཅས་འགྲེལ་བཤད་གནང་རྒྱུ་རེད། ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་ལ་ཕེབས་ཐབས་མེད་པའི་རྒྱང་རིང་གི་དོ་སྣང་ཅན་རྣམས་ཀྱིས་དུས་ཚོད་དེ་གའི་སྟེང་ལ་འབྲེལ་ཐག་ www.trace.org/livestream.html འདི་མནན་ན་འཁྲབ་སྟོན་ངོ་མར་བལྟ་ཐུབ་ཅིང་གསུང་བཤད་ངོ་མར་ཉན་ཐུབ།
ཁ་བརྡ་ཚང་གིས་སྤྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༡༡ ལ་ གསལ་བསྒྲགས་ཀྱི་གྲས་སུ་བཀོད། |
མཆན་ ༧ བཀོད་འདུག »
༢༠༡༠-06-09
ཨ་རིའི་ནིའུ་ཡོརྐ་གྲོང་ཁྱེར་ནང་གནས་ཚུལ་མཁོ་གཏོང་གནང་མཁན་གསར་འགོད་པ་ཞིག་དགོས་པའི་ས་མིག་གསལ་བསྒྲགས།
དགོས་ངེས་ཆ་རྐྱེན།
༡ དབུས་སྐད་ལ་བྱང་ཆ་ཡོད་པའི་ཐོག་མ་མཐར་བོད་ཡིག་གི་ཤེས་ཚད་མཐོ་སློབ་ཐོན་པའམ། ཡང་ན་མཐོ་སློབ་གྱི་ཤེས་ཚད་ཡོད་པ་ཁུངས་ལྡན་ར་སྤྲོད་ཐུབ་པ།
༢ དབྱིན་ཡིག་དང༌། རྒྱ་ཡིག ཧིན་རྡི་གང་རུང་གི་ཤེས་ཚད་རང་སྐྱ་འཕེར་ངེས་ཡོད་པ།
༣ བོད་ཕྱི་ནང་དང༌། རྒྱ་ནག རྒྱ་གར། རྒྱལ་སྤྱིའི་གནས་སྟངས་སོགས་ལ་ཤེས་ཚད་གང་ལེགས་ཡོད་པ།
༤ དྲང་བདེན་དང་ཕྱོགས་ལྷུང་མེད་པར་ཁྱོན་ཡོངས་ཀྱི་གནས་ཚུལ་མཁོ་སྒྲུབ་བྱེད་ཐུབ་པ།
༥ སྲིད་གཞུང་དང༌། ཆབ་སྲིད་ཀྱི་ཚོགས་པ། ཆོས་ལུགས་སྡེ་ཁག་གང་རུང་དང་མ་འབྲེལ་བར་གསར་འགོད་པའི་ངོ་བོར་གནས་ཐུབ་པ།
ལས་འགན།
ཉིག་ཡོག་གྲོང་ཁྱེར་དང་། དེའི་ཉེ་འཁྲིས་ས་གནས་སུ་བྱུང་བའི་བོད་དང་འབྲེལ་བའི་གནས་ཚུལ་ཁག་དུས་ཐོག་གཏོང་ཐུབ་དགོས།
གོང་གསལ་ས་མིག་ཐོག་ལས་ཀ་བྱེད་འདོད་ཡོད་ཚེ་གཤམ་གསལ་ཁ་བྱང་ཐོག་སློབ་ཐོན་ལག་འཁྱེར་དང་དོ་དག་གི་ལོ་རྒྱུས། གསར་འགོད་པའི་ལས་ཀ་བྱེད་འདོད་པའི་རྒྱུ་མཚན་དང་དམིགས་ཡུལ་མདོར་བསྡུས་ཤིག་བཅས་ཕྱི་ལོ་༢༠༡༠ ཕྱི་ཟླ ༧ཚེས ༡༠ འགྱངས་མེད་གློག་འཕྲིན་ཁ་བྱང་ Email: chhonzomd@rfa.org བརྒྱུད་ནས་ངེས་འབུལ་ཡོང་བ་དགོངས་འཇགས་ཞུ། རྩོམ་ཡིག་འདིའི་འཕྲོ་ཀློག »
ཀླུས་སྤྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༩ ལ་ གསལ་བསྒྲགས་ཀྱི་གྲས་སུ་བཀོད། |
མཆན་ ༦ བཀོད་འདུག »
གལ་ཆེ་གསལ་བསྒྲགས།
འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་གང་སར་ཡོད་པའི་བོད་རིགས་ཆེད་ལས་མཁས་ཅན་པ་དག་གི་སྙན་ལམ་དུ་ཞུ་རྒྱུ། གཤམ་གསལ་འགེངས་ཤོག་འདིའི་ནང་། ཆེད་ལསwlt-leshi-intro-on-pad-ms98-2003་གང་ཞིག་ལ་མཁས་པའི་དོ་བདག་སོ་སོས་འགེངས་ཤོག་རྒྱངས་ནས།
OFFICE ADD:
c/o Office of Vice Chancellor
Central University of Tibetan Studies (CUTS)
Sarnath - 221007 Varanasi
U.P. INDIA
+91-0542-2586040
+91-0542-2586040
wisdomlighttrust@gmail.com
རྩོམ་ཡིག་འདིའི་འཕྲོ་ཀློག »
བེ་རི་འཇིགས་མེད་ཀྱིས་སྤྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༢ ལ་ གསལ་བསྒྲགས་ཀྱི་གྲས་སུ་བཀོད། |
མཆན་ ༦ བཀོད་འདུག »
དྲ་གྲོགས་ཚོ།
གཤམ་གྱི་དྲ་ཐག་དེ་ནས་ཡིག་གཟུགས་གསར་པ་བཅུ་ཙམ་རིན་མེད་ལ་འབེབ་ཐུབ་ཀྱི་འདུག ཡིག་གཟུགས་རྣམས་སྤུས་ཀ་དག་ལ་མཛེས་ཉམས་འདོད་པོ་འདུག ཡིག་གཟུགས་བཟོ་མཁན་ནི་གློག་ཀླད་མཁས་པ་རྒན་བཀྲིས་ཚེ་རིང་ལགས་རེད་འདུག
ཀུན་པ་ཕན་པ་ཤོག
http://yalasoo.com/Tibetan/docs/yalasoo_bo_font.php
ཚངས་དབྱངས་ནས།
ཚངས་དབྱངས་ཀྱིས་སྤྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༢༧ ལ་ གསར་འགྱུར། གསལ་བསྒྲགས་ཀྱི་གྲས་སུ་བཀོད། |
མཆན་ ༣ བཀོད་འདུག »
དུས་བབ་ཟིན་བྲིས་ན་ད་དུང་མཐོང་རྒྱུ་ཡོད་པའི་དྲན་ཐོ་ཟིན་བྲིས་ཞིག་མི་རེ་འགས་གསལ་བཤད་བྱས་བ་དང་སྦྲགས་བསུབ་པ་ཡིན་ལ་དེ་དང་མཉམ་དུ་དགོངས་དག་དང་གསལ་བཤད་བྱ་རྒྱུ་ཡིན་ཟེར་བ་འདི་འཇོག་རོགས་ཞེས་བཤད་པ་ལྟར་ཚབ་བཀོད་འདི་བྱས་བ་ཡིན། ཀློག་པ་པོ་ཚོ་འཁྲུག་སྲིད་ཀྱང་དགོངས་དག་དང་གསལ་བཤད་བྱེད་དོན་དེར་བསྣུན་>>>གསར་འགོད་པ་ཞིག་ཡིན་ན། འདི་འདྲ་མ་གནང་རོགས།<<<ཞེས་བ་ཀློག་ན་གོ་བདེ་ཡོང་ཐུབ།
འབྲོག་རུ་ཆོས་གྲགས།
མདང་དགོང་སྤེལ་བའི་་་འདི་འདྲ་མ་གནང་རོགས་་་ཞེས་པའི་སེམས་ཚོར་རམ་ཉིན་ཐོ་དེ། ངས་རང་གི་དྲན་ཐོ་ཞིག་གམ་ཉིན་ཐོ་ཞིག་གི་ཚུལ་དུ་དུས་བབ་ཟིན་བྲིས་ཁྲོད་ངའི་ཟིན་བྲིས་ནང་བཀོད་པ་ཡིན། ཡིན་ནའང་། མིང་ལ་ཀླུ་ཟེར་བ་ཞིག་གིས་ང་ལ་དེའི་ཕྱོགས་ནས་དབང་ཚད་ཀྱི་སྐད་ཆ་ཚིག་གཅིག་ཀྱང་མ་དྲིས་པར་ཁ་བརྡ་དྲ་ཚིགས་ནང་བཀོད་འདུག སྤྱིར་བཏང་ངས་འདིའི་སྐོར་འདི་ས་ཁྱབ་རྡོ་ཁྱབ་ཏུ་གཏོང་འདོད་རྩ་བ་ནས་མེད་ལ། སེམས་ཚོར་རམ་ཉིན་ཐོ་དེའི་ནང་གི་བརྗོད་བྱ་དང་འབྲེལ་བའི་མི་སྣ་དེར་ནག་ཉེས་བཟོ་འདོད་ཀྱི་འདུན་པ་སྤུ་ཙམ་ཡང་མེད། འོན་ཀྱང་། སེམས་ཚོར་དེ་ཁ་བརྡ་དྲ་ཚིགས་ཐོག་བཀོད་རྗེས། འབྲེལ་ཡོད་དོ་བདག་ལ་ཕོག་ཐུག་སོང་ཡོད་སྐད།
དེ་རིང་འདིར་ཆེད་དུ་ཁོང་ལ་དགོངས་དག་དང་གསལ་བཤད་བྱ་རྒྱུ་ཡིན། རྩོམ་ཡིག་འདིའི་འཕྲོ་ཀློག »
ཀླུས་སྤྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༢༦ ལ་ གསལ་བསྒྲགས་ཀྱི་གྲས་སུ་བཀོད། |
མཆན་ ༤ བཀོད་འདུག »
བོད་པ་དཀར་པོ་ལགས།
ཟླ་ལྔ་པའི་ཚེས་ཉི་ཤུའི་ཉིན་ཁ་བརྡས་ཁ་བརྡའི་རེ་སྐུལ་དང་གསལ་བསྒྲགས་ཟེར་བ་ཞིག་སྤེལ་ཡོད་པའི་ནང་དུ་ཁྱད་གསོད་ཅན་དང་གཏམ་ཡན་ཅན་གྱི་མཆན་འགོག་རྒྱུ་ཐག་གཅོད་བྱེད་མཁན་དང་ཐག་གཅོད་དེ་ལག་བསྟར་བྱེད་མཁན་གཉིས་ཀ་ཁ་བརྡའི་རྩོམ་སྒྲིག་ཚོགས་ཆུང་ཡིན་པ་མ་གཏོགས་རབ་གསལ་ལགས་ལྟ་བུའི་མི་སྒེར་པ་ཞིག་མིན་པ་གསལ་བསྒྲགས་བྱས་ཡོད། རྩོམ་ཡིག་འདིའི་འཕྲོ་ཀློག »
ཁ་བརྡ་ཚང་གིས་སྤྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༢༥ ལ་ གསལ་བསྒྲགས་ཀྱི་གྲས་སུ་བཀོད། |
མཆན་ ༣ བཀོད་འདུག »