Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་མགོ་ནག་ཚང་མ་ཁྱིམ་ཚང་གཅིག

Posted on 2012-11-142012-11-14 By ཁ་བརྡ་ 1 Comment on བོད་མགོ་ནག་ཚང་མ་ཁྱིམ་ཚང་གཅིག

སོག་མདའ།

ལུས་ཤ་ཁྲག་གཅིག་པའི་ཨ་མྱེ་དང་ཨ་ཁུས།།
དཔའ་ཐེ་ཚོམ་འཇིགས་ཞུམ་སྤུ་ཙམ་ཡང་མེད་པར།།
རྒྱ་དམར་བོའི་མེ་མདའི་སོ་ཁ་ལ་མཆོངས་ནས།།
བོད་གངས་རིའི་རིགས་རྒྱུད་ང་ཚོ་ཡི་ཆེད་དུ་།།

དེ་ལས་མང་བ་། “བོད་མགོ་ནག་ཚང་མ་ཁྱིམ་ཚང་གཅིག” »

སྙན་ངག

ང་ཚོ་སད་རན་འདུག

Posted on 2012-11-122012-11-12 By ཁ་བརྡ་ 21 Comments on ང་ཚོ་སད་རན་འདུག

རེབ་ཐོག་མདའ།

ཞི་བའི་བཅིངས་འགྲོལ་ཁ་ལ་འཁྱེར་བའི་ལོ་རབས་ལྔ་བཅུའི་སྣེ་མོ་ནས།།
དོན་ཚན་བཅུ་བདུན་མིང་གིས་ལྕིབས་པའི་མེ་མདའ་ཞིག་གི་སོ་ཁ་ནས།།
སྒང་བ་བོད་ལ་འཇབ་ནས་སླེབས་པའི་ཤར་ཕྱོགས་རྒྱ་ཡི་ལག་དམར་ཚོས།།
གཞིས་བྱེས་བོད་པ་ཁ་ཁ་བཟོས་པའི་ན་ཟུག་སྙིང་ལ་བརྐོས་ནས་ཡོད།།

དེ་ལས་མང་བ་། “ང་ཚོ་སད་རན་འདུག” »

སྙན་ངག

ལས་འདིར་གཟིགས་པའི་དུས་རེད།

Posted on 2012-11-12 By ཁ་བརྡ་ 3 Comments on ལས་འདིར་གཟིགས་པའི་དུས་རེད།

གངས་རིའི་སྲས་མོ།

འབྲོག་པ་གྲོང་བསྒྱུར་ཟེར་ནས།། ནོར་ལུག་མེད་པར་བཟོས་སོང།།
ཅང་མེད་ཁང་སྟོང་ཞིག་གིས།། ཁ་ཙམ་གསོ་ཐབས་ཡོད་དམ།།

འཆར་ལྡན་བུ་སྐྱེ་ཟེར་ནས།། བུད་མེད་སྐྱེ་སྒོ་བཀག་སོང་།།
ཕྲུ་གུ་འཕེལ་བ་བཀག་ན།། རིགས་རྒྱུད་ཇི་ལྟར་སྤེལ་ལམ།།

དེ་ལས་མང་བ་། “ལས་འདིར་གཟིགས་པའི་དུས་རེད།” »

སྙན་ངག

མ་བཅོས་ཡིད་ཀྱི་རང་སྒྲ།

Posted on 2012-11-11 By ཆུ་སྐྱེས་སྒྲོལ་མ། 14 Comments on མ་བཅོས་ཡིད་ཀྱི་རང་སྒྲ།

བསམ་གླིང་ཚེ་རིང་ལྷ་མོ།

སྡོང་པོ་ལོ་མའི་འཁུར་གྱིས་རབ་ལྕི་ཞིང་།།
ལྡེམ་ལྡེམ་གར་སྟབས་སྤྲོ་བའི་ཤུགས་དང་བྲལ།།
ལྷིང་འཇགས་ནགས་ཀྱི་འཇོལ་མོའི་ཅ་ཅོ་ཡང་།།
མྱ་ངན་གདུང་བས་ཀྱི་ཧུའི་སྒྲ་དང་མཚུངས།།

དེ་ལས་མང་བ་། “མ་བཅོས་ཡིད་ཀྱི་རང་སྒྲ།” »

སྙན་ངག

ངོ་ལོག་པ་སླེབས་ཡོད།

Posted on 2012-11-112012-11-11 By ཁ་བརྡ་ 31 Comments on ངོ་ལོག་པ་སླེབས་ཡོད།

བཀྲ་ཤིས་དོན་འགྲུབ།

དགོན་མིན་དགོན་པར་བཏགས་པའི་གྲོང་བརྡལ་ནས།།
དབུ་སྐྲ་མཚོན་ལ་དྲངས་པའི་གྲྭ་རྒོད་དག།།
བྱེས་ལ་གཞིས་ཆགས་ཟེར་བའི་གྲོང་གསེབ་ཏུ།།
ངེས་འབྱུང་ཞལ་ཁ་བསྒྱུར་བ་ཇེ་མང་རེད། །

དེ་ལས་མང་བ་། “ངོ་ལོག་པ་སླེབས་ཡོད།” »

སྙན་ངག

ཆིག་ལབ་རིང་མོ། ༼ཚན་པ་དང་པོ༽

Posted on 2012-11-11 By ཁ་བརྡ་ 32 Comments on ཆིག་ལབ་རིང་མོ། ༼ཚན་པ་དང་པོ༽

——སློབ་གྲྭ་དང་སློབ་གྲོགས་གླེང་བ།

དོལ་སྨྱོན།
 ༡༽
 སྨུག་པ་འཐུལ་བའི་གནས་འདི་རུ།།
 ཆར་བ་འབབ་པའི་གནས་འདི་རུ།།
 གྲང་རླུང་སྐྱེན་པའི་གནས་འདི་རུ།།
 བདེ་དྲོད་བྲལ་བའི་གནས་འདི་རུ།།

དེ་ལས་མང་བ་། “ཆིག་ལབ་རིང་མོ། ༼ཚན་པ་དང་པོ༽” »

སྙན་ངག

བུ་ལོས་ཕ་ལོར་ཕུལ་བའི་སེམས་འཕྲིན།

Posted on 2012-11-102012-11-10 By ཁ་བརྡ་ 1 Comment on བུ་ལོས་ཕ་ལོར་ཕུལ་བའི་སེམས་འཕྲིན།

སོག་མདའ་གཡུ་མགོན་པོ་སྐྱབས།

ཕྱི་དྲོ་མཚམས་སྤྲིན་ནུབ་རིའི་ཕར་ཕྱོགས་སུ་ཡོལ་དུས།།
ཨ་མའི་ནུབ་ཚ་སྐོལ་ནས་ཨ་ཕ་ལ་སྒུག་ཀྱང་།།
ཕ་ལོ་ཕྱིར་ཡོང་མེད་པའི་དགོང་མོ་དེ་བསམ་ན།།
ཡ་ཆུང་སྙིང་གི་དཀྱིལ་ལ་ཚ་ཤུར་ཞིག་བརྒྱབ་སོང་།།

དེ་ལས་མང་བ་། “བུ་ལོས་ཕ་ལོར་ཕུལ་བའི་སེམས་འཕྲིན།” »

སྙན་ངག

ལྷ་ཚོགས་དྲན་པ། ༼བོད་འབྱོར༽

Posted on 2012-11-102012-11-10 By ཁ་བརྡ་ 1 Comment on ལྷ་ཚོགས་དྲན་པ། ༼བོད་འབྱོར༽

ས་དཀྱིལ་ཚེ་བཀྲ།

ཉི་མ་འདི་ཚོར། གནམ་ངོ་རབ་རིབ་ཀྱིས་དཔྱིད་རླུང་ལྡང་གིན་འདུག
དཔྱིད་རླུང་ལྡང་བའི་ཉི་མ་འདི་ཚོར། ཉེ་འཁོར་འདིའི་ཡུལ་མི་ཚོས་བསུན་སྣང་དང་ཉམ་ཆུང་གི་མིག་ཟུང་གིས་སུ་ཞིག་ལ་ལེ་བདའ་བྱེད་ཀྱིན། སུ་ཞིག་ལ་དམོད་མོ་གཏོང་གིན། ཡང་ན། མཁར་གྲོང་དང་སྲང་ལམ་གྱི་བཞི་མདོ་རེ་རེ་ན་གཟེབ་ནང་གི་འདབ་ཆགས་ཚོགས་མིག་གིས་འཚོ་བའི་མེ་ལོང་དམར་པོ་དག་མེད་ས་ན། སྐྱོ་སྡུག་གི་མཆི་མ་ཁོག་ལ་བསྙིལ་ནས་སུ་ཞིག་ལ་ངུ་ངག་གིས་མཆིལ་ཞགས་འཕེན་སྙིང་འདུག

དེ་ལས་མང་བ་། “ལྷ་ཚོགས་དྲན་པ། ༼བོད་འབྱོར༽” »

སྙན་ངག

དོ་ནུབ ཁྱོད་རྨི་ལམ་དུ་འཁོར

Posted on 2012-11-10 By ཁ་བརྡ་ 1 Comment on དོ་ནུབ ཁྱོད་རྨི་ལམ་དུ་འཁོར

ཁྲོ་གཏུམ།

བློ་རྩེ་མ་འཁྱོལ་བར་ཁྱོད་རང་བརྗེད་དེ་ལོ་མང་འགོར
དོ་ནུབ གནས་ལུགས་མེད་ལ ད་དུང་རྒྱུ་མཚན་ཡང་མེད་པར
ཁྱོད་རང་རྨི་ལམ་དུ་གསལ་ཞིང ད་དུང་དྲོད་ཁོལ་འཛོམས
ཁྱོད་རང་མ་གཞི་ངའི་སེམས་གཏིང་ནས་བརྗེད་ཚར་ཡོད

དེ་ལས་མང་བ་། “དོ་ནུབ ཁྱོད་རྨི་ལམ་དུ་འཁོར” »

སྙན་ངག

མེ་ཕུང་། མེ་ཕུང་། མེ་ཕུང་།

Posted on 2012-11-09 By ཁ་བརྡ་ 4 Comments on མེ་ཕུང་། མེ་ཕུང་། མེ་ཕུང་།

ས་དཀྱིལ་ཚེ་བཀྲ། (བོད་འབྱོར།)

ཉག་ཕྲ་བའི་དུས་སུ། ཚེ་སྲོག་ལས་རྩ་ཆེ་བ་གཟི་བརྗིད་ཉིད།①
མེ་ཕུང་། གཅེས་པར་འོས་པའི་ཐ་ཚིག་ཅིག་སྟེ། སྙིང་ཉེ་བའི་མཆུ་སྒྲོས་ལ་འོད་ཀྱི་གོང་བུ་འཛུམ་པའི་མེ་ཏོག་མང་པོས་ཚ་སྡུག་གི་ཀློང་ནས། མཛེས་སྡུག་སྤར་སོང་། ལང་ཚོ་སྤར་སོང་། བདེན་དོན་སྤར་སོང་། མེ་ལྕེ་དྲག་པོ་འབར་བའི་མེ་ཕུང་རེ་རེ་ནི། ཏག་ཏག ཉི་ཟླའི་སྙིང་ལ་ཚི་ལུ་ཆགས་པའི་གཏམ་རྒྱུད་དག མུན་པའི་ཁྲོད་ཕྱེ་མ་ལེབ་ཁྲ་བོ་དག་གིས་སྒྱུ་རྩལ་གྱི་ལམ་ཁར་བདེན་སྣང་འཚོལ་བ་དང་མཚུངས་ཨང་།

དེ་ལས་མང་བ་། “མེ་ཕུང་། མེ་ཕུང་། མེ་ཕུང་།” »

སྙན་ངག

མར་མེ་འོད་ཆེན།

Posted on 2012-11-09 By ཁ་བརྡ་ No Comments on མར་མེ་འོད་ཆེན།

འཁྱམས་པོ།

དུངས་དུངས་ཀྱི་དུངས་པ་ཟབ་པས་་་མར་མེ་འོད་ཆེན།
འབུམ་ཕྲག་གི་རེ་བ་བརྩེགས་པའི་ང་།
འབར་བཞིན་འབརབཞིན་ང་འབར་སོང་།
ངའི་ཨ་མྱེ་འབར་ ཨ་ཕ་འབར་ བུ་ཆུང་འབར་ ཕུ་བོ་དང་ནུ་མོ་འབར།

དེ་ལས་མང་བ་། “མར་མེ་འོད་ཆེན།” »

སྙན་ངག

མ་འབར་རོགས་ཞུ།

Posted on 2012-11-09 By ཁ་བརྡ་ 25 Comments on མ་འབར་རོགས་ཞུ།

རྔ་བ་ཀུན་བཟང་སྒྲོལ་མ།

དུས་རབས་གསར་བའི་སྤྱི་ཚོགས་ཟིང་ཆའི་ཁྲོད་དུ།།
ན་གཞོན་གསར་བའི་ཚེ་སྲོག་གཅིག་འབར་གཉིས་འབར།།
ཁ་བ་ཚང་གི་མི་འབོར་གཅིག་རྫོགས་གཉིས་རྫོགས།།
མི་རབས་གསར་བའི་མདུན་ལམ་མ་འབར་རོགས་ཤེས།།

དེ་ལས་མང་བ་། “མ་འབར་རོགས་ཞུ།” »

སྙན་ངག

སྒྲུབ་ཆེན།

Posted on 2012-11-082012-11-08 By ཁ་བརྡ་ 8 Comments on སྒྲུབ་ཆེན།

བཀྲ་ཤིས་དོན་གྲུབ།

གསེར་གྱི་ལྷ་ཁང་ཆེན་པོའི་ནང་ཁུད་ན།།
གསེར་གྱི་སྐུ་འདྲ་ཞལ་རས་འཛུམ་དམུལ་དམུལ།།
གསེར་ཁྲི་སེང་གེས་བཏེགས་པའི་ཡང་སྟེང་གི །
གསེར་ཞལ་ཅན་དེ་ཡིད་ལ་ལྷང་ལྷང་དྲན།།

དེ་ལས་མང་བ་། “སྒྲུབ་ཆེན།” »

སྙན་ངག

ཚེ་སྲོག་རླབས་ཆེན་ཡིན། མེ་ལྕེ་གཟི་བརྗིད་ཡིན།

Posted on 2012-11-082012-11-08 By ཁ་བརྡ་ 2 Comments on ཚེ་སྲོག་རླབས་ཆེན་ཡིན། མེ་ལྕེ་གཟི་བརྗིད་ཡིན།

མ་སྐྱེས་མེ་ཏོག

མི་རིགས་ཤིག་གི་བདེན་པའི་སྙིང་སྟོབས་སེམས་བསྐྱེད་ཀྱིས་
ཁྱེད་ཅག་གི་རང་གཟུགས་མེ་རུ་འབར་སོང་།
བྱམས་བརྩེ་སྙིང་བོ་ཡིན་པའི་འཚེ་མེད་ཞི་བས་གཏོང་ཕོད་ཀྱིས་
ཁྱེད་ཅག་གི་ཚེ་སྲོག་ཕྲ་མོ་མི་རིགས་ལ་ཕུལ་སོང་།
ཁྱེད་ཅག་གི་སྲོག་གི་དབང་བོ་མི་རིགས་ལ་འཐིམས་པའི་སྙིང་སྟོབས་ཀྱི་
མེ་ལྕེ་འདི་མཛེས་སྡུག་གི་སྟོང་པ་ཡིན།

དེ་ལས་མང་བ་། “ཚེ་སྲོག་རླབས་ཆེན་ཡིན། མེ་ལྕེ་གཟི་བརྗིད་ཡིན།” »

སྙན་ངག

ངའི་སྲིང་ཆུང་མ། ༼སྨིན་སྣང་མཛེས་ཀྱི་དཔར་ལ་བལྟས་ནས་བྲིས།༽

Posted on 2012-11-072012-11-07 By ཁ་བརྡ་ 7 Comments on ངའི་སྲིང་ཆུང་མ། ༼སྨིན་སྣང་མཛེས་ཀྱི་དཔར་ལ་བལྟས་ནས་བྲིས།༽

སོག་མདའ།

སྟོད་ཕྱོགས་འབྲོག་གི་སྦྲ་ཁྱིམ་ནང་ནས་ངག་སྐད་རི་ལ་ཤོར་ཉིན་ནས།།
ཕ་མའི་སེམས་ལ་དྲོད་ཁོལ་སྦྱིན་པའི་བུ་མོ་ཆུང་ཆུང་སྙིང་རྗེ་བོ།།
གནག་སྣུམ་སྨིན་མའི་བམ་ཁ་མཐུག་ཀྱང་ཁྲ་ཆུང་མིག་གི་ཆགས་པ་མཛེས།།
འཇམ་ཞིང་ནག་པའི་ནོས་སྐྲ་བསིལ་བུ་རྒྱ་ལྕང་ལོ་མའི་འཁྲི་ཤིང་འདྲ།།

དེ་ལས་མང་བ་། “ངའི་སྲིང་ཆུང་མ། ༼སྨིན་སྣང་མཛེས་ཀྱི་དཔར་ལ་བལྟས་ནས་བྲིས།༽” »

སྙན་ངག

དཔའ་བོའི་རྟོགས་བརྗོད།

Posted on 2012-11-072012-11-07 By ཤར་ཕྱོགས་ཁུག་རྟ། 7 Comments on དཔའ་བོའི་རྟོགས་བརྗོད།

ལྷ་ཆབ་སྦྱིན་པ།

ཡ་གའི་སྟོད་ན་གངས་ཤིག་མཐོང་བ་མེས་པོ་དམ་པའི་བླ་རི་སྟེ།།
དམའ་མོའི་གཤོངས་ན་མཚོ་ཞིག་འཁྱིལ་བ་མ་དང་སྲི་མོའི་མིག་ཆུ་ཉིད།།
བདག་གི་ཕ་ཡུལ་གཞན་ལ་ཤོར་ནས་མི་ལོ་དྲུག་ཅུ་ཧྲིལ་གྱིས་འདས།།
མུན་པའི་བམ་ཁ་དྲག་ཏུ་བྱེར་བའི་སྙིགས་མའི་དུས་ཀྱི་མཐའ་མ་འདིར།།

དེ་ལས་མང་བ་། “དཔའ་བོའི་རྟོགས་བརྗོད།” »

སྙན་ངག

ཚེ་སྲོག་ལ་འཐིམ་པའི་རོལ་དབྱངས།

Posted on 2012-11-06 By ཁ་བརྡ་ 9 Comments on ཚེ་སྲོག་ལ་འཐིམ་པའི་རོལ་དབྱངས།

དོལ་སྨྱོན།

གསལ་བྱེད་སུམ་ཅུ་ང་ཡི་ཟུངས་ཁྲག་ཡིན།།
སུམ་རྟགས་དག་གསུམ་ང་ཡི་རུས་རྐང་ཡིན།།
སྙན་ངག་མངོན་བརྗོད་ང་ཡི་མཛེས་རྒྱན་ཡིན།།
ནང་རིག་སྨན་དཔྱད་ང་ཡི་འཇིག་རྟེན་ཡིན།།

དེ་ལས་མང་བ་། “ཚེ་སྲོག་ལ་འཐིམ་པའི་རོལ་དབྱངས།” »

སྙན་ངག

མཐུན་སྒྲིལ་མེ་ལྕེའི་འོད་མདངས།

Posted on 2012-11-052012-11-06 By ཁ་བརྡ་ 4 Comments on མཐུན་སྒྲིལ་མེ་ལྕེའི་འོད་མདངས།

སོག་མདའ།

སྟོད་ཕྱོགས་རྒྱ་གར་ཆོས་ཀྱི་ཞིང་ནས་དཔའ་བོ་ངར་མའི་མེ་ཁ་གསོས།།
སྨད་ཕྱོགས་མདོ་སྨད་ས་ཡི་ཐིག་ནས་མེ་ལྕེ་དམར་བོ་རིམ་གྱིས་མཆེད།།
ཆོལ་གསུམ་གངས་རིའི་རང་མདངས་དེ་ཡང་དམར་བོ་མེ་ལྕེའི་འོད་ཀྱིས་གཏམས།།
ཕ་ས་གངས་རིའི་བདེ་སྡུག་་གཉོར་བཞིན་ཆོལ་གསུམ་སྤུན་ཟླ་གཅིག་ལ་སྒྲིལ།།

དེ་ལས་མང་བ་། “མཐུན་སྒྲིལ་མེ་ལྕེའི་འོད་མདངས།” »

སྙན་ངག

མདུན་ལམ་འཚོལ་བ།

Posted on 2012-11-052012-11-05 By ཁ་བརྡ་ 7 Comments on མདུན་ལམ་འཚོལ་བ།

དམེ་ཤུལ་འཇིགས་མེད་འོད་ལྡན།

ཁ་བ་གངས་ཀྱིས་བསྐོར་བའི་ཡུལ་གྲུ་ཞིག་ན།།
རང་དབང་ཞི་བདེར་དགའ་བའི་མི་རིགས་ཤིག་གིས།།
རྩམ་སྐྱོ་བལྡག་ཅིང་མ་ཎི་བཟློ་བའི་ཞོར་དུ།།
སྲོག་ཆགས་འབུ་སྲིན་ཚུན་ལ་གནོད་འཚེ་སྤངས་ཡོད།།

དེ་ལས་མང་བ་། “མདུན་ལམ་འཚོལ་བ།” »

སྙན་ངག

ལར་ཞེན་གྱི་མེ་འབར་སྟངས།༼བོད་དོན་སླད་དུ་རང་སྲོག་མེ་ལ་བསྒྲོན་པའི་དཔའ་བོ་དཔའ་མོ་ཚོ་ལ་རྗེས་དྲན་དུ་བསྟབས་པའི་ངག་ཕྲེང་།༽

Posted on 2012-11-04 By ཁ་བརྡ་ 31 Comments on ལར་ཞེན་གྱི་མེ་འབར་སྟངས།༼བོད་དོན་སླད་དུ་རང་སྲོག་མེ་ལ་བསྒྲོན་པའི་དཔའ་བོ་དཔའ་མོ་ཚོ་ལ་རྗེས་དྲན་དུ་བསྟབས་པའི་ངག་ཕྲེང་།༽

__ཨ་རིག་དགེ་མཐོང་།

སྲས་གཙང་སྲས་པོས་སྲིད་པའི་ཁམས་འདིར་འཚེ་མེད་ཞི་བའི་ལམ་སྲོལ་བཏོད། །
ད་ལྟའི་དུས་སུ་ཏ་ལའི་བླ་མར་ཀུན་གྱིས་ཞི་བདེའི་དེད་དཔོན་འབོད། །
དེ་ཡི་རྗེས་འཇུག་གདོང་དམར་བོད་ཀྱིས་འཚེ་མེད་ཞི་བའི་དར་ཐག་འཐེན། །
མི་རིགས་བདེ་སྡུག་སྙིང་ལ་བཅངས་ཏེ་ཚེ་སྲོག་དམར་པོས་སྒྲོན་མེ་སྤར། །

དེ་ལས་མང་བ་། “ལར་ཞེན་གྱི་མེ་འབར་སྟངས།༼བོད་དོན་སླད་དུ་རང་སྲོག་མེ་ལ་བསྒྲོན་པའི་དཔའ་བོ་དཔའ་མོ་ཚོ་ལ་རྗེས་དྲན་དུ་བསྟབས་པའི་ངག་ཕྲེང་།༽” »

སྙན་ངག

Posts pagination

Previous 1 … 148 149 150 … 220 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (26)
  • ན་ཟུག (9)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme