Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱུན་དུ་དྲྭ་རྒྱ་བསྔོག་པར་དགའ་བའི་གྲོགས་པོ་ཞིག་ལ་ཕུལ་པ།

Posted on 2017-02-032017-02-03 By ཁ་བརྡ་ 2 Comments on རྒྱུན་དུ་དྲྭ་རྒྱ་བསྔོག་པར་དགའ་བའི་གྲོགས་པོ་ཞིག་ལ་ཕུལ་པ།

རྩེཿ མུན་སེལ།

 
ཞོགས་སྔའི་དུས་ཀྱི་བཟླས་བརྗོད་མ་བགྱིས་གོང་།།
ལུས་ཀྱི་རྩལ་སྦྱོང་བྱ་བ་མ་འགྲུབ་སྔུན།།
ནང་ཇའི་དུས་ཀྱི་མཆོད་ཁ་མ་ཕུལ་སྒང་།།
དྲྭ་རྒྱའི་བྱ་བར་འཇུག་པའི་དམ་བཅའ་བརྟན།།

གྲོགས་ཀྱི་ཆེད་དོན་འཕྱིས་ཀྱང་ལྷོད་ཆིག་གེ།
བཟའ་ཟླས་གཤེ་གཏམ་བྱས་རུང་ནག་ཀྲོང་ངེ་།།

དེ་ལས་མང་བ་། “རྒྱུན་དུ་དྲྭ་རྒྱ་བསྔོག་པར་དགའ་བའི་གྲོགས་པོ་ཞིག་ལ་ཕུལ་པ།” »

སྙན་ངག

སྙན་ངག་པ།

Posted on 2017-02-022017-02-02 By ཁ་བརྡ་ 2 Comments on སྙན་ངག་པ།

unnamed–ཨ དོན་ཉི། (ཨ་རི།)
—–སེང་རྡོར་གྱི་རྩོམ་རྩལ་གྱིས་ཡིད་བསྐྱོམས་ནས་སེང་རྡོར་ལ་བྲིས་པ།

 
ཨ་མདོ་རྐང་ཚའི་ཡུལ་གྱི་སྙན་ངག་པ། །
གངས་རི་སྐྱ་བོར་འཁྱུག་པའི་སྐར་མདའ་བཞིན། །
ཆུང་དུས་སྤྲུལ་སྐུར་བདམས་པའི་སྙན་ངག་པ། །
གཟན་ཤམ་དམར་པོ་རླུང་དུ་འཕྱོ་བ་བཞིན། །

དགོན་པའི་ལྕགས་སྒོ་གཏོར་བའི་སྙན་ངག་པ། །
རྩལ་དང་རིག་པ་འབར་བའི་མི་ཧྲེང་ཞིག །

དེ་ལས་མང་བ་། “སྙན་ངག་པ།” »

སྙན་ངག

མཛའ་གཞས་གང་དྲན་མ།

Posted on 2017-02-022017-02-02 By ཁ་བརྡ་ 3 Comments on མཛའ་གཞས་གང་དྲན་མ།

འབའ་སྲས།

 
མཚན་མོའི་ཟླ་འོད་ཀྱི་འོག་ནས།།
འཇམ་པོའི་མལ་སྟན་གྱི་སྟེང་ནས།།
གཉིད་ཀྱི་རྣ་བ་དེ་གཏོད་དང་།།
གསང་གཏམ་རྨི་ལམ་ལ་བསྐུར་ཡོད།།

མལ་ལས་མ་ལངས་ཀྱི་ཡར་སྔོན།།
འགྲམ་པའི་ཁུར་ཚོས་ལ་རེག་དང་།།

དེ་ལས་མང་བ་། “མཛའ་གཞས་གང་དྲན་མ།” »

སྙན་ངག

ཟླ་བའི་འོད་ལ་འཁྲེན་པ་ཞེས་པའི་སྙན་ངག་ཕྲན་བཤད།

Posted on 2017-02-012017-02-01 By ཁ་བརྡ 2 Comments on ཟླ་བའི་འོད་ལ་འཁྲེན་པ་ཞེས་པའི་སྙན་ངག་ཕྲན་བཤད།

[ཕྲན་བཤད། ཁྲོ་གཏུམ།]

 

ང་ལ་ཕྲན་དཔྱད་ཅེས་པའི་ངོས་ནས་སྙན་ངག་ཅིག་གི་ཚེ་སྲོག་གླེང་བར་སྤོབས་པས་མི་འདང་བས་ན། ཕྲན་བཤད་ཅེས་གླེང་བར་སྤྲོ་སོང་། དཔྱད་པ་ནི་ནམ་ཡང་རང་ཉིད་ཀྱི་ཚོར་ངོས་སུ་འཆར་བའི་ཀློག་ཚོར་དེ་གཅིག་པུ་མ་ཡིན་པར་སྙན་ངག་གི་ཚེ་བླ་སྲོག་གསུམ་ལ་ཤ་ཐིམ་རུས་ཐིམ། ཡང་ན་སྒྱུ་རྩལ་གྱི་ཉམས་འགྱུར་ལ་ངེས་ཆ་གསལ་ཐག་ཆོད་དང་། གནའ་དེང་ཉིས་ཆའི་སྒྱུ་རྩལ་གྱི་ཁྱད་ཆོས་སོགས་སུ་སྦྱང་བ་མི་དམན་པ་ཞིག་མཆིས་ན།

དེ་ལས་མང་བ་། “ཟླ་བའི་འོད་ལ་འཁྲེན་པ་ཞེས་པའི་སྙན་ངག་ཕྲན་བཤད།” »

རྩོམ་རིག

༄༅། །ལོ་སར་མ་རྩོད་བཞུགས་ན་ལེགས།

Posted on 2017-01-312017-01-31 By ཁ་བརྡ་ 9 Comments on ༄༅། །ལོ་སར་མ་རྩོད་བཞུགས་ན་ལེགས།

རྩོམ་པ་པོ། ལྡོང་ཆུ་ཤེལ།

 
སྐོར་གསུམ་རུ་བཞི་སྒང་དྲུག་ལ་གནས་པའི།།
ཤ་རུས་གདུང་རྒྱུད་གཅིག་པའི་བོད་པ་ཚོ།།
རིགས་ཀྱི་འདུ་ཤེས་དཀར་པོ་མ་འབོར་དང་།།
བོད་རྒྱའི་ལོ་སར་གང་ཡང་རོལ་ཀྱང་ཆོག།

སྤྱི་ཇུས་གངས་རི་ཉིལ་ནས་ལོ་མང་འགོར།།
སྒེར་ཇུས་ས་ཐོ་བརྩིགས་ནས་འོང་རྒྱུ་མེད།།

དེ་ལས་མང་བ་། “༄༅། །ལོ་སར་མ་རྩོད་བཞུགས་ན་ལེགས།” »

སྙན་ངག

ཁྲོ་གཏུམ་ཀྱིས་སྙན་ངག་ཅིག་ལ་ཕྲན་བཤད་བྲིས་པ།

Posted on 2017-01-29 By ཁ་བརྡ 1 Comment on ཁྲོ་གཏུམ་ཀྱིས་སྙན་ངག་ཅིག་ལ་ཕྲན་བཤད་བྲིས་པ།

[ངས་མཐོང་བའི་འཛུམ་ཆུང་དུམ་བུ།]    

ཁ་བ་སྐམ་པོ།

དྭངས་གཙང་ཆུ་མོ་ལྷོད་དང་སིམ་གྱིས་འབབ་དུས།།
སེམས་ཀྱི་བུ་ཆུང་ལུ་གུ་བཞིན་དུ་རྩེད་དུས།།
ཁྱེད་ཀྱིས་གནང་བའི་ལུས་སེམས་མཉེན་མོ་ཞིག་སྟེ།།
བདག་གི་ནང་ནོམ་གོས་ཆེན་འབྲུག་མ་ཞིག་ཡིན།།

དེ་ལས་མང་བ་། “ཁྲོ་གཏུམ་ཀྱིས་སྙན་ངག་ཅིག་ལ་ཕྲན་བཤད་བྲིས་པ།” »

རྩོམ་རིག

{འདྲ་ཞེས་པའི་ཐ་སྙད་གླེང་བ།}

Posted on 2017-01-292017-01-29 By ཁ་བརྡ་ 5 Comments on {འདྲ་ཞེས་པའི་ཐ་སྙད་གླེང་བ།}

རང་འཚོལ།

 
སྤྱིར་འདྲ་ཞེ་ན་ཆོས་གཉིས་བར་རྣམ་པ་དང་བྱེད་ལས་སོགས་ཅི་རིགས་ཐོག་མཚུངས་ཆ་མང་ན་འདྲ་ཞེས་བརྗོད་པ་ཀུན་གསལ་ཡིན་མོད། འོན་ཀྱང་འདིར་སྐབས་བབ་འདྲ་ཞེས་པ་དེ་ཚིག་གྲོགས་གཞན་དང་སྦྱར་ནས་མིང་དུ་གྲུབ་ཚུལ་གྱི་སྐོར་སྙིང་བསྡུས་ཤིག་བཤད་འདོད།
ཡོངས་གྲགས་སུ་བོད་ཀྱི་སྐད་ཡིག་ལ་སྐུ་འདྲ། འདྲ་སྐུ། འདྲ་སྤར་རམ་འདྲ་པར། འདྲ་ཆོས་སོགས་མིང་ཚིག་གང་ཞིག་གི་སྔོན་རྗེས་གང་རུང་ལ་འདྲ་ཞེས་སྦྱར་ཏེ་གྲུབ་པའི་ཐ་སྙད་གཏན་ཚུགས་པ་མང་དག་ཅིག་ཡོད་གསལ་རེད། དེ་ཡང་སྐུ་འདྲ་དང་འདྲ་སྐུ་ནི་སངས་རྒྱས་བྱང་སེམས་དང་ལྷ་སྲུང་སོགས་ཀྱི་སྐུ་གཟུགས་དངོས་དེ་མིན་ཡང་། དེ་དག་དང་མཚུངས་པས་སྐུ་འདྲ་དང་འདྲ་སྐུ་ཞེས་བཏགས་ཡོད།

དེ་ལས་མང་བ་། “{འདྲ་ཞེས་པའི་ཐ་སྙད་གླེང་བ།}” »

རྩོམ་རིག

ཨ་རིའི་སྲིད་འཛིན་གསར་པ་དགྲ་གནོན་ཁྲོམ་གྱི་སྤྱོད་པ་ལ་འཇུག་ཚུལ་དང་འབྲེལ་བའི་བསྔོ་བའི་ལེའུ་ཞེས་བྱ་བ་བཞུགས་སོ།།                   

Posted on 2017-01-26 By ཁ་བརྡ 16 Comments on ཨ་རིའི་སྲིད་འཛིན་གསར་པ་དགྲ་གནོན་ཁྲོམ་གྱི་སྤྱོད་པ་ལ་འཇུག་ཚུལ་དང་འབྲེལ་བའི་བསྔོ་བའི་ལེའུ་ཞེས་བྱ་བ་བཞུགས་སོ།།                   

ཆབ་ཚང་འཇམ་དཔལ་གྱིས།

 

སྒྲ་གནོན་ཁྲོམ་གྱི་སྤྱོད་པ་ལ།།
འཇུག་པ་རྣམ་པར་བརྩམས་པ་ཡི།།
དགེ་བ་གང་དེས་ཨ་རི་བ།།
ཀུན་ལས་རྣམ་པར་རྒྱལ་བར་ཤོག།

དེ་ལས་མང་བ་། “ཨ་རིའི་སྲིད་འཛིན་གསར་པ་དགྲ་གནོན་ཁྲོམ་གྱི་སྤྱོད་པ་ལ་འཇུག་ཚུལ་དང་འབྲེལ་བའི་བསྔོ་བའི་ལེའུ་ཞེས་བྱ་བ་བཞུགས་སོ།།                   ” »

སྙན་ངག

དཔེ་ཆ་ལྟ་སྟངས་རྣམ་པར་བཤད་པ་དཔྱིད་འགོ་མའི་ཆར་ཐིགས།

Posted on 2017-01-242017-01-24 By ཁ་བརྡ་ 1 Comment on དཔེ་ཆ་ལྟ་སྟངས་རྣམ་པར་བཤད་པ་དཔྱིད་འགོ་མའི་ཆར་ཐིགས།

ལྕང་ཞབས་འགྱུར་མེད་ཚེ་དབང་།

 
རིག་གཞུང་ཕ་མཐའ་མི་མངོན་བྱང་ཐང་ལ། །
ཨུ་ཚུགས་གོམ་པས་འཇལ་ན་ཨ་ཐང་ཆད། །
བློ་དང་ཐབས་ཀྱི་འཕྲུལ་ལ་བརྟེན་གྱུར་ཏེ། །
དོན་གྱི་གསང་ལ་ཤུགས་ཀྱིས་བགྲོད་ཚུལ་བཤད། །

དེ་ཡང་དཔེ་ཆ་ལྟ་སྟངས་ཀྱི་རྣམ་བཤད་འདི་ལེ་ཚན་དུ་བགོས་ནས་འཆད་པ་ལ།

དེ་ལས་མང་བ་། “དཔེ་ཆ་ལྟ་སྟངས་རྣམ་པར་བཤད་པ་དཔྱིད་འགོ་མའི་ཆར་ཐིགས།” »

རྩོམ་རིག

༧རྫོང་སར་མཁྱེན་བརྩེས་མཁན་ཆེན་རྣམ་གཉིས་གླེང་བ།

Posted on 2017-01-232017-01-24 By ཁ་བརྡ་ 47 Comments on ༧རྫོང་སར་མཁྱེན་བརྩེས་མཁན་ཆེན་རྣམ་གཉིས་གླེང་བ།

སྒྱུར་བ་པོ། རྫ་ཚེ་རིང་བཀྲ་ཤིས།
 
(དེ་ཡང་༼མཁྱེན་བརྩེའི་རོགས་རེས欽哲互動༽ཞེས་པའི་འཛམ་གླིང་ས་ཁུལ་འདྲ་མིན་གྱི་སློབ་མས་རང་དབང་གིས་དྲི་བ་བཀོད་པར་མཁྱེན་བརྩེ་རིན་པོ་ཆེ་སྐུ་དངོས་ཀྱིས་དྲ་ལམ་བརྒྱུད་ལན་འདེབས་གནང་སའི་དྲ་ལམ་གླེང་སྟེགས་ཞིག་གིས་སྤྱི་ལོ་༢༠༡༧ ཟླ་༡ ཚེས་༢༢ ཉིན་སྤེལ་བའི་ནང་དོན་འདི་བཞིན། ཆོས་གྲོགས་དབང་སྟོད་སྤྲུལ་སྐུ་ཐུབ་ནོར་མཆོག་ནས་བཀའ་གནང་བཞིན་འཕྲལ་དུ་སྒྱུར་བ་ཡིན་པས་ཡིག་ནོར་དོན་ནོར་གང་མཆིས་ཀློག་པ་པོར་འཆགས)

སློབ་མའི་དྲི་བ།
རིན་པོ་ཆེ་ལགས། ཁྱེད་ཀྱིས་དགོངས་ན།

དེ་ལས་མང་བ་། “༧རྫོང་སར་མཁྱེན་བརྩེས་མཁན་ཆེན་རྣམ་གཉིས་གླེང་བ།” »

འགྱུར་རྩོམ།

སུད་སི་གཞུང་གིས་བོད་དོན་ཁྱབ་བསྒྲགས་བྱས་པར་བཀའ་དྲིན་ཆེ།

Posted on 2017-01-182017-01-18 By ཁ་བརྡ་ 5 Comments on སུད་སི་གཞུང་གིས་བོད་དོན་ཁྱབ་བསྒྲགས་བྱས་པར་བཀའ་དྲིན་ཆེ།

སྐལ་བཟང་དོན་གྲུབ།

 
ཟླ་འདིའི་ཚེས་༡༥ ཉིན་ཡུ་རོབ་ཀྱི་རྒྱལ་ཁབ་སུད་སིར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཞུང་འབྲེལ་སྐོར་བསྐྱོད་དང་འབྲེལ། ཐེངས་དང་པོར་རྒྱ་ནག་གི་སྲིད་འཛིན་ཞིག་འཛམ་གླིང་དཔལ་འབྱོར་ལྷན་ཚོགས་ལ་མཉམ་ཞུགས་བྱེད་པར་འབྱོར་ཡོད་པ་རེད། སྲིད་འཛིན་ཁོང་སུད་སིར་མ་འབྱོར་སྔོན་ནས། སུད་སིའི་གཞུང་འབྲེལ་མི་སྣ་དང་སུད་སིའི་བོད་མིའི་འགོ་ཁྲིད་བར། བོད་མིའི་ངོ་རྒོལ་ལས་འགུལ་དང་འབྲེལ་བའི་གྲོས་མོལ་བྱུང་ཡོད་པ་དང་། གྲོས་མོལ་དེ་ལས་བོད་མི་རྣམས་ཀྱིས་སྲིད་འཛིན་ཞི་ཅིན་ཕིང་སུད་སིའི་རྒྱལ་ས་བྷེན་དུ་ཉིན་རྒྱབ་མ་འབྱོར་སྔོན་ལ་ཆུ་ཚོད་གཉིས་ཀྱི་རིང་ལ། སུད་སིའི་གྲོས་ཚོགས་ཀྱི་ཁང་བརྩེགས་ལས་རྒྱང་ཐག་རིང་བའི་འཁྱམས་ར་གྲུ་བཞི་མ་ཞིག་ལ་ངོ་རྒོལ་བྱ་རྒྱུ་ཡིན་ཁར།

དེ་ལས་མང་བ་། “སུད་སི་གཞུང་གིས་བོད་དོན་ཁྱབ་བསྒྲགས་བྱས་པར་བཀའ་དྲིན་ཆེ།” »

རྩོམ་རིག

རང་དབང་དང་བདེ་སྐྱིད།

Posted on 2017-01-162017-01-16 By ཁ་བརྡ་ 3 Comments on རང་དབང་དང་བདེ་སྐྱིད།

མི་ཉག་སྐལ་བཟང་།

 
དལ་རྟེན་མི་ལུས་རིན་ཆེན་རྙེད་པ་དང་།།
མཛེས་པའི་ལང་ཚོ་མེ་ཏོག་བཞད་ཀྱང་རུང་།།
ཁ་ཕྱོགས་གཏད་སོ་མེད་པའི་ན་གཞོན་ཚོར།།
རང་དབང་བདེ་སྐྱིད་འཇའ་ཚོན་སྣ་ལྔ་བཞིན།།

འདོད་རྒུ་དཔལ་གྱི་རི་བོ་དབང་བ་དང་།།
འཚོ་བའི་ལོངས་སྤྱོད་ཀླུ་དང་མཉམ་ཡང་རུང་།།

དེ་ལས་མང་བ་། “རང་དབང་དང་བདེ་སྐྱིད།” »

སྙན་ངག

ཕྱི་ལོ་དང་སྤྱི་ལོ་གང་ཞིག་བྲིས་ན་གཅིག་གྱུར་ཡོང་།

Posted on 2017-01-152017-01-15 By ཁ་བརྡ་ 7 Comments on ཕྱི་ལོ་དང་སྤྱི་ལོ་གང་ཞིག་བྲིས་ན་གཅིག་གྱུར་ཡོང་།

ཡ་མ་ཚེ་རིང་།

 
དེ་ཡང་། ཡི་ཤུའི་སྟོན་པ་མ་ཤི་ཀའི་འཁྲུངས་ལོ་དང་འབྲེལ་བའི་ལོ་འཁོར་བརྩི་སྟངས་འདི་ལ། ཡི་ཤུའི་ལོ། དབྱིན་ཇིའི་ལོ། སྤྱི་པའི་ལོ། ཕྱི་པའི་ལོ་སོགས་བརྗོད་པ་མི་འདྲ་བ་དུ་མ་ཞིག་ཡོད་པས། ཐ་སྙད་དེ་དག་གི་འཕེལ་རིམ་དང་། ཐ་སྙད་དེ་དག་ལས་ང་ཚོས་གང་ཞིག་སྔར་སྤྱད་མྱོང་བ་དང་། ད་ལྟ་གང་ཞིག་སྤྱོད་ཀྱིན་ཡོད་པ་དང་སྤྱད་ན་འོས་འཚམས་ཡིན་ཞེ་ན།

ལོ་རྒྱུས་དང་འབྱུང་ཁུངས་རང་ལ་གཞིག་ཚེ་ལོ་བརྩི་ཚུལ་འདི། ཐོག་མར་ཡི་ཤུའི་སྟོན་པ་འཁྲུངས་ལོ་ནས་མགོ་བཙུགས་པ་ཞིག་ཡིན་འདུག་ལ།

དེ་ལས་མང་བ་། “ཕྱི་ལོ་དང་སྤྱི་ལོ་གང་ཞིག་བྲིས་ན་གཅིག་གྱུར་ཡོང་།” »

རྩོམ་རིག

དྲན་གདུང་གི་མིག་ཆུ། (བོད་འབྱོར།)

Posted on 2017-01-152017-01-15 By ཁ་བརྡ་ 1 Comment on དྲན་གདུང་གི་མིག་ཆུ། (བོད་འབྱོར།)

རྨ་རྒྱལ་སྦོམ་ར།

 
པོ་ཏ་ལ་ཡི་མདུན་ནས་ཕྱིར་མིག་སྤྱན་ཆབ་ཉིལ་ལེ།།
སྤོབས་པའི་རྒྱལ་དར་ཁུར་ནས་གྱེས་ཕྱག་མི་ཞུ་ག་མེད།།
བོད་པ་ཚང་གི་བདེ་སྡུག་བརྩེ་བའི་རུམ་ལ་བཅུག་སོང་།།
ཡར་ལུང་གཙང་པོ་བརྒྱུད་ནས་ཧི་མ་ལ་ཡ་བརྒལ་སོང་།།

ལྷབ་ལྷུབ་བསྐྱོད་པའི་གཟན་ཤམ་རླུང་གིས་ཟད་ནས་སོང་ཡང་།།
རྟ་དྲེལ་རྨིག་རྗེས་གོར་མོ་ཧིན་ངྷི་རྒྱ་མཚོར་དཔར་ཡོད།།

དེ་ལས་མང་བ་། “དྲན་གདུང་གི་མིག་ཆུ། (བོད་འབྱོར།)” »

སྙན་ངག

དུས་དབང་སོ་བཞི་བའི་དབང་བསྟོད།

Posted on 2017-01-142017-01-14 By ཁ་བརྡ་ 3 Comments on དུས་དབང་སོ་བཞི་བའི་དབང་བསྟོད།

ཚིག ཨ་རི་འཇིགས་མེད།
གླུ་བ། བསང་མགོན།

 
དུས་མཐའི་འགྲོ་ལ་ཕན་པའི་ལམ་ན་དྲངས།།
སྲིད་བཞིའི་གླིང་ན་སྙན་པའི་གྲགས་པ་འབར།།
གང་གི་མགོན་པོ་འཕགས་པ་སྤྱན་རས་གཟིགས།།
གུས་པས་འདུད་དོ་སྙིང་ནས་གསོལ་བ་འདེབས།།

གསང་སྔགས་རྩ་བརྒྱུད་བླ་མའི་བརྒྱུད་པ་དང་།།

དེ་ལས་མང་བ་། “དུས་དབང་སོ་བཞི་བའི་དབང་བསྟོད།” »

སྙན་ངག

བླ་གྲྭ་མདོག་ངན་བསྟན་པ་ཉམས་རྟགས།

Posted on 2017-01-142017-01-14 By ཁ་བརྡ་ 4 Comments on བླ་གྲྭ་མདོག་ངན་བསྟན་པ་ཉམས་རྟགས།

སྐྱོ་བྲག་དགའ་དབང་།

 
སངས་རྒྱས་ཤཱཀྱ་ཐུབ་པ་གྲོང་ཁྱེར་ཆེན་པོ་མཉན་ཡོད་ཀྱི་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ། མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བར། དགེ་སློང་བརྒྱད་བརྒྱའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་ཁྲི་ཉིས་སྟོང་དང་ཐབས་ཅིག་ཏུ་བཞུགས་པའི་ཚེ། དུས་མ་ཡིན་པའི་སྤྲིན་ཆེན་པོ་ཞིག་བྱུང་ནས། ཉིན་ཞག་བདུན་དུ་རྒྱུན་མ་ཆད་པར་དུས་མ་ཡིན་པའི་ཆར་ཆེན་པོ་བབས་ཏེ། དགེ་སློང་རྣམས་ཀྱི་ཟས་ཆད་པར་གྱུར་པས་ཉམ་ཆུང་བར་གྱུར་པ་ན། སངས་རྒྱས་ཀྱི་བཀའ་བཞིན་ཀུན་དགའ་བོས་བསྐུལ་ཏེ། འཇམ་དཔལ་གཞོན་ནུར་གྱུར་པས། མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོ་ནས། བསོད་པའི་བཟའ་བ་དང་། བཅའ་བ་དང་།

དེ་ལས་མང་བ་། “བླ་གྲྭ་མདོག་ངན་བསྟན་པ་ཉམས་རྟགས།” »

རྩོམ་རིག

འཇིགས་མེད་ནི་འཇིགས་མེད། བློ་གྲོས་ནི་བློ་གྲོས། ཨ་མའི་བུ།

Posted on 2017-01-132017-01-13 By ཁ་བརྡ་ 4 Comments on འཇིགས་མེད་ནི་འཇིགས་མེད། བློ་གྲོས་ནི་བློ་གྲོས། ཨ་མའི་བུ།

unnamed—–གསལ་ལེ་རྒྱལ།
 
མིང་དང་དོན་གྱི་སྦྱོར་བར་མཁས་བ་སུས།།
རྟགས་དང་མཚན་མའི་དཔྱད་པ་མ་ནོར་བར།།
འཇིགས་མེད་བློ་གྲོས་བཏགས་པ་དོན་ལྡན་པའི།།
བློ་དང་སྤོབས་པའི་རྩལ་ལ་ཕྱག་འཚལ་ལོ།།

སུ་དང་གང་གིས་གནའ་དེང་གང་ནས་ཀྱང་།།

དེ་ལས་མང་བ་། “འཇིགས་མེད་ནི་འཇིགས་མེད། བློ་གྲོས་ནི་བློ་གྲོས། ཨ་མའི་བུ།” »

སྙན་ངག

མཛའ་འཕྲིན་དེ་འབྱོར་སོང་ངམ།

Posted on 2017-01-122017-01-12 By ཁ་བརྡ་ 4 Comments on མཛའ་འཕྲིན་དེ་འབྱོར་སོང་ངམ།

འབའ་སྲས།

 
ཁ་འབབ་རླབས་སུ་བྲིས་པའི་སྙིང་གི་གཏམ།།
ཛ་ཧུའི་བུ་མོའི་རྒྱུན་དུ་བསྲིངས་པའི་འཕྲིན།།
འཁྱུག་རྩལ་གཤོག་པ་ལྡན་པའི་ཕོ་ཉ་མོས།།
ཁྱེད་ཀྱི་ཕྱག་ཏུ་བདེ་བར་བཞག་སོང་ངམ།།

མེ་ཏོག་ཟུར་མིག་དགོད་པའི་མཛེས་པ་ལ།།
རྡོ་ཡིས་དམ་བཅའ་བརྗོད་པའི་ཕྲ་རྒྱན་ཅན།།

དེ་ལས་མང་བ་། “མཛའ་འཕྲིན་དེ་འབྱོར་སོང་ངམ།” »

སྙན་ངག

དུང་ཕྱུར་གྱི་ཕྱེད་ཀ་ཐོན་པ། (འབུར་ཐོན་རྒྱ་གར་གྱི་བུད་མེད།)

Posted on 2017-01-112017-01-11 By ཁ་བརྡ་ 3 Comments on དུང་ཕྱུར་གྱི་ཕྱེད་ཀ་ཐོན་པ། (འབུར་ཐོན་རྒྱ་གར་གྱི་བུད་མེད།)

རྔ་བཟའ་བདེ་པོ་འཚོ།

 
དུང་ཕྱུར་གྱི་ཕྱེད་ཀ་ཐོན་པ་(Half A Billion Rising) ཡང་ན་འབུར་ཐོན་རྒྱ་གར་གྱི་བུད་མེད(The Emergence of Indian Women) ཅེས་པའི་དེབ་འདི་ནི། རྒྱ་གར་གྱི་རྩོམ་པ་པོ་ཨ་ནྭེ་རྭོ་དྷ་དྷོ་ཏཱ(Anirudha Dutta) ལགས་ཀྱིས་ཕྱི་ལོ་༢༠༡༣ ནས་༢༠༡༥ བར་ལོ་གཉིས་ཀྱི་རིང་ལ་རྒྱ་གར་གྱི་མངའ་སྡེ་ཚང་མར་ཕྱིན་ཏེ། རྒྱ་གར་གྱི་བུད་མེད་སྤྱི་དང་བྱེ་བྲག་སྐབས་འདིའི་བུད་མེད་ཀྱི་གནས་སྟངས་ལ་བརྟག་དཔྱད་དང་ཞིབ་འཇུག་བྱས་པའི་འབྲས་བུར་བྲིས་པ་ཞིག་རེད་འདུག

ངས་དེ་རིང་ཆེད་དུ་དེབ་འདིའི་སྐོར་གླེང་འདོད་པའི་རྒྱུ་མཚན་ནི།

དེ་ལས་མང་བ་། “དུང་ཕྱུར་གྱི་ཕྱེད་ཀ་ཐོན་པ། (འབུར་ཐོན་རྒྱ་གར་གྱི་བུད་མེད།)” »

རྩོམ་རིག

བླ་སྐུ་པྲ་བརྙན་མང་པོ་བཞེངས་པའི་དགེ་སྐྱོན།

Posted on 2017-01-092017-01-09 By ཁ་བརྡ་ 27 Comments on བླ་སྐུ་པྲ་བརྙན་མང་པོ་བཞེངས་པའི་དགེ་སྐྱོན།

རྫ་ཚེ་རིང་བཀྲ་ཤིས།
 
སངས་རྒྱས་ལ་ཕྱག་འཚལ་ལོ།།
དེ་རིང་ངས་སྐད་ཆ་ཞིག་ཤོད་འདོད་སྐྱེས། ང་ལ་བསམ་ཚུལ་འདི་ཡོད་ནས་དུས་ཚོད་གང་འཚམས་འགྲོ་སོང་། དེང་སང་ཡར་ཐོན་ཅན་གྱི་ལག་རྩལ་དང་རྒྱུ་ཆ་སྤྱད་ནས་དགོན་པ་སོ་སོ་དང་མི་སྒེར་སོ་སོའི་བླ་མའི་འདྲ་འབག་གམ་པྲ་བརྙན་(蠟像 wax figure)མང་པོ་བཟོ་གིན་འདུག གུ་རུ་ང་འདྲ་མ་ལྟ་བུ་སྔོན་གྱི་དུས་ན་ཡང་བླ་མའི་འདྲ་བརྙན་བཞེངས་པའི་ལུགས་ནི་ཡོད་ངེས་རེད། འོན་ཀྱང་གུ་རུ་ང་འདྲ་མར་མཚོན་ན། ཚད་དང་མཚན་ཉིད་ཀྱི་ཆ་ནས་འདྲ་ན་ཡང་། རྣམ་པའི་ཆ་ནས་མཚོན་རྟགས་རང་བཞིན་གྱི་བཟོ་ཐབས་གང་ལེགས་སྤྱད་ཡོད་ས་རེད།

དེ་ལས་མང་བ་། “བླ་སྐུ་པྲ་བརྙན་མང་པོ་བཞེངས་པའི་དགེ་སྐྱོན།” »

རྩོམ་རིག

Posts pagination

Previous 1 … 59 60 61 … 383 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (23)
  • ན་ཟུག (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme