Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དཔའ་བོའི་རྟོགས་བརྗོད།

Posted on 2012-12-072012-12-07 By ཁ་བརྡ་ No Comments on དཔའ་བོའི་རྟོགས་བརྗོད།

ཤིང་ལོ།

དེ་ནས་ང་ཚོ་འཇིག་རྟེན་འདིར་ཤ་ཁྲག་གཅིག་ཏུ་སྐྱེས་པར་གླེང་། སྐད་དང་། ཡི་གེ ཤ་མདོག་དང་། རི་ཆུ། མེ་ཏོག་དང་། སྤང་ཐང་གཅིག་གིས་སྦྲེལ་དུས།

རིགས་གཅིག་ཏུ་སེམས་དང་དུངས་པས་ཚོར་དུས།།
མིག་རྣ་ཡིས་གཏོད་ས་བཙལ་ས་རེག་སོང་།།
མིའི་འགྲོ་བ་ཐར་བའི་ལམ་གྱི་བདེ་བ།།
སུས་སྙེག་ཀྱང་བདེན་པའི་རང་མདངས་གསལ་བ།།

དེ་ལས་མང་བ་། “དཔའ་བོའི་རྟོགས་བརྗོད།” »

རྩོམ་རིག

ཨ་མ་དྲན་གླུ།། སོག་མདའ།

Posted on 2012-12-07 By ཁ་བརྡ་ No Comments on ཨ་མ་དྲན་གླུ།། སོག་མདའ།

བར་ཐག་ལེ་དབར་ཁྲི་ཡི་རྒྱང་ཆོད་ན་བཞུགས་པའི།།

བཀའ་དྲིན་གཞལ་མཐའ་བྲལ་བའི་དྲིན་ཆེན་གྱི་མ་ལོ།།

དྲན་པ་སེམས་ཀྱི་ངོས་སུ་ཡང་ཡང་དུ་ཤར་དུས།།

གདུང་དབྱངས་ངག་ནས་སྐྱོ་གླུ་དབང་མེད་དུ་ཤོར་སོང་།།

དེ་ལས་མང་བ་། “ཨ་མ་དྲན་གླུ།། སོག་མདའ།” »

སྙན་ངག

ཚངས་སྤྱོད་དགེ་སྦྱོང་གཞོན་ནུའི་ངང་ཚུལ། རྫོགས་ཆེན་པདྨ་སྐལ་བཟང་།

Posted on 2012-12-072012-12-07 By ཁ་བརྡ་ 6 Comments on ཚངས་སྤྱོད་དགེ་སྦྱོང་གཞོན་ནུའི་ངང་ཚུལ། རྫོགས་ཆེན་པདྨ་སྐལ་བཟང་།
སྲིད་འདིར་ཆེ་བ་ཚངས་དབང་ལྷ་ཡི་བདེ་འབྱོར་དག་ཀྱང་གཅིག་ཏུ་བརྟན་མིན་གཡོ་ཞིང་འགྱུར་བའི་འདུས་བྱས་ཀྱི།།
རང་མཚང་ཉིད་ལས་སྐྱོ་བས་ཡིད་དབྱུང་ཞི་བསིལ་དམ་ཆོས་ལེགས་གསུང་བཀའ་དང་དགོངས་འགྲེལ་དོན་གྱི་སྙིང་པོའི་བཅུད།།
ངེས་འབྱུང་ལམ་གྱི་སྲོག་ཏུ་འཛིན་མཁས་རྣམ་དག་ཁྲིམས་ཀྱི་བརྟུལ་ཞུགས་ལ་གནས་དྲང་སྲོང་རྗེས་ཞུགས་གང་ཟག་ཆེ།།
འཕྲལ་ཡུན་དགེ་བའི་གཏན་ལེགས་འདུན་མ་དོན་གཉིས་འབྲས་ལྡན་ཐར་དང་ཐམས་ཅད་མཁྱེན་པ་མཆོག་ལ་རིངས་བར་ཕྱོགས།།

དེ་ལས་མང་བ་། “ཚངས་སྤྱོད་དགེ་སྦྱོང་གཞོན་ནུའི་ངང་ཚུལ། རྫོགས་ཆེན་པདྨ་སྐལ་བཟང་།” »

སྙན་ངག

ང་བརྒྱད་ལོ་མིག་ལ་འཁོར་ཡོང་གི་འདུག

Posted on 2012-12-072012-12-07 By ཁ་བརྡ་ 4 Comments on ང་བརྒྱད་ལོ་མིག་ལ་འཁོར་ཡོང་གི་འདུག

སྲོང་བཙན་བུ།

མདང་དགོང་བོད་ལ་ཁ་པར་ཞིག་བཏང་བ་ཡིན། སེམས་མི་སྐྱིད་པ་ཞིག་བྱུང་། སྙིང་རླུང་སྟོད་ལ་འཚང་བ་ཞིག་བྱུང་། ཁ་པར་ནང་ནས་ཐོས་པའི་སྐད་ཆ་ནི་གཤམ་གྱི་འདི་ཡིན། ཁ་སྐད་རང་དུ་བྱས་ཡོད།

“ང་བརྒྱད་ལོ་མིག་ལ་འཁོར་ཡོང་གི་འདུག ཉིས་སྟོང་བརྒྱད་ལོར་མུན་ནག་གི་ནམ་མཁའ་ལངས་པར་བསམ་ཡོད། ད་དེ་ཡང་གནའ་སྔ་མོ་འདྲ་ཞིག་རེད། ད་ལོ་འདི་འཇིགས་སྐྲག་གི་ལོ་ཞིག་རེད། ངར་བ་ཚང་མ་འབར་ནས་བུད་ཐལ། ཤུ་རེ་ཁོ། ཕ་ཨ་ཁུ་ཤེས་རྒྱ་ཅན་པོ་ཚང་མ་ང་བརྒྱད་ལོར་ར་ལུག་འདེད་འདེད་བྱས་ནས་ཅིག་ལ་དེད་སོང་ནི་རེད། ཕྱིར་འོང་མེད་ས་ཞིག་ལ་དེད་སོང་ནི་རེད། ཁ་སང་དེ་རིང་ད། སྒར་ཁྲ་ཁྲ་གན་ཡང་མྱིག་ལ་མི་ཡག་གི སྒར་མཐའི་མཇལ་བ་རིག་ན་སྙིང་རྗེ་གི སྒར་ནང་གི་བླ་མ་དྲན་ན་སྙིང་རྗེ་གི ཡང་ཉི་མ་དམར་པོ་ཞིག་ཤར་རྒྱུ་རེད་བསམ་ན་སྐྲག་ནི་ཟིག་རེད།

དེ་ལས་མང་བ་། “ང་བརྒྱད་ལོ་མིག་ལ་འཁོར་ཡོང་གི་འདུག” »

སྣ་ཚོགས།

འདུ་བྲལ་གྱི་ཚོར་བ།

Posted on 2012-12-07 By ཁ་བརྡ་ 3 Comments on འདུ་བྲལ་གྱི་ཚོར་བ།

དོལ་སྨྱོན།

          ———སྐབས་བཞི་པའི་མཐར་ཕྱིན་སློབ་ཕྲུག་ཡོངས་ལ་ཕུལ་བ།
ངའི་གྲོགས་མོ་ཚོ།
མཛེས་སྡུག་སྟོང་གིས་སྤུད་པའི་ཡིད་འོང་གི་གཏམ་རྒྱུད་མཐུག་པོ།
ལྷོ་སྤྲིན་བཞིན།    ངའི་དུང་སེམས་ཀྱི་ཟབ་ས་ནས་རིམ་གྱིས་འཐུལ་འོང་ཚེ།
ཁྱོད་ཚོ་ནི།   ལྕེ་བརྒྱར་སྤྲུལ་ཡང་སྨྲ་ཐབས་བྲལ་བའི་ལོ་རྒྱུས་ཀྱི་རྡོ་རིང་ཞིག
ཁྱོད་ཚོ་ནི།   རྣམ་དཔྱོད་འབུམ་གྱིས་བསམ་ཐབས་བྲལ་བའི་ཚོར་བ་མངར་མོ་ཞིག
ཁྱོད་ཚོ་ནི།   ནམ་ཡང་སུབ་ཐབས་བྲལ་བའི་དྲན་གདུང་གི་རྨ་ཁ་ལྕི་མོ་ཞིག
 

དེ་ལས་མང་བ་། “འདུ་བྲལ་གྱི་ཚོར་བ།” »

སྙན་ངག

ས་མཐའི་སྨྲེང་གླུ། བཀྲ་ཤིས་དོན་འགྲུབ།

Posted on 2012-12-06 By ཁ་བརྡ་ 2 Comments on ས་མཐའི་སྨྲེང་གླུ། བཀྲ་ཤིས་དོན་འགྲུབ།

རླུང་བུ་བསིལ་བསིལ་གཡུག་པའི་གར་སྟབས་ཀྱིས། །
སེམས་པ་དམར་པོ་འཁྱག་པས་བསྡམས་ལུགས་འདི། །
ཆར་པ་ཤག་ཤག་བབས་པའི་ཉམས་འགྱུར་གྱིས། །
མིག་ཟུང་མཆི་མས་བརླན་པའི་ན་ཟུག་ཡིན། །

དེ་ལས་མང་བ་། “ས་མཐའི་སྨྲེང་གླུ། བཀྲ་ཤིས་དོན་འགྲུབ།” »

སྙན་ངག

ངའི་ལྟ་སྟངས་ཤིག བསེ་རུ།

Posted on 2012-12-06 By ཁ་བརྡ་ 3 Comments on ངའི་ལྟ་སྟངས་ཤིག བསེ་རུ།
བོད་ནང་གི་རང་ལུས་མེར་སྲེག་གཏོང་མཁན་ཕལ་ཆེ་བས་༸གོང་ས་མཆོག་བོད་ནང་གདན་ཞུ་གནང་དགོས་གསུངས་ཡོད་པའི་ཐད་བསམ་ཚུལ་གང་ཡོད་དམ་ཞེ་ན། 
ཁོང་རྣམས་ཀྱི་སྙིང་སྟོབས་དང་བློས་གཏོང་ལྷན་དུ་དགོས་འདུན་དང་ཕུགས་རེ་གང་མང་ཞིག་ཡོད་ཀྱང་། དེ་དག་གི་འབྲས་བུ་ཐོན་དང་མི་ཐོན་ནི་ཕྱོགས་གཅིག་རྐྱང་པས་སྒྲུབ་ཐུབ་ཐབས་བྲལ་བ་ཞིག་ཡིན་པ་ནི་འཇིག་རྟེན་ཀུན་གསལ་རེད། ངའི་བསམ་པར་ད་ལྟའི་བོད་ནང་མེར་སྲེག་གི་ལས་འགུལ་དེ་བཞིན་རིམ་པར་རྒྱུན་སྲིང་བྱས་ཏེ་བོད་མི་བརྒྱ་ཕྲག་བརྒལ་བ་དུས་གཅིག་ཏུ་མེར་སྲེག་ལས་འགུལ་སྤེལ་ཏེ་དོན་རྐྱེན་དེའི་ནང་དུ་འདས་གྲོངས་སོང་ནའང་། ༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་ཐུབ་ཀྱི་རེད་ཅེས་ནམ་ཡང་བརྗོད་མི་ཐུབ་ལ།

དེ་ལས་མང་བ་། “ངའི་ལྟ་སྟངས་ཤིག བསེ་རུ།” »

དཔྱད་རྩོམ།

ཀུན་ཕན་ཐེབས་རྩ་ཚོགས་པའི་ཞལ་འདེབས་གསལ་བསྒྲགས།

Posted on 2012-12-062012-12-06 By རྣམ་རྒྱལ 2 Comments on ཀུན་ཕན་ཐེབས་རྩ་ཚོགས་པའི་ཞལ་འདེབས་གསལ་བསྒྲགས།

བོད་མི་ན་གཞོན་ ༣༠ ཐམ་པར་སློབ་གསོའ་ིརོགས་སྐྱོར་སྤྲོད་རོགས་ཞུ།

བོད་ནང་གི་ས་ཆ་མང་པོ་ཞིག་ལ། ལམ་ཐག་རིང་བ་དང་། འགྲོ་སོང་མེད་པ། མཐུན་རྐྱེན་ཞན་པ་དང་། དེ་བཞིན་སྐད་ཡིག་གི་དཀའ་ངལ་སོགས་ལ་བརྟེན་ནས། བོད་པའི་སློབ་མ་རྣམས་ལ་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད། ངེད་ཚོའི་འཛམ་གླིང་རོགས་རམ་ལས་གཞི་(Global-Giving project)བརྒྱུད། ང་ཚོས་བོད་པའི་རབ་འབྱམས་པ་དང་འབུམ་རམས་པ་སློབ་མ་༣༠ལ་སློབ་ཡོན་ དང་། འཚོ་བའི་རོགས་རམ་སྤྲོད་ཐབས་བྱེད་བཞིན་ཡོད།

དེ་ལས་མང་བ་། “ཀུན་ཕན་ཐེབས་རྩ་ཚོགས་པའི་ཞལ་འདེབས་གསལ་བསྒྲགས།” »

གསལ་བསྒྲགས།

སངས་རྒྱས་བཀྲ་ཤིས། ངས་ཁྱོད་ལ་གཅིག་འདྲི།

Posted on 2012-12-062012-12-06 By ཁ་བརྡ་ 1 Comment on སངས་རྒྱས་བཀྲ་ཤིས། ངས་ཁྱོད་ལ་གཅིག་འདྲི།

ས་རཱ་མཐོ་སློབ། འཇམ་དབྱངས་སྦྱིན་པ།

ལོ་ཟླ་འདི་དག་གི་རིང་ལ་རྒྱ་ནག་པོར་རྒོལ་བའི་སྲོག་གཟན་གྱི་མེ་ལྕེ་དམར་པོ་བོད་ས་གང་སར་མཆེད་མོད། ནམ་ཞིག་རང་གི་ཉེ་འཁོར་ཞིག་ལ་ལྷུང་ཡོང་བ་བསམ་པའི་ཟུར་ལའང་སྐྱེས་མྱོང་མེད། འོན་ཀྱང་། ཉེ་ཆར་ཕ་ཡུལ་ནས་རྒྱ་གཞུང་ལ་མེ་རྒོལ་གནང་སྟེ་སྐུ་སྲོག་ཤོར་མཁན་གྱི་རྒྱལ་གཅེས་དཔའ་བོ་ཐུབ་དབང་སྐྱབས་ནི་(༢༠༡༢།༡༠།༢༦)ཕྲན་ལ་བཀའ་དྲིན་ཆེ་བའི་བློས་ཐུབ་གྲོགས་པོ་ཞིག་གི་ཚ་བོ་ཡིན་པས། ངས་གྲོགས་པོ་ཁོང་ལ་ཆེད་དུ་སེམས་གསོ་ཞིག་ཞུ་དགོས་བསམས་ཀྱང་ཁ་པར་མི་འགྲོ་བས་འབྲེལ་བ་བྱེད་ཐུབ་མ་སོང་། དེའི་ཕྱིར་ད་བར་དུ་དོན་དེ་སེམས་ལ་ལྷུང་ནས་བསྡད་ཡོད། ཟླ་འདིར་ཆུ་གཉེར་བཞིན་ཟམ་མི་ཆད་པའི་དཔའ་རྒོད་ཚོའི་ཁ་གྲངས་ཙམ་མཛུབ་རྩེར་འདྲེན་ཞོར་ཉིན་མ་རེ་རེ་བཙན་ཚུགས་ཀྱིས་ཕྲག་ནས་གཡུགས་ཐབས་བྱས།

དེ་ལས་མང་བ་། “སངས་རྒྱས་བཀྲ་ཤིས། ངས་ཁྱོད་ལ་གཅིག་འདྲི།” »

སྣ་ཚོགས།

དོན་དག་གང་ལ་འཕྲད་ཀྱང་གངས་ཅན་པའི་བདེན་ལུགས་འདོར་མི་སྲིད།

Posted on 2012-12-062012-12-06 By ཁ་བརྡ་ 1 Comment on དོན་དག་གང་ལ་འཕྲད་ཀྱང་གངས་ཅན་པའི་བདེན་ལུགས་འདོར་མི་སྲིད།

རྔ་བ་བརྒྱད་གསུམ་གཅིག་དྲུག

ཕྱི་ལོ་ ༡༩༥༩ ནས་བཟུང་དེ་རིང་བར་དུ་མི་ལོ་ཧྲིལ་བོ་ལྔ་བཅུ་ལྔ་གསུམ་འཁོར་ཡོད། ལོ་འདི་དག་ལ་ཕྱི་མིག་ཅིག་བལྟས་པ་ཡིན་ན། རི་བོ་ཧི་མ་ལ་ཡི་རི་རྒྱུད་དུ་གནས་པའི་བོད་རིགས་དག་ལ་དགའ་སྤོབས་རང་དབང་དང་། བག་ཡངས་ཞི་ལྷོད་ཀྱི་བདེ་སྐྱིད་ཅིག་སྒེར་གཅོད་རིང་ལུགས་པའི་ནམ་ཡང་སྤྲད་མྱོང་མེད། ཡིན་ན་ཡང་། ཕྱི་མའི་ལས་ལ་གུས་པའི་རང་ཅག་མི་རིགས་འདིས་བཟོད་སྒོམ་ཞིག་ལ་བརྩི་སྲུང་བྱས་ཏེ། ད་བར་གྲི་ཆུང་ཞིག་གི་སོ་ཁ་ཙམ་ཡང་སྒེར་གཅོད་རིང་ལུགས་པར་བསྟན་མྱོང་མེད། དེའི་ཕྱིར། སྒེར་གཅོད་རིང་ལུགས་པ་འུ་ཐུག་ཐབས་ཟད་དེ་མཐར་ ༢༠༠༨ ལོར་བོད་ཆས་གྱོན་ནས་མང་ཚོགས་ཁྲོད་གྲི་ཁྱེར་ནས་འཁྲབ་གཞུང་ཞིག་བཟོས་བ་རེད།

དེ་ལས་མང་བ་། “དོན་དག་གང་ལ་འཕྲད་ཀྱང་གངས་ཅན་པའི་བདེན་ལུགས་འདོར་མི་སྲིད།” »

སྣ་ཚོགས།

ལ་ལའི་ཆོས་སྐྱབས་ལགས་འཛིན་བཟུང་བྱས་འདུག

Posted on 2012-12-06 By ཁ་བརྡ་ No Comments on ལ་ལའི་ཆོས་སྐྱབས་ལགས་འཛིན་བཟུང་བྱས་འདུག

ཟླ་འདིའི་ཕྱི་ཚེས་ ༤ ཉིན་གྱི་དགོང་མོར་མགོ་ལོག་པདྨ་རྫོང་ཐོག་ནས་རང་ལོ་ ༤༥ ཡས་མས་ཡིན་པ་ལ་ལའི་ཆོས་སྐྱབས་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ཐོན་འདུག བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༤ ཉིན་གྱི་དགོང་མོར་ལ་ལའི་ཆོས་སྐྱབས་ལགས་མགོ་ལོག་པདྨ་རྫོང་ཐོག་ནས་འཛིན་བཟུང་བྱས་ཡོད་འདུག་ལ། ཁོང་འཛིན་བཟུང་བྱེད་དགོས་དོན་འདི་ཡིན་གྱི་གནས་ཚུལ་གསལ་ཁ་བྱུང་ཐུབ་མེད་ཀྱང་། དེ་ནི་ཕྱི་ཚེས་ ༣ ཉིན་ཀྱི་མཚན་མོར་འཛིན་བཟུང་བྱས་ཡོད་པའི་ཝ་ཤུལ་རྡོར་བྲུག་ལགས་ལ་ནག་ཉེས་ཅི་ཡང་མེད་པས་ཁོང་གློད་གྲོལ་གནང་རོགས་ཞེས་རྫོང་ཉེན་རྟོག་ཁང་དུ་ཞུ་གཏུགས་བྱེད་པར་ཕྱི་ཚེས་ ༤ ཉིན་ཕྱིན་ཡོད་པའི་རྐྱེན་གྱིས་ཡིན་པར་ཁོང་གི་ནང་མི་དང་ས་གནས་བོད་མི་ཚོས་ངོས་འཛིན་བྱེད་བཞིན་ཡོད་འདུག

དེ་ལས་མང་བ་། “ལ་ལའི་ཆོས་སྐྱབས་ལགས་འཛིན་བཟུང་བྱས་འདུག” »

གསར་འགྱུར།

ང་ཚོའི་དབུ་ཁྲིད་དེ་བོད་ནང་གི་བོད་མི་ཡིན།

Posted on 2012-12-06 By ཁ་བརྡ་ 17 Comments on ང་ཚོའི་དབུ་ཁྲིད་དེ་བོད་ནང་གི་བོད་མི་ཡིན།

འཇིགས་བྲལ་བསྟན་འཛིན། སུད་སི།

དེང་སང་བོད་མིའི་ཚེ་སྲོག་བོད་དོན་གྱི་ཆེད་དུ་ཤོར་བ་ཁག་གི་ཐད་ལ་ཚང་མར་གང་དགའ་ཅི་ལེགས་ཀྱི་བསམ་ཚུལ་སླེབས་བཞིན་ཡོད་པ་རེད། དེ་བས་གུས་པ་སྒེར་གྱི་བསམ་ཚུལ་ཐུང་ཐུང་ཞིག་དོན་ཚན་དུ་ཆ་བགོས་རྒྱབ་ནས་ཞུ་རྒྱུ་ལ།
དོན་ཚན་དང་པོ། ད་བར་ཉུང་མཐར་བོད་མི་ས་ཡ་གཅིག་དང་འབུམ་གཉིས་ལས་བརྒལ་བའི་ཚེ་སྲོག་དེ་བོད་དོན་གྱི་ཆེད་དུ་ཤོར་བ་རེད། འདིའི་ནང་དེང་སང་ཚེ་སྲོག་ཤོར་བཞིན་པའི་རང་ཉིད་མེར་སྲེག་གི་དོན་རྐྱེན་དེ་ཡང་ཚུད་དགོས་ཀྱི་རེད། ཚེ་སྲོག་འདི་དག་ཤོར་སྔ་ཕྱི་ཙམ་མ་གཏོགས་ཚེ་སྲོག་ཤོར་བ་གཅིག་པ་རེད། དེར་བརྟེན་ང་ཚོས་ཚེ་སྲོག་གི་རིན་ཐང་ལ་དབྱེ་བ་ནམ་ཡང་ཕྱེ་རྒྱུ་ཡོད་མ་རེད།

དེ་ལས་མང་བ་། “ང་ཚོའི་དབུ་ཁྲིད་དེ་བོད་ནང་གི་བོད་མི་ཡིན།” »

རྩོམ་རིག

ཐ་སྙད་ལ་རྨོངས་པའི་སྲིད་དོན་པ་ཚོ་དང་། གསར་འགྱུར་བཤད་མཁན། གསར་འགོད་པ།

Posted on 2012-12-06 By ཁ་བརྡ་ 7 Comments on ཐ་སྙད་ལ་རྨོངས་པའི་སྲིད་དོན་པ་ཚོ་དང་། གསར་འགྱུར་བཤད་མཁན། གསར་འགོད་པ།
གཉན་གཡག་ཕྲུག
༄༅།། འདས་པའི་ལོ་ཟླའི་དུས་ཚོད་ནང་བོད་དོན་ལས་འགུལ་གྱི་མེ་ལྕེ་མདོ་དབུས་ཁམ་གསུམ་དུ་ཁྱབ
པ་དང་ཆབ་གཅིག་ཏུ་བོད་ཕྱི་ཕྱོགས་སུ་ཡོད་པའི་བོད་ཀྱི་སྲིད་དོན་པ་དང་། གསར་འགོད་པ། ད་དུང་གསར་འགྱུར་བཤད་མཁན་སོགས་ནས་བོད་དོན་བདེན་མཐའ་གསལ་ཐབས་ཀྱིས་བོད་དོན་དྲིལ་བསྒྲགས་དང་། ལས་འགུལ་སྣ་ཚོགས་སྤེལ་དང་སྤེལ་མུས་ཀྱིས་བོད་མིའི་ལར་ཞེན་གཙོ་བོར་བཟུང་
རང་རང་གིས་ནུས་ཤུགས་གང་ཡོད་ཀྱིས་འབད་བརྩོན་ཞུ་བཞིན་འདུག་ཀྱང་། ངོས་རང་ལ་ཡིད་མ་མཚིམས་པའི་ཚོར་སྣང་ཞིག་ཡོད་པ་ནི་བོད་སྐད་ཐ་སྙད་ལ་རྨོངས་པའི་གོང་གསལ་མཚན་པ་དེ་དག་གི་བོད་སྐད་བཤོད་པའི་སྐབས་ཐ་སྙད་བེད་སྤྱོད་བྱེད་དུས་གོ་རིམ་མེད་པ་དང་། མཐོ་དམན་གྱི་ཁྱད་པར་མེད་པ། ཕལ་སྐད་དང་ཞེ་སའི་ཁྱད་པར་མེད་པར་གང་དྲན་བེད་སྤྱོད་
བྱེད་པ་དང་།

དེ་ལས་མང་བ་། “ཐ་སྙད་ལ་རྨོངས་པའི་སྲིད་དོན་པ་ཚོ་དང་། གསར་འགྱུར་བཤད་མཁན། གསར་འགོད་པ།” »

སྣ་ཚོགས།

ཁེར་རྐྱང་གི་སེམས་གཏམ། གཅན་ཡུ་མོ།

Posted on 2012-12-062012-12-06 By ཁ་བརྡ་ 11 Comments on ཁེར་རྐྱང་གི་སེམས་གཏམ། གཅན་ཡུ་མོ།

 ཡིད་སེམས་སྐྱིད་པོ་ཞིག་དང་མཉམ་དུ་ཁེར་རྐྱང་གི་མལ་ས་ནས་བརྩེ་དུང་གི་སྙན་ངག་རེ་འབྲི་རྒྱུའི་སྟ་གོན་བྱེད་སྐབས། ཁ་པར་གྱི་སིལ་སྒྲ་བསྟུན་མར་གྲགས་སོང་། “ཝེ། བདེ་མོ།”ཉམས་འགྱུར་གྱི་ཚིག་རྐང་ལས་ཧ་ལམ་ལྐོག་གྱུར་གྱི་གསང་བའི་ལས་ཀ་ཞིག་ལ་རེ་བཞིན་པ་ཚོར་ཐུབ། “ཨོད། བདེ་མོ།”ཐུག་འཕྲད་རེར་བཅོས་འཛུམ་ཙམ་ཡང་བསྟན་མ་མྱོང་བའི་རྐང་ལམ་ཁྲོད། སྐུད་ལམ་བརྒྱུད་མྱོང་བ་ཟབ་མོ་ཡོད་པའི་ཚོར་སྣང་ཞིག་སྐྱེས་པ་མ་ཟད། ཁོང་གིས་སྐད་ཆ་ལ་ཇི་ལྟར་འཇབ་རྒོལ་བྱེད་དགོས་པའང་མངོན་སུམ་དུ་ཤེས་མ་སོང་། “ཁྱོས་ཅི་ཞིག་བྱེད་ཀི་ཡོད། 

དེ་ལས་མང་བ་། “ཁེར་རྐྱང་གི་སེམས་གཏམ། གཅན་ཡུ་མོ།” »

སྣ་ཚོགས།

རང་དབང་གི་འབོད་བརྡ། (གླུ་གཞས)

Posted on 2012-12-062012-12-06 By ཁ་བརྡ་ 6 Comments on རང་དབང་གི་འབོད་བརྡ། (གླུ་གཞས)

རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་ཕུལ། གཞས་པ། གཉན་ཕུན་ཚོགས།

གླུ་གཞས།

བོད་མིིའི་རང་བསྲེགས་ལས་འགུལ་ལ་གྲུབ་འབྲས་མེད་དོན་ཅི་ཡིན་ནམ།

Posted on 2012-12-052012-12-05 By འདྲེ་རིག་ལྡན 4 Comments on བོད་མིིའི་རང་བསྲེགས་ལས་འགུལ་ལ་གྲུབ་འབྲས་མེད་དོན་ཅི་ཡིན་ནམ།

 

རང་བསྲེག་ལས་འགུལ་གྱི་རང་བཞིན་ལ་དགྲ་གཉེན་གཉིས་ཀས་ལོག་འགྲེལ་བྱེད་པ་འདིས་ལས་འགུལ་གྱི་རྩ་བའི་ཁ་ཕྱོགས་ནུས་མེད་དུ་བཏང་བ་རེད།

དེ་ལས་མང་བ་། “བོད་མིིའི་རང་བསྲེགས་ལས་འགུལ་ལ་གྲུབ་འབྲས་མེད་དོན་ཅི་ཡིན་ནམ།” »

དཔྱད་རྩོམ།

༄༅། །དགའ་ལྡན་ལྔ་མཆོད་ཆེན་མོའི་སྒྲུབ་ཐབས་རིན་ཆེན་སྒྲོན་མེ། ཨེ་མ་ཧོ།

Posted on 2012-12-05 By ཁ་བརྡ་ 154 Comments on ༄༅། །དགའ་ལྡན་ལྔ་མཆོད་ཆེན་མོའི་སྒྲུབ་ཐབས་རིན་ཆེན་སྒྲོན་མེ། ཨེ་མ་ཧོ།
དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །
འགྲོ་ཀུན་སྒྲོལ་བར་སེམས་བསྐྱེད་ནས། །
ཆོས་སྤྱོད་ཡན་ལག་བཅུ་བར་འབད། །
བསྟན་འགྲོར་ཕན་བདེ་ཡོང་བར་སྨོན། །
ཕྱག་འཚལ་རྒྱལ་བ་སྲས་བཅས་དང་། །
མཆོད་པ་རྣམ་ལྔའི་སྤྲིན་ཆེན་འབུལ། །

དེ་ལས་མང་བ་། “༄༅། །དགའ་ལྡན་ལྔ་མཆོད་ཆེན་མོའི་སྒྲུབ་ཐབས་རིན་ཆེན་སྒྲོན་མེ། ཨེ་མ་ཧོ།” »

སྣ་ཚོགས།

རང་སྲེག་གི་གསང་བ།

Posted on 2012-12-052012-12-06 By ཤར་ཕྱོགས་ཁུག་རྟ། 32 Comments on རང་སྲེག་གི་གསང་བ།

ཤར་ཕྱོགས་ཁུག་རྟ།

དོ་དགོང་ཨ་རིའི་བརྙན་འཕྲིན་ཁང་ནས་རང་སྲེག་ཐད་”ཕྱི་ཕྱོགས་ནས་གདོང་ལེན་”ཞེས་པའི་བརྗོད་གཞིའི་ཐད་བགྲོ་གླེང་ཞུ་སྐབས། ངེད་ནས་’’ཐོབ་ཐང་ཡོད་མེད་’’ཟེར་བའི་སྐོར་ལ་དྲི་བ་དྲིས་ཡིན། སྐབས་དེར་ཁྲི་ཟུར་མཆོག་གིས་རང་སྲེག་མཚམས་འཇོག་རོགས་ཞེས་ལབ་ཐུབ་ཀྱི་མི་འདུག་གསུངས་པ་མ་གཏོགས། ཐོབ་ཐང་ཡོད་མེད་ཀྱི་རྒྱུ་མཚན་གསུངས་མ་སོང། ངས་ཡང་བསྐྱར་ཁ་པར་ལན་འགར་བཏང་ཡང་ཁ་པར་མཐུད་མཁན་གྱི་ཞབས་ཞུ་མ་དེས་ངའི་ཁ་པར་མཐུད་མ་སོང། ངའི་བསམ་ཚུལ་བཤད་རྒྱུ་ལུས་སོང།

དེ་ལས་མང་བ་། “རང་སྲེག་གི་གསང་བ།” »

དཔྱད་རྩོམ།

རེབ་གོང་སྙན་སྐུལ་ཡི་གེ་གླེང་བ། བོན་རྒྱ་བསྟན་འཛིན་རབ་རྒྱས།

Posted on 2012-12-052012-12-05 By བོན་རྒྱ་བསྟན་འཛིན་རབ་རྒྱས་ 22 Comments on རེབ་གོང་སྙན་སྐུལ་ཡི་གེ་གླེང་བ། བོན་རྒྱ་བསྟན་འཛིན་རབ་རྒྱས།

གཅིག སྙན་སྐུལ་ཡི་གེའི་བྱུང་རིམ་དང་རིན་ཐང་གླེང་བ།

 

ཤོག་ངོས་གསུམ་ཅན་གྱི་སྙན་སྐུལ་ཡི་གེ་འདི་ནི། སྤྱི་ཟླ་ ༡༡ ཚེས་ ༡༩ ཉིན་ཡོངས་ཁྱབ་ཏུ་བཀྲམས་པ་ཞིག་དང་། དེ་ཡང་རེབ་གོང་གི་བླ་གྲྭ་དཔོན་གསུམ་གྱི་ངོས་ནས་ཤ་རུས་གདུང་རྒྱུད་གཅིག་པའི་རང་རིགས་སེར་སྐྱ་ཕོ་མོ་ཡོངས་དང་། རྒྱ་ནག་གཞུང་གཉིས་ཀར་ཕུལ་བའི་ཞུ་སྐུལ་ཡི་གེ་ཞིག་དང་། ཁྱད་པར་དུ་བོད་བསྟན་སྲིད། མི་རིགས་རིག་གནས་དང་བཅས་པའི་ཆེད་དུ་སྐུ་ལུས་མེར་བསྲེགས་གནང་བར་གྲ་སྒྲིག་གྲུབ་ཡོད་པ་རྣམས་ལ་སེམས་ཁམས་གྲང་བསིལ་བསིལ་པུ་མོ་ས་ལ་བཙུགས། ལག་པས་ཐལ་མོ་སྦྱར་ནས་ཕུལ་བའི་ཞུ་སྐུལ་ཡི་གེ་ཞིག་རེད། ཡི་གེ་འདི་ལ་ངས་རེབ་གོང་གི་སྙན་སྐུལ་ཡི་གེ་ཞེས་བསྡུས་མིང་ཞིག་འདོགས་ཀི་ཡོད་པ་མ་ཟད། རེབ་གོང་གི་བླ་གྲྭ་དཔོན་གསུམ་གྱིས་སྤེལ་བའི་སྙན་སྐུལ་ཡི་གེ་ཞེས་སུའང་བརྗོད་ཀྱིན་ཡོད། རྒྱུ་མཚན་ནི་ཡི་གེ་འདིའི་མགོར་ “རེབ་གོང་གི་དགོན་པ་སོ་སོའི་བླ་མ་དགེ་བཤེས་ལས་ཀྱི་སྣེ་མོ་བ་ཡོངས་དང་སྡེ་བ་ཡོངས་ཀྱི་རྒན་པ་བསམ་ཤེས་ཅན་བཅས་ནས་ལྷག་བསམ་རྣམ་དག་གིས་རང་རིགས་སྐྱ་སེར་རྒན་གཞོན་ཡོངས་ལ་ཕངས་སེམས་དང་རེ་བ་ཆེན་པོས་སྙན་བསྐུལ་ཞུ་རྒྱུ།” ཞེས་གསལ་འདུག་པ་དེ་རང་ཡིན།

དེ་ལས་མང་བ་། “རེབ་གོང་སྙན་སྐུལ་ཡི་གེ་གླེང་བ། བོན་རྒྱ་བསྟན་འཛིན་རབ་རྒྱས།” »

དཔྱད་རྩོམ།

སྤྲུལ་སྐུ་པདྨ་སྐལ་བཟང་གི་སྙན་ངག་ཅིག

Posted on 2012-12-05 By ཁ་བརྡ་ 6 Comments on སྤྲུལ་སྐུ་པདྨ་སྐལ་བཟང་གི་སྙན་ངག་ཅིག
རྫོགས་ཆེན་སྤྲུལ་སྐུ་པད་མ་སྐལ་བཟང་།
གཤིས་བཟང་སྤྱོད་པས་ཡ་རབས་མགྲོན་དུ་འགུགས།   །
ཕུན་ཚོགས་གྲགས་སྙན་དབྱར་གྱི་རྔ་ལ་འགྲན།   །
མེས་པོའི་སྲོལ་བཟང་དྲ་མའི་ཕྱག་རྗེས་ཀྱིས ། །
གངས་རི་དཀར་པོའི་དབུ་རྣ་དགུང་དུ་བསྟོད། །

དེ་ལས་མང་བ་། “སྤྲུལ་སྐུ་པདྨ་སྐལ་བཟང་གི་སྙན་ངག་ཅིག” »

སྙན་ངག

Posts pagination

Previous 1 … 522 523 524 … 910 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme