
གནས་ཚུལ་སྤྲོད་མཁན། ཨ་མདོ་གཡང་འཛོམས།
ཉེ་ཆར་བོད་མདོ་སྟོད་སྨད་གཉིས་ནས་བསྟུད་མུར་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་གནང་བར་གདུང་སེམས་མཉམ་སྐྱེད་མཚོན་སླད། དེ་རིང་བོད་འབྲུག་ལོའི་ལོ་གསར་ཚེས་གཅིག་ཉིན་རྒྱ་གར་བྱང་ཤར་ཁུལ་གྱི་རྡོར་གླིང་ས་གནས་གཞོན་ནུ་དང་བུད་མེད་མཉམ་འབྲེལ་གོ་སྒྲིག་འོག་རྡོར་གླིང་གངས་ཅན་རིའི་མདུན་ཐང་དུ་ཞོགས་པ་དུས་ཚོད་དགུ་པ་ནས་དགོང་མོ་དུས་ཚོད་ལྔ་བ་བར་ཟས་བཅད་རྒོལ་ཞིག་གནང་ཡོད་པ་དང་། ཟས་བཅད་ངོ་རྒོལ་ལས་ལས་འགུལ་དེའི་ནང་རྡོར་གླིང་གཞིས་མགོའི་ཁྱབ་ཁོངས་སྤོག་རི་སྦོང་ས་གནས་བོད་མི་དང་དགོན་ས་གནས་བོད་མི། རྡོར་གླིང་ཁུལ་དུ་གནས་སྡོད་བོད་མི་རྣམས་མཉམ་ཞུགས་བྱས་ཡོད་པ་རེད།
དེ་ལས་མང་བ་། “འབྲུག་ལོའི་ལོ་གསར་ཉིན་རྡོར་གླིང་བོད་མིས་ཟས་བཅད་ངོ་རྒོལ།” »





