Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མི་རིགས་ཞིག་གསོན་གནས་ཐུབ་དགོས་ན་མི་རིགས་དེའི་སྐད་ཡིག་དང་རིག་གཞུང་གསོན་པོར་གནས་དགོས་པ།

Posted on 2024-02-13 By ཁ་བརྡ་ 1 Comment on མི་རིགས་ཞིག་གསོན་གནས་ཐུབ་དགོས་ན་མི་རིགས་དེའི་སྐད་ཡིག་དང་རིག་གཞུང་གསོན་པོར་གནས་དགོས་པ།

གཞུང་པ་ཚེ་དབང་བསོད་ནམས། འཛམ་གླིང་གི་ས་ཆེན་པོ་འདི་ཆགས་པ་ནས་མི་གི་འགྲོ་བ་འཕེལ་བའི་བརྒྱུད་རིམ་ལ་ཕྱི་མིག་བལྟ་སྐབས་ང་ཚོར་ངོ་འཕྲོད་པ་དེ་མི་རིགས་ཞིག་ཟུར་དུ་འཚོ་དགོས་ན་མི་རིགས་དེའི་སྐད་ཡིག་དང་རིག་གཞུང་གསོན་པོར་གནས་དགོས་པ་དེ་གལ་ཆེའི་ནང་གི་གལ་ཆེན་ངོ་མ་དེ་ཡིན་པ་ནས་ང་ཚོ་བོད་མི་རིགས་འདི་ཡང་སྤྱི་ལོ་༡༩༥༩ བར་བོད་མི་རིགས་འདི་འཛམ་གླིང་གི་ལུང་པ་གཞན་གྱིས་སྐད་ཡིག་དང་རིག་གཞུང་སོགས་འདྲེས་ལྷད་མེད་པ་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་བོད་མི་རིགས་དང་བཅས་པ་འཛམ་གླིང་འདིའི་སྟེང་འཚོ་བཞིན་པ་ནས་སྤྱི་ལོ་ ༡༩༥༩ ལོར་རྒྱ་མིས་བོད་བཙན་བཟུང་གིས་བོད་མི་གཞིས་བྱེས་གཉིས་སུ་ཁ་གྱེས་ནས་བོད་ནང་ཡོད་པའི་བོད་མི་ཚོ་རྒྱ་མིའི་བཙན་གནོན་འོག་སྒོ་གསུམ་རང་དབང་དང་བཅས་པ་ཤོར་ནས་མི་ལོ་བཅུ་ཕྲག་དྲུག་འགྲོ་བཞིན་པ་དང་ང་ཚོ་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་འཛམ་གླིང་གི་ལུང་པ་མང་པོའི་ནང་བོད་མི་ཁྱིམ་ཚང་རེ་ཙམ་གཉིས་ཙམ་བྱས་ནས་སྒེར་གྱི་འཚོ་བ་ལ་འགན་སྲུང་འོག་འཚོ་བཞིན་པ་ནས་ཕ་མེས་ནས་བརྒྱུད་པའི་བོད་མིའི་སྐད་ཡིག་དང་རིག་གཞུང་ལ་བདག་ཉར་བྱ་སའི་འཁོར་ཡུག་མེད་པ་ནས་འདས་པའི་ལོ་ངོ་བཅུ་ཕྲག་དྲུག་ལྷག་ཙམ་ནང་བོད་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་ལ་ཉམས་ཆགས་ཆེན་པོ་ཐེབ་ཡོད་པ་ནས་ད་དུང་ལོ་དྲུག་བཅུ་ལྷག་ཙམ་བོད་མི་གཞིས་བྱེས་གཉིས་ད་ལྟའི་གནས་སྟངས་འདི་མུར་ལྷག་ཚེ་བོད་མིའི་སྐད་ཡིག་དང་རིག་གཞུང་ཕར་བཞག་བོད་མི་རིགས་འདི་ཆགས་འཇིག་གི་མཚམས་སུ་མི་སླེབ་པའི་ངེས་པ་མེད་པ་ནས་གལ་ཆེ་ཤོས་དེ་སྐད་ཡིག་དང་རིག་གཞུང་ལ་བདག་པོ་རྒྱབ་མཁན་གྱི་མི་རིགས་དེ་མི་རིགས་གཞན་དང་མ་འདྲེས་པ་ཟུར་དུ་འཚོ་དགོས་པ་ནས་མི་རིགས་སྲུང་སྐྱོབས་ཀྱི་ལས་འཆར་དེ་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབས་ཀྱི་སྔོན་དུ་འགྲོ་དགོས་པ་དེ་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་ཞུ་གི་ཡོད། བོད་ཀྱི་སྐད་ཡིག་དང་རིག་གཞུང་ནི་འགྲོ་བ་མིའི་ཚེ་སྲོག་སྐྱོབས་ཐུབ་པའི་སངས་རྒྱས་ཀྱི་གསུང་བཀའ་བསྟན་ཡོངས་རྫོགས་ལ་བདག་ཉར་ཐུབ་པའི་སྐད་ཡིག་ཞིག་ཡིན་པ་མ་ཟད་ཚེ་འདི་ཕྱི་གཉིས་ལ་ལམ་སྟོན་ཐུབ་མཁན་གྱི་སྐད་ཡིག་ཞིག་ཡིན་པ་ནས་བོད་ཀྱི་སྐད་ཡིག་དང་བོད་མིའི་རིག་གཞུང་ལ་བདག་ཉར་བྱ་རྒྱུའི་འགན་དེ་བོད་མི་རང་ཉིད་ལ་ཡོད་པ་ལས་གཞན་མི་རིགས་སུ་གཅིག་ལའང་མེད་པ་དེ་ཤེས་པའི་ཐོག་ནས་སོ་སོའི་སྐད་ཡིག་ལ་བདག་ཉར་བྱ་རྒྱུ་དང་རྒྱུན་དུ་ཉིན་རེ་ཉིན་རེའི་ཁྱིམ་ཚང་སོ་སོའི་འཚོ་བའི་ནང་བེད་སྤྱོད་གཅོད་གནང་དགོས་པ་ལས་ཚེས་བཟང་དང་དུས་བཟང་ལ་བོད་ཟས་ཟ་རྒྱུ་དང་། བོད་སྐད་བཤོད་རྒྱུ། བོད་ཡིག་འབྲི་རྒྱུ། བོད་གོས་གྱོན་རྒྱུ་དང་བོད་པའི་གླུ་གཞས་ཁྲབ་རྒྱུ་སོགས་དེ་ཙམ་གྱིས་བོད་པའི་སྐད་ཡིག་དང་རིག་གཞུང་ལ་དུས་ནམ་ཡང་སྲུང་སྐྱོབས་མི་ཐུབ་པ་ནས་ཉིན་རེ་ཉིན་རེའི་འཚོ་བའི་ནང་རྒྱུན་དུ་བོད་ཟས་ཟ་རྒྱུ་དང་། བོད་སྐད་བཤོད་རྒྱུ། བོད་ཡིག་འབྲི་རྒྱུ། བོད་ཆས་གྱོན་རྒྱུ་སོགས་བརྒྱུད་ནས་བོད་མི་རིགས་གསོན་གནས་དགོས་པ་དེ་ཡང་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབས་བྱ་རྒྱུའི་སྔོན་དུ་བོད་མི་རིགས་ལ་སྲུང་སྐྱོབས་བྱ་རྒྱུའི་ལས་འཆར་དེ་སྔོན་འཐོན་བྱས་ནས་འགྲོ་དགོས་པ་དེ་གལ་ཆེན་དོན་ཆེན་ཞིག་ཡིན་པའི་ངོས་འཛིན་ཞུ་གི་ཡོད། ད་ལྟའི་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་ཚོའི་གནས་སྟངས་དེ་ཛ་དྲག་ངང་ཡོད་པ་དེ་བོད་མི་ཚང་མས་མཁྱེན་པ་གནང་ནས་བོད་མིའི་ངོ་བོ་མ་རླགས་པའི་ཆེད་བོད་མི་རང་ཉིད་ཀྱི་ཕ་མེས་ནས་བརྒྱུད་པའི་སྐད་ཡིག་དང་རིག་གཞུང་གསོན་གནས་བརྒྱུད་ནས་བོད་མི་རིགས་འདི་འཇིག་རྟེན་འདིའི་སྟེང་འཚོ་ཐུབ་པའི་འགན་དེ་བོད་མི་མི་རེ་ངོ་རེར་ཡོད་པ་དེ་དུས་ནམ་ཡང་བརྗེད་མི་ཉན་ནོ།

ངོ་སྤྲོད།

ཉི་ཤུ་དགུ་གི་དགུ་ཐུག་སྐོར་ལ་དཔྱད་པའི་གཏམ།

Posted on 2024-02-132024-02-28 By ཁ་བརྡ་ No Comments on ཉི་ཤུ་དགུ་གི་དགུ་ཐུག་སྐོར་ལ་དཔྱད་པའི་གཏམ།

གཞུང་པ་ཚེ་དབང་བསོད་ནམས། ད་ལམ་བོད་ཟླ་བཅུ་གཉིས་ཀྱི་ཚེས་ཉི་ཤུ་དགུ་ཆད་པ་ནས་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་ཚོའི་སྤྱི་ཚོགས་དྲ་ལམ་ནང་དགུ་ཐུག་དེ་ཚེས་ཉེར་བརྒྱད་ལ་ཐུང་དགོས་ཟེར་མཁན་ཁག་གཅིག་དང་ཡང་ཚེས་སུམ་བཅུ་གནམ་གང་ཉིན་ཐུང་དགོས་ཟེར་མཁན་ཁག་གཅིག་བཅས་བོད་ཕྱི་ནང་གཉིས་ཀྱིས་མང་ཚོགས་འཕྲོད་བསམ་ཚུལ་འདྲ་མིན་གྱི་གླེང་སློང་མང་པོ་དྲ་ཐོག་འགྲོ་བཞིན་པ་ནས་དགུ་ཐུག་གི་དོན་ངོ་མ་ཧ་མ་གོ་ནས་སྤྱི་ཚོགས་དྲ་ནང་འཛུལ་ནས་མཐོ་ཙམ་དམའ་ཙམ་བྱས་ནས་བཤོད་མཁན་ཚོས་མི་མང་མགོ་བོ་འཐོམ་དུ་འཇུག་གི་འདུག་ན་འདིར་རང་གི་བསམ་ཚུལ་དང་ངོས་འཛིན་དེ་གང་འདྲ་ཡིན་གསལ་བཤད་བྱ་འདོད་བྱུང་། ལོ་འཁོར་གཅིག་ལ་ཟླ་བ་བཅུ་གཉིས་དང་། ཉི་མ་གསུམ་བརྒྱ་དྲུག་བཅུ་རེ་ལྔ་དང་། བདུན་ཕྲག་བཞི་བཅུ་ཞེ་བརྒྱད། ལག་འཁོར་ཆུ་ཚོད་བཞི་སྟོང་སུམ་བརྒྱ་བརྒྱད་བཅུ་བཅས་ཡོད་པ་ནས་བོད་ཟླ་བཅུ་གཉིས་ཀྱི་ཚེས་ཉི་ཤུ་དགུ་དེ་ལོ་གཅིག་ཟླ་བ་བཅུ་གཉིས་ཉི་མ་གསུམ་བརྒྱ་དྲུག་ཅུ་རེ་ལྔ་གི་མཐའ་མ་དེ་ཡིན་པ་ནས་ཉི་ཤུ་དགུ་ལ་དགོན་པ་གྲ་ཚང་ནས་དགུ་གཏོར་རྒྱག་རྒྱུ་དང་། ཁྱིམ་ཚང་སོ་སོ་ནས་དགུ་གླུད་དབྱུགས་རྒྱུའི་བྱ་བ་སྤེལ་བཞིན་པ་ལས་ཐུག་པ་ཐུང་རྒྱུ་དེ་ཡིན་ཅིག་མིན་ཅིག་ཉི་ཤུ་དགུ་ལ་ཐུང་དགོས་པའི་གནད་དོན་མིན་པ་དགུ་ཐུག་ཟེར་བའི་དོན་ངོ་མ་དེ་ཟས་རིགས་མི་འདྲ་བ་སྣེ་དགུ་མཉམ་དུ་སྲེས་ནས་ཐུག་པ་སྐོལ་བ་ལ་དགུ་ཐུག་ཟེར་བ་དང་། དེ་འདྲའི་ཐུག་པ་དེ་ག་དུས་ཐུང་ན་ཡང་ཚེས་ཆ་ལ་ཁྱད་པར་དང་གཏན་འབེབས་སོགས་གང་ཡང་མེད་པ་དང་། གལ་ཆེ་ཤོས་དེ་ཉི་ཤུ་དགུ་གི་དགུ་གླུད་དེ་ཡིན་པ་ནས་ལོ་གཅིག་ཟླ་བ་བཅུ་གཉིས་ཀྱིས་ཉི་ཤུ་དགུ་མཐའ་མ་དེ་བོད་ཟླ་བཅུ་གཉིས་ཀྱི་ཉི་ཤུ་དགུ་དེ་ཡིན་པ་ནས་དགུ་གཏོར་རྒྱག་རྒྱུ་དང་དགུ་གླུད་དབྱུགས་རྒྱུ་དེ་ཉི་ཤུ་དགུ་ཆད་ནས་དགུ་གླུད་དེ་གནམ་གང་ཉིན་གཏོང་མི་ཉན་པ་ནི་གནམ་གང་ནི་ཆོས་ཕྱོགས་ཀྱི་བྱ་བ་སྤེལ་རྒྱུའི་ཚེས་ཆ་ལེགས་པ་ཞིག་ཡིན་པ་ལས་གླུད་གཏོང་རྒྱུའི་ཚེས་ཆ་ཞིག་རྩ་བ་ཉིད་ནས་མིན་པ་དང་། མ་གཞི་ནས་ཟླ་ཚེས་ལ་ཆད་དང་ལྷག་ཟེར་བ་ནི་ཤར་ཕྱོགས་ལུང་པ་བོད་དང་རྒྱ་ནག་གཙོ་བོར་རྒྱུར་བའི་ལུང་པ་ཁག་ལས་གཞན་ནུབ་ཕྱོགས་ལུང་པའི་ནང་ཟླ་ཚེས་ལ་ཆད་ལྷག་ཟེར་བ་དེ་འདྲ་གོ་མ་མྱོང་ལ་མཐོང་ཡང་མ་མྱོང་ལ་མ་གཞི་ནས་རྩིས་ཟེར་བ་དེ་མཐའ་ཅིག་ཏུ་གཏན་འཁེལ་ནས་ཡིད་ཆེས་བྱ་རྒྱུ་དེ་ཡང་ག་འདྲ་ཡིན་དོ་སྣང་གནང་དགོས་པ་ནི་སྤྱི་ལོ་ ༡༩༥༩ ལོར་བོད་ཀྱི་ཆབ་སྲིད་ལ་རྐྱེན་ངན་གོད་ཆགས་མི་གི་བློ་ཡུལ་དུ་མི་ཚུད་པ་དེ་འདྲ་འཕྲད་སྐབས་བོད་ཀྱིས་སྐར་རྩིས་སྡེ་ཚན་གཞུང་སྒེར་སུ་གཅིག་ནས་རྩིས་ནང་འདོན་མ་ཐུབ་པ་ནས་རྩིས་འབྲས་ལ་མཐའ་ཅིག་ཏུ་ཡིད་ཆེས་བྱ་རྒྱུ་དེ་ཡང་ཐེ་ཚོམ་ནང་ལྷག་མི་འདུག་གམ། བོད་ནི་འཛམ་གླིང་ས་ཡིས་ཡང་ཐོག་ཏུ་གནས་པའི་མི་གི་སྤྱི་ཚོགས་ཞིག་ཡིན་པ་དང་ཧི་མ་ལ་ཡིས་ཁྱག་རོམ་ནང་གྲང་ངར་ཆེ་བས་བོད་མི་ཚོའི་ཁ་ཟས་ཡང་བརྒྱ་ཆ་བདུན་བཅུ་དོན་ལྔ་ཐུག་པ་ཡིན་པ་ནས་ཐུག་པ་ནི་བོད་མིའི་སྲོལ་རྒྱུན་གྱིས་ཁ་ཟས་དངས་མ་དེ་ཡིན་པ་དང་། ཉི་ཤུ་དགུ་གི་དགུ་ཐུག་ནང་ཟས་རིགས་མི་འདྲ་བ་སྣེ་དགུ་འཛོམས་དགོས་པ་དེ་ཡང་ཞིབ་ཏུ་དཔྱད་ན་མི་གི་སྲུང་སྐར་གཟའ་དགུའི་མཚོན་དོན་མིན་ནམ་བསམ་པ་བཅས་ཟུར་གནས་བློ་ལྡན་མཁས་པ་རྣམས་ནས་འདིར་དཔྱད་ཞིབ་ཟབ་ནན་ཡོང་བ་མཁྱེན། དགུ་ཐུག་དང་འབྲེལ་བའི་རང་གི་བསམ་ཚུལ་གླེང་པ་འདིས་ཀྱང་བོད་ཀྱི་རིག་གཞུང་ངོ་སྤྲོད་ལ་ཆུ་ཐིག་ཙམ་གྱིས་ཞལ་འདེབས་སྒྲུབ་པའི་ཡིད་ཆེས་དང་བཅས།

ངོ་སྤྲོད།

ལྔ་བཅུའི་དུས་སྟོན་ལ་ཕུལ་བའི་ཀ་བཤད།

Posted on 2024-02-132024-02-28 By ཁ་བརྡ་ No Comments on ལྔ་བཅུའི་དུས་སྟོན་ལ་ཕུལ་བའི་ཀ་བཤད།

  གཞུང་པ། ཀོ་ལི་གྷལ་གྱི་ཡུལ་ལྗོངས་འདི། ཁ་རླུང་གཙང་ལ་བོད་ཡུལ་འདྲ། ག་བུར་ཙནྡ་དྲི་ཞིམ་མང་། ང་ཚོ་གཞིས་མི་ལུས་སེམས་བདེ།   ཅ་ཅོ་འར་འུར་ཉུང་བ་དང་། ཆ་རྐྱེན་འཛོམས་པའི་གཞིས་ཆགས་འདིར། ཇ་ཆང་ལོངས་སྤྱོད་ཕུན་སུམ་ཚོགས། ཉོན་མོངས་གཏམ་གྱིས་རྩོད་གླེང་དཀོན།   ཏ་ལའི་བླ་མའི་ཐུགས་སྨོན་འོག ཐམས་ཅད་བདེ་སྐྱིད་འཚོ་བས་སྦྱིན། ད་ལོ་ལྔ་བཅུའི་དུས་སྟོན་སྐབས།…

དེ་ལས་མང་བ་། “ལྔ་བཅུའི་དུས་སྟོན་ལ་ཕུལ་བའི་ཀ་བཤད།” »

ངོ་སྤྲོད།

ཕ་ཡུལ་གྱི་ལོ་སར་ལས་འཕྲོས་པའི་གཏམ་གླེང་།

Posted on 2024-02-132024-02-28 By ཁ་བརྡ་ No Comments on ཕ་ཡུལ་གྱི་ལོ་སར་ལས་འཕྲོས་པའི་གཏམ་གླེང་།

དེ་རིང་ངས་བཤད་འདོད་པ་ནི་བོད་ཀྱི་ལོ་སར་སླེབས་ཉེར་སོང་། མི་ལོ་སོ་ལྔའི་རིང་མི་ཡུལ་དུ་ལོ་སར་བཏང་བའི་མྱོང་འཚོ་དང་འབྲེལ་བའི་ཐོག་ནས་བརྗོད་འདོད་བྱུང་ཞིང་། དེ་ཡང་ང་རང་འཚར་ལོངས་བྱུང་ས་ནི་བོད་ཤར་ཕྱོགས་ཁམས་ཆབ་མདོ་ཞེས་པའི་གནས་མཆོག་དེ་ནས་ཡིན་ཞིང་། ཆབ་མདོ་དགོན་ནས་ངོམས་ཆུ་བརྒྱུད་ནས་ཡར་ཕྱིན་པ་ཡིན་རླངས་འཁོར་དུ་ཆུ་ཚོད་གཉིས་ཙམ་ལས་མི་འགོར། ང་ཆུང་དུས་སྐྱེས་སའི་ལུང་པའི་ལོ་སར་བཏང་སྟངས་སྐོར་ལ་གང་དྲན་པ་ཞིག་ཕྱི་དྲན་བྱེད་འདོད་བྱུང་ཞིང་། ང་སྡོད་སའི་ལུང་པ་ནི་ས་མ་འབྲོག་ཡིན་ནའང་ཞིང་ལས་ཤུགས་ཆེ་ཙམ་ཡོད། ལོ་སར་མ་ཚེས་གོང་གི་ཟླ་བ་གཅིག་གི་གོང་དུ་ཁྱིམ་ཚང་སོ་སོའི་ལོ་སར་ལ་གྲ་སྒྲིག་བྱ་སྲོལ་ཡོད། ང་ཚོའི་ནང་ལ་ཆ་མཚོན་ན། ཨ་ཕས་འབྲུ་ཟོ་བ་བདུན་ནམ་བརྒྱད་ཙམ་དང་། ཤ་དང་མར་སོགས་སྒྲོ་བ་ནང་བླུགས་ནས་ཆབ་མདོ་ལ་བཙོང་རྒྱུ་འཁྱེར་ནས་བཙོང་གི་རེད་ལ། དེས་སྒོར་མོ་གང་རག་པ་ནང་མི་རྣམས་ལ་ལོ་སར་གྱི་ཟ་ཆས་དང་། གྱོན་ཆས་བཟོ་ཆེད་རས་ཆ་ཉོས་གནང་ནས་ཡོང་གི་རེད། དེ་ནས་འཚེམ་བཟོ་སྐད་བཏང་ནས་ནང་མི་ཚང་མར་འོག་འཇུག་དང་། ཕྱུ་པ། གོས་ཐུང་སོགས་གསར་འཚེམ་གནང་གི་རེད།…

དེ་ལས་མང་བ་། “ཕ་ཡུལ་གྱི་ལོ་སར་ལས་འཕྲོས་པའི་གཏམ་གླེང་།” »

དྲན་ཐོ།

རང་ཉིད་ཀྱི་ས་ཐོག་ཏུ་སྐྱབས་བཅོལ་བ་ཞིག་བྱ་འདོད་མེད།

Posted on 2024-02-052024-02-06 By ཁ་བརྡ་ No Comments on རང་ཉིད་ཀྱི་ས་ཐོག་ཏུ་སྐྱབས་བཅོལ་བ་ཞིག་བྱ་འདོད་མེད།

མིར་ཇམ་བྷི་ཌི་ཊལ་མི་སི་པི་རོས་བརྩམས། གཟི་མིག་གིས་དབྱིན་ཡིག་ནས་བསྒྱུར། ང་ཚོས་རྒྱལ་སྤྱིའི་ཧོ་ལོ་ཁ་སིའི་དུས་དྲན་སྲུང་གཙི་བྱེད་དུས། ངས་རང་ཉིད་ཀྱི་ལོ་རྒྱུས་དེ་མི་འཆད་ཀ་མེད་བྱུང་ལ། ངའི་མི་ཚེའི་གཏམ་རྒྱུད་དེས་ལོ་རྒྱུས་ཁྲོད་ཀྱི་ཆེས་སྨག་ནག་པའི་དུས་སྐབས་རེ་འགར་གསལ་སྟོན་བྱ་ཐུབ། ཕྱི་ལོ་ ༡༩༣༥ ལོར་ང་རང་འཇར་མན་དུ་སྐྱེས་ཤིང་། འཇར་མན་གྱི་ན་ཛི་ནང་གི་ཀི་སི་ཌིལ་ནཱག་(Kristallnacht) གི་དོན་རྐྱེན་ནས། ཕྱི་ཟླ་ ༡༠ ཚེས་ ༧ ཉིན་ཨི་ཛི་རིལ་གྱི་ཛི་ཀིམ་དུ་དྲག་པོའི་གཏོར་རྒོལ་བྱེད་དུས་བར།…

དེ་ལས་མང་བ་། “རང་ཉིད་ཀྱི་ས་ཐོག་ཏུ་སྐྱབས་བཅོལ་བ་ཞིག་བྱ་འདོད་མེད།” »

འགྱུར་རྩོམ།

ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་བཙུགས་ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་འདི་ལོ་ ༢༠༢༤/༠༢/༡༧ ནས་ཚེས་༢༠ བར་ཉིན་བཞི་རིང་སྲུང་བརྩི་དང་འབྲེལ་བའི་མི་ལོ་ལྔ་བཅུའི་བཞུད་ལམ་ལ་ཕྱི་མིག་བལྟ་བ།

Posted on 2024-02-05 By ཁ་བརྡ་ 1 Comment on ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་བཙུགས་ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་འདི་ལོ་ ༢༠༢༤/༠༢/༡༧ ནས་ཚེས་༢༠ བར་ཉིན་བཞི་རིང་སྲུང་བརྩི་དང་འབྲེལ་བའི་མི་ལོ་ལྔ་བཅུའི་བཞུད་ལམ་ལ་ཕྱི་མིག་བལྟ་བ།

གཞུང་པ་ཚེ་དབང་བསོད་ནམས། བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་བླ་ན་མེད་པའི་དབུ་ཁྲིད ༧ སྤྱི་ནོར་༧ གོང་ས་༧ སྐྱབས་མགོན་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ཐུགས་སྐྱེད་སྨོན་ལམ་དང་རླབས་ཆེན་གྱིས་མཛད་འཕྲིན་འོག་རྒྱ་གར་དབུས་གཞུང་ནང་སྲིད་ལས་ཁུངས་དང་དབུས་བོད་མིའི་སྒྲིག་འཛུགས་སྤྱི་ཁྱབ་ནང་སྲིད་ལྷན་ཁང་གཉིས་ཀྱིས་ལམ་སྟོན་འོག་སྤྱི་ལོ་ ༡༩༧༥ སྤྱི་ཟླ་གསུམ་པའི་ནང་ཀུ་ལུ་མ་ན་ལི་ལམ་བཟོའི་སྒྲིག་འཛུགས་ནས་མི་གྲངས་གཅིག་སྟོང་ཀོ་ལི་གྷལ་གཞིས་ཆགས་སུ་གཏོང་རྒྱུའི་མཐོ་གཞུང་ནང་སྐབས་དེའི་ང་པ་བརྒྱ་ཤོག་གམ་གཞུང་པ་བརྒྱ་ཤོག་ཚུད་ནས་ཕྲན་ང་པ་བརྒྱ་ཤོག་གི་བརྒྱ་དཔོན་གཞུང་པ་ཚེ་དབང་བསོད་ནམས་ཀྱིས་འགོ་ཁྲིད་འོག་མི་གྲངས་ ༡༦༦ བཅས་གཞིས་ཆགས་འདིར་འབྱོར་བ་ཡིན། ང་ཚོའི་སྔོན་ལ་འབྲས་ལྗོངས་སྒང་ཏོག་ཁུལ་ནས་མི་གྲངས་ལྔ་བརྒྱ་ ༡༩༧༤ ལོར་འབྱོར་འདུག ང་ཚོ་གཞིས་ཆགས་སུ་འབྱོར་སྐབས་མཚན་ལ་འབྱོར་བ་དང་སང་སྔ་དྲོ་ཡར་ལངས་ནས་ས་ཆའི་གནས་བབ་ག་འདྲ་ཡོད་བལྟ་སྐབས་གཞིས་ཆགས་ཀྱི་ཉེ་འཁོར་ནགས་རི་དང་སྤང་རི་སོགས་ཀྱིས་སྐོར་བ། ས་ཆ་བསིལ་གྲང་སྙོམས་པོ་བོད་ས་མཐོ་ས་ནས་ཡོང་བའི་བོད་མི་སྡོད་ས་རང་རེད་འདུག།…

དེ་ལས་མང་བ་། “ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་བཙུགས་ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་འདི་ལོ་ ༢༠༢༤/༠༢/༡༧ ནས་ཚེས་༢༠ བར་ཉིན་བཞི་རིང་སྲུང་བརྩི་དང་འབྲེལ་བའི་མི་ལོ་ལྔ་བཅུའི་བཞུད་ལམ་ལ་ཕྱི་མིག་བལྟ་བ།” »

བསམ་ཚུལ།

བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ཟེར་བའི་ཐ་སྙད་ལ་དཔྱད་པའི་གཏམ།

Posted on 2024-02-04 By ཁ་བརྡ་ No Comments on བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ཟེར་བའི་ཐ་སྙད་ལ་དཔྱད་པའི་གཏམ།

གཞུང་པ་ཚེ་དབང་བསོད་ནམས། འཇིག་རྟེན་གྱི་ས་གཞི་འདི་ཆགས་པ་ནས་མི་གི་འགྲོ་བ་འཕེལ་བའི་བརྒྱུད་རིམ་ལ་ཕྱི་མིག་བལྟ་སྐབས་བོད་ས་མཐོ་གངས་རིའི་ཁྱག་རོམ་ཁྲོད་དུ་མི་གི་འགྲོ་བ་འཕེལ་བའི་ལོ་རྒྱུས་ནས་གདོན་མའི་སྤྱི་ཚོགས་ནས་ཡར་རྒྱས་ལ་ཁ་ཕྱོགས་ནས་མི་རིགས་མཉམ་འདུས་ཀྱིས་ལམ་ལུགས་དར་ནས་མི་མང་གི་ནང་ནས་མི་རིག་པ་གསལ་བ་དང་། སྤྱང་གྲུང་འཛོམས་པ། ཡོན་ཏན་ཆེ་བ། མི་མང་གི་འགོ་ཁྲིད་ལ་བསྐོས་པའི་ལམ་ལུགས་ནས་བོད་ཀྱི་རྒྱལ་པོ་གཉའ་ཁྲི་བཙན་པོ་ནས་བཟུང་རྒྱལ་པོ་གླང་དར་མ་འམ་འུ་དུམ་བཙན་པོ་བར་བོད་ཀྱི་མངའ་དབང་དེ་འཛམ་གླིང་གསུམ་ཆ་གཉིས་ལ་གྲགས་པའི་ལོ་རྒྱུས་ཡོད་ན་ཡང་རྒྱལ་པོ་གླང་དར་ནས་བོད་སྤྱི་ལ་དབང་བའི་རྒྱལ་པོའི་རིང་ལུགས་ཆད་པ་ནས་ལུང་ཆུང་རེ་ལ་དཔོན་ཆུང་རེ་བྱས་ནས་མི་ལོ་བཞི་བརྒྱ་ཙམ་བོད་སིལ་བུའི་དུས་རབས་ནས་ཆོས་ལུགས་མི་སྣས་ཆོས་ཡོན་གྱི་སྒོ་སྐབས་བརྒྱུད་ནས་ཆབ་སྲིད་ལ་ལག་པ་འཆང་ནས་བོད་སིལ་བུའི་དུས་རབས་རྫོགས་ནས་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ཟེར་བའི་ཐ་སྙད་དེ་དར་ནས་ཆོས་ལུགས་མི་སྣས་རིམ་གྱིས་བོད་ཀྱིས་སྲིད་དབང་ལ་ཁ་ལོ་བསྒྱུར་ནས་ཆོས་སྲིད་ཟུང་འབྲེལ་གྱིས་ལམ་ལུགས་དེ་སྤྱི་ལོ་ ༡༢༥༣ ནས་འགོ་བཙུགས་ནས་སྤྱི་ལོ་ ༡༩༦༠ བར་ཆོས་དང་སྲིད་ཟུང་དུ་འབྲེལ་ནས་བོད་ཀྱིས་ཆབ་སྲིད་ལ་འཕོ་འགྱུར་ཡོ་ལངས་མང་པོ་བྱུང་ཡོད་ལ་བོད་སིལ་བུའི་དུས་རབས་རྫོགས་ནས་བོད་ཀྱིས་ཆོས་ལུགས་མི་སྣས་ཕྱི་མིའི་དཔུང་རོགས་ལ་སྐྱབས་བཅོལ་ནས་བླ་སློབ་བམ་ཆོས་ཡོན་སྦྱིན་བདག་ལ་འགོ་འདྲེན་ཞུས་ནས་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱིས་ལམ་ལུགས་གསར་གཏོད་གནང་ནས་སྤྱི་ལོ་ ༡༢༥༣ ནས་ ༡༣༥༨ བར་ལོ་ ༡༠༥ ས་སྐྱས་སྲིད་བསྐྱངས་པ་དང་།…

དེ་ལས་མང་བ་། “བོད་ཀྱི་ཆོས་སྲིད་ཟུང་འབྲེལ་ཟེར་བའི་ཐ་སྙད་ལ་དཔྱད་པའི་གཏམ།” »

བསམ་ཚུལ།

གཞས་མ་གྲགས་ཅན་ཞིག་ལས་འཕྲོས་པའི་གཏམ།

Posted on 2024-01-19 By ཁ་བརྡ་ No Comments on གཞས་མ་གྲགས་ཅན་ཞིག་ལས་འཕྲོས་པའི་གཏམ།

ཆབ་མདོ་ངག་ཕུན། དེ་རིང་ངས་གླེང་འདོད་པ་ནི་བོད་ཀྱི་ཉེ་རབས་གཞས་མ་གྲགས་ཅན་ཟླ་སྒྲོན་ལགས་ཡན་ཞིང་། ང་བཙན་བྱོལ་དུ་སླེབས་པ་དང་། སྐབས་དེ་དུས་ད་ལྟ་ནང་བཞིན་ཁ་པར་དར་མེད་པ་དང་། གཞས་རྣམས་སྒྲ་སྡུད་ཕབ་འཕྲུལ་བརྒྱུད་ནས་ཉན་དགོས་པ་ཞིག་རེད། སྐབས་དེར་ང་ལ་ལས་གླ་དེ་ཙམ་མེད་ནའང་ཨུ་ཚུགས་བརྒྱབ་ནས་དངུལ་བསགས་ནས་སྒྲ་སྡུད་ཕབ་འཕྲུལ་ཞིག་གསར་དུ་ཉོ་ཐུབ་པ་བྱུང་། དེ་ནས་ཟླ་སྒྲོན་ལགས་ཀྱི་བཏང་གནང་བའི་སྒྲ་ཐག་གཉིས་མེག་གྷན་ཁྲོམ་གཞུང་དུ་ཚོང་རྒྱུ་འདུག་པ་དང་། སྒྲ་ཐག་རེ་རེར་སྒོར་ལྔ་བཅུ་ཡིན་ནམ་ད་ལྟ་ཡག་པོ་ཟིག་དྲན་གྱི་མི་འདུག་ཅིང་། གང་ལྟར་སྒྲག་ཐག་ཉོས་ནས་དུས་ཚོད་ག་དུས་ཁོམ་ན་བོད་གཞས་དེ་དག་ཉན་བཞིན་ཡོད་པས། སེམས་ནང་སྤྲོ་སྣང་རེ་སྟེར་གྱི་ཡོད། ཉིན་གཅིག་ཟླ་སྒྲོན་ལགས་དྷ་ས་འབྱོར་ཡོད་པ་གོ་བ་དང་། འགའ་ཤས་ཀྱིས་བརྗོད་ན་སྐབས་དེ་དུས་བོད་གཞུང་གི་ལས་བྱེད་དབྱར་སྐྱིད་ཡིན་ནམ་གང་ལྟར་བཀའ་ཤག་ཚོགས་ཁང་དུ་ཟླ་སྒྲོན་ལགས་ཀྱིས་བོད་གཞས་བཏང་བ་རེད་ཟེར་ནས་རྗེས་སུ་གོ་ཐོས་བྱུང་། དུས་དེ་ནས་བཟུང་སྟེ་ཟླ་སྒྲོན་ལགས་གོ་རྒྱུ་འཚོ་རྒྱུ་གང་ཡང་མི་འདུག་ཅིང་། ཟླ་སྒྲོན་ནི་གཞིས་ལུས་བོད་མི་རྣམས་ཀྱི་སྙིང་སྟོབས་མཚོན་པའི་གཞས་མ་གྲངས་ཅན་ཞིག་ཡིན་ལ། གཞིས་ལུས་བོད་པའི་སྤྱི་ཚོགས་ནང་དུ་སྙན་གྲགས་ཆེ་ཞིང་།…

དེ་ལས་མང་བ་། “གཞས་མ་གྲགས་ཅན་ཞིག་ལས་འཕྲོས་པའི་གཏམ།” »

བསམ་ཚུལ།

རྨི་ལམ་ནང་གི་བླ་མ་སྐྱབས་རྗེ་བླ་མ་བཟོད་པ་རིན་པོ།

Posted on 2024-01-18 By ཁ་བརྡ་ No Comments on རྨི་ལམ་ནང་གི་བླ་མ་སྐྱབས་རྗེ་བླ་མ་བཟོད་པ་རིན་པོ།

རྨི་ལམ་དང་པོ། དེ་རིང་བོད་ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཉིན་གྱི་ཆུ་ཚོད་གསུམ་ཡས་མས་ཞིག་ལ་ང་ལ་རྨི་ལམ་འདི་འདྲ་ཞིག་རྨིས་སྐྱབས་རྗེ་བླ་མ་བཟོད་པ་རིན་པོ་ཆེ། ངེད་ཀྱི་ཨ་ཞང་ཚང་གི་བུ་བཀྲ་ཤིས་ཚང་ལ་ཕེབས་ནས། དེར་བཞུགས་འདུག་པ་དང་། བླ་མ་བཟོད་པ་རིན་པོ་ཆེས་ང་ཚོ་ལ་འདི་ལྟར་གསུང། ང་འཆི་དགོས་པ་རེད་ལ།་དེ་ལ་ཅི་ཡང་མི་སྐྱོན་མོད།ཡིན་ན་ཡང་ང་ལ་དད་པ་ཡོད་པའི་སེམས་ཅན་ཐམས་ཅད་སྙིང་རེ་རྗེ་གསུང་ནས་སེམས་ཅན་ཐམས་ཅད་ལ་ཐུགས་སྙིང་རྗེ་ཆེན་པོ་ཚད་མེད་གནང་། དེའི་སྐབས་སུ་ང་ལ་སྐྱབས་རྗེ་བླ་མ་བཟོད་པ་རིན་པོ་ཆེ་མི་ཕྱེད་པའི་དད་པ་ཐོབ་ནས་ཡར་ལངས་ནས་ཕྱག་གསུམ་འཚལ་བ་དང་དད་པའི་སྟོབས་ཀྱི་མིག་ཆུ་རང་དབང་མེད་པར་ཤོར་ཀྱི་འདུག། དེའི་སྐབས་སུ་ངའི་ཕ་མ་གཉིས་དང་ནུ་བོ་སྐྱབས་རྗེ་དམ་པ་བླ་མ་བཟོད་པོ་རིན་པོ་ཆེ་ང་ཚོའི་མཉམ་ཏུ་སྒྲ་ལེན་འཕྲུལ་འཁོར་ཞིག་ལས་གསུང་ཆོས་ཞིག་ལ་ཉན་བཞིན་འདུག། ངའི་སེམས་ལ་ངའི་ནང་མི་རྣམས་དང་སྐྱབས་རྗེ་བླ་མ་བཟོད་པ་རིན་པོ་ཆེ་ལྷན་སྐུ་དཔར་ཞིག་སྒྲོན་ཐུབ་ན་སྐལ་བ་བཟང་པ་བསམ་ནས་ཐེངས་གཉིས་ཙམ་ལ་ཁ་པར་ལས་སྐུ་དཔར་ལེན་པའི་ཐབས་ཤེས་བྱས་ན་ཡང་ལེན་ཐུབ་མ་སོང་། དེ་ནས་ང་གཉིད་སད། རྨི་ལམ་གཉིས་པ། རས་གུར་ཞིག་གམ་གནས་ཚང་ཆུང་ཆུང་ཞིག་ནང་སྐྱབས་རྗེ་བླ་མ་བཟོད་པ་རིན་པོ་ཆེ་བཞུགས་འདུག་ལ། དེ་ནས་ཁོང་གིས་ང་ལ་གསུང་རྒྱུར་མགོན་པོ་སྐྱབས་ཁྱེད་ཀྱི་མ་འོངས་པར་ཆོས་ཁྲིད་བྱོས་གསུང་བྱུང་། དེ་ནས་ངས་སྐྱབས་རྗེ་མཆོག་ལ་ཡར་ཞུ་རྒྱུར། ངའི་ཆོས་ཁྲིད་ཅི་ཡང་ཤེས་ན་མ་རེད་ལགས།མྱི་ནག་མི་སྐྱ་ནང་ཆོས་ལ་ཐོས་བསམ་སྒོམ་དང་སློབ་སྦྱོང་གང་ཡང་བྱས་མེད་པས་ཅི་ཡང་ཤེས་ནི་མ་རེད་ཞེས་ནན་ཞུ་བྱས་པ་དང་།…

དེ་ལས་མང་བ་། “རྨི་ལམ་ནང་གི་བླ་མ་སྐྱབས་རྗེ་བླ་མ་བཟོད་པ་རིན་པོ།” »

བསམ་ཚུལ།

རྨོངས་དད་དང་བུད་མེད་ཀྱི་ཐོབ་ཐང་ལས་འཕྲོས་པའི་གཏམ་བཤད་ཅིག

Posted on 2024-01-15 By ཁ་བརྡ་ 2 Comments on རྨོངས་དད་དང་བུད་མེད་ཀྱི་ཐོབ་ཐང་ལས་འཕྲོས་པའི་གཏམ་བཤད་ཅིག

དོ་སྤྲུལ་ཆོས་དབྱིངས་ཡེ་ཤེས་སམ་ཀླུ་སྨྱོན་ཧེ་རུ་ཀ -བོད་ནང་གི་སྐད་འཕྲིན་ཚོགས་པ་ཞིག་ལ་བཤད་པའི་གཏམ་བརྗོད། ཚོགས་མི་ལྔ་བརྒྱ་ཡོད་པའི་ཚོགས་གཙོ་འདིའི་ཚོགས་མི་ཚང་མར་འཚམས་འདྲི་ཞུ་གི་ཡོད། ཡུན་རིང་པོ་ཞིག་ལ་ཚོགས་པ་འདིའི་ནང་ངས་ཁ་གྲག་རྒྱུ་མ་བྱུང་། སྤྱིར་བཏང་མ་ཁོམ་ནི་རེད། དེ་ནས་དམིགས་གསལ་བཤད་རྒྱུ་ཆེན་པོ་ཞིག་མེད་སོང་བ་རེད། ངས་ཉི་མ་གཉིས་ཀྱི་སྔོན་ལ་གློག་བརྙན་ཞིག་ལ་བལྟས་པ་ཡིན། གློག་བརྙན་དེའི་འཁྲབ་ཁྲིད་པ་དང་མི་སྣ་དེ་ཚོ་སུ་ཡིན་མི་དྲན་ཡང་གློག་བརྙན་དེའི་མིང་ལ་རླུང་ཟེར་གི གློག་བརྙན་དེ་འཁྲབ་ས་ཕར་བལྟས་ན་རྔ་བ་ཡི་ཕྱོགས་རེད། ད་རྔ་བ་ཡི་ཟུང་ཆུ་ཡིན་ནམ་འབྲུག་ཆུ་མི་ཤེས། གཟི་ཚ་སྡེ་དགུ་ཡི་ཡུལ་ལྗོངས་ཤར་གི་ཡོད་གི དེའི་རྐྱེན་གྱིས་སི་ཁྲོན་རྔ་བ་ས་ཟིག་ཕལ་ཆེར་རེད་བསམ་གི དེར་འཁྲབ་སྟོན་པ་ཁག་ཅིག་ཡོད་གི དེའི་ནང་ནས་ནམ་རྒྱུན་ཡོངས་གྲགས་ཀྱི་འཁྲབ་སྟོན་པ་ཞིག་ཡོད་པ། བོད་ཀྱི་གཞས་མ་དབང་སྒྲོན་མཚོ་ཟེར་གོ་ནོ་དེ་ཡོད་གི…

དེ་ལས་མང་བ་། “རྨོངས་དད་དང་བུད་མེད་ཀྱི་ཐོབ་ཐང་ལས་འཕྲོས་པའི་གཏམ་བཤད་ཅིག” »

བསམ་ཚུལ།

དགོས་པ་ཆེ་ཡང་དགག་བྱ་གཙོ་བའི་གསན་འདེབས།

Posted on 2024-01-15 By ཁ་བརྡ་ No Comments on དགོས་པ་ཆེ་ཡང་དགག་བྱ་གཙོ་བའི་གསན་འདེབས།

ཚེ་བརྟན་འགྱུར་མེད། ༈ དེང་སང་སྤྱི་ཚོགས་དྲ་ལམ་གྱི་བརྒྱུད་རིམ་ལས་སྤྱི་སྒེར་གནས་ཚུལ་མང་དག་ཅིག་ཁྱབ་སྤེལ་སླ་པའི་ངང་གནང་ཐབས་ཡོད། དྲ་ལམ་དག་སྤྱི་སྨན་བསམ་བཟང་ངང་བདེ་ལེགས་སུ་སྤྱོད་པའང་དེ་མིན་དགོས་གལ་ཆེ་མིན་སྤྱི་ཚོགས་དཀྲུག་ཆེད་གཡོ་རྒྱུ་ཕྲ་མའི་རྒྱུར་ཡང་སྤྱོད་མཁན་ཡོད། དེ་བཞིན་དགོས་པ་ཆེ་ནའང་དགག་བྱ་གཙོ་བའི་གནས་གཉིས་སུ་མ་ཞིབ་པའམ་ཡང་ན་གནས་དོན་གྱིས་ཕན་ནུས་དགོས་དོན་ལས་སྤྱི་ཚོགས་སུ་ཞབས་འདེགས་ཕུལ་བ་ལས་མ་ཕུལ་ན་དགེ་གནས་སུ་དམ་དོན་དགོངས་བཞེས་མེད་པའི་གནས་ཀྱང་ཡོང་སྲིད། དེར་སོང་མི་མང་པོ་ཞིག་ནས་སྤྱི་ཚོགས་དྲ་ལམ་ལས་ཕན་ལས་གནོད་ཆེ་སྤེལ་པའི་བསམ་ཚུལ་གྱིས་དྲ་ལམ་དག་གཡོ་མཁན་ཡང་མི་ཉུང་བ་ཡོད་པ་མཁྱེན་གསལ་ཆེ། ང་རང་དྲ་ལམ་འགའ་རེར་བལྟ་ཉན་ཞུ་ཡི་ཡོད་པ་ནས་གནས་འདིར་དགོས་པ་ཆེ་ནའང་དགག་བྱ་གཙོ་བའི་བསམ་འཚོར་བྱུང་སོང་སྟབས་གསན་འདེབས་ཞིག་ཞུ་འདོད་བྱུང་། གཅིག་བྱས་ན་ང་ནོར་སྲིད་། དགོས་པ་ལས་དགག་བྱ་གཙོ་བའི་གནས་ངའི་བསམ་འཚོར་བྱུང་བ་ནི། བླ་མའམ་དགེ་བཤེས་ལགས་གང་ཡིན་ཧ་མ་གོ་ཡང་སངས་རྒྱས་ཀྱི་ན་བཟའམ། བོད་བརྒྱུད་ནང་པའི་ན་བཟའ་མཆོད་མཁན་གྱི་དགེ་འདུན་པ་ཞིག་ཡིན་འདུག་པ་ནས་རྒྱ་གར་ཨོ་ཌིཤ་ཁུལ་ནང་པའི་བསྟན་པ་དར་ཚུལ་གྱིས་གནས་བཤད་གནང་མཁན་ཞིག་དྲ་ལམ་དུ་མཇལ་རྒྱུ་འདུག ཁོང་གི་དགོས་གནད་དེ་ནང་པའི་གནས་གལ་ཆེ་ཞིག་ནང་པ་མང་པོས་མ་ཤེས་པར་ལུས་པ་ཤེས་མཇལ་ཆེད་ཡིན་ངེས་སྲིད་པ་དགའ་སྒོམ་ཞུ་འོས་ཀྱང་།  དེའི་ཞོར་དུ་དགོས་གནད་ཆེར་མེད་པའི་ནང་བསྟན་སྣུབ་པའི་ཧིན་དྷུ་སྤྱིར་སྨད་སྨོས་འདི་འདྲ་རང་མ་གསུང་ན་བསམ་པའི་ཚིག་དམར་འདིར་འགོད་འདོད་མེད་པ་འགའ་བེད་སྤྱོད་ཞུས་པ་དེ་དགག་བྱ་གཙོ་བའི་གནས་དེ་ཡིན། འདས་པའོ་ལོ་རྒྱུས་ལ་གསོམ་ནས་ཕྱི་བྱུང་དེ་ལྟར་མ་ཡོང་བ་རང་གཞན་གཉིས་ཀྱི་ལག་ལེན་འཁེལ་ཐབས་ཞུ་རྒྱུ་དེ་ལོ་རྒྱུས་ཀྱི་ཕན་ཡོན་རེད། གཉིས་སུ་ཧིན་དྷུས་ཐན་དེ་ང་ཚོའི་གནས་ཚང་རེད།…

དེ་ལས་མང་བ་། “དགོས་པ་ཆེ་ཡང་དགག་བྱ་གཙོ་བའི་གསན་འདེབས།” »

བསམ་ཚུལ།

དགེ་རྒན་བསོད་ནམས་རྒྱལ་ལགས་གླེང་བ།

Posted on 2023-12-302023-12-30 By ཁ་བརྡ་ 3 Comments on དགེ་རྒན་བསོད་ནམས་རྒྱལ་ལགས་གླེང་བ།
དགེ་རྒན་བསོད་ནམས་རྒྱལ་ལགས་གླེང་བ།

དོ་སྤྲུལ་ཆོས་དབྱིངས་ཡེ་ཤེས་སམ་ཀླུ་སྨྱོན་ཧེ་རུ་ཀ ཁོ་བོ་ནི་མདོ་སྨད་མང་རྫོང་དུ་ཕ་རྒན་རིག་གནས་པ་ཞིག་དང་མ་རྒན་ཉམས་ལེན་པ་ཞིག་བུར་རིག་གནས་གསར་བརྗེའི་ངར་སྒང་ཞིག་ལ་སྐྱེས་འདུག སྐྱེས་པའི་ཉིན་མོར་འབྲུག་སྒྲ་ལྡིར་ཞིང་ཆར་བབས་རྗེས་རང་ཁྱིམ་གྱི་མཁའ་དབྱིངས་སུ་འཇའ་ཚོན་མཛེས་སྡུག་ལྡན་པ་ཞིག་ཤར་ལུགས་ཕ་མ་གཉིས་ནས་ལོ་བཞི་བཅུའི་རྗེས་སུ་བརྗོད་བྱུང་། དེ་ནི་དབྱར་ཁའི་དུས་ཚིགས་ཀྱི་རང་བཞིན་ཞིག་དང་ཡང་ན་ལྟེས་དབང་ཞིག་ཡིན་པ་བཤད་མ་དགོས། ཨ་ཕ་རིག་གནས་པ་ཞིག་ཡིན་ཡང་ཀ་ཁ་སུམ་ཅུ་ཆེས་ཐོག་མར་ཡིག་ཐོག་ཏུ་བྲིས་ནས་སློབ་མཁན་ནི་ཨ་མ་ཡིན། ཨ་ཕས་རི་མོའི་དེབ་འདྲ་མིན་ཉོས་ཡོང་སྟེ་ལྟ་ཀློག་བྱེད་པར་སྐུལ་མ་བྱེད། ཁོ་བོ་ལོ་བདུན་ཡིན་དུས་སྦྲ་གུར་སློབ་ཆུང་འགྲིམས། རས་གུར་གཅིག་དང་དགེ་རྒན་གཅིག ནག་པང་གཅིག་དང་ས་སྨྱུག་འགའ། སློབ་དེབ་གཅིག་དང་ལྕགས་ཐབ་གཅིག སློབ་མ་ཆུང་ཆུང་བཅུ་གྲངས་ཤིག སྐབས་རེར་ཞོགས་པར་སློབ་ཆུང་དུ་འགྲོ་ལམ་ནས་སྒྱེ་མོ་ཆུང་ཆུང་གི་ནང་ལྕི་བ་གང་འཚམ་རེ་འཐུ་དགོས། དེའི་སྐྱིན་ཚབ་ལྟ་བུར་དགེ་རྒན་གྱིས་ལྕགས་ཐབ་སྟེང་ནོར་ལུག་གི་རྒྱུ་མ་ཚ་བསྲེགས་བྱས་པ་ཏོག་ཙམ་རེ་སྦྱིན་ཡོང་། ལོ་དགུ་ཡིན་དུས་ཀྱི་སྟོན་ཁར་བསིལ་ཆར་ཞིག་གི་ཀློང་དུ་ཕ་རྒན་གྱིས་ཤེལ་ལུང་སློབ་ཆུང་དུ་བསྐྱལ། དེར་ཁང་ཤར་འགའ་དང་དགེ་རྒན་བདུན་བརྒྱད་ཅིག…

དེ་ལས་མང་བ་། “དགེ་རྒན་བསོད་ནམས་རྒྱལ་ལགས་གླེང་བ།” »

དྲན་ཐོ།, རྩོམ་རིག

བཅའ་ཁྲིམས་དོན་ཚན་བཞི་ཅུ་ཞེ་དགུའི་ནང་གསེས་གཉིས་པ་དེ་འགྱིག་བྱི་རིལ་ནང་བཞིན་ག་པར་འཐེན་འཐེན་ཨ་ཡིན་ན།

Posted on 2023-12-30 By ཁ་བརྡ་ No Comments on བཅའ་ཁྲིམས་དོན་ཚན་བཞི་ཅུ་ཞེ་དགུའི་ནང་གསེས་གཉིས་པ་དེ་འགྱིག་བྱི་རིལ་ནང་བཞིན་ག་པར་འཐེན་འཐེན་ཨ་ཡིན་ན།

གཞུང་པ་ཚེ་དབང་བསོད་ནམས། ཝ་ར་ཎ་སིའི་མཆོད་རྟེན་རིན་པོ་ཆེའི་སྐུ་མདུན་ནས་ ༢༠༢༣/༡༢/༢༢ ཉིན་སྤེལ།  ༢༠༢༣/༡༢/༢༡ ཉིན་ཚོགས་དྲུང་ཡིག་ཚང་གི་གསལ་བསྒྲགས་སྤེལ་བའི་ནང་། སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་རིམ་འཇུག་སྐྱོང་བྱ་རྒྱུའི་སྐོར་ཚོགས་བརྡ་སྔོན་དུ་སོང་བ་ ༢༠༢༣/༡༢/༢༥ ནས་ཉིན་གྲངས་ལྔ་ཚོགས་རྒྱུ་དེ་དག་བཅའ་ཁྲིམས་དོན་ཚན་བཞི་ཅུ་ཞེ་དགུའི་ནང་གསེས་གཉིས་པའི་འོག   སླར་ཡང་ཕར་འགྱངས་གནང་འདུག་པ་ཕར་འགྱངས་གནང་དགོས་པའི་རྒྱུ་ཚན་ནི། སྤྱི་འཐུས་བཅུ་དྲུག་ནས་དགོངས་ཤོག་འབྱོར་བར་གཞི་ལ་བཞག་པ་ནི་རྒྱུ་མཚན་ཡང་དག་ཅང་མ་མཐོང་ན་དགོངས་པ་གཏོང་མི་གཏོང་དེ་ཚོགས་གཙོ་ཚོགས་གཞོན་དང་རྒྱུན་ལས་ཀྱིས་ཕྱག་ཏུ་ཡོད་པ་ལས། དགོངས་ཤོག་ཕུལ་བ་ཙམ་གྱིས་དགོངས་པ་ཁྲོལ་བར་ངོས་འཛིན་གནང་ན་ཚོགས་གཙོ་ཚོགས་གཞོན་དང་རྒྱུན་ལས་ཀྱིས་ལས་འགན་མ་འགྲུབ་པ་མ་རེད་དམ། རྗེས་ལོ་ ༢༠༢༤ སྤྱི་ཟླ་…

དེ་ལས་མང་བ་། “བཅའ་ཁྲིམས་དོན་ཚན་བཞི་ཅུ་ཞེ་དགུའི་ནང་གསེས་གཉིས་པ་དེ་འགྱིག་བྱི་རིལ་ནང་བཞིན་ག་པར་འཐེན་འཐེན་ཨ་ཡིན་ན།” »

བསམ་ཚུལ།, རྩོམ་རིག

གཡག་རྒྱ་སོ་རྒྱང་གི་ཆུང་མ།

Posted on 2023-12-302023-12-30 By ཁ་བརྡ་ No Comments on གཡག་རྒྱ་སོ་རྒྱང་གི་ཆུང་མ།
གཡག་རྒྱ་སོ་རྒྱང་གི་ཆུང་མ།

རྔ་བ་ཀུན་བཟང་། ངའི་མིང་ལ་གཡག་རྒྱ་ཟེར།མི་ཚང་མས་ང་ལ་གཡག་རྒྱ་སོ་རྒྱང་ཞེས་འབོད། རྒྱུ་མཚན་ང་ཧ་ཅང་མི་མདོག་ཉེས་ཞིག་ཡིན་པ་མ་ཟད། དེའི་སྒང་ལ་ཁ་ནང་གི་སོ་ཡང་མི་གཞན་དང་མི་འདྲ་བར་ཁ་ཕྱི་ལ་རྒྱང་ཡོད། འོན་ཀྱང་། ལས་དབང་ཞིག་གིས་ང་ལ་ཆུང་མ་ལྷ་མོ་འདྲ་ཞིག་ཡོད། མོའི་མིང་ལ་རོག་འཛི་མ་ཟེར། མིང་འདི་ང་རང་ཉིད་ཀྱིས་བཏགས་པའི་གཅེས་མིང་ཡིན། སྡེ་བའི་ནང་གི་’ནག་ཐོལ’་དང་’ཀོས་རིལ’་སོགས་ཀྱིས་ངའི་ཆུང་མའི་ཆེད་ལ་ཁེར་འདོགས་བྱེད་པ་མ་ཟད། དེང་སང་གཡག་ཀོས་རིལ་མང་པོ་ལག་འདོགས་དང་སྐེ་འདོགས་བྱེད་པའི་དུས་ལ་སླེབས།། གནས་ཚུལ་འདི་དེང་སྐབས་སྡེ་བ་ཡོངས་ལ་ཁྱབ་པས། ད་ཆ་ངའི་ཞི་ལུ་ཆེ་བ་གྭ་ནག་དང་། ཆུང་བ་དུང་མགོ། ཞི་མོ་ཁམ་དཀར་མ་གསུམ་པོས་རྟ་བདུན་དབང་པོ་ནུབ་ཕྱོགས་ལ་མ་འགྲོ་བར། ཨ་མའི་གཡས་གཡོན་ནས་སྐོར་ནས་རྟ་ནོར་ལུག་ཁྱུའི་ཚོགས་ཀྱིས་འབའ་སྐད་དང་འུར་སྐད་ལ་ཉན་ཁོམ་མེད་པར་གྱུར།།…

དེ་ལས་མང་བ་། “གཡག་རྒྱ་སོ་རྒྱང་གི་ཆུང་མ།” »

བརྩམས་སྒྲུང་།, རྩོམ་རིག

སྤྱི་ཚོགས་དྲ་རྒྱའི་དུས་རབས་ལ་འགན་འཁུར་ནས་བཙན་བྱོལ་སྤྱི་ཚོགས་ནམ་ཡང་དཀྲུགས་མི་ཉན།

Posted on 2023-12-20 By ཁ་བརྡ་ No Comments on སྤྱི་ཚོགས་དྲ་རྒྱའི་དུས་རབས་ལ་འགན་འཁུར་ནས་བཙན་བྱོལ་སྤྱི་ཚོགས་ནམ་ཡང་དཀྲུགས་མི་ཉན།

གཞུང་པ་ཚེ་དབང་བསོད་ནམས། དེ་སྔོན་ལག་ཁྱེར་སྐད་འཕྲིན་མེད་པའི་དུས་སྐབས་སུ་བཙན་བྱོལ་སྤྱི་ཚོགས་ནང་ལབ་རྒྱུ་དང་གླེང་རྒྱུ། ཤོད་རྒྱུ་དང་གཏམ་རྒྱུ། ཁྱོད་དང་ང་། རྟ་དང་བང་། ཟེར་བ་སོགས་གང་ཡང་མེད་པ་ཞི་བདེ་ལྷིང་ཆགས་ངང་སོ་སོའི་འཚོ་བའི་ལས་དོན་ཁག་ལ་འགན་འཁུར་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་ཉི་མ་མེ་གྲོགས་དང་ཆར་པ་ཆུ་གྲོགས་བྱས་ནས་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནས་བསྐུར་བའི་བོད་ཀྱི་ཡུལ་མིའི་ལས་འགན་ཁག་སྒྲུབ་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་མི་མང་བཅས་ཚང་མ་འཆམ་མཐུན་ངང་འཚོ་བཞིན་པའི་དུས་སྐབས་ནས་ལག་ཁྱེར་སྐད་འཕྲིན་གྱིས་དུས་རབས་ཤར་བ་ནས་མི་ཚང་མ་སྤྱི་ཚོགས་དྲ་རྒྱའི་དུས་རབས་ལ་དབྱིངས་ཞུགས་ནས་རྒྱལ་སྤྱིའི་དྲ་རྒྱའི་རིན་ཐང་དང་བེད་སྤྱོད་བྱེད་སྟངས་ཇི་ཡིན་མ་ཤེས་ནས་དྲ་རྒྱ་བེད་སྤྱོད་ལོག་ལམ་ལ་འཁྲིད་ནས་ཕྱོགས་གཏོགས་ཆབ་སྲིད་ལ་འགན་འཁུར་ནས་མཐུན་པ་མ་མཐུན་པ་བཟོ་རྒྱུ་དང་། འགྲིག་པ་མ་འགྲིག་པ་བཟོ་རྒྱུ། བདེན་པ་རྫུན་མ་བཟོ་རྒྱུ། རྫུན་པ་བདེན་པ་བཟོ་རྒྱུ། དཀར་པོ་ནག་པོ་བཟོ་རྒྱུ། ནག་པོ་དཀར་པོ་བཟོ་རྒྱུ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཐོ་རིམ་མི་སྣ་ཁག་ལ་ཁྱད་གསོད་དང་། ཟུར་ཟ་སྐྱོན་འཛུགས། ཉེས་མེད་ཉེས་འདོགས། དེ་སྔོན་བཙན་བྱོལ་སྤྱི་ཚོགས་ནང་མི་ཚེ་ཧྲིལ་པོ་སྡུག་དཀའ་ལས་རྒྱག་མཁན་གྱི་གཞུང་ཞབས་བྱས་རྗེས་ཅན་ཟུར་པ་རྣམས་ལ་མ་ཉེས་ཁ་གཡོགས་ཀྱིས་སྐྱོན་འཛུགས་བྱ་རྒྱུ་སོགས་བཙན་བྱོལ་སྒྲིག་འཛུགས་ཉམས་ཆག་གཏོང་ཐབས་དང་།…

དེ་ལས་མང་བ་། “སྤྱི་ཚོགས་དྲ་རྒྱའི་དུས་རབས་ལ་འགན་འཁུར་ནས་བཙན་བྱོལ་སྤྱི་ཚོགས་ནམ་ཡང་དཀྲུགས་མི་ཉན།” »

བསམ་ཚུལ།

ཆོས་གཟུགས་རྣམས་ཀྱི་སྤྱོད་ལམ་གྱིས་མང་ཚོགས་ཀྱི་དད་སེམས་རླུང་ལ་སྤུར་བའི་ལོ་ཟླའི་ཁྲོད་བཟོད་སྒོམ་མ་ཐུབ་པར་ཤོར་བའི་བོད་ཀྱི་ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་ཁག་དང་བསྟན་པ་ལ་འགན་ཡོད་པའི་ལས་སྣེ་ཚོར་དྲི་བ་༢༧།

Posted on 2023-12-20 By ཁ་བརྡ་ No Comments on ཆོས་གཟུགས་རྣམས་ཀྱི་སྤྱོད་ལམ་གྱིས་མང་ཚོགས་ཀྱི་དད་སེམས་རླུང་ལ་སྤུར་བའི་ལོ་ཟླའི་ཁྲོད་བཟོད་སྒོམ་མ་ཐུབ་པར་ཤོར་བའི་བོད་ཀྱི་ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་ཁག་དང་བསྟན་པ་ལ་འགན་ཡོད་པའི་ལས་སྣེ་ཚོར་དྲི་བ་༢༧།

ཨོ་གླིང་ནས་བློ་བཟང་། དེང་སྐབས་སུ་དགེ་འདུན་པའི་སྡེས་ཁྱིམ་པ་སུན་འབྱིན་ཀྱི་ལས་གསོག་ན་འགྲིག་པའི་དུས་སྐབས་ཞིག་ལ་གཟིགས་སམ། ཆོས་བརྒྱུད་སྤྱི་འཐུས་ཀྱི་བྱ་སྤྱོད་ཀྱིས་མང་ཚོགས་ཁྲོད་སེར་མོའི་སྤྱི་ཚོགས་ལ་ལོ་རེ་ནས་ལོ་རེར་སྡང་སེམས་ཇེ་ཆེར་འགྲོ་བཞིན་པ་ཐབས་ཤེས་གང་ཡོད་ཀྱིས་འགོག་མི་དགོས་སམ། སྤྱི་ཚོགས་ནང་གླང་དམར་གྱི་མཚན་གནས་བཞེས་པའི་མཁན་སློབ་དང་དགེ་བཤེས་མིང་འཛིན་པ་དེ་ཚོས་དགེ་འདུན་ཀྱི་སྡེའི་མཚན་ཞབས་འདྲེན་པ་མ་གཟིགས་སམ། དགེ་འདུན་པའི་ནང་ལ་བསྟན་པའི་ཞབས་འདྲེན་པའི་ཆབ་སྲིད་པ་སླེབས་སྐབས་མ་གོ་མ་ཐོས་པའི་བརྟུལ་ཞུགས་དེ་ཚོ་འོས་འཚམས་ཞིག་ཡིན་ནམ། ༸གོང་ས་མཆོག་གིས་རྒྱུན་ལྡན་གསུངས་དོན། མར་མེ་རླུང་གི་བསད་ན་འཛུམ་ཤུགས། ལྷ་ཁང་མེས་ཚིག་ན་འཛུམ་ཤུགས། ཟེར་བའི་དཔེ་ལྟར་འགྲོ་ན་འགྲིག་གི་མ་རེད་ཞེས་ཞལ་གདམས་གནང་བ་མི་དྲན་ནམ། ཆོས་བརྒྱུད་ཁག་གི་སྤྱི་འཐུས་ཀྱི་བྱ་སྤྱོད་ཀྱིས་མང་ཚོགས་ཀྱི་དད་སེམས་ལ་དོ་ཕོག་འགྲོ་གི་ཡོད་ཚུལ་གྱི་གཏམ་གླེང་ལ་ཞིབ་འཇུག་ཞིག་ཀྱང་བྱ་འདོད་མེད་དམ། བོད་བརྒྱུད་ནང་བསྟན་གྱི་མཁན་པོ་དང་དགེ་བཤེས་ཀྱི་མཚན་སྙན་ལ་དོ་ཕོག་འགྲོ་བཞིན་པ་འདི་ལ་ཕངས་སེམས་ཞིག་ཀྱང་མེད་དམ། ཆོས་བརྒྱུད་ཀྱི་སྤྱི་འཐུས་རྣམས་ཀྱིས་གྲོས་ཚོགས་ནང་གཏམ་གླེང་ཅི་འདྲ་གནང་གི་ཡོད་པ་ཅུང་ཙམ་ཡང་མི་མཁྱེན་ནམ། ཆོས་བརྒྱུད་སྤྱི་འཐུས་ཚོས་གྲོས་ཚོགས་དང་མང་ཚོགས་ནང་གཏམ་གླེང་གནང་སྐབས་སུ་སྡང་སེམས་དང་འཐེན་འཁྱེར་གྱི་དབང་གིས་སྐད་ཤུགས་ཆེ་ལ། བཞིན་སྡུག་པའི་བྱ་སྤྱོད་དེ་ཚོས་སེར་མོ་བའི་སྤྱི་ཚོགས་ཀྱི་མཚན་སྙན་དོང་ཞབས་སུ་གཡུག་མི་འདུག་གམ། ཆོས་བརྒྱུད་ཀྱི་སྤྱི་འཐུས་ཚོས་མི་གཅིག་རྒྱབ་ལ་དཔུང་བསྒྲིགས་ཀྱིས་ཕྱོགས་རིས་འཐེན་འཁྱེར་གནང་བ་མ་གཟིགས་སམ།…

དེ་ལས་མང་བ་། “ཆོས་གཟུགས་རྣམས་ཀྱི་སྤྱོད་ལམ་གྱིས་མང་ཚོགས་ཀྱི་དད་སེམས་རླུང་ལ་སྤུར་བའི་ལོ་ཟླའི་ཁྲོད་བཟོད་སྒོམ་མ་ཐུབ་པར་ཤོར་བའི་བོད་ཀྱི་ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་ཁག་དང་བསྟན་པ་ལ་འགན་ཡོད་པའི་ལས་སྣེ་ཚོར་དྲི་བ་༢༧།” »

བསམ་ཚུལ།

བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་མང་གཙོའི་ཀ་བ་གསུམ་གྱིས་འགན་འཁུར་སྐོར་ལ་དཔྱད་པའི་གཏམ།

Posted on 2023-12-08 By ཁ་བརྡ་ No Comments on བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་མང་གཙོའི་ཀ་བ་གསུམ་གྱིས་འགན་འཁུར་སྐོར་ལ་དཔྱད་པའི་གཏམ།

གཞུང་པ་ཚེ་དབང་བསོད་ནམས། སྤྱི་ལོ་ ༡༩༦༠ སྤྱི་ཟླ་ ༩ པའི་ཚེས་ ༢ ཉིན་བཙན་བྱོལ་སྤྱི་ཚོགས་ནང་མང་གཙོ་དབུ་བརྙེས་ནས་སྤྱི་འཐུས་སྐབས་དང་པོ་ནས་སྐབས་བཅུ་པ་བར་མང་གཙོ་སྤྱིའི་ལམ་ལུགས་དང་མཐུན་པའི་འཛིན་སྐྱོང་སྡེ་ཚན། ༼ Executive ༽ དང་། ཁྲིམས་བཟོའི་སྡེ་ཚན། ༼ Legislature…

དེ་ལས་མང་བ་། “བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་མང་གཙོའི་ཀ་བ་གསུམ་གྱིས་འགན་འཁུར་སྐོར་ལ་དཔྱད་པའི་གཏམ།” »

བསམ་ཚུལ།

དྲ་ལམ་ཐོལ་རྩོམ།

Posted on 2023-12-08 By ཁ་བརྡ་ 1 Comment on དྲ་ལམ་ཐོལ་རྩོམ།

ཨ། ༡༽ ལུང་དང་རིགས་པའི་བང་མཛོད།། ཆོས་རའི་ནང་གི་ངྷཱིཿསྐད།། ཕྱོགས་བཏུས་གླེགས་བམ་ཆེན་མོ།། རྣམ་མང་བཞད་པའི་ཉིན་དགེ།། རྒྱལ་བའི་བཀའ་ཡི་དབང་མཐོ།། རྒྱ་བོད་མཁས་པའི་མཆིད་ཟབ།། རྒྱུན་ཆད་མེད་པར་སྒྲོག་པ།། ཆོས་རའི་ནང་གི་ངྷཱིཿསྐད།། ལྷ་མིའི་སྟོན་པས་བསྔགས་ཤིང་།། ལུང་རིགས་སྨྲ་བའི་ཡིད་མགུ།། ཆོས་རའི་ནང་གི་ངྷཱིཿསྐད།། པོད་ལྔའི་དུས་དེབ་ཐོག་མ།། ཆོས་རའི་ནང་གི་ངྷཱིཿསྐད།།…

དེ་ལས་མང་བ་། “དྲ་ལམ་ཐོལ་རྩོམ།” »

བསམ་ཚུལ།

གནས་སྐོར།

Posted on 2023-12-05 By ཁ་བརྡ་ 1 Comment on གནས་སྐོར།

ཆབ་མདོ་ངག་དབང་ཕུན་ཚོགས། སྔོན་གླེང་ཐུང་། གནས་མཆོག་ཁྱད་དུ་འཕགས་པ་གར་ཞ་འཕགས་པའི་ཡུལ་དུ་གནས་སྐོར་ཕྱིན་པ་དང་འབྲེལ་བའི་སྐོར་ལ་བཤད་ཡོད་ཅིང་། གལ་སྲིད་རྣམ་པ་ཚོ་གནས་སྐོར་ཕེབས་དུས་གནས་དེ་དག་གི་ལོ་རྒྱུས་ཕྲན་བུ་ཤེས་ཚེ་གནས་སྐོར་གནང་དུས་སེམས་ནང་དུ་ཕན་ཐོགས་ཆེ་བ་ཡོང་ངེས་སྙམ་སྟེ། ང་རང་གི་གནས་ཡིག་ཁག་ལ་གཞི་རྩར་བཟུང་སྟེ་འདི་ཉིད་ཕྱོགས་བསྒྲིགས་བྱས་ཡོད་པ་དང། གལ་སྲིད་རྣམ་པ་ཚོས་འདི་ཉིད་ཐེངས་གཅིག་ཀློག་ན་ཕན་ལས་གནོད་པ་གང་ཡང་མེད། ལྷག་པར་སློབ་དཔོན་ཟམ་གདོང་རིན་པོ་ཆེས། “གནས་ཆེན་ཁག་ཏུ་འགྲོ་རྒྱུ་དང་། འགྲོ་སྟངས་ཀྱང་ཤེས་རིག་ལྟ་སྐོར་ཡིན་པ་ལ་སློབ་གཉེར་བ་མང་ཆེ་བ་ནང་པ་ཡིན་ཙང་གནས་མཇལ་དང་སྦྲགས་ནས་འགྲོ་རྒྱུ་བྱུང་ན་གཅིག་གོ་གཉིས་ཆོད་ཆགས་རྒྱུ་རེད་ཅེས་བཀའ་མོལ་བྱུང་བ་རེད། ལར་ནས་བོད་པས་གནས་མཇལ་དུ་མང་པོ་བསྐྱོད་ཀྱང་དེའི་དོན་གྱི་ཐོག་ལ་བསམ་བློ་གཏོང་མཁན་དཀོན་པོ་རེད་ལ། བར་ལམ་གནས་མཇལ་ཞེས་པ་དེ་གང་ཡིན་སྐོར་ལ་ཕལ་ཆེར་བགྲོ་གླེང་བྱེད་མཁན་ཙམ་ཡང་མེད་པར། ཚང་མས་ཡིན་ཤག་གིས་འགྲོ་བསྡད་པ་མ་གཏོགས།” ཞེས་དང་། ཡང་ཁོང་གིས་གསུང་དོན་ལས། “གནས་མཇལ་དུ་འགྲོ་བའི་དགོས་པ་དང་དེའི་ཕན་ཡོན།…

དེ་ལས་མང་བ་། “གནས་སྐོར།” »

བསམ་ཚུལ།

༄༄ བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་སྐོར་ལ་དཔྱད་པའི་གཏམ།

Posted on 2023-12-05 By ཁ་བརྡ་ No Comments on ༄༄ བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་སྐོར་ལ་དཔྱད་པའི་གཏམ།

གཞུང་པ་ཚེ་དབང་བསོད་ནམས། མངའ་དབང་ཡོད་པའི་རྒྱལ་ཁབ། ༼ Sovereignty Power ༽ ཡོད་པའི་ལུང་པའི་རྩ་ཁྲིམས། ༼ Constitution ༽ ལ་བསྐྱར་བཅོས་གནང་རྒྱུ་དེ་ཧ་ཅང་གི་དཀའ་ཚེགས་ཆེ་ལ་གཟི་བརྗིད་ཆེ་་བའི་གྲོས་ཚོགས་འཐུས་མིའི་ལས་འགན་ཆེ་ཤོས་དེ་བརྩི་བཞིན་པ་ནི་རྩ་ཁྲིམས་ནི་རྒྱལ་ཁབ་དང་མི་མང་གི་བླ་གནས་ས་དེ་ཡིན་པ་ནས་ཕྲུ་གུའི་རྩེད་ཆས་ནང་བཞིན་རང་སྣང་གང་དྲན་བྱས་ནས་གྲོས་ཚོགས་འཐུས་མིའི་རང་འཚམ་བསྐྱར་བཅོས་བྱ་རྒྱུ་ཞིག་མིན་པ་དང་། གཞི་རིམ་མི་མང་གི་བསམ་ཚུལ་དང་མངོན་འདོད་གཞི་ལ་བཞག་ནས་རྩ་ཁྲིམས་ལ་བསྐྱར་བཅོས་གནང་རྒྱུའི་དོན་ཚན་ཁག་བསྐྱར་བཅོས་མ་གནང་སྔོན་ཁྲིམས་ལུགས་རིག་པའི་ཆེད་ལས་མི་སྣ། ༼ Legal Expert…

དེ་ལས་མང་བ་། “༄༄ བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་སྐོར་ལ་དཔྱད་པའི་གཏམ།” »

བསམ་ཚུལ།

Posts pagination

Previous 1 … 5 6 7 8 Next

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (69)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (37)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme