ཨེ་མ་ཧོ།
སྐུ་ཡི་ལང་ཚོ་མདོ་ཁམས་ལྗོངས་སུ་བཞད།།
གསུང་གི་གདུལ་བྱ་འཛམ་གླིང་ཕྱོགས་ཀུན་ཁྱབ།།
ཐུགས་ཀྱི་མཁྱེན་རབ་རྫོགས་པའི་སངས་རྒྱས་དངོས།།
སྐུ་གསུམ་རྒྱལ་བའི་རྒྱལ་ཚབ་རྒྱལ་གྱུར་ཅིག།
ཚུལ་ཁྲིམས་རྣམ་དག་གནས་བརྟན་དགེ་སློང་ཆེ།།
བློ་གྲོས་མཚུངས་མེད་རྒྱལ་སྲས་འཇམ་དཔལ་དབྱངས།།
གངས་ཅན་ལྷ་ལམ་ཡངས་པའི་དཀྱིལ་འཁོར་ནས།།
མཁྱེན་དཔྱོད་ཉི་མའི་འོད་ཐིགས་རེ་རེས་ལོག་རྟོག་མུན་པའི་སྙིང་རྩ་འགེམས།།

ཁྱོད་ལ་མཇལ་བས བདག་གིས་ད་གཟོད་ཚེ་སྲོག་ལ་གཅེས་སྐྱོང་བྱེད་དགོས་པ་རྟོགས་སོང་།
གཡོ་བའི་རི་ཆེན་རྗེས་བརྩེ་ཞགས་པས་བསྡམས།།
ཞི་བའི་ཞལ་རས་འཛུམ་པའི་ཟིལ་བ་ཐ་དད་འགྲོ་བའི་སྙིང་ལ་ཟིམ།།