བཙན་བྱོལ་བོད་མིའི་ལས་དབང་ལ་དཔྱད་པའི་གཏམ།
གཞུང་པ་ཚེ་དབང་བསོད་ནམས། སྤྱི་ལོ་ ༡༩༥༩ ལོར་བོད་ས་ཤོར་ནས་བོད་མི་ཁྲི་ཚོ་རྒྱད་ལྷག་ཙམ་ཞིག་༧ གོང་ས་མཆོག་གིས་༧ ཞབས་རྗེས་སུ་འབྲང་ནས་རྒྱ་གར་འཕགས་པའི་ཡུལ་དུ་འབྱོར་ནས་འཚོ་ཐབས་གནས་ཡུལ་ལུང་པའི་འཁོར་ལམ་བཟོ་བཅོས་ཆེད་ཧི་མ་ཅལ་མངའ་སྡེ་དང་། གང་ཏོག་འབྲས་ལྗོངས་ཁུལ་སོགས་རྒྱ་གར་གྱི་མཐའ་མཚམས་མངའ་སྡེ་ཁག་གི་ནང་གནས་སྐབས་འཚོ་རྟེན་ལམ་བཟོ་རྒྱུག་པ་དང་། ༧གོང་ས་མཆོོག་དང་ཁོང་གི་བཀའ་ཤག་ལྷན་རྒྱས་ནས་སྐབས་དེའི་རྒྱ་གར་གྱི་སྲིད་བློན་དམ་པ་པཎྜི་ཏ་ནེ་རུ་མཆོག་ལ་བོད་མི་བཙན་བྱོལ་བ་རྣམས་རང་ཡུལ་དུ་ཕྱིར་ལོག་མ་ཐུབ་བར་རྒྱ་གར་དུ་འཚོ་གནས་ཐུབ་པའི་རོགས་མགོན་སྙན་སེང་ཞུས་པ་བཞིན་བོད་མི་བཙན་བྱོལ་བ་ཚོའི་ཕྲལ་ཕུགས་ཀྱི་འཚོ་བའི་བསྐོར་དང་། ན་གཞོན་ཚོར་ཤེས་ཡོན་སློབ་གསོའི་བསྐོར། བོད་མི་རིགས་གསོན་གནས་ཐུབ་པའི་བོད་མིའི་ཆོས་དང་རིག་གཞུང་སྐད་ཡིག་སོགས་རྒྱུན་གནས་ཐུབ་པའི་བསྐོར་སོགས་ལ་རྒྱ་གར་གཞུང་ནས་མཐུན་སྦྱོར་ཚད་མཐོའི་རོགས་སྐྱོར་འོག་བོད་མིར་རན་པའི་བཟོ་གཞིས་ཁག་དང་། སོ་ནམ་གཞིས་ཆགས་ཁག ནང་བསྟན་མི་ཉམས་གོང་འཕེལ་ཆེད་ཆོས་སྒར་ཁག ཤེས་ཡོན་གྱི་གཏི་གནས་སློབ་གྲ་ཁག་དང་། དྭང་སློབ། རྒན་གསོ་ཁང་སོགས་གནས་ཡུལ་གཞུང་ནས་བོད་མི་ཚོར་འགྲོ་བ་མིའི་འདུ་ཤེས་དང་ལོ་ངོ་སྟོང་ཕྲག་མང་པོའི་ཆོས་དང་ཤེས་རིག་གི་འབྲེལ་ལམ་བཟང་པོ་སོགས་ལ་འགན་འཁུར་ནས་ཚད་མཐོའི་རོགས་རམ་མཐུན་བསྒྱུར་གནང་བ་ལ་བརྟེན་ནས་བཙན་བྱོལ་བོད་མིའི་འཚོ་བའི་གནས་སྟངས་དེ་ལོ་རེ་ནས་ལོ་རེ་བཞིན་ཡར་རྒྱས་ཀྱི་ཕྱོགས་སུ་འགྲོ་གི་ཡོད་ན་ཡང་ང་ཚོའི་དམིགས་ཡུལ་ངོ་མ་རང་ཡུལ་རང་བདག་ཆེད་མི་ཡུལ་དུ་བཙན་བྱོལ་དུ་སླེབས་པ་ནས་དུས་ད་ལྟ་བར་ང་ཚོའི་བོད་དོན་བདེན་མཐའ་སེལ་ཐབས་ལ་འབད་བརྩོན་ཇི་ཙམ་བྱས་ཀྱང་ཕ་རོལ་དགྲ་བོའི་ངོས་ནས་བཟང་ཕྱོགས་ཀྱི་བརྡ་ལན་ཕར་བཞག་བོད་ཡུལ་རྒྱ་ཡུལ་ལ་རྒྱུར་རྒྱུ་དང་བོད་མི་རིགས་འདི་རྒྱ་མི་རིགས་ལ་རྒྱུར་རྒྱུའི་ཆབ་སྲིད་ནག་པོ་དངོས་སུ་འཛམ་གླིང་མི་མང་མདུན་དུ་ངོམས་བཞིན་པའི་སྐབས་འདིར་ང་ཚོ་རང་དབང་ལུང་པའི་ནང་དེ་སྔོན་༧གོང་ས་མཆོག་ནས་སྐུ་ཚེ་ཧྲིལ་པོ་སྐུ་ལས་སྐྱོན་པའི་བཙན་བྱོལ་བོད་མིའི་མང་གཙོའི་སྒྲིག་འཛུགས་ཀ་བ་གསུམ་འགན་དབང་འདྲ་མཉམ་ཐ་དད་དུ་ཡོད་པའི་མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་གྱིས་སྒྲིག་འཛུགས་དེ་དག་འཛམ་གླིང་མིི་མང་ལ་ངོམས་སུ་ཆོག་པ་ཡོད་པ་འདི་ཡང་སྤྱི་འཐུས་སྐབས་བཅུ་དྲུག་གི་ཁྲིམས་འགལ་གྱིས་གྲོས་ཆོད་ཡིག་ཆ་ཨང་…