Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་རིའི་མངའ་སྡེའི་མིང་བོད་ཡིག་ལ་འགོད་པ།

Posted on 2012-02-042012-02-04 By tenzin 20 Comments on ཨ་རིའི་མངའ་སྡེའི་མིང་བོད་ཡིག་ལ་འགོད་པ།

འདིར་ཨ་རིའི་མངའ་སྡེ་ཁག་གི་མིང་བོད་ཡིག་ཐོག་འབྲི་སྟངས་ཤིག་བསམ་འཆར་དང་བགྲོ་གླེང་ཡོང་ཆེད་འབུལ་བ་བའོ།  སྒྲིག་སྟངས་འདིའི་ཁྱད་ཆོས་གཙོ་བོ་ནི།  བོད་མིའི་ངག་ལ་སྒྲ་ཡོང་བདེ་བ་དང་བློ་ལ་འཆར་བདེ་བའི་དབང་དུ་བྱས་ནས་བསྒྲིགས་པ་ལགས།  ཚང་མའི་བསམ་འཆར་ལྷུག་པོར་གསུངས་རོགས་གནང་།  མཐའ་མའི་དམིགས་ཡུལ་ནི་བོད་གངས་ཅན་གྱི་སྐད་ཡིག་སྤྱོད་པ་པོ་རྣམས་ལ་གཅིག་འགྱུར་གྱི་ཐ་སྙད་ཡོང་བའི་གོམ་པ་དང་པོ་དེ་འོ།      གུས་ཚངས་དབྱངས་ནས།

 

Alabama-                 ཨ་ལ་སྦར་མ།

Alaska-                    ཨ་ལགས་སེར་ཁོ།

Arizona-                 ཨ་རི་རྫོང་།

Arkansas-               ཨར་མཁན་གསར་

California-              ཁ་ལེགས་ཕོར་སྣེ་ཡག

Colorado-               ཀ་ལ་རོལ་རྡོ།

དེ་ལས་མང་བ་། “ཨ་རིའི་མངའ་སྡེའི་མིང་བོད་ཡིག་ལ་འགོད་པ།” »

གསར་འགྱུར།

བོད་ཕྲུག་དང་རྒྱ་ཕྲུག་དབར་རྒྱག་རེས་ཤོར་ནས། དམག་མི་སྐད་བཏང་འདུག

Posted on 2011-12-162011-12-16 By tenzin 19 Comments on བོད་ཕྲུག་དང་རྒྱ་ཕྲུག་དབར་རྒྱག་རེས་ཤོར་ནས། དམག་མི་སྐད་བཏང་འདུག

རྒྱ་ནག་གྲོང་ཁྱེར་ཁྲན་ཏུ་ལྕགས་ལམ་སློབ་ཆེན་ལ་བོད་ཕྲུག་དང་རྒྱ་ཕྲུག་དབར་རྒྱག་རེས་ཤོར་ནས། དམག་མི་སྐད་བཏང་འདུག གནས་ཚུལ་ཅུང་ཞིབ་པ་ཞིག་འདི་ལ་འདུག། རྒྱ་ཡིག་རེད། དེ་བོད་ཡིག་ལ་སྒྱུར་རོགས། http://cache.baidu.com/c?m=9f65cb4a8c8507ed4fece76310508c31490797634b87834e29938448e 435061e5a24feb826221704d4c17e6007bb0c01aaa63965470237c690 dff84ecacbe33f2ef83045010bf23205a219b8bb4332c050872ae2b 86ae1ad803384dfa3c4de2444bc50120985e7fd581767cb&p =b4769a46caaf1bff57ee943e1e53&user=baidu&fm=sc&query= %B3%C9%B6%BC%CC%FA%C2%B7%B9%A4%B3%CC%D1%A7%D0%A 3&qid=e6179d61028b27bd&p1=1

གསར་འགྱུར།

གླུ་མ་ཚེ་དབང་ལྷ་མོ་དང་། སྐྱིད་བྱམས། དེ་བཞིན་གླུ་པ་སྤེན་ཚེ་བཅས་ནེའུ་ཡོག་ལ་གླུ་གཞས་གཏོང་བར་ཕེབས་རྒྱུ་རེད་འདུག

Posted on 2011-12-092011-12-09 By tenzin 15 Comments on གླུ་མ་ཚེ་དབང་ལྷ་མོ་དང་། སྐྱིད་བྱམས། དེ་བཞིན་གླུ་པ་སྤེན་ཚེ་བཅས་ནེའུ་ཡོག་ལ་གླུ་གཞས་གཏོང་བར་ཕེབས་རྒྱུ་རེད་འདུག

གླུ་མ་ཚེ་དབང་ལྷ་མོ་དང་གླུ་མ་སྐྱིད་བྱམས། དེ་བཞིན་གླུ་པ་སྤེན་ཚེ་སོགས་གཟའ་སྤེན་པའི་དགོངས་མོར། བོད་ཀྱི་སྐད་ཡིག་ལ་དོ་སྣང་ཡོང་བའི་ཆེད་དུ་དམིགས་པའི་གླུ་གཞས་མཚན་ཚོགས་ལ་ཞུགས་རྒྱུ་རེད་འདུག ཁ་བྲོ།

གསར་འགྱུར།

བོད་ནས་ཕེབས་པའི་གླུ་མ་གྲགས་ཅན་གཉིས་དང་ཕྱིར་སྡོད་གླུ་པ་སྤེན་ཚེ་བཅས་ནས་ནེའུ་ཡོག་ལ་སྤྱི་ཟླ་བཅུ་གཉིས་པའི་ཚེས་༡༠ཉིན་གླུ་གཞས་ལེན་རྒྱུ་རེད་འདུག

Posted on 2011-12-042011-12-04 By tenzin 30 Comments on བོད་ནས་ཕེབས་པའི་གླུ་མ་གྲགས་ཅན་གཉིས་དང་ཕྱིར་སྡོད་གླུ་པ་སྤེན་ཚེ་བཅས་ནས་ནེའུ་ཡོག་ལ་སྤྱི་ཟླ་བཅུ་གཉིས་པའི་ཚེས་༡༠ཉིན་གླུ་གཞས་ལེན་རྒྱུ་རེད་འདུག

གོ་ཐོས་ལ་ཀོ་ལོམ་སྤི་ཡའི་སློབ་ཆེན་གྱི་ཚོགས་རྭར་བོད་ནས་ཕེབས་པའི་གྲགས་ཅན་གླུ་མ་གཉིས་དང་གླུ་པ་སྤེན་ཚེ་བཅས་ཀྱི་གླུ་གཞས་མཚན་ཚོགས་བསྐོང་རྒྱུ་རེད་འདུག། པ་སེ་དགོས་ན་གཤམ་གྱི་ཁ་པར་ཐོག་འབྲེལ་བ་བྱེད་ཚེ་པ་སེ་ཉོ་ཐུབ་ཀྱི་འདུག པ་རེ་གཅིག་ལ་ཨ་སྒོར་༣༠རེ་རེད་འདུག། ཁ་པར་ཨང་གྲངས་ནི་212-367-7380རེད། གླུ་མ་གཅིག་ཁམས་ནས་ཡིན་པ་དང་གཅིག་ཤོས་དེ་ཨ་མདོ་ནས་ཡིན་སྐད། མགྱོགས་པོ་འབྲེལ་བ་བྱོས།  པ་སེ་མང་པོ་མིན་འདུག  

གསར་འགྱུར།

རང་ལུས་བཞུ་འབུལ་གྱི་ངོ་རྒོལ་མཚམས་འཇོག་བྱེད་པར་སྐུལ་མ་གནོངས་རོགས།

Posted on 2011-10-112011-10-12 By tenzin 11 Comments on རང་ལུས་བཞུ་འབུལ་གྱི་ངོ་རྒོལ་མཚམས་འཇོག་བྱེད་པར་སྐུལ་མ་གནོངས་རོགས།

བོད་ཀྱི་ཆོས་ལུགས་རིས་མེད་ཀྱི་བླ་ཆེན་ཡོངས་དང་། གཞིས་བྱེས་སེར་སྐྱ་ཡོངས་ལ།

ཀི་རྟི་ཁུལ་ལ་ངེད་ཚོའི་མི་དམངས་ཀྱིས་མྱོང་བཞིན་པའི་བཙན་གནོན་དང་། འུ་ཐུག་ཐབས་ཟད་ཀྱི་གནས་སྟངས་ལ་སེམས་གཏིང་ནས་སྡུག་མཉམ་ཁྱེར་གྱི་འགན་ཁྲི་ལེན་རྒྱུ་ཡིན་ལ། དེ་བཞིན་ཁོང་ཚོའི་ཞུམ་མེད་ཀྱི་སྙིང་སྟོབས། ཁོང་ཚོའི་བསམ་ཡུལ་ལས་འདས་པའི་ཆོད་སེམས་ལ་ཡི་རངས་ཞུ་རྒྱུ་ཡིན། ཁོང་ཚོར་གདུང་སེམས་མཉམ་སྐྱེད་ཀྱི་འདུན་པ་ཆེ་ཆེར་སྐྱེས་ནས། ད་རེས་ཞུ་བ་འདི་འབུལ་བཞིན་ཡོད།

དེ་ལས་མང་བ་། “རང་ལུས་བཞུ་འབུལ་གྱི་ངོ་རྒོལ་མཚམས་འཇོག་བྱེད་པར་སྐུལ་མ་གནོངས་རོགས།” »

གསར་འགྱུར།

འཛམ་གླིང་ཡང་རྩེའི་ལས་རིགས་གསར་གཏོད་མཁན་བློ་བཟང་དཔལ་ལྡན།

Posted on 2011-10-102011-10-11 By tenzin 1 Comment on འཛམ་གླིང་ཡང་རྩེའི་ལས་རིགས་གསར་གཏོད་མཁན་བློ་བཟང་དཔལ་ལྡན།

སྤེལ་དུས།  2011-10-09
“ཀྲུང་གོའི་བོད་ལྗོངས་དྲ་བ།”ལས་དྲེན།
རྩོམ་པ་པོ།  བསོད་ཆུང་། དཔལ་མགོན་སྐྱབས་ཀྱིས་བསྒྱུར།
བློ་བཟང་དཔལ་ལྡན་ནི་བོད་ཀྱི་ཁེ་ལས་པ་གྲགས་ཅན་ཞིག་དང་། དམངས་ཁྲོད་སྐད་བརྡ་སློབ་གསོ་གསར་སྤེལ་མཁན་ཞིག་ཀྱང་ཡིན།
ང་ ཚོ་ཕྱི་དྲོའི་ཆུ་ཚོད༣གྱི་སྟེང་དུ་རྔ་ཆེན་སྲང་ལམ་གྱི་གངས་གཞོན་སྐད་བརྡ་སློབ་ གྲྭ་ནས་ངོ་ཐུག་པའི་དུས་བཅད་བྱས། ཕྱི་དྲོའི་ཆུ་ཚོད་གཉིས་ཅུང་བརྒལ་བའི་དུས་སུ། བློ་བཟང་དཔལ་ལྡན་གྱིས་ཁ་པར་ནང་ནས་ང་རང་ཕལ་ཆེར་ཆུ་ཚོད་༣དང་སྐར་མ ༡༠ ཡི་སྟེང་དུ་སློབ་གྲྭར་འབྱོར་ཐུབ་ཅེས་བཤད། འོན་ཀྱང་ང་རང་གི་སྡོད་གནས་དང་སློབ་གྲྭའི་བར་ལམ་ཐག་ཅུང་རིང་བས། ཁོང་གི་ཁ་པར་འབྱོར་དུས་ང་རང་རླངས་འཁོར་སྟེང་དུ་ཡོད། དེ་བས་སྔོན་གྱི་དུས་ཚོད་གཏན་ཁེལ་ལྟར་གནས་དེར་ཕྱིན་པ་ཡིན། ང་རང་སློབ་གྲྭའི་མགྲོན་ཁང་དུ་ངལ་གསོ་ཅུང་ཙམ་བྱས་རྗེས། དྲ་མའི་ཕྱི་རོལ་དུ་བློ་བཟང་དཔལ་ལྡན་ཆུ་ཚོད༣ཏག་ཏག་གི་སྟེང་དུ་སློབ་གྲྭའི་ནང་ དུ་འཛུལ་འོང་བ་མཐོང་བྱུང་།

དེ་ལས་མང་བ་། “འཛམ་གླིང་ཡང་རྩེའི་ལས་རིགས་གསར་གཏོད་མཁན་བློ་བཟང་དཔལ་ལྡན།” »

གསར་འགྱུར།

ཚེ་མཆོག་གླིང་གི་བླ་ཕྱག་གི་ཐག་གཅོད་འདི་དྲང་བདེན་རེད་དམ།

Posted on 2011-09-142011-10-06 By tenzin 72 Comments on ཚེ་མཆོག་གླིང་གི་བླ་ཕྱག་གི་ཐག་གཅོད་འདི་དྲང་བདེན་རེད་དམ།

དྲ་གྲོགས་ཚོས་ཤེས་གསལ་རེད། བོད་ཀྱི་དུས་བབ་ནང་བཀོད་པའི་ཚེ་མཆོག་གླིང་གི་བླ་ཕྱག་གི་ཐག་གཅོད་འདི་ང་ཚོ་དམངས་གཙོ་དང་རང་དབང་ལ་ཁ་ཕྱོགས་པའི་མི་རབས་གསར་པ་ཚོར་ལྟོས་ན། ཡ་ང་བ་དང་སེམས་སྐྱོ་དགོས་པའི་གནས་སྟངས་ཤིག་རེད་སྙམས།

ཚེ་མཆོག་གླིང་གི་ཕྱག་མཛོད་ཀྱིས་དགོན་པའི་ནང་བུད་མེད་ཁྲིད་ཡོང་བ་དང་། རྒྱུན་དུ་དགོན་པའི་ནང་ཆང་རག་ལ་ལོངས་སྤྱོད་པ། དེ་བཞིན་དགོན་པའི་མ་དངུལ་རྣམས་སྒེར་གྱི་བདག་ཐོབ་བྱས། དེ་ལ་དགོན་པའི་མཁན་པོ་དང་གྲྭ་དམངས་ཚོས་སྐྱོན་བརྗོད་བྱེད་སྐབས། ཁོང་ཚོ་རྒྱ་གར་གྱི་པུ་ལི་སི་ལ་རྩིས་སྤྲོད་བྱས། དེའི་རྒྱབ་ལ་ད་དུང་ཚེ་མཆོག་གླིང་གི་སྤྲུལ་སྐུ་ཁྲིད། སྤྲུལ་སྐུས་བུད་མེད་དགོན་པར་ཁྲིད་ཡོང་བ་དང་དགོན་པར་ཆང་རག་སྤྱོད་པ་འདི་ཁོ་པའི་འགན་མ་རེད་ཟེར་ནས་དགོན་པའི་མཁན་པོ་དང་། འགན་ཁྱེར་མཁན་ཚང་མ་ཕྱིར་འབུད་བྱས། དེའི་རྗེས་ལ་གྲྭ་དམངས་ཚོས་ལངས་ནས་ཚང་མ་དགོན་པ་ནས་ཕྱིར་ཐོན།

དེ་ལས་མང་བ་། “ཚེ་མཆོག་གླིང་གི་བླ་ཕྱག་གི་ཐག་གཅོད་འདི་དྲང་བདེན་རེད་དམ།” »

གསར་འགྱུར།

ཨ་རིའི་རྒྱལ་སའི་དུས་དབང་གྲ་སྒྲིག་ཚོགས་ཆུང་ལ་འདྲི་བ་འགའ་ཡོད།

Posted on 2011-07-182011-07-19 By tenzin 11 Comments on ཨ་རིའི་རྒྱལ་སའི་དུས་དབང་གྲ་སྒྲིག་ཚོགས་ཆུང་ལ་འདྲི་བ་འགའ་ཡོད།

ད་རེས་ཝ་ཤིང་ཀྲོན་དུ་དུས་དབང་ལ་བཅར་བའི་གོ་སྐབས་བྱུང་ལ། ཁྱེད་རྣམ་པས་གྲ་སྒྲིག་ཡག་པོ་གནང་འདུག་པས་ཚང་མར་ཐུགས་རྗེ་ཆེ།

དུས་དབང་འདིར་ཕྱིན་པའི་འབྲས་བུར། ང་ལ་འདྲི་བ་འགའ་འདྲི་བའི་སེམས་ཤུགས་སླེབས་སོང་། རྒྱུ་མཚན་ནི། གསུང་ཆོས་ཀྱི་མགོ་ནས་མཇུག་བར་ལ་རྱྒལ་བ་ཡིད་བཞིན་ནོར་བུས། དུས་རྟག་ཏུ་དཔྱད་པ་བྱེད་པ་འདི་ཆོས་ཀྱི་ཉམས་ལེན་ནང་ནས་གལ་འགངས་ཆེ་ཤོས་དེ་རེད། ཆོས་ཉམས་ལེན་བྱེད་པའི་སྐབས་ལ། ཐོག་མར་ཡང་དཔྱད་པ་བྱེད་པ། བར་ལ་ཡང་དཔྱད་པ་བྱེད་པ། མཐའ་མར་ཡང་དཔྱད་པ་བྱེད་པ་ལ་བརྟེན་ནས་སངས་རྒྱལ་ཀྱི་གོ་ཕང་ཐོབ་པ་བྱེད་དགོས་ཅེས་བཀའ་གསལ་པོ་གནང་སོང་། དེར་བརྟེན་ངས་བཀའ་སློབ་འདི་སྙིང་ལ་བཅངས་ནས་གཤམ་གྱི་འདྲི་བ་འདི་དག་འབུལ་བར་བྱེད།

དེ་ལས་མང་བ་། “ཨ་རིའི་རྒྱལ་སའི་དུས་དབང་གྲ་སྒྲིག་ཚོགས་ཆུང་ལ་འདྲི་བ་འགའ་ཡོད།” »

གསར་འགྱུར།

ཨ་ལགས་གཟན་དཀར་མཆོག་བོད་ལ་ཕེབས་པ།

Posted on 2011-04-202011-04-20 By tenzin 143 Comments on ཨ་ལགས་གཟན་དཀར་མཆོག་བོད་ལ་ཕེབས་པ།

མཁས་དབང་ཆེན་མོ་མཆོག་སྤྲུལ་ཐུབ་བསྟན་ཉི་མ་མཆོག་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་ཕེབས།
སྤེལ་དུས། 2011-04-19ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བ།   རྩོམ་པ་པོ། ལྗོན་སྨྱུག་ནས་བསྒྲིགས།

མཁས་དབང་ཆེན་མོ་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མ་མཆོག་གིས་ཁོར་ཡུག་སྲུང་སྐྱོབ་དང་ཆོས་ལུགས་བར་གྱི་འབྲེལ་བ་སོགས་ཀྱི་ཐད་ལ་གླེང་མོལ་བྱེད་པ།

ཟླ་༤པའི་ཚེས་༡༨ཉིན་གྱི་སྔ་དྲོར། བོད་ཀྱི་མཁས་དབང་ཆེན་མོ་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མ་མཆོག་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས་གདན་ཞུས་ལྟར་སློབ་གྲྭར་ཕེབས་ནས་ཁོར་ཡུག་སྲུང་སྐྱོབ་དང་ཆོས་ལུགས་བར་གྱི་འབྲེལ་བའི་བརྗོད་བྱ་གཙོ་བོ་བྱས་ནས་ཨ་རིའི་ནུའོ་ཡའོ་སློབ་གྲྭ་གསར་པའི་རྒྱ་བོད་ཞིབ་འཇུག་ཁང་གི་དབུ་གཙོ་ཨ་ཤུ་ཀ་དང་།ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་རྒྱལ་བསྟན་བློ་བཟང་བྱམས་པ།ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་བཀྲ་ཤིས་དང་ཀརྨ་རྒྱལ་མཚན།བོད་ཀྱི་མཁས་དབང་སྡེ་རོང་ཚེ་རིང་དོན་གྲུབ་སོགས་དང་།བོད་ཡིག་སློབ་གྲྭའི་དགེ་ཁག་ཅིག་དང་ལྷན་དུ་རང་བྱུང་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུའི་གལ་ཆེའི་གནད་དོན་དང་སྲུང་སྐྱོབ་བྱ་ཐབས་སྐོར་ལ་བཞུགས་མོལ་གནང་བ་རེད།

དེ་ལས་མང་བ་། “ཨ་ལགས་གཟན་དཀར་མཆོག་བོད་ལ་ཕེབས་པ།” »

གསར་འགྱུར།

རྒྱ་ནག་གཞུང་གིས་༧གོང་ས་༧མཆོག་གི་བགྲེས་ཡོལ་སྐོར་ལ་རྩོམ་ཞིག་སྤེལ་འདུག

Posted on 2011-04-022011-04-02 By tenzin 25 Comments on རྒྱ་ནག་གཞུང་གིས་༧གོང་ས་༧མཆོག་གི་བགྲེས་ཡོལ་སྐོར་ལ་རྩོམ་ཞིག་སྤེལ་འདུག

ཡེ་རྡོ།

ཏཱ་ལའི་ཡིས་“ལས་འཁྱུར་ངལ་གསོ”བྱེད་པ་ནི་ཆབ་སྲིད་ཀྱི་ཟློས་གར་ཙམ་ཞིག་རེད། སྤེལ་དུས། 2011-04-01   ཡོང་ཁུངས།    རྩོམ་པ་པོ།  ཡེ་རྡོ། གནས་ཚུལ་བསྒྲགས་པ་ལྟར་ན།ཟླ༣པའི་ཚེས༡༡ཉིན་ཏཱ་ལའི་ཡིས་ཁོ་ཚོའི་གྲོས་ཁང་རྫུན་མར་ཡི་གེ་བསྐུར་ཏེ། “ཡུལ་གྱར་བོད་མིའི་ཁྲིམས་ཡིག”བཟོ་བཅོས་བྱེད་རྒྱུའི་རེ་བ་བཏོན་ཞིང་།“ཏཱ་ལའི་བླ་མའི་མཚན་ལ་བརྟེན་ནས་བྱུང་བའི་ཆབ་སྲིད་དམ་སྲིད་འཛིན་གྱི་བྱ་བ་ཡོད་ཚད་” མེད་པ་བཟོ་དགོས་པའི་བླང་བྱ་བཏོན་པ་རེད།ཏཱ་ལའི“ལས་འཁྱུར་ངལ་གསོ”བྱེད་པའི་གནད་དོན་དེ་ཁོ་ཚོའི་ཤོག་ཁག་ཆུང་ཆུང་དང་ནུབ་ཕྱོགས་རྒྱབ་སྐྱོར་མཁན་དག་གིས་འུད་སྒྲོག་བྱ་ཡུལ་གཙོ་བོ་ཞིག་ཡིན་པ་རེད།ཟླ༣པའི་ཚེས༡༨ཉིན་གྲོས་ཁང་རྫུན་མས།

དེ་ལས་མང་བ་། “རྒྱ་ནག་གཞུང་གིས་༧གོང་ས་༧མཆོག་གི་བགྲེས་ཡོལ་སྐོར་ལ་རྩོམ་ཞིག་སྤེལ་འདུག” »

གསར་འགྱུར།

སྡེ་རོང་ཚེ་རིང་དོན་གྲུབ་ཀྱིས་ཕུལ་བའི་གྲོས་འཆར་ཡི་གེ

Posted on 2011-04-012011-04-01 By tenzin 5 Comments on སྡེ་རོང་ཚེ་རིང་དོན་གྲུབ་ཀྱིས་ཕུལ་བའི་གྲོས་འཆར་ཡི་གེ

སྡེ་རོང་ཚེ་རིང་དོན་གྲུབ་ཀྱིས་ཕུལ་བའི་གྲོས་འཆར་ཡི་གེ
སྤེལ་དུས། 2011-04-01 ཁུངས། བོད་ཀྱི་སྐད་ཡིག རྩོམ་པ་པོ། བླ་མ་བཀྲ་ཤིས་ཀྱིས་བསྒྱུར། རྡེབ་ཚད། 7

ཤོ་རྒྱག་རྒྱལ་སྐུགས་བྱ་བ་ཚར་བཅད་དེ།། རིགས་ཀྱི་ཡར་བསྐྱེད་སྙིང་སྟོབས་ཤུགས་ཀྱིས་གསོ།།

——བོད་རིགས་སྤུན་ཟླ་ཡོངས་ལ་ཕུལ་བའི་གྲོས་གཞིའི་ཡི་གེ
མྰ་ཅང་དང་། ཤོ་རྩེད་དེ་རྒྱལ་སྐུགས་པའི་རླུང་འཚུབ་ཅིག་གིས་བོད་ཁམས་ཀྱི་གྲོང་དང་གྲོང་ བརྡལ་ཕལ་ཆེར་བཏུམ་འགྲོ་བཞིན་པའི་སྣང་ཚུལ་འདི་འགྲེང་བརྒྱ་ཀུན་གྱིས་འཚལ་བ་ ཞིག་རེད་ལ། མྰ་ཅང་རྩེད་ནས་དངུལ་ལོར་རྒྱན་དུ་འཇོག་པ་ཡང་མངོན་སུམ་གྱི་དོན་ཞིག་ཏུ་གྱུར་ འདུག མྰ་ཅང་རྩེད་པ་ནི་ལྐོག་རྔན་སྤྲོད་པ་དང་གསུག་བརྫངས་པའི་ཐབས་ལམ་ཞིག་ཏུ་གྱུར་ ཡོད་པའང་ཀུན་ལ་གསལ་ཆ་ཆེ་བའི་ཡོངས་ཁྱབ་ཀྱི་སྣང་ཚུལ་ཞིག་རེད་ལ།བོད་ཁམས་ཡོངས་ ཀྱི་ཕོ་མོ་རྒན་གཞོན་མང་བོས་དུས་ཚོད་དང་སེམས་ཤུགས། ཡོང་སྒོ་ཚང་མ་མྰ་ཅང་ཅོག་ཙེའི་ཐོག་ཏུ་འཕེན་བཞིན་པའང་ཚང་མར་ཆ་རྒྱུས་ཡོད་པའི་ དོན་ཞིག་རེད།

དེ་ལས་མང་བ་། “སྡེ་རོང་ཚེ་རིང་དོན་གྲུབ་ཀྱིས་ཕུལ་བའི་གྲོས་འཆར་ཡི་གེ” »

གསར་འགྱུར།

ཟམ་སྟོང་རིན་པོ་ཆེའི་གསུང་ངོ་མ་ཡིག་ཐོག་ལ་ཕབ་པ།

Posted on 2010-09-282010-09-28 By tenzin 17 Comments on ཟམ་སྟོང་རིན་པོ་ཆེའི་གསུང་ངོ་མ་ཡིག་ཐོག་ལ་ཕབ་པ།

གསལ་བཤད།

ཉེ་ཆར་ཟམ་སྟོང་རིན་པོ་ཆེས། རྒྱ་གར་གྱི་གསར་ཤོག་ཁག་ནང་ལ། “རྒྱལ་བ་རིན་པོ་ཆེ་གལ་ཆེའམ། མང་གཙོ་གལ་ཆེ་”ཅེས་བསམ་ཚུལ་བསྡུ་མཁན་རྣམས་ལ་གསལ་བཤད་ཤིག་གནང་འདུག ཡིན་ནའང་། མི་ཁག་གཅིག་གིས་དེ་ལ་འགྲེལ་བཤད་དང་གོ་བ་འདྲ་མིན་བརྒྱབ། དེ་ཚོར་བོད་པ་ཁ་ཤས་ཀྱིས་ཁ་གཏད་ལངས་ནས། གསར་ཤོག་དང་པོད་ཁུག་ནང་བགྲོ་གླེང་མང་པོ་ཡོང་བཞིན་འདུག རྩ་བའི་ཟམ་སྟོང་རིན་པོ་ཆེས་གསུང་བཤད་གང་གནང་བ་དེ་ཉན་ཐུབ་མཁན་མང་པོ་མེད་སྟབས། རྩ་བའི་གསུང་འདི་ཡིག་ཐོག་ལ་ཕབ་ཡོད། འདི་ལ་གཟིགས་ནས་བགྲོ་གླེང་གནང་ན། གནས་ཚུལ་གསལ་པོ་ཡོང་བའི་རེ་བ་ཡིན། 

གསུང་ངོ་མ་འདི་ནས་ཡིན།

“ང་ཚོའི་བསམ་བློའི་ནང་བཞེད་སྣང་ཆེན་པོ་གཅིག་ག་རེ་ཡོང་གི་ཡོད་རེད་ཟེར་ན། བོད་པའི་སྤྱི་ཚོགས་ཀྱི་ནང་ནས་རྒྱལ་བ་རིན་པོ་ཆེར་དད་པ་དམ་ཚིག་ཉམས་ཆག་འགྲོ་ཡག་གི་ཉེན་ཁ་འདི། ལོ་རེ་ལས་ལོ་རེ་ཆེ་བ་ཡོང་གི་འདུག་བསམ་གྱི་ཡོད་རེད། དོལ་རྒྱལ་རྗེས་བྲངས་པ་ལྟ་བུ་ཞིག་ཡིན་པ་ཡིན་ན། འདི་ག་ཙམ་གྱི་གཏིང་ཟབ་ཀྱི་གཞི་རྩ་གང་ཡོད་མ་རེད། གློ་བུར་གྱི་སེམས་འཚོར་ཞིག་དང་། གློ་བུར་གྱིས་ལམ་ལོག་པ་སྟོན་མཁན་ཚོའི་བློ་བྲིད་འོག་ལ་ཕྱིན་ནས། འགྲོ་སྡད་པ་དེ། ད་དོལ་རྒྱལ་བསྟེན་སྲུང་པ་ཚོའི་ནང་ལ་རྒྱལ་བ་རིན་པོ་ཆེ་ལ་མཚན་སྨད་ཞུང་མཁན་མང་པོ་ཡོད།  དེ་ང་ཚོ་ཞེ་དྲག་ཞེ་དྲག་ཧ་ལས་ཀྱི་མིན་འདུག ད་དེ་རིང་སང་ཉིན། བོད་ཀྱི་རྩ་དོན་དང་འབྲེལ་བ་ཆག་ནས། རང་བཙན་བསྒྲུབ་དང་མ་བསྒྲུབ། དེའི་ཆ་ནས་སྐྱབས་མགོན་རིན་པོ་ཆེར་ཟུར་ཟ་དང་མཚན་དམད་ཞུ་མཁན། ཡང་དེང་རབས་ཀྱི་གནས་ཚུལ་ལ་བརྙས་ནས་མང་གཙོའི་ལམ་སྲོལ་ཆ་ཚང་ཞིག་བེད་སྤྱོད་གཏོང་དགོས་བྱུང་ན། རྒྱལ་བ་རིནཔོ་ཆེ་བརྩི་མེད་བྱེད་དགོས་ཀྱི་ཡོད་པའི་ཟོ་འདྲ་པོ། དེ་འདྲས་ཀྱི་གནས་ཚུལ་གྱི་ཐོག་ནས་རྒྱལ་བ་རིན་པོ་ཆེ་ལ་ཟུར་ཟ་དང་མཚན་དམད་ཞུ་མཁན།

དེ་ལས་མང་བ་། “ཟམ་སྟོང་རིན་པོ་ཆེའི་གསུང་ངོ་མ་ཡིག་ཐོག་ལ་ཕབ་པ།” »

གསར་འགྱུར།

རྒྱ་གར་གཞུང་གིས་རྒྱ་ནག་ལ་གཞུང་ལམ་བཟོ་བསྐྲུན་གྱི་ལས་གཞིར་མ་རྩ་དང་། ལག་རྩལ། འཛིན་སྐྱོང་བཅས་བྱེད་པའི་རེ་བ་བཏོན་འདུག

Posted on 2010-09-202010-09-20 By tenzin No Comments on རྒྱ་གར་གཞུང་གིས་རྒྱ་ནག་ལ་གཞུང་ལམ་བཟོ་བསྐྲུན་གྱི་ལས་གཞིར་མ་རྩ་དང་། ལག་རྩལ། འཛིན་སྐྱོང་བཅས་བྱེད་པའི་རེ་བ་བཏོན་འདུག

གཤམ་གྱི་དྲ་ཐག་ཐོག་ལ་རྒྱ་གར་དང་རྒྱ་ནག་དབར་ལ་གཞུང་ལམ་བཟོ་སྐྲུན་གྱི་མཉམ་འབྲེལ་བྱ་རྒྱུའི་གསར་འགྱུར་བཀོད་འདུག དེ་ཡང་རྒྱ་གར་གྱི་ས་མཚམས་ས་ཁུལ་ལ་གཞུང་ལམ་བཟོ་སྐྲུན་བྱ་རྒྱུར་རྒྱ་ནག་དང་མཉམ་འབྲེལ་བྱ་རྒྱུ་རེད་འདུག རྒྱ་གར་ནང་བོད་པ་མང་ཆེ་བ་རྒྱ་གར་གྱི་ས་མཚམས་ཁུལ་ལ་སྡོད་ཀྱི་ཡོད་སྟབས། བོད་པའི་གནས་སྟངས་ལ་འགྱུར་བ་ཐེབ་ཨེ་སྲིད། http://www.thehindu.com/business/Economy/article669366.ece

གསར་འགྱུར།

ཨ་རིའི་གསང་དབང་ལས་ཁུངས་ཀྱིས་བོད་དོན་ཐོག་བཏང་བའི་འགྲོ་སོང་རྣམས་འདིར་འདུག

Posted on 2010-09-15 By tenzin No Comments on ཨ་རིའི་གསང་དབང་ལས་ཁུངས་ཀྱིས་བོད་དོན་ཐོག་བཏང་བའི་འགྲོ་སོང་རྣམས་འདིར་འདུག

འབྲེལ་ཐག་འདིར་ཨ་རིའི་གསང་དབང་ལས་ཁུངས་ཀྱིས་༡༩༦༤ནས་༦༨བར་བོད་དམག་དང་བོད་གཞུང་ཐོག་ལ་བཏང་བའི་འགྲོ་སོང་རྣམས་འདིར་བཏོན་འདུག  ཡིག་ཆ་འདི་གང་མགྱོགས་བོད་ཡིག་ཐོག་སྒྱུར་ཐུབ་ན་ལེགས། དཔེར་ན། རྒྱ་ནག་ནང་ལ་འདིའི་སྐོར་ལ་བགྲོ་གླེང་བྱེད་བཞིན་འདུག་པས། འབྲེལ་ཐག་༢པར་གཟིགས་རོགས། http://www.state.gov/www/about_state/history/vol_xxx/337_343.html རྒྱ་ནག་ནང་འདིའི་སྐོར་ལ་གཤམ་གྱི་འབྲེལ་ཐག་ཐོག་ནས་བལྟ་ཐུབ་ཟེར། http://chinageeks.org/2010/09/flashback-what-the-cia-was-spending-on-tibet-circa-1964/

གསར་འགྱུར།

“བོད་ཀྱི་ཏུན་ཧོང”དུ་གྲགས་པའི་གདན་ས་ཆེན་པོ་ས་སྐྱ་དགོན་པའི་ཐོས་བསམ་གླིང་གནས་ཡུལ་གསར་བར་སྤོས་པ།????

Posted on 2010-09-07 By tenzin 9 Comments on “བོད་ཀྱི་ཏུན་ཧོང”དུ་གྲགས་པའི་གདན་ས་ཆེན་པོ་ས་སྐྱ་དགོན་པའི་ཐོས་བསམ་གླིང་གནས་ཡུལ་གསར་བར་སྤོས་པ།????

ཉེ་ཆར་ས་སྐྱ་ནས་ཁ་པར་འབྱོར་བར། ས་སྐྱ་དགོན་པའི་དཔེ་ཆ་ཚང་མ་བཏོན་ནས། ས་ཆ་གཞན་ཞིག་ལ་འཁུར་སོང་ཟེར། རེ་ཞིག་ཧོན་ཐོར་ནས། དེ་ཡིན་སྲིད་ཀྱི་མ་རེད། ཁྲིམས་མེད་ཀྱི་ལས་ཀ་དེ་འདྲ་བྱེད་ཨེ་སྲིད་ཅེས་ཁ་ནས་ཤོར་སོང་། ཡིན་ནའང་། རྗེས་མ་སྤྱི་ཚོགས་ཚན་རིག་ཁང་ལ་ཁ་པར་བཏང་ནས། དེའི་སྐོར་ལ་སྐད་ཆ་འདྲི་སྐབས། “ཀྲུང་དབྱང་གིས་སྒོར་མོ་མང་པོ་བཏང་ནས་ས་སྐྱ་དགོན་པའི་དཔེ་མཛོད་གསར་པ་བཞེངས་ནས། ད་ལྟ་དཔེ་ཆ་དེ་དག་ཁང་པ་གསར་པ་དེའི་ནང་དབོར་བ་རེད།” “རྒྱ་ནག་ལ་དབོར་མེད།”ཟེར།  དེའི་སྐོར་གྱི་གསར་འགྱུར་དྲ་ཐོག་ལ་བཙལ་ཀྱང་།  http://tb.tibet.cn/news/xz_news/ttxw/201009/t20100907_625782.htm་ཐོག་ལ་དཔར་ཞིག་ལས་དེ་མིན་དེའི་སྐོར་གསར་འགྱུར་མཐོང་མ་བྱུང་།  ཁྱེད་ཚོས་དེའི་སྐོར་གོ་ཐོས་འདྲ་བྱུང་སོང་ངམ། 

གསར་འགྱུར།

གཡུ་ཐོག་ལམ།  

Posted on 2010-08-242010-08-24 By tenzin 5 Comments on གཡུ་ཐོག་ལམ།  

གསལ་བཤད།

དེ་སྔོན་རིག་འབྱུང་དོན་གྲུབ་བཀྲིས་ནས་བསྟན་འཛིན་བདེ་སྐྱིད་ཀྱི་སྙན་ངག་ཤིག་བསྒྱུར་འདུག དེའི་མ་ཡིག་ཀློག་རྗེས་ང་ལ་སྒྱུར་སྟངས་གཞན་ཞིག་སེམས་ལ་འཁོར་སོང་བས། འདིར་དཔྱད་གཞིའི་སླད་དུ་ཕུལ་ཡོད། ཚང་མས་དགོངས་ཚུལ་གསུངས་རོགས།

རྒྱབ་ལྗོངས། སྙན་ངག་འདི་ཁོང་བོད་ལ་ཕེབས་སྐབས་ཀྱི་མཐོང་ཚུལ་བརྗོད་འདུག

Yuthok Lane (By Tenzin Dickyi)

This is how it will be.
We will take a walk on concrete, not blue tiles.
You will pretend to be disappointed.
This will have the quality of a ritual.

གཡུ་ཐོག་ལམ། (བསྟན་འཛིན་བདེ་སྐྱིད།)

འདི་ནི་ངེས་པར་ཡོང་བར་འགྱུར།
ཁྱེད་ཀྱིས་རྡོ་གཅལ་འཇམ་པོ་ཞིག་གི་སྟེང་ལ་འཆམ་འཆམ་མི་བྱེད་པར།
ཨར་འདམ་མཁྲེགས་པོ་ཞིག་གི་ཐིལ་ལ་བྱེད།
དེའི་ཚེ་དེའི་དུས་སུ། ཁྱེད་ཀྱིས་དེ་ལ་ཁྲེལ་ཚུལ་ཀྱང་བྱེད།
འདི་ནི་ཁྱེད་ཀྱི་ཉིན་ལྟར་བཀོལ་བའི་ཆོ་ག་ལྟ་བུར་འགྱུར།

དེ་ལས་མང་བ་། “གཡུ་ཐོག་ལམ།  ” »

འགྱུར་རྩོམ།

བོད་ནང་ནས་འདྲི་བ་ཞིག་བསྐུར་བྱུང་།

Posted on 2010-08-23 By tenzin 10 Comments on བོད་ནང་ནས་འདྲི་བ་ཞིག་བསྐུར་བྱུང་།

ཉེར་ཆར་བོད་ནང་ནས་ཕེབས་པའི་མི་སྣ་ཁ་ཤས་མཇལ་བའི་གོ་སྐབས་ཐོབ། དེའི་ནང་ནས་མི་གཅིག་གིས་ང་ལ་དམིགས་སུ་བཀར་ནས་འདྲི་བ་འདི་དྲིས། ངས་ལན་རྒྱག་མི་ཤེས་སྟབས། གཞན་ལ་འདྲི་བར་བྱའོ་ཞུས། ཁྱེད་ནས་ང་ལ་ལན་ཞིག་སྟེར་ཨེ་ཐུབ། ཁོང་ན་རེ། “ངེས་སྟོན་པ།”་ཟེར་ན་ཅི། མིང་ཚིག་འདི་ཚིག་མཛོད་སོགས་གང་ནས་ཀྱང་མི་རྙེད་ཟེར། ཁོང་ན་རེད། མིང་ཚིག་འདི་ཆོས་སྟོན་པ་ལ་གོའམ། ཡང་ན། མཐར་ཐུག་གི་ཐག་གཅོད་བྱེད་པོ་དབང་འཛིན་པ་ཞིག་ལ་གོའམ། ཡང་ན། བློ་འདྲི་ཡུལ་ལ་གོའམ་ཟེར། ཁྱེད་ནས་འགྲེལ་བཤད་ཤིག་རྒྱོབ་རོགས། ངའི་གྲོགས་པོ་ཡིག་སྒྱུར་གྱི་ལས་ཀ་བྱེད་མུས། འདི་སྒྱུར་བར་དཀའ་ངལ་འཕྲད་བཞིན་འདུག ཐུགས་རྗེ་ཆེ།  

གསར་འགྱུར།

བར་སྟོང་འདོད་ན། ཚེག་དེ་དོར། 

Posted on 2010-07-102010-07-10 By tenzin 15 Comments on བར་སྟོང་འདོད་ན། ཚེག་དེ་དོར། 

གོང་གི་ཚེག་དང་བར་སྟོང་སྐོར་ལ་གུས་པའི་བསམ་འཆར་འདི་ཡིན། བོད་ཡིག་གི་ཚེག་འདི་བཅད་མཚམས་ཤིག་རེད། དེ་དབྱིན་ཡིག་གི་སྟོང་ཆ་དེ་དང་དོན་གཅིག་གོ། གཉིས་ཀ་བཅད་མཚམས་ཤིག་རེད། གལ་ཏེ་བོད་ཡིག་ལ་བར་སྟོང་དགོས་ཟེར་ན། ཚེག་འདི་དོར་དགོས། ཚེག་གང་ཡོད་ལ་བར་སྟོང་འཇོག་ན། ཡིག་གེའི་བཅད་མཚམས་ཡང་དེ་ནས་ཤེས་ཐུབ། དེ་ལྟར་བྱུང་ན། ཡི་གེའི་ཚེག་ཁྱིམ་ལ་རྙོག་འདྲ་བྱུང་མི་འགྱུར། དཔེར་ན་གཤམ་གྱི་མཆན་ལ་གཟིགས་དང་། བཀའ བློན དེ གནའ…

དེ་ལས་མང་བ་། “བར་སྟོང་འདོད་ན། ཚེག་དེ་དོར། ” »

གསར་འགྱུར།

དབྱིན་ཡིག་འདི་རྒྱུན་སྤྱོད་ཀྱི་ནུས་པ་ཆེ། བོད་ཡིག་དེ་ཆོས་སྐད་གཅིག་པོ་རེད་ཟེར།། དེ་བདེན་པ་རེད་དམ།

Posted on 2010-06-11 By tenzin 21 Comments on དབྱིན་ཡིག་འདི་རྒྱུན་སྤྱོད་ཀྱི་ནུས་པ་ཆེ། བོད་ཡིག་དེ་ཆོས་སྐད་གཅིག་པོ་རེད་ཟེར།། དེ་བདེན་པ་རེད་དམ།

གྲོགས་པོ་ལགས། ཁ་སང་བོད་པའི་ན་གཞོན་ཞིག་གིས་དབྱིན་ཡིག་དང་བོད་ཡིག་གཉིས་བསྡུར་ན། དབྱིན་ཡིག་དེ་གཏིང་ཟབ་པ་དང་གོ་ཆོད་པ། བོད་ཡིག་ནི་ཆོས་སྐད་ལས་རྒྱུན་སྤྱོད་ཀྱི་བྱ་བར་ཕན་མི་ཐོག་ཟེར། ཁོས་དཔེ་ཞིག་བཞག་སོང་། ངས་ཁོས་ཟེར་བ་འདི་མ་རེད་ལབ་ཐུབ་མ་སོང་། ཁོས་ཁྱེད་རང་ཚོས་བོད་ཡིག་དེ་ཡག་རབས་མ་ཤོད། གཤམ་གྱི་དུམ་བུ་འདི་གོ་བདེ་པོ་ཞིག་གི་ཐོག་སྒྱུར་དང་ཟེར། “A woman will fake orgasm for relationship. A man will fake relationship…

དེ་ལས་མང་བ་། “དབྱིན་ཡིག་འདི་རྒྱུན་སྤྱོད་ཀྱི་ནུས་པ་ཆེ། བོད་ཡིག་དེ་ཆོས་སྐད་གཅིག་པོ་རེད་ཟེར།། དེ་བདེན་པ་རེད་དམ།” »

གསར་འགྱུར།

བོད་ཡིག་ཡིག་གཟུགས་གསར་པ་ལེན་རོགས།

Posted on 2010-05-27 By tenzin 3 Comments on བོད་ཡིག་ཡིག་གཟུགས་གསར་པ་ལེན་རོགས།

དྲ་གྲོགས་ཚོ། གཤམ་གྱི་དྲ་ཐག་དེ་ནས་ཡིག་གཟུགས་གསར་པ་བཅུ་ཙམ་རིན་མེད་ལ་འབེབ་ཐུབ་ཀྱི་འདུག ཡིག་གཟུགས་རྣམས་སྤུས་ཀ་དག་ལ་མཛེས་ཉམས་འདོད་པོ་འདུག ཡིག་གཟུགས་བཟོ་མཁན་ནི་གློག་ཀླད་མཁས་པ་རྒན་བཀྲིས་ཚེ་རིང་ལགས་རེད་འདུག ཀུན་པ་ཕན་པ་ཤོག http://yalasoo.com/Tibetan/docs/yalasoo_bo_font.php ཚངས་དབྱངས་ནས།

གསར་འགྱུར།, གསལ་བསྒྲགས།

Posts pagination

Previous 1 2 3 4 … 8 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme