Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གྱ་ལྔའི་འཁྲུངས་སྐར་བསུ།

Posted on 2020-07-04 By ཁ་བརྡ No Comments on གྱ་ལྔའི་འཁྲུངས་སྐར་བསུ།

ཆང་སྐྱེས།
 
ཤཀྱའི་དགེ་སློང་བསྟན་འཛིན་རྒྱལ་མཆོག་གང་།།
གང་གི་ཐུགས་བརྩེ་འོ་མའི་དཀར་རྒྱུན་དང་།།
བྱམས་བརྩེ་འཛུམ་གྱིས་ཕྱུག་པའི་འོད་སྣང་གིས།།
འགྲོ་བའི་སྡུག་བསྔལ་མུན་པ་རྨང་ནས་བཅོམ།།

ཡང་སྲིད་མཆོག་སྤྲུལ་མདོ་སྨད་ཡུལ་ནས་འཁྲུངས།།
གསེར་སྐུ་ལང་ཚོའི་དཔལ་ཡོན་དབུས་ནས་རྒྱས།།
བློ་གྲོས་རིག་གཏེར་འཕགས་པའི་ཡུལ་ན་གཏམས།།
གཟི་བྱིན་འོད་ཟེར་འཛམ་གླིང་ཡོངས་ལ་ཁྱབ།།

དེ་ལས་མང་བ་། “གྱ་ལྔའི་འཁྲུངས་སྐར་བསུ།” »

སྙན་ངག

༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་ལྔར་ཕེབས་པའི་སྐུའི་འཁྲུངས་སྐར་ལ་ཕུལ་བའི་ཀ་བཤད།

Posted on 2020-07-042020-07-04 By ཁ་བརྡ No Comments on ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་ལྔར་ཕེབས་པའི་སྐུའི་འཁྲུངས་སྐར་ལ་ཕུལ་བའི་ཀ་བཤད།

ཚེ་དབང་བསོད་ནམས།
 
ཀ་དག་ཕྱག་རྒྱ་གངས་ཅན་ལྷ་ཅིག་ཕྱག་ན་པད་མོར་འདུད།
ཁ་བའི་ཡུལ་གྱི་སྤྲེལ་བྲག་རིགས་མྱུག་ཁྱེད་ཀྱི་གདུལ་བྱར་གཟིགས།
གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོའི་བརྒྱད་ལྔའི་འཁྲུངས་སྐར་ལ།
ང་ཚོ་གཞིས་བྱེས་ས་ཡ་དྲུག་གི་དགའ་བསུའི་འཚམས་འདྲི་ཞུ།

ཅ་ཅོ་ཆོས་མེད་གུང་ཁྲན་དམར་པོའི་བསམ་སྦྱོར་ངན་པའི་འོག།
ཆོས་ལྡན་ཞིང་གི་ཕྱི་ནང་སྣོད་བཅུད་ཡོངས་རྫོགས་རྩ་མེད་བཟོས།
ཇི་ལྟར་བསམ་ཀྱང་བོད་འབངས་བདེ་སྐྱིད་ཁྱེད་ཀྱི་སྐུ་ཚེ་རག།
ཉི་ཟླ་འདྲ་བའི་ཁྱེད་ཀྱི་མཛད་འཕྲིན་གླིང་འདིར་ཞི་བདེ་བསྐྲུན།

དེ་ལས་མང་བ་། “༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་ལྔར་ཕེབས་པའི་སྐུའི་འཁྲུངས་སྐར་ལ་ཕུལ་བའི་ཀ་བཤད།” »

སྙན་ངག

གྱ་ལྔ་སྐུའི་འཁྲུངས་ཚེས་ལ་དད་སྨོན་གྱི་ཆེ་བསྟོད་ཞུ།

Posted on 2020-07-03 By ཁ་བརྡ No Comments on གྱ་ལྔ་སྐུའི་འཁྲུངས་ཚེས་ལ་དད་སྨོན་གྱི་ཆེ་བསྟོད་ཞུ།

འཇིགས་མེད་དབང་འདུས།
 
༄༅།། ས་ཐག་རིང་འཕགས་པའི་གྲོང་འཁྱེར་ན།།
རྗེ་སྐྱབས་མགོན་སྐུ་ཚེ་བརྟན་ནས་ཡོད།།
ཐུགས་བྱམས་བརྩེའི་འགྲོ་རྣམས་སྐྱོང་བཞིན་ཡོད།།
མཚན་སྙན་གྲགས་འཛམ་གླིང་ཀུན་ལ་ཁྱབ།།
རྗེ་བླ་མའི་བཀྲིན་བསམ་མི་ཁྱབ།།
དུས་གསུམ་སྒོ་མོ་འབྱེད་མཁན་དེ་ཁྱེད་ཡིན།།
ཤེས་བྱའི་སྒྲོན་མེ་སྤར་མཁན་དེ་ཁྱེད་ཡིན།།
བདེན་དོན་སེམས་ལ་འབྲི་མཁན་དེ་ཁྱེད་ཡིན།།
འཚེ་མེད་ཞི་བདེ་སྤེལ་མཁན་དེ་ཁྱེད་ཡིན།།

དེ་ལས་མང་བ་། “གྱ་ལྔ་སྐུའི་འཁྲུངས་ཚེས་ལ་དད་སྨོན་གྱི་ཆེ་བསྟོད་ཞུ།” »

སྙན་ངག

༸རྒྱལ་བའི་མཛད་བཟང་དྲན།

Posted on 2020-07-02 By ཁ་བརྡ No Comments on ༸རྒྱལ་བའི་མཛད་བཟང་དྲན།

ཁ་བའི་རྣམ་ཤེས།
 
ཕྱག་སྟོང་འདབ་མ་གྲོལ་བའི་དཀྱིལ་འཁོར་དུ།།
སྤྱན་སྟོང་གེ་སར་ཕྲེང་བ་ཚར་དུ་དངར།།
ལེགས་བྱས་བྲང་རྩིས་གང་བའི་པད་དཀར་ཁྱེད།།
བདག་ཡིད་བུང་བ་སྐྱོང་བའི་མགོན་དུ་བྱོན།།

སྐུ་ཡི་ཡོན་ཏན་རབ་འབྱམས་ཞིང་དུ་ཁྱབ།།
གསུང་གི་ཡོན་ཏན་གང་འདུལ་འགྲོ་ལ་སྨན།།
ཐུགས་ཀྱི་ཡོན་ཏན་སྙིང་རྗེ་ཆེན་པོ་མངའ།།
གང་གི་ཡོན་ཏན་བརྗོད་ལ་སྤྲོ་བ་བརྟས།།

དེ་ལས་མང་བ་། “༸རྒྱལ་བའི་མཛད་བཟང་དྲན།” »

སྙན་ངག

འཁྲུངས་སྐར་བསུ་བའི་སྙན་ངག་གི་མཆོད་པ།

Posted on 2020-07-012020-07-01 By ཁ་བརྡ 2 Comments on འཁྲུངས་སྐར་བསུ་བའི་སྙན་ངག་གི་མཆོད་པ།

ཐེ་འོད་ཟེར།
 
མདོ་ཁམས་རྟ་ཡི་ཆོལ་ཁ་ཡངས་པོར་སྐུ་ཡི་བཀོད་པའི་མེ་ཏོག་བཞད།།
ལྷ་ལྡན་ཕོ་བྲང་པོ་ཏ་ལ་རུ་ལུཊ་གཉིས་ཁྲི་འཕང་བརྗིད་ཀྱིས་མནན།།
སྲིད་ཀྱི་ན་བུན་ལང་ལོང་འཁྲིགས་པའི་མུན་ནག་མཚན་མོའི་སྐར་འོད་འོག།
སྐྱོ་གདུང་སྤྱན་ཆབ་བཙན་གྱིས་མིད་བཞིན་ཞབས་སོར་འཕགས་ཡུལ་ཕྱོགས་སུ་བསྒྱུར།།

ཟབ་གསང་ཐུགས་ཀྱི་ལྷ་ལམ་ཡངས་པོར་ཐབས་ཤེས་ཉི་ཟླའི་རྣ་ཆ་འཛིན།།
འཕགས་ཡུལ་ས་ཡི་ཐིག་ལེ་ཡངས་པོར་དེང་རབས་ཤེས་བྱའི་རྨང་གཞི་བཏིངས།།
སྲིད་ལུགས་ཀུན་གྱི་དྭངས་མར་གྱུར་པའི་མང་གཙོའི་གསོལ་རས་འབངས་ལ་གནང་།།
མཁའ་ལྟར་ཡངས་པའི་མཁྱེན་རྒྱ་ཟབ་མོས་གཉིས་སྨན་དབུ་མའི་

དེ་ལས་མང་བ་། “འཁྲུངས་སྐར་བསུ་བའི་སྙན་ངག་གི་མཆོད་པ།” »

སྙན་ངག

ཀ་བཤད་ལ་དྲངས་བའི་དྲི་བ་དམར་རྗེན་མ།

Posted on 2020-07-01 By ཁ་བརྡ 5 Comments on ཀ་བཤད་ལ་དྲངས་བའི་དྲི་བ་དམར་རྗེན་མ།

རྐ་སྲས་ཀྱིས་སྤེལ།
 
ཀ་བ་གཏན་ནས་མེད་པའི་ཨར་འདམ་གྱི་ཁང་པར།།
ཁ་པར་ཀུ་ཤུ་རྟགས་ཀྱིས་རྒྱུ་ངོམ་འདྲ་བྱེད་བཞིན།།
ང་ཚོ་བོད་པ་ཚང་གི་ལས་དབང་ཨང་ཟེར་ནས།།
ཅ་ཅོ་ཤོམ་ར་ཅན་པོ་སྒྲོག་གིན་སྡད་ཨེ་ཡོད།།

ཇ་ཆང་བག་ཡངས་འདི་ལ་སྙིང་པོ་ཅི་ཟེར་བཞིན།།
ཉ་ཤ་རྒྱས་སྤྲོས་ཅན་པོ་འུར་ཟིང་གིས་རོལ་ནས།།
ཏ་ལའི་བླ་མའང་ནོར་ནས་ཡོད་མདོག་འདྲ་ཤོད་བཞིན།།
ཐ་ཤལ་རང་ཚུཊ་ཝ་རྔ་དྲུད་ནས་བསྡད་ཨེ་ཡོད།།

དེ་ལས་མང་བ་། “ཀ་བཤད་ལ་དྲངས་བའི་དྲི་བ་དམར་རྗེན་མ།” »

སྙན་ངག

ལྷ་རྗེ་རྒྱགས་པའི་གཏམ།

Posted on 2020-06-29 By ཁ་བརྡ No Comments on ལྷ་རྗེ་རྒྱགས་པའི་གཏམ།

བློ་བཟང་རིན་ཆེན།
 
སྙན་པའི་གྲགས་པ་ཕྱི་ནང་ཀུན་ལ་ཁྱབ།།
དམིགས་མེད་སྙིང་རྗེས་རང་རྒྱུད་ཡོངས་སུ་བརླན།།
བཅུ་ཕྲག་ཡོན་ཏན་དུ་མའི་གཏེར་འཛིན་པ།།
མཚན་ལྡན་བཤེས་གཉེན་རྣམས་ལ་གཏིང་ནས་གུས།།

རབ་བརྟན་སེམས་པ་བཟང་པོའི་ས་གཞི་ལ།།
རབ་མཛེས་སྙན་ངག་ལྷ་མོའི་སྐུ་འཁྲུངས་ན།།
རབ་དགའ་བརྩེ་བ་ཟབ་མོས་བློས་བསླངས་ནས།།
རབ་བྱུང་འཛིན་གྲོགས་རྣམས་ལ་སྐྱེས་ཤིག་ཕུལ།།

དེ་ལས་མང་བ་། “ལྷ་རྗེ་རྒྱགས་པའི་གཏམ།” »

སྙན་ངག

གལ་སྲིད་རླུང་བུ་གཡུགས་སྲིད་ན།

Posted on 2020-06-292020-06-29 By ཁ་བརྡ No Comments on གལ་སྲིད་རླུང་བུ་གཡུགས་སྲིད་ན།

ཁྲོ་གཏུམ། ༼ཨོ་གླིང་།༽
 
རླུང་བུ་ལྡིང་བ་ནི་ཚ་བ་འགོག་བྱེད་ཡིན་པ་གནས་ལུགས་ཤིག
རླུང་བུ་ལ་སྡང་བ་ནི་ཚ་བར་དགའ་མཁན་ཞིག་ཡིན་པའང་གནས་ལུགས་ཤིག
རླུང་བུ་གཡུགས་པའི་སྟངས་སྟབས་ཀྱིས་སུ་ཞིག་ལ་ངོ་དགའ་བྱེད
གང་ཞིག་ལ་ཕོག་ཐུག་གཏོང་འདོད་ཡོད་མི་སྲིད

སྲིད་པ་ནི་རླུང་བུ་གཡུགས་དགོས་པའི་བར་སྣང་དེ་དང
ཡང་ན་རླུང་བུ་གཡུགས་སྲིད་པའི་གནས་ལུགས་ཤིག

ཧ་ཅང་ལས་སླ་བའི་གནས་ལུགས་འདི་དག་གི་ཧྲག་བར་ན

དེ་ལས་མང་བ་། “གལ་སྲིད་རླུང་བུ་གཡུགས་སྲིད་ན།” »

སྙན་ངག

དུག་འབུ་དང་མི།

Posted on 2020-06-27 By ཁ་བརྡ No Comments on དུག་འབུ་དང་མི།

ཐེ་འོད་ཟེར།
 
དུག་འབུ་འདི་ནི་རང་ཚུཊ་ཅན་ཞིག་སྟེ།།
དཔོན་ཆེན་དག་ལ་ངོ་སོ་མི་སྟེར་ལ།།
ཉམ་ཆུང་ཅན་ཚོར་ལྷག་ཏུ་མི་སྡང་བའི།།
རྒྱུ་འབྲས་བརྩི་བའི་འབུ་འདི་མི་ལས་བཟང་།།

སྒང་ནས་རྫིག་ཉམས་བསྟན་ནས་མི་བཞུཊ་པར།།
འོག་ནས་མགོ་བོ་བསྒུལ་ནས་མི་འདུག་ལ།།
ས་ཕྱོག་དབྱེར་མེད་འཛིན་ལྟངས་གཅིག་ཡིན་པའི།།
དུག་འབུ་འདི་ནི་དཔའ་རྒོད་གཞུངས་དྲང་ཞིག།

དེ་ལས་མང་བ་། “དུག་འབུ་དང་མི།” »

སྙན་ངག

འབྲོག་མོ་སྙིང་ལ་རྗེ་བོ།

Posted on 2020-06-24 By ཁ་བརྡ No Comments on འབྲོག་མོ་སྙིང་ལ་རྗེ་བོ།

ཆང་སྐྱེས།
 
མེ་ཏོག་རི་ལ་བཞད་པའི་སྤང་ལྗོངས་ཁུགས་ནས།།
འབྲི་ཞོ་འོ་མའི་མར་ལོ་ཡང་ཡང་དཀྲུགས་པའི།།
བཅུ་དྲུག་ལང་ཚོ་འབར་བའི་འཛུམ་དཀར་བུ་མོ།།
སྦྲ་ནག་གྲུ་བཞི་འདབས་ཀྱི་མེ་ཏོག་རྐང་གཅིག།

ཆུ་མོ་ཤག་ཤག་འབབ་པའི་རྫ་ལུང་མདོ་ནས།།
རྩྭ་འགོའི་མུ་ཏིག་ཟིལ་བ་རྡོག་པས་གཏོར་བཞིན།།
ཟུར་མིག་འཛུམ་གྱིས་ཕྱུག་པའི་ན་ཆུང་བུ་མོ།།
མཚན་མོ་རྨི་ལམ་ཞིང་གི་སྐར་མ་འོད་ཆེན།།

དེ་ལས་མང་བ་། “འབྲོག་མོ་སྙིང་ལ་རྗེ་བོ།” »

སྙན་ངག

གཞས་ཚིག ཀོ་རོ་ན།

Posted on 2020-06-23 By ཁ་བརྡ No Comments on གཞས་ཚིག ཀོ་རོ་ན།

བདེ་སྐྱིད་དབང་མོ། (དཔེ་སྟོན་སློབ་གྲྭ འཛིན་གྲྭ དྲུག་པ། ཀ ལོ་༡༢)
 
ཉིས་སྟོང་ཉི་ཤུ་བསླེབས་བྱུང།།
རེ་བ་གསར་པ་ཞིག་ལ།།
གོམ་པ་མདུན་དུ་སྤོས་ཀྱང།།
ཆག་འཇིག་མགོ་ལ་ལྷུང་སོང།།

ཝུ་ཧན་གྲོང་གི་མེ་སྟག།།
འཛམ་བུ་གླིང་ལ་མཆེད་སོང།།
ཉམ་ཐག་འགྲོ་བའི་ལས་དབང།།
བཟློག་ཏུ་ཡོད་ན་བསམ་བྱུང།།

དེ་ལས་མང་བ་། “གཞས་ཚིག ཀོ་རོ་ན།” »

སྙན་ངག

ཁྱིམ་སྡོད་ཀ་རྩོམ། (ཀོ་རོ་ན།)

Posted on 2020-06-23 By ཁ་བརྡ 3 Comments on ཁྱིམ་སྡོད་ཀ་རྩོམ། (ཀོ་རོ་ན།)

བསྟན་འཛིན་ནོར་འཛིན། (དཔེ་སྟོན་སློབ་གྲྭ དྲུག་པ། ཁ། ལོ་༡༢)
 
ཀ་ཡི་གྲོགས་པོ་རྣམ་པ་ཚོ།།
ཁ་གཏམ་ཚིག་གསུམ་ཞུས་པ་ན།།
ག་ས་ག་ལ་རིམས་ནད་ཁྱབ།།
ང་ཚོས་ངེས་པར་གཟབ་ནན་དགོས།།

ཅ་ལག་གང་བྱུང་རེག་མི་ཉན།།

ཆ་མེད་མི་དང་འགྲོགས་མི་ཉན།།
ཇ་ཁང་ནང་ཡང་འཛུལ་མི་ཉན།།
ཉ་མོ་ཆུ་ནང་གནས་པ་བཞིན།།

དེ་ལས་མང་བ་། “ཁྱིམ་སྡོད་ཀ་རྩོམ། (ཀོ་རོ་ན།)” »

སྙན་ངག

ཇ་འཁྱགས་ཕོར་གང་གིས་མྱ་ངན་བྱེད།

Posted on 2020-06-23 By ཁ་བརྡ 1 Comment on ཇ་འཁྱགས་ཕོར་གང་གིས་མྱ་ངན་བྱེད།

འདྲེ་གླེན་པ།
 
ཁྱེད་རང་རྩྭ་ཕྲན་ལྟར
དབྱར་ཁ་ལྗང་ཁུ
སྟོན་ཁ་སེར་པོ
དགུན་ཁ་སྐྱ་བོ
ཤིང་སྡོང་འདིས་བདེན་དཔང་བྱེད

ངས་ཁྱོད་སྤྲིན་པ་ལྟར
ཁ་བ་བསྩལ
ཆར་བ་སྦྱིན

དེ་ལས་མང་བ་། “ཇ་འཁྱགས་ཕོར་གང་གིས་མྱ་ངན་བྱེད།” »

སྙན་ངག

ཇ་ཡི་མཆོད་པ་བཀྲ་ཤིས་དཔལ་འབར།

Posted on 2020-06-22 By ཁ་བརྡ No Comments on ཇ་ཡི་མཆོད་པ་བཀྲ་ཤིས་དཔལ་འབར།

ཁ་བའི་རྣམ་ཤེས།
 
རོ་བརྒྱའི་དཔལ་འཛིན་ཇ་ཁུ་དྭངས་མ་འདི།།
སྦྱངས་རྟོགས་སྦར་བས་བདུད་རྩིའི་བཅུད་དུ་སྨིན།།
སྟེང་ཕྱོགས་གྲུ་འཛིན་ཞིང་དུ་བཞུགས་པ་ཡི།།
དཀར་ཕྱོགས་སྐྱོང་བའི་ལྷ་ཡི་ཚོགས་ལ་འབུལ།།
གངས་ལྗོངས་སླར་ཡང་དར་བའི་བཀྲ་ཤིས་ཤོག།།

ཇ་ཁུ་ཚྭ་དང་བསྦྱར་ཏེ་འབྲི་མར་འདེབས།།
མདོང་མོའི་ནང་དུ་དཀྲུག་དཀྲུག་ལན་དགུ་གཏོང་།།
རོ་བཅུད་གཉིས་ལྡན་བོད་ཇ་གར་མ་འདི།།

དེ་ལས་མང་བ་། “ཇ་ཡི་མཆོད་པ་བཀྲ་ཤིས་དཔལ་འབར།” »

སྙན་ངག

སྟོད་ཀྱི་མྱི་བོ།

Posted on 2020-06-222020-06-22 By ཁ་བརྡ No Comments on སྟོད་ཀྱི་མྱི་བོ།

སྐྱིད་སྲས་དགེ་ལེགས་ཉི་མ།
 
ལ་སྟོད་གངས་ཀྱི་ཐོད་པའི་རུས་ལ་གཤེན་གྱི་ཨཱོྃ་ཡིག་འཁྲུངས་པའམ།།
དྭངས་གཙང་མཚོ་ཆེན་ལྟེམ་པའི་དཀྱིལ་ལ་སྡོང་ལོ་ལྷོད་ཀྱིས་བབས་པ་གང་།།
བོད་ལ་བབས་པའི་ཀ་ཡིག་ཨེ་རེད་དེ་ཡི་གདངས་ཞིག་འཐོར་ནས་འདུག།
མཚོ་ཆུང་ཁ་ནས་འཕུར་བ་ཨེ་ཡིན་ཆུ་ཡི་གཉེར་རིས་འགུལ་བཞིན་འདུག།

གངས་ལ་ཐོགས་པ་འདབ་མ་ཨེ་རེད་གཞུང་རྟའི་ཡལ་གར་འཆུས་ནས་འདུག།
འདབ་མ་གངས་ལ་འཐིམ་པ་ཨེ་རེད་གངས་དང་འདབ་མ་གཅིག་ལ་གྲུབ།།
སྟོད་ཀྱི་མྱི་བོ་ལ་ཐོད་ཅན་པོ་ཁྱེད་ཉིད་ཨེ་རེད་སྟོད་ནས་ཕེབས།
ཞོན་རྟ་ཁམ་པ་རྔོག་རིང་ཨེ་ཡིན་གོམ་པས་རླུང་བུ་འཐག་ནས་བྱོན།།

དེ་ལས་མང་བ་། “སྟོད་ཀྱི་མྱི་བོ།” »

སྙན་ངག

ཙོང་ཁ་པ། 

Posted on 2020-06-22 By ཁ་བརྡ No Comments on ཙོང་ཁ་པ། 

ཨ་འདུས་སྐལ་བཟང་རྒྱ་མཚོ།
 
ཙོང་ཁའི་ཡུལ་ནས་སྔར་མེད་བུ་ཞིག་འཁྲུངས།།
དབུས་སུ་ཕེབས་ཏེ་རིས་མེད་དམ་པ་བསྟེན།།
ཤེས་རབ་རྣོ་བས་གྲུབ་མཐའ་གསར་པ་བརྩམས།།
དམ་པ་དེ་ལ་བློ་བཟང་གྲགས་པར་འབོད།།

ངག་དབང་གྲགས་པ་ལ་སོགས་ཐུགས་སྲས་བསྐྱངས།།
དགའ་ལྡན་རི་བོའི་རྩེ་རུ་གདན་ས་བཏབ།།
བོད་ཀྱི་རྒྱལ་སར་ཆོ་འཕྲུལ་སྨོན་ལམ་བཙུགས།།
མི་བོ་ཆེ་དེར་ཙོང་ཁ་པ་ཞེས་བྱ།།

དེ་ལས་མང་བ་། “ཙོང་ཁ་པ། ” »

སྙན་ངག

ནམ་མཁའི་ནོར་བུ་དྲན་པ།

Posted on 2020-06-18 By ཁ་བརྡ 2 Comments on ནམ་མཁའི་ནོར་བུ་དྲན་པ།

ཨ་འདུས་སྐལ་བཟང་རྒྱ་མཚོ།
 
བོད་ཀྱི་རིག་པའི་འོད་སྣང་བཀྱེ་ཐེངས་རེས།།
ལོག་བཤད་མུན་པའི་མགྲིན་པ་གཏིང་ནས་རྨས།།
སྙན་པ་ཤར་ནུབ་མཁའ་ལ་འཕུར་བ་ཡི།།
ནམ་མཁའི་ནོར་ནུ་དེང་འདིར་དྲན་པར་རིགས།།

རལ་བ་རིང་ཡང་རིག་རྩལ་དེ་བས་རིང་།།
ཁྱིམ་པ་ཡིན་རུང་ཆོས་ཀྱི་འཚོ་བ་ཅན།།
བན་ནས་སྐྱེས་ཀྱང་བོན་ལ་སྨོད་རབས་མེད།།
ཁྱོད་ཀྱི་ཡོན་ཏན་བརྗོད་པས་ག་ལ་ལང་།།

དེ་ལས་མང་བ་། “ནམ་མཁའི་ནོར་བུ་དྲན་པ།” »

སྙན་ངག

དེ་རིང་གི་སེམས་པ།

Posted on 2020-06-18 By ཁ་བརྡ No Comments on དེ་རིང་གི་སེམས་པ།

ཆང་སྐྱེས།
 
དེ་རིང་སེམས་འདི་གཡུ་ཡི་མེ་ལོང་ཞིག།
དེ་ལས་འཕྲོས་པའི་འཆར་སྣང་སྣ་ཚོགས་ཤིག།
སྣང་བ་སྒྱུ་མས་བསླུས་པའི་ཁུགས་སོ་ན།།
སེམས་ཀྱི་བུ་ཆུང་གླ་བོ་ཁེར་ལྡིང་ཞིག།

དེ་རིང་སེམས་འདི་བྱིས་པ་ཆུང་ཆུང་ཞིག།
ཕྱི་ནང་གཉི་ག་གསལ་བོ་གསལ་རྐྱང་ཞིག།
དྲིན་ཆེན་ཕ་མ་ཟུང་གི་ལག་འགོ་ནས།།
དགད་ཀྱང་ཆོག་ལ་ངུ་ཡང་ཆོག་ཆོག་ཅིག།

དེ་ལས་མང་བ་། “དེ་རིང་གི་སེམས་པ།” »

སྙན་ངག

བཀྲ་ཤིས་ཇ་ཁང་ནང་གི་མེ་ཏོག་ཆུན་པོ།

Posted on 2020-06-16 By ཁ་བརྡ No Comments on བཀྲ་ཤིས་ཇ་ཁང་ནང་གི་མེ་ཏོག་ཆུན་པོ།

ཆང་སྐྱེས།
 
ལས་དབང་བུ་མོ།
ཞལ་རས་དཀར་པོ་བཅོ་ལྔའི་ཟླ་བཞིན་རྒྱས།།
བྲང་གི་མྱོས་བུམ་དུང་དཀར་གཟུགས་སུ་འབུར།།
སྐད་ཆ་ཚིག་རེ་བར་ན་དགོད་སྒྲ་རེ།།
དགོད་སྒྲ་རེ་རེ་ནང་ན་དབྱངས་རྟ་རེ།།

མཚོ་མོ།
དེང་རབས་གོམ་སྟབས་མྱུར་མོའི་གྲུ་ཁ་ནས།།
སྲེད་པའི་ཟུར་མིག་འཇམ་པོ་ཕྱོགས་སུ་གཡོ།།

དེ་ལས་མང་བ་། “བཀྲ་ཤིས་ཇ་ཁང་ནང་གི་མེ་ཏོག་ཆུན་པོ།” »

སྙན་ངག

གཤོག་པ་བསྐྱུར་ནས་འཕུར་ཚུལ།

Posted on 2020-06-16 By ཁ་བརྡ No Comments on གཤོག་པ་བསྐྱུར་ནས་འཕུར་ཚུལ།

འདྲེ་གླེན་པ།
 
ཝེ་་་་་་་་་་་་་་་ནམ་མཁའ་འཚོ
ད་ང་བུད་འགྲོ
རྗེས་ལ་ཁ་པར་མ་གཏོང་
ཁྱིམ་ན་རྒན་མོ་ཡོད ཞ་ཞི་ཡང་ཡོད

ཝེ་་་་་་་་་་་་་་་ནམ་མཁའ་འཚོ
ཁྱོད་རྒན་གསོ་ཁང་ནས་སུན་ན
སློབ་གྲྭར་སོང་
རྒན་ཡོལ་གྱི་ཡོང་འབབ་ཉུང་ཉུང་མ་རེད་མོས

དེ་ལས་མང་བ་། “གཤོག་པ་བསྐྱུར་ནས་འཕུར་ཚུལ།” »

སྙན་ངག

Posts pagination

Previous 1 … 16 17 18 … 220 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (17)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme