Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྩིས་པ་ག་གེ་མོས་དེ་ལྟར་ལུང་བསྟན་ཡོད་རེད་ཟེར།

Posted on 2015-05-202015-05-20 By ཁ་བརྡ་ 4 Comments on རྩིས་པ་ག་གེ་མོས་དེ་ལྟར་ལུང་བསྟན་ཡོད་རེད་ཟེར།

དགེ་འདུན་བསྟན་འཛིན།

 
དེ་རིང་ནི་སྤྱི་ཟླ་༥ ཚེས་༢༠ སྟེ་༤•༢༥ ས་འགུལ་བྱུང་ནས་ཉིན་༢༥ ཕྱིན་པའི་ཉིན་མོ་རེད། དེ་རིང་སྔ་དྲོ་དང་ཉིན་གུང་། ས་སྲོད་བཅས་སོ་སོར་ས་འགུལ་འགུལ་ཤུགས་མི་ཆེ་རུང་ལྡིར་སྒྲ་ཧ་ཅང་ཆེ་བ་རེ་བརྒྱབ། མི་རྣམས་ཀྱིས་ཁ་སང་གཟའ་མིག་དམར་དང་གཞེས་ཉིན་གཟའ་སྤེན་པ་གཉིས་ལ་ས་འགུལ་ཆེན་པོ་འོང་ཉེན་ཡོད་ཚུལ་རྒྱ་ཆེར་བསྒྲགས་སོང་། རྩིས་པ་ག་གེ་མོས་དེ་ལྟར་ལུང་བསྟན་ཡོད་རེད་ཟེར། གཟའ་མིག་དམར་སོང་ཟིན་ལ་ས་འགུལ་ཆུང་ངུ་ཙམ་ལས་མ་བརྒྱབ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་རང་རྣམ་དུ་སངས་རྒྱས་ཀྱི་ལུང་བསྟན་ཡང་དོན་དུ་འགྱུར་མི་འགྱུར་སྣ་ཚོགས་ཡོད་པར་གསུངས་འདུག

དེ་ལས་མང་བ་། “རྩིས་པ་ག་གེ་མོས་དེ་ལྟར་ལུང་བསྟན་ཡོད་རེད་ཟེར།” »

དྲན་ཐོ།

བལ་ཡུལ་ས་ཡོམ་ཁྲོད་ཀྱི་ཉིན་ཐོ། (གཉིས་པ།)

Posted on 2015-05-152015-05-15 By བྱ་སྒྲོ་དཀར་པོ་ 14 Comments on བལ་ཡུལ་ས་ཡོམ་ཁྲོད་ཀྱི་ཉིན་ཐོ། (གཉིས་པ།)

དགེ་འདུན་བསྟན་འཛིན་གྱིས་བྲིས།

2015/5/4 གཟའ་ཟླ་བ།

NepalTowerMain

དེ་རིང་བུ་འཁྲིད་ནས་སླར་ཡང་དྷ་ར་ཧ་རཱ་ལ་ལྟ་རུ་ཕྱིན་པ་ཡིན་ལ། འདི་ནི་ས་ཡོམ་བྱུང་རྗེས་དེར་ལྟ་རུ་ཕྱིན་པ་ཐེངས་གཉིས་པ་ཡིན། ལོ་གཉིས་ཀྱི་གོང་དུ་བུ་འཁྲིད་ནས་དེའི་རྩེར་སོང་ནས་རྒྱལ་ས་ཀ་ཐ་མན་གྲུའི་མཛེས་ལྗོངས་ལ་བལྟས་པ་ད་ལྟའང་ཡིད་ལ་ལྷང་ངེར་འཆར་འོང་། ཐག་རིང་ནས་བལྟས་རུང་གསལ་ལྷང་ངེར་མཐོང་བའི་ལྕོག་མཁར་མཐོན་པོ་དེ་ད་ལྟ་འདི་ལྟར་ཐལ་རྡུལ་དུ་གྱུར་ཏེ་ཤུལ་ཙམ་ལས་

དེ་ལས་མང་བ་། “བལ་ཡུལ་ས་ཡོམ་ཁྲོད་ཀྱི་ཉིན་ཐོ། (གཉིས་པ།)” »

དྲན་ཐོ།

ཕ་ཡུལ་དུ་བསྐྱོད་པའི་ཟིན་ཐོ།

Posted on 2015-05-112015-05-11 By ཁ་བརྡ་ No Comments on ཕ་ཡུལ་དུ་བསྐྱོད་པའི་ཟིན་ཐོ།

ཁང་ཟླ་སྲས།

 

དྲུག་པ། ཐོ་འགོད་དང་། བཅར་འདྲིའི་སྐོར།

ང་ཕ་ཡུལ་དུ་འབྱོར་བའི་ཕྱི་ཉིན་མོ་ཏག་ཏག་བོད་ཚེས་ཉེར་བདུན་ལ་འཁེལ་ཡོད་པས་རྔ་ཡུལ་གྱི་དགོན་སྡེ་རྣམས་སྲོལ་རྒྱུན་ལོ་གསར་གྱི་ཆོས་ལུགས་བྱེད་སྒོ་གྲགས་ཅན་དགུ་གཏོར་ལ་འཚོགས་བཞིན་པའི་སྒང་རེད། མ་ཟད་བརྒྱད་དང་དགུ་གཉིས་ལ་ཀིརྟི་དགོན་ཆེན་སོགས་དགོན་པ་ཕལ་མོ་ཆེར་མགོན་པོ་ཁྲོ་བཅུའི་གར་འཆམ་སོགས་མཇལ་རྒྱུ་ཡོད་པས་དད་ལྡན་མང་ཚོགས་སྟོང་ཕྲག་མང་པོ་ཕྱོགས་གང་ས་མཇལ་ཁར་ཡོང་སྲོལ་ཡོད་པ་རེད། དངོས་ནས་བྱས་ན་ཁོ་བོ་ཡང་སྔ་མོ་ནས་སྨོན་ལམ་མཇལ་ཁར་འགྲོ་འདོད་ཆེ་ནའང་།

དེ་ལས་མང་བ་། “ཕ་ཡུལ་དུ་བསྐྱོད་པའི་ཟིན་ཐོ།” »

དྲན་ཐོ།

ཕ་ཡུལ་དུ་བསྐྱོད་པའི་ཟིན་ཐོ།

Posted on 2015-05-092015-05-09 By ཁ་བརྡ 7 Comments on ཕ་ཡུལ་དུ་བསྐྱོད་པའི་ཟིན་ཐོ།

ཁང་ཟླ་སྲས།

 

བཞི་པ། ཁྲི་འདུ་ནས་རྔ་བའི་བར་གྱི་མཐོང་ཐོས།

དེ་ལྟར་ཁྲི་འདུ་ནས་ཉིན་འགར་ངལ་གསོ་དང་སྦྲགས་འཁྱམས་ཉུལ་བྱས་རྗེས་མི་ལོ་ཧྲིལ་པོ་བཅུ་བཞིའི་རིང་མ་མཐོང་བའི་ངའི་བརྩེ་བའི་ཕ་ཡུལ་ཏེ་ཉིས་སྟོང་བརྒྱད་ལོ་ནས་བཟུང་འཛམ་གླིང་གི་གསར་འགྱུར་བརྒྱུད་ལམ་ཁག་མང་པོར་མིང་དུ་གྲགས་པའི་ཨ་མདོ་རྔ་གཡང་ཕྱུག་མོའི་ལྗོངས་སུ་བསྐྱོད་མགོ་བརྩམས་པ་ཡིན།
ཨ་མདོ་རྔ་བ་ནི་རྒྱ་ནག་དང་ཐག་ཉེ་བའི་བོད་ཀྱི་ས་ཁུལ་ཞིག་ཡིན་ལ། ད་ལྟའི་རྒྱ་ནག་གི་སྲིད་འཛིན་ས་ཁུལ་ལྟར་ན་རྔ་བ་ཁུལ་ནི་བོད་རིགས་གཙོ་བྱས་པའི་རྫོང་ཁག་བཅུ་བཞིས་གྲུབ་པ་ཞིག་ཡིན།

དེ་ལས་མང་བ་། “ཕ་ཡུལ་དུ་བསྐྱོད་པའི་ཟིན་ཐོ།” »

དྲན་ཐོ།

བལ་ཡུལ་ས་ཡོམ་ཁྲོད་ཀྱི་ཉིན་ཐོ།

Posted on 2015-05-052015-05-05 By བྱ་སྒྲོ་དཀར་པོ་ 10 Comments on བལ་ཡུལ་ས་ཡོམ་ཁྲོད་ཀྱི་ཉིན་ཐོ།

དགེ་འདུན་བསྟན་འཛིན་གྱིས་བྲིས།

2015/4/25 གཟའ་སྤེན་པ།

དེ་རིང་གི་ས་ཡོམ་འདི་ནི་ངོ་མ་ཆེས་འཇིགས་སུ་རུང་བ་ཞིག་རེད། འུར་སྒྲ་དྲག་པོ་ཞིག་དང་མཉམ་དུ་ས་གཞི་ཡོམ་ཡོམ་དུ་འགུལ་བྱུང་ལ། དེ་མ་ཐག་ས་རྡུལ་མཐུག་པོས་ས་གཞི་ཡོངས་སུ་ཁྱབ་སོང་། འདི་ནི་ངའི་མི་ཚེ་ནང་ལ་ས་ཡོམ་བརྒྱབ་པ་ཐེངས་བཅུ་གྲངས་ཤིག་མཐོང་བ་ལས་ཆེས་ཞེད་སྣང་ཚ་ཤོས་དེ་རེད།

ང་དང་ངའི་བུ་གཉིས་ཁྲོམ་ལ་ཕྱིན་ནས་ཕྱིར་ལོག་འོངས། རང་གནས་སུ་མ་སླེབས་ཙམ་ན་ས་འགུལ་དྲག་པོ་དེ་མགོ་བཙུགས་སོང་།

དེ་ལས་མང་བ་། “བལ་ཡུལ་ས་ཡོམ་ཁྲོད་ཀྱི་ཉིན་ཐོ།” »

དྲན་ཐོ།

རྡུལ་འཚུབ་ཁྲོད་ཀྱི་བལ་ཡུལ།—ས་གཡོ་བའི་སྔ་རྗེས་ཀྱི་ཟིན་ཐོ།

Posted on 2015-05-022015-05-02 By ཁ་བརྡ 38 Comments on རྡུལ་འཚུབ་ཁྲོད་ཀྱི་བལ་ཡུལ།—ས་གཡོ་བའི་སྔ་རྗེས་ཀྱི་ཟིན་ཐོ།

ཨ་འདུས་སྐལ་བཟང་རྒྱ་མཚོ།

 

ཉིན་མོ་དེ་ནི། ང་ཚོར་མཚོན་ན། རེས་གཟའ་སྤེན་པ་ཡིན་པས། ཡུན་རིང་ཞོགས་ཉལ་བྱས་པ་ཡིན། ཆུ་ཚོད་བརྒྱད་པ་ཙམ་ལ་ཡར་ལངས་ཏེ་མཆེད་གྲོགས་དཔལ་འབར་ལགས་དང་ལྷན་དུ་འཆར་ཅན་བཞིན་ཞོགས་ཇ་ལྷོད་ལྷོད་ཅིག་བཏུང་བ་ཡིན། ད་རྗེས་ངས་ཁ་སང་ནུ་བོ་བསྟན་ཆོས་ལ་ཆེད་མངགས་བྱས་པ་བཞིན་ཡུན་རིང་ཞལ་མཇལ་མ་བྱུང་བའི་བརྩེ་བའི་རྨོ་རྨོ་ལགས་དང་། ཨ་མ་གཉིས་ལ་བརྙན་མིག་བརྒྱུད་ཁ་བརྡ་ཡུན་རིང་ཞིག་ལ་བྱས། ང་ཚོས་སྤྱིར་བཏང་གི་གནས་ཚུལ་རིགས་མང་པོ་ཞིག་བརྙན་མིག་བརྒྱུད་ནས་གླེང་དུས། ངས་ཨ་མ་ལགས་ཀྱིས་ང་ཚོར་འདྲ་ཞིག་ཡོད་པས། ད་ནི་ངོ་མ་ལྷན་འཛོམས་བྱུང་བ་ལྟ་བུའི་སྤྲོ་སྣང་ཡོང་གི་

དེ་ལས་མང་བ་། “རྡུལ་འཚུབ་ཁྲོད་ཀྱི་བལ་ཡུལ།—ས་གཡོ་བའི་སྔ་རྗེས་ཀྱི་ཟིན་ཐོ།” »

དྲན་ཐོ།

བྱིས་པས་བརྙན་འཕྲིན་ལྟ་བར་སྟངས་འཛིན་ཇི་ལྟར་བྱེད་དགོས་སམ།

Posted on 2015-04-102015-04-10 By ཁ་བརྡ 2 Comments on བྱིས་པས་བརྙན་འཕྲིན་ལྟ་བར་སྟངས་འཛིན་ཇི་ལྟར་བྱེད་དགོས་སམ།

མུ་ཏིག་གིས་དབྱིན་ཡིག་ནས་བོད་སྒྱུར་བྱེད་ཞོར་རང་གི་མྱོང་བ་ཡི་གེར་ཕབ།  འཇིགས་མེད་ཀྱིས་འོས་སྦྱོར་བྱས།

 
11124562_897039737026218_1525620506_n[རྩོམ་མཁན་ངོ་སྤྲོད།] ཉི་མ་འཚོའམ་མུ་ཏིག་ནི་སྒྲུང་གཏམ་གཙོས་པའི་རྩོམ་ཡིག་སྣ་ཚོགས་འབྲི་བའི་བུད་མེད་རྩོམ་པ་པོ་ཞིག་དང་དྲ་བའི་ཟིན་བྲིས་པ་ཞིག་ཡིན། མདོ་སྨད་འབོ་ར་ནས་སྐྱེས་ཤིང་ཆུང་དུས་ནས་སློབ་གྲྭ་འགྲིམས། སློབ་འབྲིང་མཐར་ཕྱིན་ལ་ཉེ་དུས་ཀྱི་ཕྱི་ལོ་ ༡༩༩༩ ལོར་བོད་ཕྱི་ལོགས་སུ་འབྱོར་ཏེ་སུ་ཇཱ་སློབ་གྲྭ་རུ་སློབ་གཉེར་བྱས།

དེ་ལས་མང་བ་། “བྱིས་པས་བརྙན་འཕྲིན་ལྟ་བར་སྟངས་འཛིན་ཇི་ལྟར་བྱེད་དགོས་སམ།” »

དྲན་ཐོ།

ཤཱཀྱ་མུ་ནེ་ལ་རྒྱབ་འགལ་བྱས་པའི་ཨ་ཁུ།

Posted on 2015-04-012015-04-01 By ཁ་བརྡ 10 Comments on ཤཱཀྱ་མུ་ནེ་ལ་རྒྱབ་འགལ་བྱས་པའི་ཨ་ཁུ།

ཕལ་བའི་མི།

 

—སྐམ་ས་ནས་འོངས་པའི་རྒྱ་རིགས་ཤེས་ཡོན་པ་ཞིག་གི་སྐད་ཆར་མཉན་པ།

རིང་པོར་དཔྱངས་པའི་གནག་སྣུམ་གྱི་སྐྲ་ལོ་དེས་མི་རྣམས་ལ་ཁོའི་དབང་རྩ་རེ་རེ་བཞིན་སྒྱུ་རྩལ་དང་ཚོར་བས་སྦྲིད་པའི་སྙན་ངག་པ་ཞིག་ཡིན་པའི་དྲན་སྐུལ་ཡང་ཡང་བྱེད་ཅིང་། གླག་རྒོད་དར་མ་མཁའ་ནས་བཅུམ་འདྲའི་ཡ་ཁའི་ཁ་སྤུ་དེས་ཁོའི་གདོང་ལ་ཅི་བས་ཞི་དུལ་དང་བབ་ཆགས་་ཀྱི་ཉམས་སྣོན་པ་ཞིག་བྲིས་འདུག ད་དུང་དེས་ག་ལ་ཚད། ཤིན་ཏུ་ཐུང་བའི་ཨག་ཚོམ་ནག་པོ་དེས་ཁོའི་གཉུག་གཤིས་ཀྱི་འདབ་མ་རེ་རེ་ལ་ལོ་ངོ་སྟོང་ཕྲག་གི་རིང་བཞུར་རྒྱུན་ཆད་མ་མྱོང་བའི་ཁུང་ཙིའི་ལྟ་གྲུབ་ཀྱི་ཟིལ་པ་ཕྲོམ་ཕྲོམ་དུ་ཆགས་ཡོད་པའི་བཟོ་ལྟ་ཞིག་མངོན་དུ་བཅུག་ཡོད་ནའང་།

དེ་ལས་མང་བ་། “ཤཱཀྱ་མུ་ནེ་ལ་རྒྱབ་འགལ་བྱས་པའི་ཨ་ཁུ།” »

དྲན་ཐོ།

དཔའ་བོའི་ཤི་ཚིགས་དང་གཅེན་པོའི་སྐྱོ་ངལ།

Posted on 2015-03-272015-03-27 By ཁ་བརྡ No Comments on དཔའ་བོའི་ཤི་ཚིགས་དང་གཅེན་པོའི་སྐྱོ་ངལ།

རིན་ཆེན།

 
ང་ཚོས་བོད་བསྟན་སྲིད་ཀྱི་དོན་དུ་རང་ལུས་མཆོད་མེར་འབུལ་མཁན་དག་ལ་རྒྱལ་གཅེས་དཔའ་བོ་ཞེས་མཚན་གྱིས་བསྙད་པ་དང་། དེའི་འཕྲོ་མཐུད་དུ་གསར་འགྱུར་དང་བསྒྲགས་གཏམ་སྤེལ་བ་དང་། གདུང་སེམས་མཉམ་བསྐྱེད་ཀྱི་ངོ་རྒོལ་ཁྲོམ་སྐོར་དང་མར་མེ་ཁྲོམ་སྐོར་བྱེད་པ་ནི་ཅི་འདྲའི་སླའང་། དོན་ངོ་མར་དཔའ་བོའི་རྗེས་ཤུལ་གྱི་སྐྱོ་ངལ་གྱི་རྣམ་ཐར་སྐྱོང་མཁན་ནི་དཔའ་བོ་དག་གི་ཕ་མ་དང་ཤ་ཉེ། གཉེན་ཉེ་འབྲེལ་དང་གྲོགས་ན་ཟླ་སོགས་ཤུལ་ལུས་དག་རེད་ལ། ད་ལྟ་བར་དུ་དཔའ་བོ་སུ་འདྲ་ཞིག་གི་ཕ་མ་དང་ཤ་ཉེ་སོགས་ཅི་ཙམ་ཡོད་པ་རྣམས་ཁོང་ཚོའི་རྗེས་ནས་ཀ་ཆེན་བཞིན་ལངས་པ་མ་གཏོགས།

དེ་ལས་མང་བ་། “དཔའ་བོའི་ཤི་ཚིགས་དང་གཅེན་པོའི་སྐྱོ་ངལ།” »

དྲན་ཐོ།

གསུང་བཤད་འགའ་ཞིག་ལ་དྲན་གསོ་ཞུ་འདོད་བྱུང་།

Posted on 2015-03-162015-03-16 By ཁ་བརྡ་ 35 Comments on གསུང་བཤད་འགའ་ཞིག་ལ་དྲན་གསོ་ཞུ་འདོད་བྱུང་།

རིགས་སློབ་འཇིགས་མེད་བློ་གྲོས།

 

༼བགྲོ་གླེང་ཞིག་གི་མྱོང་ཚོར་ལས་གཞན་སྟོང་དབུ་མའི་སྐོར་ལ་སྩལ་བའི་༸རྒྱལ་མཆོག་བཅུ་བཞི་པའི་གསུང་བཤད་འགའ་ཞིག་ལ་དྲན་གསོ་ཞུ་འདོད་བྱུང་།༽

གངས་ཅན་བཤད་སྒྲུབ་ཤིང་རྟ་བཅོ་བརྒྱད་ཀྱི། །
ལུང་རྟོགས་ཆོས་ཀུན་འུབ་ཆུབ་གཏེར་ཆེན་མཛོད། །
ཁྱོད་བློའི་གཤོང་ཆེན་མཚོན་པའི་དཔེ་ཟླ་ལ། །
ནམ་མཁའི་ཕ་མཐའ་མིན་པ་ག་ལ་ཡོད། །
རབ་གནས་ཤིང་ལུག་ལོའི་ལོ་སར་གསར་དུ་ཚེས་པའི་སྐབས་འདིར་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་གཙུག་ལག་ཁང་དུ་

དེ་ལས་མང་བ་། “གསུང་བཤད་འགའ་ཞིག་ལ་དྲན་གསོ་ཞུ་འདོད་བྱུང་།” »

དྲན་ཐོ།

ཐུགས་རྗེ་ཆེ། རྒན་བློ་བཟང་འཇམ་དཔལ་ལགས།

Posted on 2015-03-012015-03-01 By ཁ་བརྡ 40 Comments on ཐུགས་རྗེ་ཆེ། རྒན་བློ་བཟང་འཇམ་དཔལ་ལགས།

ཤ་བོ་བཀྲ་ཤིས།

 
དེ་རིང་ངས་རྒན་ལ་དྭགས་བློ་བཟང་འཇམ་དཔལ་ལགས་ཀྱི་གནང་སྟངས་ལ་ཡི་རང་དང་བཅས་ཚིག་འགའ་གླེང་འདོད་སོང་། ངས་ཚོད་དཔག་ནོར་མེད་ན། ཁོང་ནི་དྲ་ལམ་ན་བོད་ཡིག་སྤྱོད་མཁན་གྱི་རྒན་རབས་པ་དགུང་ལོ་བགྲེས་ཤོས་ཡིན་པ་ཡོད། འདི་ལྟར་ན། དྲ་ལམ་གྱི་ཡིག་ནོར་དང་བརྡ་ནོར་གྱི་ལྟད་མོ་མང་ཆེ་ཤོས་གཟིགས་གནང་མཁན་རྒན་ཤོས་ཀྱང་ཆགས་ཡོད། གང་དུ་ཁོང་གིས་མཆན་བུ་ཞིག་སྤེལ་ཡོད་པ་དེ་དང་དེར། ཧ་ལམ་ཁོང་གིས་དག་ཆའི་ཐད་ཀྱི་ལམ་སྟོན་ཁུངས་དང་བཅས་པ་གསལ་འདོན་གནངས་ཡོད།

དེ་ལས་མང་བ་། “ཐུགས་རྗེ་ཆེ། རྒན་བློ་བཟང་འཇམ་དཔལ་ལགས།” »

དྲན་ཐོ།

སླར་ཡང་བོད་ལ་སྐྱེ་བར་ཤོག (སྤྲོ་ཚིགས་ཆོས་གྲགས་རྗེས་སུ་དྲན་པ།)

Posted on 2015-02-252015-02-26 By རིག་འབྱུང་དོན་གྲུབ་བཀྲ་ཤིས་ 18 Comments on སླར་ཡང་བོད་ལ་སྐྱེ་བར་ཤོག (སྤྲོ་ཚིགས་ཆོས་གྲགས་རྗེས་སུ་དྲན་པ།)

རིག་འབྱུང་དོན་གྲུབ་བཀྲ་ཤིས།

དང་པོ།

ངས་ཁོང་ངོ་ཤེས་དུས་ཁོང་ལ་གཤོག་རྩལ་རྒྱས་ཚར་འདུག གཤོག་རྩལ་རྒྱས་པ་ཙམ་མ་ཡིན་པར་གནམ་འཕང་གཅོད་བཞིན་པའི་སྐབས་ཤིག་རེད་། ཁོང་ནི་རྒྱལ་སྤྱིའི་པེན་གྱི་ཡན་ལག་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་དྲུང་ཆེ་དང་ཚིག་མཛོད་རྩོམ་སྒྲིག་འགན་འཛིན་གཞོན་པ། “བོད་རིག་པ་ཞིབ་འཇུག་”དཔྱད་རྩོམ་དུས་དེབ་ཀྱི་རྩོམ་སྒྲིག་འགན་འཛིན། རྡ་ས་རིགས་ལམ་སློབ་གཉེར་ཁང་གི་གདན་ཞུས་རྒྱལ་རབས་དང་རིག་གནས་དགེ་རྒན་བཅས་རེད་འདུག ཁོང་སུ་རེད་དམ། ཁོང་སྤྲོ་ཚིགས་ཆོས་གྲགས་རེད་། བོད་ལ་འཁྲུངས་བའི་སྤྲོ་ཚིགས་ཆོས་གྲགས་རེད་།

དེ་ལས་མང་བ་། “སླར་ཡང་བོད་ལ་སྐྱེ་བར་ཤོག (སྤྲོ་ཚིགས་ཆོས་གྲགས་རྗེས་སུ་དྲན་པ།)” »

དྲན་ཐོ།

བདག་གིས་སྤྲོ་ཚིགས་ཆོས་གྲགས་སྐྱེལ་སྟངས།

Posted on 2015-02-242015-02-24 By ཁ་བརྡ 3 Comments on བདག་གིས་སྤྲོ་ཚིགས་ཆོས་གྲགས་སྐྱེལ་སྟངས།

གོ་འཇོ་བསོད་ནམས་ནོར་བུ།

 
2012 ང་རང་དགོན་ལ་ཐོས་བསམ་བྱེད་ཁུལ་ངང་ཡབ་རྗེ་བཀའ་དྲིན་ཅན་གྱིས་གནང་བའི་འབྲས་དང་རྡ་ལི་ཉིན་བཞིན་གཅིན་སྐྱག་ལ་བསྒྱུར་ཏེ། རང་ཤག་ཆུང་ཆུང་དེ་ནས་རྐང་རྐྱོང་ལག་རྐྱོང་གིས་འཛིན་གྲྭའི་ཐེམ་བུ་རེ་རེར་བཙན་གྱིས་བརྒལ་བཞིན་པའི་ལོ་མཇུག་དེར། གྲོགས་ལམ་བཟང་གིས་རྡ་སར་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་འཚོགས་འདུ་སྐོང་ཡོད་ལུགས་དང་། དེའི་སྐབས་སྤྲོ་ཚིགས་ཆོས་གྲགས་ཀྱིས་དེ་སྔོན་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱུན་ལས་རྣམ་པས་འཐུས་ཤོར་གཏོང་སྟངས་དང་།

དེ་ལས་མང་བ་། “བདག་གིས་སྤྲོ་ཚིགས་ཆོས་གྲགས་སྐྱེལ་སྟངས།” »

དྲན་ཐོ།

མི་ལོ་ཉེར་བརྒྱད་སྔོན་གྱི་འདྲ་པར་ཞིག

Posted on 2015-02-182015-02-19 By རིག་འབྱུང་དོན་གྲུབ་བཀྲ་ཤིས་ 6 Comments on མི་ལོ་ཉེར་བརྒྱད་སྔོན་གྱི་འདྲ་པར་ཞིག

འཇིགས་མེད་ནུབ་པ།

འདྲ་པར་འདི་ངེད་ཀྱི་ལག་ཏུ་ལོ་གཅིག་གི་གོང་ཙམ་ལ་འབྱོར། འདྲ་པར་འདི་ག་དུས་བླངས་བ་ངས་སེམས་སུ་གསལ་བོ་ཞིག་མི་དྲན་མོད་། ཚོད་དཔག་བྱས་ན་ཕྱི་ལོ་༡༩༨༥ལོའི་གཡས་གཡོན་ཞིག་རེད་དྲན། རྒྱུ་མཚན། འདྲ་པར་འདི་ལེན་དུས་ང་ཕལ་ཆེར་ལོ་ན་གསུམ་ལ་སོན་ཙམ་ཡིན་པ་འདྲ། ད་དུང་། འདྲ་པར་འདི་ལེན་དུས་ང་ཚོར་གྱོན་གོས་གསར་བ་རེ་གཡོགས་ཡོད་པར་བལྟས་ན། ཕལ་ཆེར་ལོ་གསར་གྱི་སྔ་ཕྱི་ཞིག་ལ་འཁེལ་ཡོད་པ་འདྲ།

དེ་ལས་མང་བ་། “མི་ལོ་ཉེར་བརྒྱད་སྔོན་གྱི་འདྲ་པར་ཞིག” »

དྲན་ཐོ།

གྲོགས་པོ་ཞིག་ལ་དྲན་གསོ་ཞུ་བ།

Posted on 2015-02-17 By ཁ་བརྡ 14 Comments on གྲོགས་པོ་ཞིག་ལ་དྲན་གསོ་ཞུ་བ།

རས་པ།

 

མི་ཚེ་ནི་གཞུང་ལམ་ཐོག་གཏོང་བཞིན་པའི་རླངས་འཁོར་དང་འདྲ། དེ་ཡི་རྐྱེན་གྱིས་འཁོར་དགག་གི་གནད་དོན་ལ་གཡོལ་ཐབས་མེད་པའི་དུས་ཧ་ཅང་མང་། དལ་ལྷོད་དང་ཞི་འཇམ། གཟབ་ནན་ངང་གཏོང་མཁས་ཀྱི་རླངས་འཁོར་ཁ་ལོ་བ་ཞིག་ལ་མཚོན་ནའང་། བརྒྱ་ཆའི་བརྒྱ་རང་ཉིད་ཀྱི་སྲུང་སྐྱོབ་ལ་འགན་སྲུང་ཐུབ་པར་སུ་ཡིས་བཤད་ནུས། བཤད་མི་ཐུབ་པ་རེད།

དེ་ལས་མང་བ་། “གྲོགས་པོ་ཞིག་ལ་དྲན་གསོ་ཞུ་བ།” »

དྲན་ཐོ།

ཁྭ་ཏའི་སྐད་དེས་སེམས་པ་རླབས་བཞིན་སྐྱོམ།

Posted on 2015-02-162015-02-16 By ཁ་བརྡ 8 Comments on ཁྭ་ཏའི་སྐད་དེས་སེམས་པ་རླབས་བཞིན་སྐྱོམ།

ཐེ་བོ་སངས་རྒྱས།

tumblr_n43r8joRpB1r4p4ago1_500འདི་ཟླའི་ཕྱི་ཚེས་བཅུ་གསུམ་ཞོགས་ཀ་ཆུ་ཚོད་དགུ་བའི་གསོལ་ཇའི་བར་གསེང་ལ་དྲ་ལམ་གྱི་གཏམ་མགོ་རྔ་མེད་པ་ཞིག་ངའི་རྣ་བར་འཛུལ་བྱུང་། “ལྡི་ལི་མན་ཇུག་ཏྲི་ལ་ནས་ཨ་མདོའི་གྲྭ་བ་ཞིག་དང་སྐྱ་བོ་ཞིག་དམར་གསོད་བཏང་འདུག་”ཟེར་བ་དེ་རེད། དེ་ཤེས་འདོད་ཀྱིས་སྡོད་མ་ཚུགས་པས་ལམ་སེང་གྲོགས་པོའི་སྐད་འཕྲིན་ཚོགས་པ་ཞིག་ཏུ་“ལྡི་ལིར་མྱི་གསོད་རྟ་འདེད་བྱས་ཡོད་པ་ཨེ་གོ་”

དེ་ལས་མང་བ་། “ཁྭ་ཏའི་སྐད་དེས་སེམས་པ་རླབས་བཞིན་སྐྱོམ།” »

དྲན་ཐོ།

སྙིང་དབུས་ནས་མྱ་ངན་ཞུ།

Posted on 2015-02-142015-02-14 By ཁ་བརྡ 68 Comments on སྙིང་དབུས་ནས་མྱ་ངན་ཞུ།

འཇམ་གཅེས།

 
སྙིང་ནས་བརྩེ་བའི་བདག་གི་གྲོགས་མཆོག་དམ་པ་སྤྲོ་ཚིགས་ཆོས་གྲགས་ལགས། ཁྱེད་ནི་གུས་རང་ངོས་ནས་བཤད་ན་ཁ་མིག་ཡར་བལྟ་བྱ་ཡུལ་གྱི་གྲོགས་བཟང་མི་ཉུང་བ་ཞིག་ཡོད་པའི་ནང་ནས་གཅིག་ཡིན། ཁྱེད་ནི་བོད་མི་རིགས་དང་། ལྷག་པར་དུའང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ནང་དུ་ཤེས་རིག་གི་སྒྲོན་མེ་དང་། ལོ་རྒྱུས་ཀྱི་ལྡེ་མིག ལ་རྒྱ་ཡི་བ་དན། བསམ་བློ་ཡི་སྣེ་ཁྲིད་པ་ངོ་མ་དེ་ཡིན། འོན་ཏང་བསམ་ཡུལ་འདས་པའི་གོད་ཆགས་བྱུང་ཚུལ་གྱི་གཏམ་ངན་དེར་དང་པོར་ཡིད་མ་ཆེས། བར་དུ་ཧོན་འཐོར། མཐར་སྙིང་དམར་དུམ་བུར་བཤགས་འདྲའི་ན་ཟུག་དྲག་པོ་ཞིག་དང་ལྷན་དུ་ཁྱེད་ཉིད་འཇིག་རྟེན་འདི་ནས་གཏན་དུ་ཁ་བྲལ་སོང་བ་ཤེས།

དེ་ལས་མང་བ་། “སྙིང་དབུས་ནས་མྱ་ངན་ཞུ།” »

དྲན་ཐོ།

གདོང་ཐོག་རིན་པོ་ཆེ་དང་འབྲེལ་འདྲིས་བྱུང་བའི་མྱོང་ཚོར་རགས་གླེང་།

Posted on 2015-01-242015-01-24 By ཡེ་ཤེས་ 21 Comments on གདོང་ཐོག་རིན་པོ་ཆེ་དང་འབྲེལ་འདྲིས་བྱུང་བའི་མྱོང་ཚོར་རགས་གླེང་།

ཀླུ་སྨྱོན་ཧེ་རུ་ཀ

དང་པོ།

གཏམ་རྒྱུད་འདི་གླེང་བར་དུས་ཚོད་རིང་པོ་ཞིག་ཕྱིར་བསྣུར་མ་བྱས་ཀ་མེད་རེད། དེ་དུས་ནི་ཚ་བ་མེ་ལྟར་འབར་བའི་རྒྱ་གར་ལྷོ་ཕྱོགས་ཀྱི་དགུན་དུས་ཤིག་རེད། ཉི་འོད་མེ་ལྟར་འབར་ཞིང་ས་གཞི་ལྕགས་ལྟར་མཁྲེགས། གྲྭ་རྐྱང་ཚོའི་གདོང་མདོག་ཇེ་ནག་དང་འགྲམ་པ་ཇེ་རྡིབ་ཡིན། སྤྲང་ཁྱི་ཚོའི་ལུས་ལ་རྨ་ཆགས་ཤིང་དེ་ལ་འབུ་འདེབ་པའི་དུས་ཚིགས་གདུག་པ་ཅན་ཞིག་ཀྱང་ཡིན། དེ་དུས་རྒྱ་གར་ལྷོ་ཕྱོགས་མོན་སྒོ་སྒྲིའི་ས་གནས་ཀྱི་སྐྱེ་བོ་ཀུན་གྱིས་གཡོལ་ཐབས་བྲལ་བའི་དུས་ཚོད་ཅིག་རེད། ཏག་ཏག་དུས་ཚོད་འདི་འདྲ་ཞིག་ལ་ང་རང་ཡང་ས་གནས་འདིར་བསྡད་ཡོད།

དེ་ལས་མང་བ་། “གདོང་ཐོག་རིན་པོ་ཆེ་དང་འབྲེལ་འདྲིས་བྱུང་བའི་མྱོང་ཚོར་རགས་གླེང་།” »

དྲན་ཐོ།

མཁས་དབང་གདོང་ཐོག་རིན་པོ་ཆེར་རྗེས་དྲན་ཞུ།

Posted on 2015-01-202015-01-20 By ཁ་བརྡ 17 Comments on མཁས་དབང་གདོང་ཐོག་རིན་པོ་ཆེར་རྗེས་དྲན་ཞུ།

དོལ་སྨྱོན།

10303801_894083727309326_1805602244194331366_nདུས་ཚོད་ངེས་གཏན་ཞིག་མི་དྲན་མོད་ང་རང་ཐོག་མར་གྲོགས་པོ་ཞིག་གི་ངག་རྒྱུན་ནས་མཁས་དབང་གདོང་ཐོག་རིན་པོ་ཆེའི་སྐོར་ལ་དོ་སྣང་བྱུང་། དེ་རྗེས་རིན་པོ་ཆེས་བརྩམས་གནང་བའི་དཔེ་དེབ་གཅིག་ལག་སོན་བྱུང་། དེའི་མིང་ལ་མ་བཅོས་དངོས་འབྲེལ་བརྗོད་པ་དུས་ཀྱི་སྦྲང་ཆར་ཡིན་བསམས་སོང་། དཔེ་དེབ་དེ་ནང་ཐོག་མར་རིན་པོ་ཆེའི་སྐུ་ཚེ་སྟོད་ཀྱི་ལོ་རྒྱུས་སྟབས་བདེ་ཞིག དེ་ནས་ཁ་བོང་ཁ་བའི་སྐུ་ཚེ་སྨད་ཀྱི་ཕྱག་ལས་གནང་ཕྱོགས།

དེ་ལས་མང་བ་། “མཁས་དབང་གདོང་ཐོག་རིན་པོ་ཆེར་རྗེས་དྲན་ཞུ།” »

དྲན་ཐོ།

གདོང་ཐོག་རིན་པོ་ཆེར་རྗེས་དྲན་ཞུ་བ།

Posted on 2015-01-202015-01-26 By ཁ་བརྡ་ 60 Comments on གདོང་ཐོག་རིན་པོ་ཆེར་རྗེས་དྲན་ཞུ་བ།

བོད་ཕྱི་ནང་གཉིས་དང་བོད་རིག་པའི་ཁོར་ཡུག་གང་ཅིར་མཚན་སྙན་ཆེ་བ་མཁས་པའི་དབང་པོ་གདོང་ཐོག་རིན་པོ་ཆེ་མཆོག་སྐུ་གཤེགས་པའི་སྐྱོ་གནས་བྱུང་བར། འབྲེལ་ཡོད་ཚང་མར་གདུང་སེམས་མཉམ་སྐྱེད་དང་འབྲེལ། ངེད་ཁ་བརྡ་དྲ་དེབ་ངོས་ནས། དེ་རིང་ནས་ཉིན་བདུན་རིང་ཁོང་གི་མཛད་པ་འཕྲིན་ལས་ལ་རྗེས་དྲན་སྲུང་བརྩི་བྱེད་རྒྱུ་ཡིན་ལགས་ན། བཀུར་འོས་རྩོམ་པ་པོ་རྣམས་ཀྱིས་འདི་འབྲེལ་རྩོམ་ཡིག་གང་མང་བསྐུར་བར་འབོད་སྐུལ་ཞུ་བ་ལགས། 

ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་ནས། 

དེ་ལས་མང་བ་། “གདོང་ཐོག་རིན་པོ་ཆེར་རྗེས་དྲན་ཞུ་བ།” »

དྲན་ཐོ།

Posts pagination

Previous 1 … 7 8 9 10 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (95)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme