གསོ་རིག་གི་ནང་གི་ཡིག་མཛོད།


འཛམ་གླིང་གི་ཆེས་བདེ་སྐྱིད་ལྡན་པའི་རྒྱལ་ཁབ།

གཡང་འབུམ་རྒྱལ།

གྷལ་ཨུབ་སྒྲིག་འཛུགས་ Gallup ཀྱིས་ཕྱི་ལོ་ ༢༠༠༥ ནས་ ༢༠༠༩ བར་འཛམ་གླིང་གི་རྒྱལ་ཁབ་ ༡༥༥ ཡི་མི་གྲངས་སྟོང་ཕྲག་ལྷག་ལ་བདེ་ཐང་ངམ་བདེ་སྐྱིད་ཀྱི་སྐོར་བསམ་ཤོག་བསྡུ་ལེན་བྱས་པའི་འབྲས་བུ་དེ་འདི་ཟླའི་ཕྱི་ཚེས་ ༡༤ ཉིན་ཧྥོར་པི་ཛི་ Forbes ཟེར་བའི་དུས་དེབ་སྟེང་བཏོན་འདུག་པར། མི་ཡི་བདེ་སྐྱིད་ནི་ཉིན་རེའི་འཚོ་བའི་ནང་གི་གཞི་རྩའི་དགོས་མཁོ་དང་འབྲེལ་བ་དམ་ཟབ་ཡོད་པ་དང་། གཞི་རྩའི་དགོས་མཁོ་དེས་ཡོང་འབབ་དང་བདེ་ཐང་གཉིས་ཀྱི་འབྲེལ་བའི་སྐོར་འགྲེལ་བརྗོད་བྱེད་ཐུབ་ཀྱི་ཡོད་པ་གྷལ་ཨུབ་སྒྲིག་འཛུགས་ཀྱི་ཚན་རིག་པ་ཞིག་གིས་བརྗོད་འདུག

  རྩོམ་ཡིག་འདིའི་འཕྲོ་ཀློག »

གསོ་རིག་གསར་འཕྲིན། ༢༠༠༩ དགུན་ཁའི་འདོན་ཐེངས།

sorig-newsletter-2009-winter-issue

ཡུལ་ཤུལ་དུ་ས་ཡོམ་རྗེས་སུ་འབྱུང་ཉེན་ཆེ་བའི་ནད་རིགས་ཁག་ཅིག

སྨན་པ་གཡང་འབུམ་རྒྱལ།

ཡུལ་ཤུལ་གྱི་ས་བབ་དང་འབྲོག་ལས་འཚོ་བའི་གནས་སྟངས། ས་ཡོམ་ཁྲོད་མི་ཤི་ཕྱུགས་འགྱེལ་ཚད་ལས་འདས་པ་བྱུང་བ། གནས་སྐབས་རིང་གད་སྙིགས་ཐལ་རྡུལ་ནང་སྡོད་པ་དང་བཟའ་བཏུང་ངན་ངོན་མགྱོགས་ཟས་ལ་བསྟེན་དགོས་པར་བརྟེན། ཐེངས་འདིའི་ས་ཡོམ་རྗེས་འབྱུང་ཉེན་ཆེ་བའི་ནད་རིགས་ཁག་ཅིག་ཡོད་པ། བོད་ཀྱི་གསོ་རིག་གཞུང་དུ། །གཞན་ཡང་དུས་བཞིའི་འབྱུང་བ་དམན་ལྷག་ལོག །དྲག་ཤུལ་དྲི་དུགས་ཁྲོ་འཇིགས་མྱ་ངན་འདོད། །ཁ་ཟས་མ་སྙོམས་པ་ཡིས་རིམས་སུ་འགྱུར།། ཞེས་པ་ལྟར། གཉན་ལྷོག་ནད་ anthrax དང་ཁྱི་སྨྱོན་ནད rabies། ཆམ་རིམས། མ་ཞུ་བཤལ་ནད། གློ་ནད་བཅས་ཕོག་སློང་འགོ་ཉེན་ཆེ་བས། ས་ཡོམ་ས་ཁུལ་དུ་ཡོད་པའི་མི་དམངས་དང་སྨན་བཅོས་ལས་བྱེད་ཚོས་གང་ལ་གང་འགབ་ཀྱིས་གདོང་ལེན་གྲ་སྒྲིག་བྱ་རྒྱུ་ཤིན་ཏུ་ནས་གཟབ་བོ།

images-1images


 

༄༅།།ཁྱེད་ཀྱི་ལུས་ཁམས་བདེ་ཐང་ཡིན་ནམ།

༄༅།།ཁྱེད་ཀྱི་ལུས་ཁམས་བདེ་ཐང་ཡིན་ནམ།  health-check1

གཤམ་གྱི་དྲི་ཚིག་སོ་གསུམ་ལས་དུས་རྒྱུན་དེ་ལྟ་བུ་ཡིན་འདོད་པ་རྣམས་ལ་རྟགས√འདི་དང༌། ལན་རེར་དེ་ལྟ་བུ་ཡིན་འདོད་པ་རྣམས་ལ་རྟགས△འདི། རྩ་བ་ནས་དེ་ལྟ་བུ་མིན་འདོད་པ་རྣམས་ལ་རྟགས×འདི་རྒྱོབ།
༡༽དུས་རྒྱུན་དུ་རྒྱུ་མཚན་མེད་པར་སེམས་འཚུབ་པ་དང་གར་འགྲོ་འདིར་འདུག་མེད་པ།﹙﹚
༢༽ཉལ་ན་གཉིད་མི་ཁུགས་པ་དང་གཉིད་ལང་སྟེག་པ།﹙﹚ རྩོམ་ཡིག་འདིའི་འཕྲོ་ཀློག »

གསོ་རིག་གསར་འཕྲིན།  ༢༠༠༩ དབྱར་ཁའི་འདོན་ཐེངས།

sorig-newsletter-2009-summer-issue

རང་རིགས་བོད་མི་རྣམས་ཀྱིས་ཐུགས་གཟབ་དགོས་པ།

སྨྱུག་རྒོད་གངས་བུ་དཔལ་ནས།
—————–

_46099947_swine_flu_body_226inམེཀ་སི་ཀོ་ནས་དར་ཁྱབ་བྱུང་བའི་ཕག་འཆག་གི་ནད་གཞི་དེ་ད་ཆ་རྒྱ་གར་གྱི་ནང་འགོས་ཁྱབ་ཕྱིན་ཏེ་ད་ལྟའི་བར་རྒྱ་གར་བ་མི་ཉུང་བ་ཞིག་གི་ཚེ་སྲོག་ཤོར་ཡོད་པ་མ་ཚད། སྤུ་ན་སོགས་ཀྱི་ནང་སློབ་གྲྭ་སོགས་སྒོ་རྒྱབ་བྱུང་འདུག།། དེ་འདྲ་སོང་གཙང་ད་བར་ང་ཚོ་བོད་མིའི་ཁྲོད་ཕག་འཆམ་གྱི་ནད་ཕོག་པ་སུ་ཡང་བྱུང་ཡོད་ཟོ་མི་འདུག་ན། བོད་མི་ཚོས་ནད་གཞི་དེ་མ་ཕོག་པའི་ཐབས་ལམ་ལ་ཤིན་ཏུ་བརྩོན་གལ་ཆེ་སྙམ། གལ་ཏེ་བོད་མི་གང་ཞིག་ལ་ནད་གཞི་དེ་ཕོག་ ཕོག་སོང་ན་དེས་རྐྱེན་པས་རང་རིགས་བོད་མི་མང་པོ་ཞིག་ལ་འགོས་ཉེན་ཆེན་པོ་ཡོད་པ་དང་། ལྷག་པར་འདན་ས་ལྟ་བུའི་གྲྭ་ས་དང་སློབ་གྲྭ་སོགས་ཀྱི་ནང་ནད་དེ་སླེབས་ན་དཀའ་ངལ་ཆེན་པོ་ཡོང་རྒྱུ་མ་ཟད་མི་མང་པོ་ཚེ་སྲོག་ཀྱང་ཤོར་ཉེན་ཡོད། ཕག་ཆམ་གྱི་ནད་གཞི་དེ་ནི་H1N1ཟེར་བའི་ནད་འབུ་ཕྲ་མོ་དེས་བཟོ་གི་ཡོད་ལ། ནད་འབུ་དེ་མཁའ་རླུང་བརྒྱུད་འགོ་ཐུབ་པར་བརྟེན་ནད་གཞི་ཕོག་པས་མིས་གློ་རྒྱབ་པ་དང་ཧབ་ཆི་རྒྱབ་པའི་སྐབས་འགོས་ཀྱི་ཡོད།
ནད་རྟགས་ནི།
༡ ༼སྤྱི་ཡོངས་ཀྱི་ནད་རྟགས༽རེ་འགའ་འམ་ཐོབ་རྒྱག་ཚ་བ་༣༨་ཡན་ལ་ཕར་བ་དང་གློ་རྒྱབ་པ།
༢ ཐང་ཆད་པ་དང་འཁྱགས་པ།
༣ མགོ་ན་བ། མགྲིན་པ་མི་བདེ་བ། སྣ་ཆུ་འཐོན་པ། ཧབ་ཆི་རྒྱབ་པ།
༤ གྲོད་ཁོག་མི་བདེ་བ། དངས་ཁ་ཤོར་བ། གྲོད་ཁོག་བཤེལ་བ།
༥ ཚིགས་དང་རྒྱུས་པ་ན་བ།

མཚོ་ལྷོ་ཁུལ་རྩི་གོར་ཐང་དུ་བྱུང་བའི་གློ་ཚད་གཉན་རིམས་སམ་བྱི་ནད།

སྨན་པ་གཡང་འབུམ་རྒྱལ།

རྩི་གོར་ཐང་དུ་བྱུང་བའི་གློ་ཚད་གཉན་རིམས་སམ་བྱི་ནད་ཀྱི་འཇིགས་ཉེན་དེ་ད་ལྟ་ཡལ་ཞིང་། ཕྱི་ཟླ་ ༨ ཚེས་༨ ཉིན་ས་གནས་གཞུང་གིས་སླར་ཡང་ས་དེ་གའི་མི་དམངས་ཡར་མར་འགྲོ་བསྐྱོད་ཆོག་པ་བཟོས་ཡོད།སྤྱིར་ནད་རིམས་འདི་འབྱུང་རྒྱུ་དཀོན་ནའང་སྲོག་ཉེན་ཧ་ཅང་ཆེ་བའི་ནད་རིམས་ཤིག་ཡིན་པར་བརྟེན། ས་དེ་གའི་ཡུལ་མི་དང་རྒྱ་ནག་གཞུང་། རྒྱལ་སྤྱིའི་སྟེང་ནད་ཡམས་ཆེན་པོ་ཞིག་འབྱུང་ཉེན་གྱི་འཇིགས་སྐྲག་ཅིག་བསླངས་ཡོད།
0014

ཡོངས་གྲགས་ལྟར་ནད་རིམས་འདིས་མི་གསུམ་གྱི་སྲོག་འཕྲོག་ཅིང་མི་དགུ་ནད་འདིས་མནར་ཏེ་ནད་པ་བཟོས་ཡོད་ལ། ས་དེ་གའི་འབྲོག་མི་ཆིག་ཁྲི་ལྷག་ལྟ་རྟོག་བཀག་ཉར་འོག་གནས་ཡོད། ཡིན་ནའང་རྒྱལ་སྤྱིའི་འཕྲོད་བསྟེན་ཆེད་ལས་པས་བརྗོད་ན། ནད་རིམས་འདི་ནད་ཡམས་ཉེན་ཚབས་ཅན་ཞིག་ཡིན་ནའང་། ད་ཐེངས་རྒྱལ་སྤྱིའི་གསར་ལམ་ཁག་གིས་དེ་འདྲའི་དོ་སྣང་བྱེད་པའི་གསར་འགྱུར་ཚ་བོ་ཞིག་ཏུ་གྱུར་མེད། རྒྱུ་རྐྱེན་ནི་ལོ་རེར་མི་གྲངས་ ༢༠༠༠ ནས་ ༣༠༠༠ བར་ལ་ནད་རིམས་འདིའི་ནད་འབུ་འགོ་ཕོག་བྱུངགི་ཡོད་པའི་སྙན་ཐོ་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ལ་འབྱོར་བཞིན་ཡོད་པ་དང་། གཙོ་བོ་ཨ་ཕི་རི་ཀའི་རྒྱལ་ཁབ་ཁག་ཅིག་ལ་འབྱུང་གི་ཡོད།
རྩོམ་ཡིག་འདིའི་འཕྲོ་ཀློག »

ཕག་པའི་ཆམ་རིམས་དེ་མིའི་རིགས་ཡོངས་སམ་འཛམ་གླིང་ཡོངས་ཁྱབ་ནད་ཡམས་ཅན་དུ་གྱུར་བ།

སྨན་པ་གཡང་འབུམ་རྒྱལ་གྱིས།

འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ (WHO) ཀྱིས་ཕྱི་ལོ ་༢༠༠༩ ཟླ་ ༦ ཚེས་ ༡༡ ཉིན་ད་ལྟ་ཁྱབ་གདལ་དུ་འགྲོ་བཞིན་པའི་ཕག་པའི་ཆམ་རིམས་ (Swine Flu) དེ་མིའི་རིགས་ཡོངས་སམ་འཛམ་གླིང་ཡོངས་ཁྱབ་ (Pandemic) ནད་ཡམས་ཅན་དུ་ཁྱབ་བསྒྲགས་བྱས་ཡོད།

དེ་ཡང་འཛམ་གླིང་རྒྱལ་ཁབ་ ༧༠ ལྷག་གིས་ཕག་པའི་ཆམ་རིམས་ཕོག་པའི་ནད་པ་ཡོད་ལུགས་སྙན་སྒྲོན་གསལ་བསྒྲགས་བྱས་ཡོད་པ་དང་། ནད་རིམས་འདི་ཉིད་ཕོག་མཁན་གྱི་ནད་པའི་གྲངས་འབོར་དེ་འདས་པའི་གཟའ་འཁོར་གཉིས་གསུམ་ནང་ཇེ་ཆེར་སོང་ཡོད་མོད། གཙོ་བོ་ས་གནས་གཅིག་ཏུ་འདུས་སྡོད་བྱེད་པའི་མི་ཚོགས་ཁྲོད་ནས་ཕོག་འགོས་འགྲོ་ཡི་མེད་པར་ཡུལ་སྐོར་འགྲུལ་སྐྱོད་བྱེད་མི་ཕན་ཚུན་བར་འགོ་སྟེར་བྱེད་ཀྱི་ཡོད། ཡིན་ནའང་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ ཀྱིས་མིའི་རིགས་ཡོངས་སམ་འཛམ་གླིང་ཡོངས་ཁྱབ་ནད་ཡམས་ཅན་དུ་ཁྱབ་བསྒྲགས་བྱས་པ་དེ་ནི་ད་ལྟ་མི་ཚོགས་འདུས་སྡོད་བྱེད་སར་ནད་ཕོག་འགོ་ཁྱབ་འགྲོ་བཞིན་ཡོད་པ་མཚོན་གྱི་ཡོད་པ་དང་། ཕག་པའི་ནད་འབུ་ཡིས་བསླངས་པའི་ན་ཚའི་ལྗིད་ཡང་ལ་འབྲེལ་བ་མེད་པར་ནད་ཡམས་དེའི་འགོ་ཚད་ཀྱི་མགྱོགས་དལ་རང་བཞིན་ལ་བརྟེན་ཏེ་ཉེན་བརྡ་ཁྱབ་བསྒྲགས་བཏང་བ་ཞིག་ཡིན། རྩོམ་ཡིག་འདིའི་འཕྲོ་ཀློག »

ནད་ཡམས་གསར་པའི་འཇིགས་སྣང་།

འདྲེ་རིག་ལྡན་གྱིས།
———–

མེག་སི་ཀོ་(Mexico)ནས་ཁྱབ་པའི་ནད་ཡམས་གསར་པ་ཞིག་གིས་འཛམ་གླིང་ཡོངས་སུ་འཇིགས་སྣང་སྐུལ་བཞིན་འདུག

གསར་འགྱུར།
དེ་རིང་གི་ནིའུ་ཡོག་དུས་བབ་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། མེཀ་སི་ཀོ་ནས་ནད་ཡམས་གསར་པ་ཞིག་ཁྱབ་བཞིན་ཡོད་པ་དང་། ཉིན་ཤས་རིང་འདིར་མེག་སི་ཀོ་ནས་ནད་ཡམས་ཕོག་པའི་མི་གྲངས་༡༣༠༠ ཙམ་ནས་མི་གྲངས་ ༨༠ ལྷག་རྐྱེན་ལམ་དུ་བཏང་ཡོད་འདུག་པ་དང་། ནད་ཡམས་ཕོག་པའི་མི་གྲངས་མགྱོགས་མྱུར་སྒོས་འཕེལ་བཞིན་ཡོད་པ་རེད། རྩོམ་ཡིག་འདིའི་འཕྲོ་ཀློག »

གསོ་རིག་གསར་འཕྲིན། ༢༠༠༩ དགུན་ཁའི་འདོན་ཐེངས།

sorig-newsletter-2009-winter-issue

གསོ་རིག་གསར་འཕྲིན། ༢༠༠༨ དབྱར་ཁའི་འདོན་ཐེངས།

sorig-newsletter-2008-summer-issue

རི་ཆར་ཌི་ ཌལ་ཝི་སོན་གྱི་བོད་ཀྱི་ནང་ཆོས་དང་ཀླད་པའི་ཚན་རིག་བར་གྱི་ཞིབ་འཇུག

བོད་ཀྱི་ནང་ཆོས་ལ་ཤེས་རྟོགས་ཡོད་མཁན་ཚོས་སྒོམ་སྒྲུབ་ཀྱི་སྟེང་ནས་མིའི་སེམས་ཁམས་ལ་འགྱུར་བ་གཏོང་ཐུབ་པར་འདོད་པ་དང་། དེང་རབས་ཚན་རིག་ལ་རྒྱུས་མངའ་ཡོད་མཁན་ཚོས་མིའི་ཀླད་པའི་གྲུབ་ཚུལ་དང་བྱེད་ལས་དེ་ང་ཚོའི་སེམས་ཁམས་ཀྱི་གནས་སྟངས་དང་ཁྱད་ཆོས་ལ་འབྲེལ་བ་དམ་ཟབ་ཡོད་པར་འདོད། ཝི་སི་ཀོན་སིན་སློབ་གྲྭ་ཆེན་མོའི་སློབ་དཔོན་རི་ཆར་ཌི་ ཌལ་ཝི་སོན་ (Dr. Richard Davidson) ནི་བོད་ཀྱི་ནང་ཆོས་ཉམས་ལེན་པ་དང་ཁོང་ཚོའི་ཀླད་པར་ཞིབ་འཇུག་བྱས་ཏེ་མིའི་ལུས་སེམས་ཀྱི་ནུས་
སྟོབས་འཚོལ་ཞིབ་བྱེད་མཁན་མི་སྣ་གྲགས་ཅན་ཞིག་ཡིན།

སྨན་པ་ཌལ་ཝི་སོན་ནུབ་ཕྱོགས་ཚན་རིག་དང་ནང་ཆོས་གཉིས་ཀར་དོ་སྣང་སླེབས་ཚུལ་དེ། གྲུབ་འབྲས་ཆེན་པོ་ལྡན་པའི་རང་ཉིད་ཀྱི་ལོ་ངོ་མང་པོའི་རིང་གི་ཀླད་རྩའི་ཚན་རིག་གི་ཞིབ་འཇུག་ལས་དོན་ལ་འབྲེལ་བ་ཆགས་ཡོད། ཁོང་དེ་སྔ་ཧར་ཝར་ཌི་སློབ་གྲྭ་ཆེན་མོའི་སེམས་ཁམས་རིག་པའི་སྡེ་ཚན་གྱི་ཞིབ་འཇུག་སློབ་མ་ཡིན་སྐབས། ཤར་ཕྱོགས་པའི་སེམས་ཁམས་རིག་པར་དོ་སྣང་སླེབས་ཏེ་ ༡༩༧༠ པའི་ལོ་རབས་ནང་རྒྱ་གར་དུ་ཕྱིར་བསྐྱོད་ཀྱིས་དེར་སྒོམ་སྒྲུབ་བསྙེན་མཚམས་ལ་སྡོད་ཞུགས་བྱས། ཕྱི་ལོ་ ༡༩༨༠ ནས་བཟུང་ཁོང་ཝི་སི་ཀོན་སིན་སློབ་གྲྭ་ཆེན་མོའི་དགེ་རྒན་དང་ཞིབ་འཇུག་པར་གྱུར་པ་དང་། སྒེར་ངོས་ནས་སྒོམ་སྒྲུབ་ཉམས་ལེན་བྱས་པའི་ཉེར་ལེན་གྱིས་ རང་ཉིད་ལ་ངན་གྲགས་རྒྱས་ཞིང་ལོ་མང་པོའི་རིང་སྤྱི་ཚོགས་ནས་ལོགས་ཀར་ཐོན་དགོས་བྱུང་ཡོད། འོན་ཀྱང་སྒོམ་སྒྲུབ་ཉམས་ལེན་བྱས་པའི་མྱོང་གོམས་བརྒྱུད་ཁོང་གི་བསམ་བློར་སྐྱོ་སྡུག་ (anxiety) དང་ཡིད་ཞུམ་ (depression) ལྟ་བུའི་སེམས་ཁམས་ཀྱི་ཚོར་སྣང་དང་ལུས་ཁམས་ཀྱི་འབྲེལ་བའི་སྐོར་གྱི་དཔྱད་གཞི་མང་པོ་ཞིག་ལ་ཞིབ་འཇུག་བྱ་རྒྱུའི་འདོད་བློ་དེ་སྔ་ནས་སྐྱེས་ཡོད།

སེམས་ཁམས་སྐོར་ལ་སྤུས་དག་ཅིང་གྲུབ་འབྲས་ལྡན་པའི་ཞིབ་འཇུག་ལོ་མང་བྱས་མཐར། ཁོང་ནི་སེམས་ཁམས་དབང་རྩའི་གནས་ ལུགས་ལ་བརྟག་ཞིབ་བྱེད་པའི་དབང་རྩ་་རིག་པའི་རྣམ་གཞག་གི་ཤིང་རྟའི་སྲོལ་འབྱེད་མཁན་དང་དེའི་ལས་དོན་སྒྲུབ་མཁན་མི་སྣ་གཙོ་བོ་ཞིག་ཏུ་གྱུར་པ་དང་། དེ་འབྲེལ་དཔྱད་རྩོམ་༢༥༠ དང་དཔེ་དེབ་ ༡༣ ལྷག་རྩོམ་འབྲི་གནང་ཞིང་གཟེངས་རྟགས་དང་ཞིབ་འཇུག་བྱ་དགའ་མང་པོ་རེག་མྱོང་ཡོད། ཁོང་གིས་དེང་སྐབས་ཝེ་སི་རྨན་ཀླད་རིས་དང་བྱ་སྤྱོད་ཚོད་ལྟ་ཁང་ (Waisman Laboratory for Brain Imaging and Behavior) གི་འགན་འཛིན་ལས་འཁུར་གནང་བཞིན་ཡོད་ཁར་རྒྱལ་སྤྱིའི་སྟེང་དེང་གསར་འཕྲུལ་ཆས་བེད་སྤྱོད་ཀྱིས་ཀླད་པའི་བྱེད་ལས་ལ་ཞིབ་འཇུག་བྱེད་མཁན་སྐད་གྲགས་ཡོད་པ་ཞིག་ཡིན་པ་མ་ཟད། ཉེ་བའི་ལོ་ཤས་ནང་རང་ཉིད་ཀྱི་རྣམ་དཔྱོད་དང་ཆེ་བ་བཏོན་ཏེ་ཚན་རིག་གི་ལག་ཆ་ཕུལ་བྱུང་བརྒྱུད་ནས་བོད་ཀྱི་ནང་ཆོས་ཀྱི་ཉིང་བཅུད་ལ་བརྟག་དཔྱད་རབ་དང་རིམ་པ་བྱེད་བཞིན་ཡོད།
རྩོམ་ཡིག་འདིའི་འཕྲོ་ཀློག »