Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་མིའི་འབོད་སྒྲ་དང་། ངོ་གདོང་དྲ་ངོས་ཀྱི་མཆོད་མེ།

Posted on 2011-10-172011-10-17 By ཁ་བརྡ་ 3 Comments on བོད་མིའི་འབོད་སྒྲ་དང་། ངོ་གདོང་དྲ་ངོས་ཀྱི་མཆོད་མེ།

ལྡོང་གསེར་མིག རྒྱ་ནག་དམར་པོའི་ཁྲིམས་ཤེད་འོག་ཨ་མདོ་རྔ་བ་དང་ཁམས་རྟ་བོ་ཁུལ་གྱི་བོད་མིའི་གནས་སྟངས་ཉིན་རེ་བཞིན་སྔར་བས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པས་ཁ་འཐོར་དུ་གནས་པའི་གཞིས་བྱེས་བོད་མི་རྣམས་ཀྱིས་གཙོས་བོད་རྒྱའི་ཐད་ཆབ་སྲིད་ལ་གོ་རྟོགས་ཡོད་པ་མང་པོ་ཞིག་གིས་རྒྱ་ནག་ལ་སྐྱོན་བརྗོད་དང་དམོད་མོ་བགྲང་བཞིན་ཡོད།ལྷག་པར་ཏུ་བསྟན་རྡོར་དང་། བཀྲས་མཐོང་ལྷ་སྒྲོན་སོགས་གཞོན་སྐྱེས་ཁག་ཅིག་གིས་རྒྱ་ནག་གི་མནར་གཅོད་དྲག་པོ་འཛམ་གླིང་མི་མང་གི་མདུན་སྟེགས་སུ་བཤམས་ཏེ་རྒྱ་ནག་གི་ནང་རོ་དམར་པོ་ཕྱི་ལ་སྟོན་ཇི་ཐུབ་བྱས་པ་དང་བྱེད་བཞིན་པ་རེད། ཁོང་ཚོས་བཤད་ན་སྤྱི་ཟླ་༡༡ ཚེས་ ༢ ཉིན་འཛམ་གླིང་གང་སར་གནས་པའི་བོད་མི་ཚོས་བོད་དོན་ཆེད་ཡར་ལངས་བྱེད་རོགས་ཞེས་འབོད་བསྐུལ་བྱས་སོང་།ད་ལྟའི་སྐད་འབོད་ནི་ཆེས་འུ་ཐུག་པའི་སྐབས་ཀྱི་གནས་སྟངས་སམ་ཛ་དྲག་གི་གནས་བབ་དེ་ཁྲོམ་དང་མི་མང་འདུ་སར་དཔའ་བོ་རྣམས་ལ་གདུང་སེམས་བསྐྱེད་མཚོན་པའི་ཐབས་ལམ་ཞིག་རེད།དེ་བཞིན་ད་ལྟའི་ཆར་ངོ་གདོང་དྲ་བ་(Facebook)ནི་དེ་བས་ཀྱང་མི་མང་ལ་ཁྱབ་བསྒྲགས་བྱེད་ཐབས་ཡག་ཤོས་དེ་ཡིན་པས་ངོ་གདོང་དྲ་ངོས་ཀྱི་བོད་མི་ཡོངས་རྫོགས་ཀྱིས་བོད་ཀྱི་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམས་ལ་གདུང་སེམས་བསྐྱེད་ཆེད་མ་མཐའ་ཟླ་གཅིག་ཙམ་ལ་གོང་གསལ་མཆོད་མེའི་པར་དེ་བཞག་ན་ག་འདྲ་འདུག

གསལ་བསྒྲགས།

ཉིན་འདི་དག་གི་གོ་ཐོས།

Posted on 2011-10-162011-10-16 By ཁ་བརྡ་ 2 Comments on ཉིན་འདི་དག་གི་གོ་ཐོས།

རྭ་རྒྱ་བློ་དབང་།
གཅིག་མེར་བསྲེགས་འདུག གཉིས་མེར་བསྲེགས་འདུག། གྲྭ་བ་བསྲེགས་འདུག།མི་སྐྱ་བསྲེགས་འདུག་སོགས་གཅིག་མིན་དུ་གོ་འོང་བའི་དུས་འདིར་ཅི་བྱ་གཏོལ་བྲལ་གྱི་ངང་ལ་གློ་སྙིང་མགོ་རྟིང་ལོག་ལ་ཁད་པ་རེ་བྱེད་ཀྱི་འདུག་མོད། དྲ་ཐོག་གི་ངོ་ཤེས་མི་ཤེས་ཀྱི་བོད་མི་ཚོའི་རྩ་ནས་སྐད་ཆ་ཡན་པོ་དག་ལ་ཉན་པ་དང་། རང་གི་ཁུ་བོར་མཐོང་ཐོས་སྐོར་རེ་ཁ་བརྡ་བྱ་རྒྱུ་ལས་ལྷག་པའི་ཐབས་ཤེས་མི་འདུག སྤྱིར་བཏང་བཤད་ན་གྲྭ་བ་ཞིག་གི་གཟུགས་འཆང་བའི་ཆ་ནས་མཆོག་གསུམ་ལ་གསོལ་འདེབས་དང་། ཡིག་དྲུག་སྒོམ་བཟླས་སོགས་བྱ་དགོས་པ་ཞིག་ལགས་ཀྱང་ཅིའི་རྐྱེན་ནམ་ཆ་མ་འཚལ་བར་དེ་འདྲ་བྱེད་པའི་བློ་མི་སྐྱེ་ལ། མཚམས་རེར་དེ་འདྲ་རེ་དྲན་ན་ཡང་ཡི་མུག་པའི་ཚོར་སྣང་སྐྱེན་པོ་ཞིག་གིས་དམིགས་པ་གཞན་ལ་དཀྱོགས་འགྲོ་བ་ཞིག་འདུག དེ་འདྲའི་ངང་ནས་ཉིན་མཚན་མང་ཙམ་འདས་ཤིང་། ལུས་སེམས་གཉིས་ཀ་ཟང་ཟིང་ལང་ལོང་གི་གནས་སྐབས་ཤིག་དང་འབྲལ་དུས་མེད་པར་གྱུར།

དེ་ལས་མང་བ་། “ཉིན་འདི་དག་གི་གོ་ཐོས།” »

རྩོམ་རིག

ད་འགྲིག་སོང་། བོད་དོན་ཆེད་རྒྱལ་སྤྱིའི་ལས་འགུལ་སྤེལ་རོགས།

Posted on 2011-10-162011-10-17 By ཁ་བརྡ་ 19 Comments on ད་འགྲིག་སོང་། བོད་དོན་ཆེད་རྒྱལ་སྤྱིའི་ལས་འགུལ་སྤེལ་རོགས།

capture

Why You Should Stand Up For Tibet from International Tibet Network on Vimeo.

རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁུངས་(ITN)ནས། སྤྱི་ཟླ་༡༡གི་ཚེས་༢ཉིན། འཛམ་གླིང་ཁྱོན་ཡོངས་ལ་གནས་བའི་བོད་པ་དང་བོད་དོན་རྒྱབ་སྐྱོར་བ་ཚོས་། ཡུལ་ལུང་སོ་སོའི་རྒྱ་ནག་གཞུང་ཚབ་ཀྱི་མདུན་དུ་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་སྤེལ་བའི་རེ་སྐུལ་ཞུ་བཞིན་ཡོད་། ལྷག་པར་དུ། ད་ལྟའི་བོད་ཤར་ཕྱོགས་རྔ་བ་ཁུལ་གྱི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་ཡོང་ཐབས་དང་། རྒྱ་ནག་གཞུང་གི་ཆེས་ཡ་ང་བའི་དྲག་གནོན་མཚམས་འཇོག་ཡོང་ཐབས་། རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་རྒྱབ་སྐྱོར་དང་འབོད་སྐུལ་ལ་བརྟེན་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་ཐབས་བཅས་ཀྱི་ཆེད་དུ། སྤྱི་ཟླ་༡༡གི་ཚེས་༢་ཉིན། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོ་འཛམ་གླིང་གང་ས་ནས་ངོ་རྒོལ་ལས་འགུལ་ལ་ཞུགས་རོགས་ཞེས་འབོད་སྐུལ་རྒྱ་ཆེར་ཞུ་གི་ཡོད་།

དེ་ལས་མང་བ་། “ད་འགྲིག་སོང་། བོད་དོན་ཆེད་རྒྱལ་སྤྱིའི་ལས་འགུལ་སྤེལ་རོགས།” »

གསར་འགྱུར།

ང་ཚོ་ཚང་མ་མེ་དཔུང་རེ་ཡིན་དགོས།

Posted on 2011-10-16 By ཁ་བརྡ་ 3 Comments on ང་ཚོ་ཚང་མ་མེ་དཔུང་རེ་ཡིན་དགོས།

འབའ་སྲས།

ཁ་སང་མེ་དཔུང་གཅིག་སྦར་སོང་།
དེ་རིང་སླར་ཡང་མེ་དཔུང་གཅིག་སྦར་སོང་།
སང་ཉིན་ད་དུང་སྦར་སྲིད།
གཅིག་རྗེས་གཉིས་མཐུད་ཀྱི་མེ་དཔུང་འོད་ཆེམ་ཆེམ་དུ་སྦར་སོང་།
ཚ་ལམ་ལམ་དུ་སྦར་སོང་།

མེ་དཔུང་དེ་དག་ལ་རྒྱའི་ངང་འབར་སོང་།
མེ་དཔུང་དེ་དག་སྤོབས་པའི་ངང་འབར་སོང་།
མེ་དཔུང་དེ་དག་གཟི་གརྗིད་ཀྱིས་འབར་སོང་།

དེ་ལས་མང་བ་། “ང་ཚོ་ཚང་མ་མེ་དཔུང་རེ་ཡིན་དགོས།” »

སྙན་ངག

འབྲུག་ཡུལ་གྱི་ལོ་རྒྱུས་མདོར་བསྡུས།

Posted on 2011-10-162011-10-16 By ཁ་བརྡ་ 31 Comments on འབྲུག་ཡུལ་གྱི་ལོ་རྒྱུས་མདོར་བསྡུས།

220px-ugyenwangchuck
རྨ་མགུར་སངས་རྒྱམ།

དེ་ཡང་དུས་རབས་དགུ་བའི་གོང་དུ་བྱུང་བའི་འབྲུག་ཡུལ་གྱི་གནས་ཚུལ་རྣམས་གསལ་བོ་ཤེས་རྟོགས་བྱུང་མེད་པ་དང་། དེའི་རྗེས་སུ། བོད་དུ་བླ་མ་ཆེ་ཁག་དང་ཆོས་ལ་དད་པ་ཡོད་མཁན་མང་བོ་དམར་གསོད་དུ་བཏང་བའི་དྲག་པོའི་ཟིང་ཆ་བྱུང་བའི་སྐབས་སུ་བོད་ཀྱི་གྲྭ་བ་མང་བོ་འབྲུག་ཏུ་བྲོས་བྱོལ་དུ་བསླེབས་ཤིང་། གནས་དེར་གཞིས་ཆགས་ནས་བོད་ཀྱི་སངས་རྒྱས་ཆོས་ལུགས་དར་སྤེལ་བྱུང་བ་ལ་བརྟེན་ནས་ལོ་རྒྱུས་ཀྱི་འཕེལ་ཁ་ཇེ་རྒྱས་སུ་ཕྱིན་པ་རེད། དུས་རབས་༡༢་བའི་ནང་དུ་འབྲུག་ཏུ་འབྲུག་པ་བཀའ་བརྒྱུད་དར་སྤེལ་བྱུང་བ་དང་། དེ་ནས་འབྲུག་གི་ཆབ་སྲིད་ཀྱི་ལོ་རྒྱུས་རྣམས་བོད་ཀྱི་ཆོས་བརྒྱུད་ཀྱི་ལམ་ལུགས་རྨང་གཞིར་བཟུང་བའི་སྟེང་ནས་གོང་འཕེལ་དུ་བྱུང་བ་དང་། འབྲུག་ཡུལ་ནི།

དེ་ལས་མང་བ་། “འབྲུག་ཡུལ་གྱི་ལོ་རྒྱུས་མདོར་བསྡུས།” »

ལོ་རྒྱུས།

བླ་ན་མེད་པའི་རང་ལུས་མཆོད་སྦྱིན་གྱི་སྙིང་སྟོབས།

Posted on 2011-10-16 By ཁ་བརྡ་ 8 Comments on བླ་ན་མེད་པའི་རང་ལུས་མཆོད་སྦྱིན་གྱི་སྙིང་སྟོབས།

མི་ཞུན། ཝྭཎ་མཐོ་སློབ།
རྒྱ་ནག་གིས་མི་ལོ་མང་པོའི་རིང་བོད་ནང་གི་མི་དམངས་ལ་ཉེས་མེད་ཉེས་འཛུགས་དང་བཙོན་འཇུག་ཁྲིམས་བཅད། རང་དབང་བཀག་སྡོམ་དང་སྐད་ཡིག་དབྱེ་འབྱེད། ཁོར་ཡུག་གཏོར་བཅོམ་དང་མི་རིགས་བསྒྱུར་བཅོས་སོགས་ཁྲིམས་མེད་ལུགས་མེད་ཀྱི་གཏུམ་སྤྱོད་ངན་པ་སྤེལ་དང་སྤེལ་བཞིན་པ་ནི་ལག་མཐིལ་གྱི་རི་མོ་དང་མིག་མདུན་གྱི་གཟུགས་བརྙན་རེད། མཉམ་འབྲེལ་རྒྱལ་ཚོགས་གཙོས་འཛམ་བུ་གླིང་འདིར་མིག་ཤེས་ལ་ཞེན་དྲི་མི་བྲོ་བའི་དཔྱོད་ལྡན་པའི་རྒྱལ་ཁབ་བམ་ཡང་ན་མི་སྒེར་བ་ཞིག་ཡོད་ངེས་པ་བདེན་ན་སྐབས་འདི་དང་དུས་འདི་ལ་རྒྱབ་ལངས་གདུང་འདེགས་ཀྱི་ཐེ་གཏོགས་ཙམ་བྱེད་མི་སྲིད་པ་མ་རེད་དེ། གང་ལྟར་ང་ཚོའི་འདོད་པ་བཞིན་བྱེད་མཁན་ཞིག་ད་ལྟའི་བར་དུ་མ་བྱུང་བ་རེད།

དེ་ལས་མང་བ་། “བླ་ན་མེད་པའི་རང་ལུས་མཆོད་སྦྱིན་གྱི་སྙིང་སྟོབས།” »

རྩོམ་རིག

དེ་རིང་གི་སྨོན་ལམ་འུར་འདོན།

Posted on 2011-10-152011-10-15 By ཁ་བརྡ་ 1 Comment on དེ་རིང་གི་སྨོན་ལམ་འུར་འདོན།

གནས་ཚུལ་མཁོ་འདོན་པ་རྐྱང་ཕྲུག བོད་མདོ་སྨད་རྔ་བ་ཀིརྟི་དགོན་གྲོང་དང་། ཁམས་རྟའུ་ཉ་འཚོ་དགོན་པ་སོགས་ནས་རྒྱལ་གཅེས་དཔའ་བོ་རྣམས་ཀྱིས་གཅེས་པའི་ལུས་སྲོག་ལུས་སྲོགས་ལོངས་སྤྱོད་དང་བཅས་པ་བློས་བཏང་ནས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རང་གི་སྐུ་ལུས་མེར་སྒྲོན་ནས། དགྲ་བོ་རྒྱ་དམར་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་ཁྲོད། འདས་གྲོངས་སུ་གྱུར་པ་དང་། རྒྱ་དམར་གྱི་བཙོན་འོག་ཏུ་དཀའ་སྡུག་ཚད་ལས་རྒལ་མྱོང་བཞིན་པ་ཁོང་ཚོའི་ཆེད་དུ་དམིགས་ཏེ། བལ་ཡུལ་ནང་གི་མདོ་སྨད་སྐྱིད་སྡུག་ཚོགས་པས་གོ་སྒྲིག་བྱས་པའི་མཎི་སྨོན་ལམ་གཞི་རྒྱ་ཆེ་བ་ཞིག་དེ་རིང་ཕྱི་ཚེས་༡༥ཉིན་ཚོགས་ཡོད་ཅིང་། དེ་ལ་བལ་ཡུལ་ནང་གི་ས་དགེ་བཀའ་རྙིང་གི་དགོན་སྡེ་ཁག་ནས་དགེ་འདུན་པ་དང་བཙུན་མ། དེ་བཞིན་མི་སྐྱ་སོགས་མི་གྲངས་དྲུག་བརྒྱ་ལྷག་གིས་བོད་ནང་གི་དཔའ་བོ་རྣམ་པར་གདུང་སེམས་མཉམ་བསྐྱེད་དང་། རྒྱབ་སྐྱོར་གྱི་རྣམ་པའི་ཐོག་ནས་ཆོས་ཕྱོགས་ཀྱི་མ་ཎི་སྨོན་ལམ་གཞི་རྒྱ་ཆེ་བ་ཞིག་ཚོགས་སོང་།

གསར་འགྱུར།

ད་ལོ་ང་སྐྱིད་པོ་བྱས་ནས་འདུག་མི་འདོད།

Posted on 2011-10-15 By ཁ་བརྡ་ 8 Comments on ད་ལོ་ང་སྐྱིད་པོ་བྱས་ནས་འདུག་མི་འདོད།

ཨ་འདུས་མིག་ཆུ། ས་རཱ

གཞིས་ལུས་སྤུན་ཟླ་ཚོས་བསྒྲུབ་ཀྱང་བསྒྲུབ་མི་ནུས་པ་དག་ནི།ང་ཚོས་འདི་ནས་ཧུར་ཐག་འབད་ཐག་གིས་བསྒྲུབ་དགོས་ལ། གཞིས་བཞུགས་སྤུན་ཟླ་ཚོས་བསྒྲུབ་ནུས་པ་དག་ལ། ང་ཚོས་འབད་འབད་བརྩོན་བརྩོན་བྱེད་མ་ཐུབ་ཀྱང་འགྲིག་མོད། བྱེད་ཐུབ་ན་དགེ་མཚན་ལས་སྐྱོན་ནི་གཏན་ནས་མེད་པར་སེམས་སོ། དཔེར་ན།ཡུལ་ཤུལ་ས་ཡོམ་ལྟ་བུར་མཚོན་ན། སྐབས་དེའི་བོད་གངས་ཅན་པའི་སེམས་ཀྱི་གདུང་བ་དང་། མི་རིགས་ནང་ཁུལ་ལ་བཅངས་པའི་འདུ་ཤེས་བསམ་བློ་དག་ནི།

དེ་ལས་མང་བ་། “ད་ལོ་ང་སྐྱིད་པོ་བྱས་ནས་འདུག་མི་འདོད།” »

སྣ་ཚོགས།

བསྐལ་པ་འཇིག་པའི་སྙན་ངག་རྡོག་གཅིག

Posted on 2011-10-15 By ཡེ་ཤེས་ 24 Comments on བསྐལ་པ་འཇིག་པའི་སྙན་ངག་རྡོག་གཅིག

ཀླུ་སྨྱོན། མེ་ཞིག་འབར་བྱུང་། མེ་དེ་ག་འདྲ་བྱས་ནས་འབར་སོང་ངམ། མེ་དེ་གང་ནས་འབར་སོང་ངམ། མེ་དེ་འབར་སྟངས་ག་འདྲ་ཞིག་ཡིན་ནམ། མེ་དེ་ཤི་སྟངས་ག་འདྲ་ཞིག་ཡིན་ནམ། མེ་དེ་ག་འདྲ་བྱས་ནས་ལོ་རྒྱུས་སུ་གྱུར་པ་ཡིན་ནམ།

སྙན་ངག

དེ་རིང་ཨ་མདོ་རྔ་པ་ནས་དཔའ་བོ་ནོར་བུ་དགྲ་འདུལ་གྱིས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ།

Posted on 2011-10-152011-10-15 By དབང་ཕྱུག་ 28 Comments on དེ་རིང་ཨ་མདོ་རྔ་པ་ནས་དཔའ་བོ་ནོར་བུ་དགྲ་འདུལ་གྱིས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ།

nordu-dathul-01ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༥ ཉིན་གྱི་བོདང་གི་སྔ་དྲོའི་དུས་ཚོད་ ༡༡།༥༠ ཙམ་ལ་རྔ་པ་རྫོང་ཆོས་རྗེ་ཞང་སོ་རུ་མའི་པདྨ་ཚང་གི་བུ་ནོར་བུ་དགྲ་འདུལ། རང་ལོ་ ༡༩ ཙམ་ཡིན་པ་ཁོང་གིས་རྔ་པའི་ཁྲོམ་གཞུང་དུ་ཐོན་ནས་རང་ལུས་མེར་སྲེག་བཏང་ཞིང་བོད་ཁ་བ་ཅན་ལ་རང་དབང་རང་བཙན་དགོས། རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་ཞེས་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག སྐབས་དེར་རྔ་པའི་ཁྲོམ་གཞུང་དུ་ཡོད་པའི་ཉེན་རྟོག་པ་རྣམས་ཀྱིས་ཆུ་དང་མེ་གསོད་ཡོ་ཆས་ཀྱིས་ཁོང་གི་ལུས་ཀྱི་མེ་བསད་ཅིང་། གཅར་རྡུང་བཏང་ཡོད་ལ། ཉེན་རྟོག་པའི་རླངས་འཁོར་ཆུང་ཆུང་ཞིག་གི་ནང་དུ་བཞག་ནས་ཁྱེར་ཡོད་འདུག་མོད། ས་གནས་ཡུལ་མི་རྣམས་ཀྱིས་གང་དུ་ཁྱེར་ཡོད་མེད་སོགས་ཤེས་རྟོགས་ཐུབ་མེད། གནས་ཚུལ་འགྲེལ་བརྗོད་གནང་མཁན་གྱིས་བཤད་ན་ཁོང་གི་གཟུགས་པོ་མེས་ཚིག་པ་ཚབས་ཆེན་ཡིན་ཡང་སྐབས་དེ་རང་ལ་གྲོངས་མེད་པ་གསལ་པོ་ཡིན་འདུག ཁོང་ཆུང་ཆུང་སྐབས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ཤིང་། ཕྱི་ལོ་ ༢༠༡༠ ལོའི་ཟླ་ ༦ ཡས་མས་ཤིག་ལ་གྲྭ་པ་ལོགས་ནས་དེང་སྐབས་ཕ་མའི་རྩ་ལ་བསྡད་ཡོད་འདུག

དེ་ལས་མང་བ་། “དེ་རིང་ཨ་མདོ་རྔ་པ་ནས་དཔའ་བོ་ནོར་བུ་དགྲ་འདུལ་གྱིས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ།” »

གསར་འགྱུར།

བོད་གཞུང་མང་གཉིས་ཀས་གོ་སྐབས་འཆོར་མི་ཉན།

Posted on 2011-10-142011-10-14 By ཁ་བརྡ་ 4 Comments on བོད་གཞུང་མང་གཉིས་ཀས་གོ་སྐབས་འཆོར་མི་ཉན།

རྐྱང་ཕྲུག་གིས་།

ད་ལོ་མདོ་སྨད་རྔ་བ་ཀིརྟི་དགོན་གྲོང་དང་། ཁམས་རྟ་བོ་ཉ་འཚོ་དགོན་པ་སོགས་སུ། རྒྱ་གཞུང་ལ་ཞི་བའི་ང་རྒོལ་གཅིག་རྗེས་གཉིས་མཐུད་དུ་བྱས་ཏེ། རྒྱ་གཞུང་གི་དམ་དྲག་དང་དྲག་གནོན་གི་འོག་ནས་སྡོད་འདོད་རྩ་བ་མེད་པའི་གནས་སྟངས་དེ་ཕྱི་རུ་མངོན་པ་བྱས་ནས། རྒྱལ་གཅེས་དཔའ་བོ་རྣམས་པས་རང་གི་གཅེས་པའི་སྐུ་སྲོག་བློས་བཏང་ནས་རྒྱལ་སྲས་སྙིང་སྟོབས་ཆེན་པོའི་རྣམ་ཐར་བཟང་པོ་བདག་གིར་བཞེས་ཏེ། བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་སྐུ་ལུས་མེ་མཆོད་ཕུལ་ནས་ཞི་རྒོལ་གནང་དང་གནང་བཞིན་པའི་ཛ་དྲག་གི་གནས་སྟངས་འདི་འདྲ་བྱུང་བའི་སྐབས་སུ། ང་ཚོ་ཕྱི་སྡོད་བོད་མི་གཞུང་སྒེར་གཉིས་ཀྱིས་ལས་དོན་འཐུས་ཤོར་དུ་མ་བཏང་བར་འཛམ་གླིང་རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་ནས་བོད་ནང་གི་གནས་སྟངས་ཛ་དྲག་འདི་ལས་སྐྱོབས་ཐུབ་པ་དང་།

དེ་ལས་མང་བ་། “བོད་གཞུང་མང་གཉིས་ཀས་གོ་སྐབས་འཆོར་མི་ཉན།” »

སྣ་ཚོགས།

ཚེ་རབས་ཀུན་གྱི་ལྷག་པའི་ལྷ་སྐལ་ཡུམ་གཅིག་རྗེ་བཙུན་སྒྲོམ་མར་ཞུ་འབོད་ས་མཐའི་བུ་སྐྱོ་གདུང་བཞུགས་སོ།།

Posted on 2011-10-14 By དབང་ཕྱུག་ 1 Comment on ཚེ་རབས་ཀུན་གྱི་ལྷག་པའི་ལྷ་སྐལ་ཡུམ་གཅིག་རྗེ་བཙུན་སྒྲོམ་མར་ཞུ་འབོད་ས་མཐའི་བུ་སྐྱོ་གདུང་བཞུགས་སོ།།

ཤར་ཕྱོགས་ཁུག་རྟས།

རྗེས་ཆགས་ཟུར་མིག་འགྲོ་ལ་རྟག་ཏུ་གཡོ།།
བྱམས་པའི་ཉམས་ལྡན་འཛུམ་པའི་ཞལ་ཡངས་མ།།
ཐོགས་མེད་ཤེས་བྱའི་གནད་ལ་མངའ་བརྙེས་པའི།།
ཡུམ་གཅིག་རྗེ་བཙུན་སྒྲོལ་མས་རྟག་ཏུ་སྐྱོང་།།

ཁྱེད་ཞལ་དྲི་བྲལ་གཟུགས་ཀྱི་ཞལ་ཐང་ལ།།
ཟག་བཅས་མིག་གིས་མཇལ་ནས་མཇལ་བའི་ཚེ།།
རྣམ་རྟོག་ཡིད་ཀྱིས་ཁྱེར་བའི་སྡུག་གུ་མ།།
སྐྱོ་ཞིང་དུངས་བའི་རྒྱན་གྱིས་རབ་ཏུ་ལྕི།།

དེ་ལས་མང་བ་། “ཚེ་རབས་ཀུན་གྱི་ལྷག་པའི་ལྷ་སྐལ་ཡུམ་གཅིག་རྗེ་བཙུན་སྒྲོམ་མར་ཞུ་འབོད་ས་མཐའི་བུ་སྐྱོ་གདུང་བཞུགས་སོ།།” »

སྙན་ངག

རྒྱ་མོ་འབུམ་རམས་པས་བོད་མི་ཀློག་པ་པོར་ཕུལ་བའི་ལན།

Posted on 2011-10-13 By ཁ་བརྡ་ 59 Comments on རྒྱ་མོ་འབུམ་རམས་པས་བོད་མི་ཀློག་པ་པོར་ཕུལ་བའི་ལན།

(རྒྱ་མོ་འབུམ་རམས་པས་བོད་མི་ཀློག་པ་པོར་ཕུལ་བའི་ལན།)
བོད་རྒྱ་ཟེར་བ་ནི་མིང་རྟགས་ཙམ་ཡིན།
ཞུའུ་ཕའེ་ཡིས་བརྩམས།
ལྷ་སྡེ་གནམ་ལོ་ཡག་གིས་བསྒྱུར།

ཐོག་མར་གནམ་ལོ་ཡག་གིས་ངེད་གཉིས་ཀྱི་སྨྱུག་མོལ་བོད་བསྒྱུར་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་ནི་ང་རང་གིས་བརྒྱུད་ལམ་འདིའི་སྒང་ནས་བོད་ཡིག་ཀློག་མཁན་རྣམས་ལ་བསམ་ཚུལ་བརྗེ་རེས་བྱེད་ཐུབ་ཡོད་པས་ཡིན་ལ། བོད་ཡིག་གིས་ང་རང་ཐབས་ཟད་འུ་ཐུག་གིས་དྲག་པོར་ངོ་རྒོལ་བྱེད་མཁན་གྱི་བོད་མི་རྣམས་དང་སྦྲེལ་ཡོད་ཅིང་། དེ་ནི་བོད་ཀྱི་རང་དབང་གི་ངོ་བོར་གྲུབ་ཡོད། རྒྱ་ཡིག་གིས་ང་རང་མཐའ་གྱང་དམར་བོའི་ཕྱི་ནང་གི་རྒྱ་མི་དང་སྦྲེལ་ནས་རིག་གནས་རང་བཞིན་གྱི་རྒྱ་ནག་རྒྱལ་ཁབ་ཀྱི་ངོ་བོར་བསྐྲུན་ཡོད། བློ་ཕངས་པ་ཞིག་ལ་ང་རང་གིས་བོད་ཡིག་ཤེས་ཀྱི་མེད། ཡིན་ནའང་། གནམ་ལོ་ཡག་གིས་རྒྱ་ཡིག་ཤེས་ཀྱི་ཡོད་པའི་ཁར། ཐོག་མཐའ་བར་གསུམ་དུ་རྒྱ་ཡིག་བཀོལ་ནས་བོད་མིའི་བསམ་འདུན་བརྗོད་ཀྱིན་ཡོད་ཅིང་། ང་རང་གིས་རྒྱ་ཡིག་གམ་འཇར་མན་གྱི་ཡི་གེ་གང་རུང་ལ་བརྟེན་ནས་སེམས་ཚོར་དང་འཇིག་རྟེན་ལྟ་ཚུལ་འབྲི་བཞིན་ཡོད་ལ། དེའི་ནང་དུ་བོད་ཀྱི་རྒྱུས་ལོན་དང་གུང་ཁྲན་ཏང་གི་ལྟ་ཚུལ་གཉིས་ཀྱང་འདུ། འདི་ནས་གནམ་ལོ་ཡག་གིས་བརྒྱུད་སྤྲོད་བྱས་པའི་དོན་དག་འགར་ལན་འདེབས་བྱེད་ཀྱི་ཡིན་ལ། བོད་རྒྱའི་བསམ་ཚུལ་བརྗེ་རེས་ལ་བསྐུལ་འདེད་ཡོང་བར་རེ་བ་ཤིན་ཏུ་ཆེ།

དེ་ལས་མང་བ་། “རྒྱ་མོ་འབུམ་རམས་པས་བོད་མི་ཀློག་པ་པོར་ཕུལ་བའི་ལན།” »

རྩོམ་རིག

དཔའ་བོ་རྗེས་དྲན་གྱི་དྲ་རྒྱ་ཞིག་མཁོ་ངེས་འདུག

Posted on 2011-10-13 By ཁ་བརྡ་ 2 Comments on དཔའ་བོ་རྗེས་དྲན་གྱི་དྲ་རྒྱ་ཞིག་མཁོ་ངེས་འདུག

ཆུ་བ་འཕྲིན་བཟང་ནས

རང་གཞུང་བཀའ་ཤགས་གཙོ་བཅས་སྤྱི་སྒེར་གྱི་ཚོགས་སྡེ་ཁག་ལ་ཞུ་རྒྱུ།། ང་ཚོ་ཡང་འཛམ་གླིང་སྤྱི་འགྲོས་དང་དུས་རབས་ཀྱི་ཁ་ཕྱོགས་བསྟུན་ཏེ་མདུན་སྐྱོད་བྱེད་རྒྱུ་ནི་༧གོང་མཆོག་གི་ཐུགས་འདུན་དང་རང་གཞུང་ཀྱིས་ལངས་ཕྱོགས་ཉེག་གཅིག་ཡིན་པ་བཤད་ག་ལ་དགོས།། དེ་བས་ང་ཚོའི་གདོང་གཏད་པའི་དུས་རབས་འདི་ནི་དུས་ཉེར་གཅིག་པ་སྟེ་བརྡ་འཕྲིན་གྱི་དུས་རབས་ཤིག་ཡིན་པ་ཉིན་རེའི་འཚོ་པའི་ཁྲོད་ནས་ཤེས་མྱོང་ཐུབ་པ་ཀུན་གྱིས་མཁྱེན་པ་གཞིར་བཞགས་ཐོག

དེ་ལས་མང་བ་། “དཔའ་བོ་རྗེས་དྲན་གྱི་དྲ་རྒྱ་ཞིག་མཁོ་ངེས་འདུག” »

སྣ་ཚོགས།

ང་ཚོ་ནམ་ཡང་ཁྱོད་ཚོའི་རྒྱབ་ན་ཡོད།

Posted on 2011-10-132011-10-13 By ཁ་བརྡ་ 1 Comment on ང་ཚོ་ནམ་ཡང་ཁྱོད་ཚོའི་རྒྱབ་ན་ཡོད།

2
སྤྱི་ལོ་༢༠༡༡ལོའི་ཟླ༡༠པའི་ཚེས་༡༢ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༦པའི་ཐོག་སིད་སུར་གནས་བསྡོད་བློ་གྲོས་ལགས་དང་ཆབ་སྲིད་བཙོན་ཟུར་ཕུན་ཚོགས་དང་དཔལ་ལྡན་གསུམ་གྱིས་བཀོད་སྒྲིག་འོག་༼གོང་ས་མཆོག་བོད་དུ་ཕྱིར་ལོག་ཕེབས་ཆེད་སྙིང་ཞེན་དང་ལ་རྒྱ་ཅན་གྱིས་བོད་རིགས་དཔའ་པོ་མང་པོས་བོད་ནང་དུ་རྒྱ་ནག་གཞུང་གིས་གདུག་རྩུབ་མ་བཟོད་པར་རང་ལུས་མེར་སྲེ ག་གིས་ཡ་ང་བའི་ཞི་རྒོལ་བྱས་རྐྱེན་འདས་གྲོངས་སུ་གྱུར་བ་སྐྲ་པེ་ལགས་དང་། གྲྭ་ཕུན་ཚོགས་ལགས། ཚེ་དབང་ནོར་བུ་ལགས། བློ་བཟང་དཀོན་མཆོག་ལགས། བློ་བཟང་སྐལ་བཟང་ལགས། ཆོས་འཕེལ་ལགས།

དེ་ལས་མང་བ་། “ང་ཚོ་ནམ་ཡང་ཁྱོད་ཚོའི་རྒྱབ་ན་ཡོད།” »

གསར་འགྱུར།

འབྲུག་རྒྱལ་བོའི་འཁྲུངས་སའི་རྟེན་འབྲེལ།

Posted on 2011-10-132011-10-15 By ཁ་བརྡ་ 26 Comments on འབྲུག་རྒྱལ་བོའི་འཁྲུངས་སའི་རྟེན་འབྲེལ།

kingwed1
སངས་རྒྱས་རྒྱ་མཚོ།

འཛམ་གླིང་གི་ཆེས་ལོ་ན་གཞོན་ཞིང་དགུང་ལོ་༣༡་ཡིན་པའི་འབྲུག་གི་རྒྱལ་བོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་གིས་དེ་རིང་སྤྱི་ཟླ་བཅུ་བའི་ཚེས་༡༣་ཉིན་ཏེ་གཟའ་ཕུར་བུ་ལ་འབྲུག་གི་ཆུ་བོ་ཕོ་ཆུ་དང་མོ་ཆུ་ཟེར་བ་གཉིས་འཛོམས་སའི་གནས་ཏེ་པུ་ན་ཁ་རྫོང་དུ་མཛེས་སྡུག་གི་ཡོན་ཏན་ཡོངས་སུ་རྫོགས་ཤིང་ལོ་ན་ཉེར་གཅིག་ཡིན་པའི་རྒྱལ་བོའི་བག་མ་རྗེ་བཙུན་པད་མ་མཆོག་འབྲུག་ཡུལ་མི་དམངས་ཀྱིས་ཡིད་ཆེས་ལྡན་པའི་སྲོལ་རྒྱུན་ཆོས་ལུགས་ཀྱི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ་རྒྱ་ཆེན་པོ་ཞིག་དང་མཉམ་དུ་རྒྱལ་བོའི་ཁབ་ཏུ་བཞེས་ཡོད་པ་རེད།

དེ་ལས་མང་བ་། “འབྲུག་རྒྱལ་བོའི་འཁྲུངས་སའི་རྟེན་འབྲེལ།” »

གསར་འགྱུར།

ཡིད་སྐྱོ་བའི་འུ་ཚོའི་སྤྱི་ཚོགས།

Posted on 2011-10-132011-10-13 By ཁ་བརྡ་ 7 Comments on ཡིད་སྐྱོ་བའི་འུ་ཚོའི་སྤྱི་ཚོགས།

འཕྲིན་ལས་འོད་ཟེར་གྱིས།

འུ་ཚོ་བཙན་བྱོལ་བའི་སྤྱི་ཚོགས་ན་ཅི་འདྲའི་སྤྲོ་སྐྱིད་ལྡན་པའི་རྩེད་འགྲན་གྱི་སྣང་བརྙན་གསོན་པོ་ཞིག་དང་ལྷན ་དུ་ཁ་ཁུ་སིམ་པོའི་ལྷིང་འཇགས་ཀྱི་ཁོར་ཡུག་ཅིག་འདུག།།དེ་ཡང་ས་ཡ་དྲུག་གི་བདེ་སྡུག་དང་སྤུན་ཟླ་གྲངས་མང་ཞིག་གི་གཅེས་པའི་ཚེ་སྲོག་མེ་ཁར་སྤར་བཞིན་པའི་དུས་ཚིགས་ལ་མ་ལྟོས་པར། རྒྱ་གར་བྱང་ལྷོ་གཉིས་ཀྱི་གཙོ་བོར་ གྱུར་པའི་ཚོགས་སྡེ་ཁག་ཅིག་གིས་སྤྲོ་འཚོགས་རྒྱས་པོ་འདི་འདྲ་ཞིག་འཚོགས་ཐུབ་པ་ནི་ཁོང་ཚོར་མཚོན་ན། སྔ་ན ་མེད་པའི་གཟི་བརྗིད་དང་བརྗེད་དུ་མེད་པའི་ཁེ་སྦོག་གི་ཉིན་མོ་ཞིག་ཀྱང་ལོས་ཡིན།

དེ་ལས་མང་བ་། “ཡིད་སྐྱོ་བའི་འུ་ཚོའི་སྤྱི་ཚོགས།” »

སྣ་ཚོགས།

དེ་རིང་གི་ཉི་མ།

Posted on 2011-10-132011-10-13 By ཀླུ་ 2 Comments on དེ་རིང་གི་ཉི་མ།

tibet-buddimmolསྐར་ཁྲི་བཙན།

དེ་རིང་གི་ཉི་མ།
རྒྱལ་གཅེས་དཔའ་བོའི་ཡོད་ཚད་གངས་རིའི་ཆེད།།
རྒྱལ་ཞེན་ཕུ་ནུའི་ཐམས་ཅད་ཁ་བའི་དོན།།
ཁ་བ་གངས་ཀྱི་འཁྱུད་པའི་ཕ་ས་དེར།།
ཕྱི་ནང་ཕུ་ནུས་རྡོག་ས་སྒྲིལ་དུས་ཀྱང་།

དེ་རིང་གི་ཉི་མ།
རྒྱལ་གཅེས་དཔའ་བོའི་དུར་ས་གངས་རིའི་ལྗོངས།།
རྒྱལ་ཚོང་ནང་རུལ་འཛུལ་ས་བཙན་བྱོལ་ཁྲོད།།
ཕྱི་དགྲ་ནང་དགྲ་གཉིས་ཀྱི་སོ་ཁ་ན།།
ལས་ངན་བོད་མིའི་ཚེ་སྲོག་རྟ་ལྔ་བོ།།

དེ་ལས་མང་བ་། “དེ་རིང་གི་ཉི་མ།” »

སྙན་ངག

པེ་ཅིང་གིས་ཁོར་ཡུག་མ་བསྐྲུན་ན། བོད་རྒྱའི་འབྲེལ་ཐག་ཇེ་རིང་རེད།

Posted on 2011-10-12 By དབང་ཕྱུག་ 6 Comments on པེ་ཅིང་གིས་ཁོར་ཡུག་མ་བསྐྲུན་ན། བོད་རྒྱའི་འབྲེལ་ཐག་ཇེ་རིང་རེད།

ཁྲིན་པོའོ་ཁཱང་གིས་བརྩམས། ཏྲེ་ཧོར་ཐུབ་བསྟན་གྱིས་བསྒྱུར།

སྤྱི་ཟླ་༠༩པའི་ཚེས་༢༤ཉིན། བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་མཆོག་གིས་བསྩལ་བའི་གསུང་འཕྲིན་ནང་། ཏཱ་ལའི་བླ་མའི་ཡང་སྲིད་ལམ་ལུགས་མུ་མཐུད་དུ་རྒྱུན་གནས་དགོས་མིན་སྐོར་མ་འོངས་པར་བསྐྱར་ཞིབ་ཀྱིས་ལམ་ནས་ཐག་བཅད་དེ་མཐའ་མའི་གསལ་བསྒྲགས་སྤེལ་རྒྱུ་ཡིན་པ་དང་། གོང་ས་མཆོག་གིས་ཟབ་ནན་གྱིས་བཀའ་གནང་དོན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་དབུ་ཁྲིད་ཚུད་པའི་དབང་འཛིན་པ་སུས་ཆབ་སྲིད་ཀྱི་དགོས་མཁོར་དམིགས་ཏེ་ཏཱ་ལའི་བླ་མའི་ཡང་སྲིད་འདེམས་པའི་ཚེ། སུས་ཀྱང་ངོས་ལེན་གནང་ན་མི་འོས།
དེ་ནི་ཏཱ་ལའི་བླ་མས་ཆབ་སྲིད་ཀྱི་འགན་དབང་རྩིས་སྤྲོད་བྱས་རྗེས་ཀྱི་ཡང་བསྐྱར་གལ་ཆེའི་སྣང་ཚུལ་ཞིག་རེད། སྐུ་ན་ལོ་རེར་བཞིན་བགྲེས་པའི་གོང་ས་མཆོག་གིས་ཁོང་གི་མ་འོངས་པའི་རྒྱུད་འཛིན་ཐད་མངོན་པའི་ཆེས་ཐོག་མའི་རྣམ་འགྱུར་ཞིག་ལའང་ངོས་འཛིན་བྱེད་ཆོག མངོན་རྟགས་འདིས་ཀྲུང་ནེ་ཧཱེ་༼རྒྱ་དམར་དབུས་སྲིད་གཞུང་༽ཕྱོགས་ཀྱི་འཆར་གཞི་ཛ་དྲག་ཏུ་ཕྱིན་ཡོད། གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་སྐུ་མྱ་ངན་ལས་འདས་རྗེས་བོད་ཁྱོན་ཡོངས་ནས་སྟངས་འཛིན་བྱ་རྒྱུའི་རེ་ངན་འཆང་བཞིན་པ་དང་། གོམ་གང་མདུན་སྤོས་ཀྱིས་བོད་ཀྱི་རིག་གཞུང་རྩ་མེད་བཏང་རྒྱུའི་ཆབ་སྲིད་ཀྱི་རྒྱབ་ལྗོངས་འོག

དེ་ལས་མང་བ་། “པེ་ཅིང་གིས་ཁོར་ཡུག་མ་བསྐྲུན་ན། བོད་རྒྱའི་འབྲེལ་ཐག་ཇེ་རིང་རེད།” »

འགྱུར་རྩོམ།

མེ་དང་འབྲེལ་བའི་རྣམ་ཤེས་དེ་ཚོ།

Posted on 2011-10-122011-10-12 By ཁ་བརྡ་ 1 Comment on མེ་དང་འབྲེལ་བའི་རྣམ་ཤེས་དེ་ཚོ།

བསང་ཆུ་འབྲུག་བྷེ།

ཁྱོད་ཚོས་ཐ་སྙད་ཀྱི་རྫ་བུམ་དུ་མས་ནམ་མཁའ་ཞིག་ཕྱེས་ཡོད
ཁྱོད་ཚོས་མཆོད་མེ་ཡི་གཟི་མདང་དྲོན་མོས་རྒྱ་མཚོ་ཞིག་གཅོད་ཡོད

ཁྱོད་ཚོའི་ལུས་སྟེང་ནས་འབར་བའི་མེ་ལྕེ་དེ་པོ་ཏ་ལའི་དབུ་རྩེར་འཁྱུད་ནས
གནམ་བདེ་སྒོ་མོ་ཆེ་ཡི་ནམ་མཁའ་སྦར་ཡོད
ཁྱོད་ཚོའི་སེམས་དབུས་ནས་སྦར་བའི་མེ་ལྕེ་དེ་བོད་མིའི་མིག་ཆུ་ལ་བྱིང་ནས་སའི་གོ་ལའི་སྙིང་རྩར་སྒྲོན་ཡོད
ཁྱེད་ཚོའི་རྣམ་ཤེས་རེ་རེ་འདི་ལྟར་མེ་ལ་ཕུལ་སྟངས་རེེེར
ངའི་ངག་སྒོ་ལྐུགས་པར་གྱུར་ཞིང སྨྲ་བསམ་བརྗོད་འདས་ཀྱིས་མནར

དེ་ལས་མང་བ་། “མེ་དང་འབྲེལ་བའི་རྣམ་ཤེས་དེ་ཚོ།” »

སྙན་ངག

Posts pagination

Previous 1 … 3 4 5 6 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme