Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གུར་མགོན་སྐྱབས་ལ་བསྔོ་སྨོན་ཀུན་བཟང་ལམ་སྟོན།

Posted on 2016-07-012016-07-01 By ཁ་བརྡ་ No Comments on གུར་མགོན་སྐྱབས་ལ་བསྔོ་སྨོན་ཀུན་བཟང་ལམ་སྟོན།

ཨེ་མ་ཧོ།

 
ན་མོ་གུ་རུ་པདྨ་ཀ་ར་ཡེ།
མགོན་རྒྱལ་བ་ཀུན་འདུས་ཐུགས་རྗེ་ཅན།།
སྐྱབས་བླ་མ་པདྨ་འབྱུང་གནས་དང་།།
ལྷ་རྩ་གསུམ་ཆོས་སྐྱོང་སྲུང་མ་ཡིས།།
བུ་ཉམ་ཆུང་བར་དོའི་ལམ་སྣ་དྲོངས།།
སེམས་བསམ་པ་བཟང་པོའི་མི་རབས་ཤིག།

དེ་ལས་མང་བ་། “གུར་མགོན་སྐྱབས་ལ་བསྔོ་སྨོན་ཀུན་བཟང་ལམ་སྟོན།” »

སྙན་ངག

འཁྲིག་ཐབས་སློབ་ཁྲིད།

Posted on 2016-06-292016-06-29 By ཁ་བརྡ 29 Comments on འཁྲིག་ཐབས་སློབ་ཁྲིད།

སྐྱོ་བྲག་དགའ་དབང་།

 
འཛམ་བུའི་གླིང་གི་སྐྱེ་བའི་དངོས་པོ་ཐམས་ཅད་ཕོ་མོའི་རྡུལ་འདུས་པ་ལས་བྱུང་ཞིང་། འགྲོ་བ་མི་ཡང་ཕོ་མོའི་ཁམས་འདུས་པ་ལས་འབྱུང་གིན་ཡོད་ལ། ཕོ་མོའི་ཁམས་འདུས་པའི་ཐབས་རང་བྱུང་ལྷན་སྐྱེས་ཀྱིས་གྲུབ་པ་ནི་འཁྲིག་པ་སྤྱོད་པ་ཡིན། གལ་སྲིད་འགྲོ་བ་མི་སྤྱིའམ་མི་རིགས་བྱེ་བྲག་པ་ཞིག་གི་ཕོ་མོས་འཁྲིག་པ་གཏན་ནས་མི་སྤྱོད་པའི་དུས་སྐབས་ཤིག་ཤར་བ་ཡིན་ན། འགྲོ་བ་མི་སྤྱིའམ་མི་རིགས་བྱེ་བྲག་པ་དེ་འཇིག་རྟེན་འདི་ནས་ཡལ་འགྲོ་བ་ལས་འཚོ་གནས་ཡོང་གི་མ་རེད། དེས་ན་འཁྲིག་པ་སྤྱོད་པ་ནི་རང་གི་རིགས་རྒྱུན་སྤེལ་བའི་རྩ་བ་རང་བྱུང་ལྷན་སྐྱེས་སུ་གྲུབ་པའི་གནས་ཚུལ་ཞིག་ལས་བཙོག་བལྟ་དགོས་པའི་བྱ་བ་ངན་པ་ཞིག་གང་མ་རེད།

དེ་ལས་མང་བ་། “འཁྲིག་ཐབས་སློབ་ཁྲིད།” »

རྩོམ་རིག

འཆི་བ་མི་རྟག་པ།

Posted on 2016-06-282016-06-28 By ཁ་བརྡ 1 Comment on འཆི་བ་མི་རྟག་པ།

ཀོང་པོའི་བུ་མོ།

 
རྟག་བརྟན་མེད་པའི་འཇིག་རྟེན་འདིར།།
ཟང་ཟིང་བྱ་སྤྱོད་མང་ན་ཡང་།།
དེ་རིང་ཚེ་སྲོག་གནས་པ་དེས།།
གཞན་ལ་ཕན་པའི་སེམས་ཤིག་སྐྱེས།།

འཆི་བ་མི་རྟག་ལུས་རྟེན་འདི།།

དེ་ལས་མང་བ་། “འཆི་བ་མི་རྟག་པ།” »

སྙན་ངག

རེ་སྨོན་སེམས་ཀྱི་འཆར་སྣང་།

Posted on 2016-06-282016-06-28 By ཁ་བརྡ No Comments on རེ་སྨོན་སེམས་ཀྱི་འཆར་སྣང་།

ལྷ་ཐོག་འཆི་པོ་རྒྱལ།

 
བོད་རིགས་ཚོ་ལ་ཕུལ།

གདོང་དམར་པོ་རྩམ་ཟན་བོད་རིགས་ཚོ།།
ཤོག་ཕྱོགས་ལྷུང་ཁྱེད་ཚོའི་བསམ་པ་མིན།།
རང་རིགས་རྒྱུད་བརླག་ལ་ཉེ་བའི་དུས།།
རོགས་ནང་ཚང་མཐུན་ན་རྒྱལ་ཁ་ཡིན།།

དེ་ལས་མང་བ་། “རེ་སྨོན་སེམས་ཀྱི་འཆར་སྣང་།” »

སྙན་ངག

ཆུང་འདྲིས་རོགས་ལོ་ཞལ་ཐང་སྒྲོལ་མ་མིན།

Posted on 2016-06-282016-06-28 By ཁ་བརྡ No Comments on ཆུང་འདྲིས་རོགས་ལོ་ཞལ་ཐང་སྒྲོལ་མ་མིན།

ཟླ་གཞོན།

 
དབྱངས་ཅན་ལྷ་མོ་ཞལ་ཐང་ཞིག།
རྗེ་བཙུན་སྒྲོལ་མ་ཟངས་སྐུ་ཞིག།
རྒྱ་བཟའ་བལ་བཟའ་འཇིམ་སྐུ་ཞིག།
གེ་སར་འབྲུག་མོ་གཏམ་རྒྱུད་ཅིག།
བདེ་བའི་ཡང་སྙིང་རོལ་མྱོང་བའི།།
ཆུང་འདྲིས་རོགས་ལས་མཛེས་པ་སུ།།

དེ་ལས་མང་བ་། “ཆུང་འདྲིས་རོགས་ལོ་ཞལ་ཐང་སྒྲོལ་མ་མིན།” »

སྙན་ངག

ང་སུ་རེད།

Posted on 2016-06-272016-06-27 By ཁ་བརྡ 2 Comments on ང་སུ་རེད།

རྔ་བ་ཀུན་བཟང་།

 
ང་རང་སྐྱེས་མ་ཉིད་དུ་ཆ་མེད་ངང་འགྲོ་ཡིན།
ང་རང་སླེབ་མ་ཉིད་དུ་འགག་སོང་།
ངས་བཤད་མ་ཉིད་དུ་གོ་དཀའ་ཤིང་།
ང་འགྲོ་མ་ཉིད་དུ་ཞ་སོང་།
ང་སུ་རེད།

དེ་ལས་མང་བ་། “ང་སུ་རེད།” »

སྙན་ངག

<<རྣམ་ཤེས།།>>

Posted on 2016-06-262016-06-26 By ཁ་བརྡ No Comments on <<རྣམ་ཤེས།།>>

ཀོང་པོའི་བུ་མོ།

 
ནམ་མཁར་སྤྲིན་ནག་ལྷོག་ལྷོག་འཁྲིགས།།
ས་གཞིའི་སྟེང་དུ་ན་བུན་འཐིབས།།
ཀྱེ་མ་རྣམ་ཤེས་ཡང་པོ་དེ།།
འཇིག་རྟེན་འདི་ནས་བྲལ་བར་སྐྱོ།།

དཀའ་སྡུག་ཆེ་བའི་ལམ་ཕྲན་འདིར།།

དེ་ལས་མང་བ་། “<>” »

སྙན་ངག

སྐུའི་འཁྲུངས་སྐར་བསུ་གླུ

Posted on 2016-06-262016-06-26 By ཁ་བརྡ No Comments on སྐུའི་འཁྲུངས་སྐར་བསུ་གླུ

འཇིགས་དབང་པས།

 
སྐུའི་འཁྲུངས་སྐར་ལ་བསྟོད་པ།

༅༅། ཤེས་རབ་ཀྱི་རྣམ་དཔྱོད་བྱམས་བརྩེ་དང་སྦྲེལ་ནས།།
མཐའ་མེད་ཀྱི་འགྲོ་ལ་ཐུགས་བརྩེ་ཡི་བདེ་སྐྱིད།།
རྣམ་ཀུན་ཏུ་བརྩལ་མཁན་དགེ་སྦྱོང་གི་དཔའ་བོ།།
ཞི་བདེ་ཡི་དེད་དཔོན་བཅུ་བཞི་པ་ཆེན་པོ།།
བསྟན་འཛིན་གྱི་རྒྱ་མཚོར་སྒོ་གསུམ་ནས་བསྟོད་དོ།།

དེ་ལས་མང་བ་། “སྐུའི་འཁྲུངས་སྐར་བསུ་གླུ” »

སྙན་ངག

བོད་ཀྱི་སྐད་ཡིག་འདི་ལོ་ངོ་ག་ཚོད་ལ་གནས་ཐུབ་རྒྱུ་རེད་ཨང་།

Posted on 2016-06-252016-06-25 By ཁ་བརྡ 15 Comments on བོད་ཀྱི་སྐད་ཡིག་འདི་ལོ་ངོ་ག་ཚོད་ལ་གནས་ཐུབ་རྒྱུ་རེད་ཨང་།

རྩོམ་པ་པོ། མེ་ལྕེ། ༼གཅན་བཟོད་རྒྱམ་གྱིས་འོས་སྦྱོར་བྱས།༽
 

ང་ཚོས་རང་གི་ཕ་སྐད་བཤད། ང་ཚོས་རང་གི་ཀ་ཁ་འབྲི།

༡༽ དྲི་བ་འདི་ཀོ་སྤྱི་ལོ2013ལོའི་དགུན་ཁར་མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ནུབ་བྱང་མི་རིགས་སློབ་ཆེན་དུ་འཆད་ཁྲིད་ལ་ཕེབས་ནས་དེ་གའི་དགེ་སློབ་སྐོར་ཞིག་ལ་བཏོན་པའི་དྲི་བ་ཞིག་རེད། དྲི་བ་འདི་ནི་ཚན་རིག་པས་སའི་གོ་ལའི་ཚེ་ཚད་ལོ་ངོ་ག་ཚོད་ཡིན་པ་ལྟ་བུ་དང་། ཆོས་ལུགས་པས་བསྟན་པའི་གནས་ཚད་ལོ་ངོ་ག་ཚོད་ཡིན་པ་ལྟ་བུའི་དྲི་བ་བརྗིད་པོ་དང་ཆེན་པོ་དང་རྫིག་པོ་དེ་འདྲ་མ་ཡིན་ནའང་།

དེ་ལས་མང་བ་། “བོད་ཀྱི་སྐད་ཡིག་འདི་ལོ་ངོ་ག་ཚོད་ལ་གནས་ཐུབ་རྒྱུ་རེད་ཨང་།” »

རྩོམ་རིག

ཚ་བོ།

Posted on 2016-06-242016-06-24 By ཁ་བརྡ 1 Comment on ཚ་བོ།

unnamed—-ཆང་སྐྱེས།

༼རྒྱ་ནག་གྲོང་ཁྱེར་ན་སློབ་སྦྱོང་བྱེད་བཞིན་པའི་རང་གི་ཚ་བོ་ཞིག་གིས་བསྐུར་ཡོང་བའི་སྐད་འཕྲིན་དང་འདྲ་པར་སོགས་མཐོང་ཐོས་བྱུང་རྗེས།༽

 
ཚེ་སྲོག་མྱུ་གུ་གངས་རིའི་འདབས་ནས་རྒྱས།།
ལང་ཚོའི་མེ་ཏོག་ཙི་ཎིའི་གྲོང་ན་བཞད།།
མེས་པོའི་སྲོལ་བཟང་བོར་བའི་གླེན་རྟགས་ཀྱིས།།
ཁྱེད་ལ་དུངས་པའི་སེམས་པ་འཁྱག་སོབ་སོབ།།

དེ་ལས་མང་བ་། “ཚ་བོ།” »

སྙན་ངག

ཡ་མཚན་གཉིས། ཐན་ལྟས་གཅིག

Posted on 2016-06-242016-06-24 By ཁ་བརྡ 5 Comments on ཡ་མཚན་གཉིས། ཐན་ལྟས་གཅིག

སེར་ཤུལ་རིན་ཆེན་དོན་གྲུབ།

 
ཉེ་ཆར་རང་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་བྱུང་བའི་གནས་ཚུལ་ཡ་མཚན་ཅན་གཉིས་ནི་བསམ་གཞིག་མ་བྱས་རང་བྱས་ཀྱིས་གནད་དོན་ཞིག་རེད། གང་ཡིན་ཟེར་ན་གནད་དོན་དེ་གཉིས་ཀྱི་མི་རིགས་ཤིག་གསོན་གནས་ཀྱི་འཚར་ལོང་དང་འབྲེལ་བ་ཡོད། ཡ་མཚན་གཅིག་བོད་ཀྱི་མཛངས་མས་བོད་ཡིག་བོད་སྐད་མི་ཤེས་པ་དེ་དང་གཞན་ཞིག་ནི་དེ་ལ་རྒྱབ་སྐྱོར་གྱི་རྣམ་པ་སྟོན་མཁན་གྱི་བོད་མི་དག་རེད། ཆེས་སྤྱིར་བཏང་གི་བུ་མོ་ཞིག་གིས་བོད་ཡིག་བོད་སྐད་མ་ཤེས་ན་ཡ་མཚན་རྒྱུ་དེ་ཙམ་མེད། འོན་ཀྱང“བོད་ཀྱི་མཛངས་མ”ཟེར་བའི་མིང་འདི་ཁུར་མཁན་

དེ་ལས་མང་བ་། “ཡ་མཚན་གཉིས། ཐན་ལྟས་གཅིག” »

རྩོམ་རིག

ནོར་འཁྲུལ་ལ་སྐྲག་པའི་བོད།

Posted on 2016-06-232016-06-23 By ཁ་བརྡ 3 Comments on ནོར་འཁྲུལ་ལ་སྐྲག་པའི་བོད།

ཟླ་སྨུག་པོ།

 
བསམ་བློའི་འདུ་ཤེས་དང་། ཡུལ་གོམས་གཤིས་ལུགས་ཀྱི་གྲུབ་ཆ་མ་འདྲ་བའི་རྒྱུ་མཚན་གྱིས་མི་རྣམས་ལ་རང་རང་གི་གཤིས་དཔྱོད་མ་འདྲ་བ་རེད་ཡོད་པ་བཤད་མ་དགོས་ལ། བོད་པ་རྣམས་ཀྱང་གནས་སྟངས་དང་ཁོར་ཡུག་ངེས་ཅན་ཞིག་ནས་འཚར་ལོངས་བྱུང་སྟངས་ཀྱིས། ཕལ་ཆེར་སུ་དང་མ་འདྲ་བའི་བསམ་བློ་གཏོང་སྟངས་ཁྱད་མཚར་ཞིག་ཡོད། དེ་ནི་ནོར་འཁྲུལ་ལ་ཧ་ཅང་སྐྲག་ཀྱང་ནོར་འཁྲུལ་སེལ་ཐབས་དང་ནོར་འཁྲུལ་ལས་སློབ་སྦྱོང་བྱེད་སྟངས་ཀྱི་གོམས་གཤིས་མེད་པ་མ་ཟད། རང་རང་གིས་བསགས་པའི་ནོར་འཁྲུལ་གང་དེ་ཅི་ལྕོགས་ཀྱིས་སྦས་གསང་བྱེད་ཐབས་ལ་འབད་པ་དེ་རེད།

དེ་ལས་མང་བ་། “ནོར་འཁྲུལ་ལ་སྐྲག་པའི་བོད།” »

རྩོམ་རིག

ཨ་རོ་ཚོ། ད་བསྡད་ན་བཟང་།

Posted on 2016-06-232016-06-24 By ཁ་བརྡ No Comments on ཨ་རོ་ཚོ། ད་བསྡད་ན་བཟང་།

ཁྲོ་གཏུམ།

 
ད་སྡོད
ཁྱོད་ཚོས་སའི་གོ་ལའི་རྐང་སྣུམ་གཏེད་ནས་རྐང་ཐུང་ལ་གཏུགས་འདུག
ཁྱོད་ཚོས་སའི་གོ་ལའི་ཚུ་ལེན་གཏེད་ནས་འགག་ཐུང་ལ་ཐུག་འདུག
ད་རུང་མུ་མཐུད་དུ་གཏེད་ནས་གང་ལ་ཐུག་འགྲོ

དེ་ལས་མང་བ་། “ཨ་རོ་ཚོ། ད་བསྡད་ན་བཟང་།” »

སྙན་ངག

མུན་འོད་ཤན་འབྱེད།

Posted on 2016-06-222016-06-22 By ཁ་བརྡ 2 Comments on མུན་འོད་ཤན་འབྱེད།

ཁང་ཟླ་སྲས།
—-དྲ་ལམ་བརྒྱུད་གྲྭ་བས་རྐུན་མ་གཅར་རྡུང་བྱེད་པའི་བརྙན་ཐུང་ཞིག་མཐོང་རྗེས་བྲིས།
 

དང་པོ། སྒྲིག་ཆས་དང་། ཁྱད་ལས་ཀྱི་བར་ཐག

གལ་སྲིད་གྲྭ་བ་ཞིག་ཡིན་ཚེ་ངེས་པར་ཨུ་ཚུགས་དང་བཅས་ཁ་གཏད་གཅོག་དགོས་པ་ནི། ཁོང་ཁྲོ་ཡིན་ནམ། འདོད་ཆགས་ཡིན། ཡང་ན། གཏི་མུག་ཡིན་ཞེས་དྲིས་ཚེ། ང་ཚོས་དེར་ལན་ཇི་ལྟར་རྒྱག་དགོས་སམ། འདི་ནི་དེང་གི་མང་ཚོགས་ཀྱི་མིག་སྔར་ལྷག་པའི་རྒྱུན་ལྡན་གྱི་དྲི་བ་ཞིག་རེད། མང་ཚོགས་མང་པོ་ཞིག་གི་ཇི་འདྲ་ཞིག་ལ་གྲྭ་བ་ཟེར་བའི་དོན་

དེ་ལས་མང་བ་། “མུན་འོད་ཤན་འབྱེད།” »

རྩོམ་རིག

ང་ལ་དགོས་རྒྱུ་རང་འགོ་ཐོན་ཙམ་མིན།།

Posted on 2016-06-222016-06-22 By ཁ་བརྡ 2 Comments on ང་ལ་དགོས་རྒྱུ་རང་འགོ་ཐོན་ཙམ་མིན།།

རེ་སྨོན།

 
ང་ལ་དགོས་རྒྱུ་རང་འགོ་ཐོན་ཙམ་མིན།།
བོད་ཀྱི་སྐད་ཡིག་ཤེས་པའི་བུ་ཞིག་དགོས།།
སྐད་ཡིག་སྤུས་དག་ཤེས་པའི་བུ་ཞིག་དགོས།།
ཕ་ལས་བུ་ཕྲུག་ལྷག་པའི་བུ་ཞིག་དགོས།།

ང་ཡི་རེ་བ་ཤེས་ཡོན་ཡོད་ཙམ་མིན།།

དེ་ལས་མང་བ་། “ང་ལ་དགོས་རྒྱུ་རང་འགོ་ཐོན་ཙམ་མིན།།” »

སྙན་ངག

ཁྱེད་ཉིད་ཀྱི་ལམ་བུ་འོད་ཆེམ་ཆེམ།

Posted on 2016-06-212016-06-21 By ཁ་བརྡ 1 Comment on ཁྱེད་ཉིད་ཀྱི་ལམ་བུ་འོད་ཆེམ་ཆེམ།

unnamed-2—-གངས་བཙན་པོ།

 
གསེར་གྱི་རྨི་ལམ་རུམ་ནས་འོད་སྟོང་འཕྲོས།།
ཉིན་ཞག་ལོ་ཟླ་བགྲངས་ནས་ཤོར་ན་ཡང་།།
སེམས་ཀྱི་ཞིང་ཁམས་ད་དུང་ལྷག་ནས་ཡོད།།
འཛུམ་ཆུང་དབུ་སྐྲ་དཀར་པོའི་ས་ཞིང་ཐུལ།།

དེ་ལས་མང་བ་། “ཁྱེད་ཉིད་ཀྱི་ལམ་བུ་འོད་ཆེམ་ཆེམ།” »

སྙན་ངག

དབུ་མའི་གོ་དོན་ཐོལ་བྱུང་མ།

Posted on 2016-06-182016-06-18 By ཁ་བརྡ 9 Comments on དབུ་མའི་གོ་དོན་ཐོལ་བྱུང་མ།

unnamed—-ཨ་འདུས་པས།

(གྲོགས་པོ་ཞིག་གིས་ཐོལ་བྱུང་དུ་དབུ་མའི་བརྗོད་དོན་ཚིག་ཉུང་དོན་འདུས་ཤིག་དགོས་ཞེས་བསྐུལ་ངོ་མ་བཟློག་ཙམ་དུ་བྲིས་སོ།)

 
སྤྱིར་མ་དབུ་མ་ཞེས་པའི་ཚིག་འདི་ནི་ལེགས་སྦྱར་གྱི་སྐད་དུ་མདྷྱཡམཀ་ཞེས་པའི་དོན་ཡིན་ལ། དེ་སྔོན་ལོ་ཙཱ་བ་དག་གིས་གསུང་རབ་བོད་སྐད་དུ་འགྱུར་མཛད་སྐབས་དབུ་མ་ཞེས་བསྒྱུར་གནང་བ་ཞིག་རེད།

དེ་ལས་མང་བ་། “དབུ་མའི་གོ་དོན་ཐོལ་བྱུང་མ།” »

རྩོམ་རིག

༧གོང་ས་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་བཀའ་དྲིན་རྗེས་དྲན།

Posted on 2016-06-182016-06-18 By ཁ་བརྡ 3 Comments on ༧གོང་ས་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་བཀའ་དྲིན་རྗེས་དྲན།

མགར་ཐར་མཁྱེན་རབ་འོད་གསལ།

 
གངས་ཅན་རིག་པའི་ཁྱུ་མཆོག་སྤྱན་རས་གཟིགས།།
མགོན་པོ་ཐུགས་རྗེ་ཅན་གྱི་རྣམ་རོལ་བ།།
བསྟན་འཛིན་མངའ་བདག་བྱང་ཆུབ་སེམས་མཆོག་གིས།།
རྒྱ་མཚོ་ཆེན་པོའི་ཡོན་ཏན་ཐུགས་མཁྱེན་ནས།།
སེམས་ཅན་སྡུག་བསྔལ་ལས་འདྲེན་མཐུ་རྩལ་ཅན།།
རྒྱལ་བའི་དབང་པོ་ཁྱེད་ལ་གུས་པས་འདུད།།

དེ་ལས་མང་བ་། “༧གོང་ས་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་བཀའ་དྲིན་རྗེས་དྲན།” »

རྩོམ་རིག

ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེ་དྲན་གླུ་ཡིད་ཀྱི་མེ་ལོང་།

Posted on 2016-06-182016-06-18 By ཁ་བརྡ No Comments on ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེ་དྲན་གླུ་ཡིད་ཀྱི་མེ་ལོང་།

དཔལ་དགྱེས་པ་རྡོ་རྗེ།

 
ན་མཿཤྲཱི་དྷརྨཱ་ར་ཛཱ་ཡ།
དཔལ་ཀུན་ཏུ་བཟང་པོ་གཉུག་མའི་དབྱིངས།།
ཆོས་ཤེས་བྱའི་དབང་ཕྱུག་ལྷུན་གྲུབ་རྩལ།།
དོན་རིག་པའི་ཡེ་ཤེས་ཧེ་རུ་ཀ།
རྗེ་མཁས་གྲུབ་རྒྱལ་པོ་ཡང་ཡང་དྲན།།
མགོན་རྒྱལ་­ཀུན་­བརྩེ་­ཆེན་­ཡེ་­ཤེས་­སྐུ།།

དེ་ལས་མང་བ་། “ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེ་དྲན་གླུ་ཡིད་ཀྱི་མེ་ལོང་།” »

སྙན་ངག

ས་སྔོན་མ་དང་ད་ལྟའི་གནས་སྟངས།

Posted on 2016-06-152016-06-16 By ཁ་བརྡ 3 Comments on ས་སྔོན་མ་དང་ད་ལྟའི་གནས་སྟངས།

unnamed—–མུ་ལ།

 
ས་སྔོན་མའི་དགེ་བྱེད་གྲྭ་བ་ཚོས།།
མགོན་བླ་མ་ཕེབས་པའི་དུས་བཟང་ལ།།
ལག་དར་ཁ་བཟུང་ནས་བསུ་མ་བྱེད།།
སྐྱབས་མགོན་པོར་བཅོས་མིན་གུས་པས་འདུད།།

དེ་ལས་མང་བ་། “ས་སྔོན་མ་དང་ད་ལྟའི་གནས་སྟངས།” »

སྙན་ངག

Posts pagination

Previous 1 … 70 71 72 … 383 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (26)
  • ན་ཟུག (9)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme