Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་བཅར་འདྲི་ཞུས།

Posted on 2016-10-072016-10-07 By རེབ་གོང་བཀྲ་ཤིས། 57 Comments on སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་བཅར་འདྲི་ཞུས།

བཅར་འདྲི།

Post navigation

Previous Post: བྱང་ཨ་རིའི་བོད་ཡིག་སློབ་དེབ་སྐོར་ལ་གཏན་འབེབས་བྱུང་བའི་གྲོས་ཆོད།
Next Post: དབྲ་ཆེན་རུས་མཛོད་རྩོམ་སྒྲིག་གི་བརྡ་ཐོ།

Comments (57) on “སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་བཅར་འདྲི་ཞུས།”

  1. ཀརྡོ་རབ་འབྱམས་པ་ says:
    2016-10-07 at 1:29 pm

    ༸སྐུའི་གཅེན་པོ་བཀའ་ཟུར་རྒྱལ་ལོ་དོན་གྲུབ་མཆོག་གིས།
    བོད་མི་དང་། རྒྱ་མི་འདྲ་མཉམ་དགོས་པ་དང་གཅིག གཉིས་པ་དེ་ལ་བཙན་དབང་དམར་གསོད་དང་། གཏོར་བཅོམ་བཏང་བ་དེ་དག་ལ་སྐྱིན་ཚབ་བམ་གུན་གསབ་ལེན་དགོས། དེའི་ཕྱིར་དུ་བོད་ཕྱིནང་གཉིས་ཀྱི་ནང་ལ་བོད་མི་ལ་རྒྱ་ཅན་དང་། བསམ་ཡོད་ཅན་མང་པོ་ཡོད་པ་དེ་དག་བསྐོང་འཚོགས་ཀྱིས། བསམ་འཆར་རམ་། འབོད་ཚིག་གཅིག་བསྒྲགས་ག་ས་ག་རུ་སྒྲོག་དགོས་དགོས་རེད་ཅེས་གསུངས་འདུག

  2. བསོད་ནམས། says:
    2016-10-07 at 8:05 pm

    སྐུ་ངོ་མཆོག་གི་ཐུགས་གཏིང་གི་བཀའ་མོལ་དེ་གསུངས་སོང་། དངོས་གནས་བྱས་ན་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་རྩ་ཆེ་བ་གང་ཡང་མ་རེད། དེ་བས་ཁོང་རྒྱ་འོག་ཏུ་ཤོར་བ་དེ་ཁོ་རང་གིས་བཟོས་པ་རེད། མ་ཟད་བོད་ནང་གི་ཡང་སྲིད་འཚོལ་ཞིབ་ཚོགས་ཆུང་གི་ཚོགས་མི་དེ་ཚོས་གང་བྱས་ནས་སྐུ་ངོ་གསང་དབང་ཆེན་མོ་བརྒྱུད་ནས་རྡ་སར་སྐྱབས་ཞུ་ཕུལ་བ་རེད། བློས་གྲོད་པར་བཀལ་གྲོད་པས་ཆུ་གློད་པ་རེད།

  3. ནོར་བུ says:
    2016-10-08 at 12:34 am

    རྒྱ་ལོ་དོན་འགྲུབ་ནི་ཐོག་མ་རྒྱ་གཞུང་ཅང་ཇི་སེ་ནང་ཞུགས་དགོས་པའི་རྒྱུ་མཚན་གང་ཡིན་དང་༡༽

    ༡༩༤༦ ལོ་ཙམ་ལ་རྒྱ་གར་ཀ་ལའི་པངས་ནང་ལས་ཁུངས་ཡོད་དགོས་གང་ཡིན་ནམ ༢༽

    ༡༩༧༩ ལོའི་ནང་རྒྱ་དཔོན་ཏིང་ཤོ་ཕིང་ཐུབ་པའི་་འཇུག་འབྲས་གང་ཡོད་དམ ༣༽

    མཐར་མ་རྒྱ་བོད་ཞི་མོས་བ་མི་གསུམ་ལ་ཁོས་ཧོང་ཀོང་ནམས་ཐང་ནས་ཕྱིར་ཕུད་པས བལ་ཡུལ་བརྒྱུད་ནས་འགྲོ་དགོས་ཐུབ་པའི་ཕྱི་གསལ་ནང་གསལ་ཡོད་དང་མེད ༤༽ བཅས་དྲི་བ་ཡིན ་་

  4. བོད་ཀྱི་བུ། says:
    2016-10-08 at 4:56 am

    སྐུ་ངོ་རྒྱལ་ལོ་དོན་གྲུབ་མཆོག་གིས་བཙན་བྱོལ་བོད་གཞུང་བསྐྱར་འཛུགས་གནང་དགོས་ཟེར་བ་དེ་གནད་འགག་ཆེན་པོ་རེད། དེ་ནི་ཀླུ་མཁར་བྱམས་ཀྱིས་སྲིད་སྐྱོང་ལངས་སྐབས་གནད་འགག་ཆེན་པོས་བཤད་པ་རེད། དེའི་སྐབས་ལ་མི་དམངས་རྣམས་ཕྱོགས་ཞེན་དང་དུང་ཞེན་གྱི་ར་བཟི་ནས་ཡོད་དུས་ངོས་ལེན་མ་ཐོབ་པ་རེད། ད་ནི་ཚང་མ་གཉིད་སངས་ནས་བོད་གཞུང་ཞིག་ཡོད་པ་བཟོས་དགོས་རེད། དགྲ་ལ་ཁ་གཏད་མ་བཅོག་གོང་ལ་རང་ཉིད་བརྟན་པོར་བཟོ་རྒྱུ་དེ་ཧ་ཅང་གལ་ཆེ་རེད།

  5. སེང་ཕྲུག་བརྟན་པ། says:
    2016-10-08 at 6:13 am

    ངག་ཐོག་གི་ཁ་བརྡ། ཡིག་ཐོག་ནས་ཁ་བརྡ། གང་ལྟར་དེང་སང་ག་བར་བལྟས། ག་བར་ཉན་པ་ཡིན་ན་ཡིད་སྐྱོ་ལྷང་ལྷང་ཞིག་མ་གཏོགས་ད་གནས་ཚུལ་བཟང་པོ་ཞིག་འདུག་བསམ་པ་བྱུང་མ་སོང་། དགྲ་ལ་དགོས་ཡ་འདི་ཆག་འདུག འགས་དབུ་བསྐོར་ཁུལ་བྱས་འགས་དབུ་འཁོར་ཁུལ་བྱས་ཉིན་འདའ་བ་མ་གཏོགས་དངོས་གནས་ལྷག་བསམ་ནུས་པ་འཇོན་ཐང་ཤེས་ཡོན་གཅིག་ཏུ་སྤུངས་ནས་བོད་ཀྱི་རྩ་དོན་ཆེད་ལྷག་བསམ་དྲང་པོའི་སྒོ་ནས་འབད་པ་གནང་མཁན་གསེར་ལས་དཀོན་པ་རེད། ངྲང་བདེན་གྱི་མི་ལ་མ་ཉེས་ཁ་གཡོགས་བྱས་ནས་དབང་ཆ་ལས་འདོན་གང་ཐུབ་བྱེད།
    ཁ་བདེ་མགོ་བདེ་ཚོ་ཡ་གོ་སར་བསྐོས། ཉེ་རིང་ཆགས་སྡང་གི་དབང་དུ་སོང་ནས་ཐ་ན་སྐད་ཆ་ཆུང་ཆུང་བཤད་པ་ཡིན་ནའང་ཕྱོགས་ཞེན་ལྷད་དང་ལྡན་པ། ཨ་ཙི་ཙི་དངོས་གནས་ང་ཚོས་བསམ་བློ་གཟབ་གཟབ་གཏོང་དགོས་ཀྱི་འདུག བཤད་ན་རྫོགས་ཡ་མིན་འདུག ཞུ་དོན་སྤུན་ཟླ་ཚོ་གཟབ་གཟབ་གནང་རོགས། ང་ཚོའི་ནུས་ཤུགས་གཅིག་ཏུ་སྤུངས་ནས་སྡུག་པ་ཚར་གཅོད་ཡག་བ་གོང་བཀུར་གྱིས་གཞུང་བཟང་པོ་ཞིག་གྱུར་ཐབས་སུ་འབད་པའི་རེ་བ་ཞུ།

  6. སྤྱང་ཤོག says:
    2016-10-08 at 9:55 am

    སྐུ་ངོས་ཐུགས་དགོངས་ལ་འགྱུར་བ་ཞིག་མངོན་གྱི་འདུག དེ་སྔོན་ཁོང་གི་སྐད་གསང་མཐོན་པོ་གསུང་བཞིན་པའི་ཏིང་ཞོ་ཕན་གྱི་འདས་ཁའི་ཞལ་ཆེམས། བོད་རང་བཙན་མ་རྩོད། གཞན་གང་བཤད་ན་ཆོག་ཟེར་བ་འདི་གཡོ་རྫུན་ཡིན་པ་མཁྱེན་པའི་ཐོག་ནས་སྐུ་ངོས་རྒྱལ་ལོ་དོན་འགྲུབ་ཀྱི་གསུང། མདོར་བསྡུས་ནས་བཤད་ན། བོད་རང་དབང་རང་བཙན་སླར་གསོ་བྱེད་དགོས་ཟེར་གྱི་འདུག

  7. ཀརྡོ་རབ་འབྱམས་པ་ says:
    2016-10-08 at 11:30 am

    ་་་་་་་་ མདོར་བསྡུས་ནས་བཤད་ན། བོད་རང་དབང་རང་བཙན་སླར་གསོ་བྱེད་དགོས་ཟེར་གྱི་འདུག ་་་་་་ ཟེར།

  8. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-10-08 at 11:44 am

    རྒྱ་བློས་འཆི་ཁ་ལ་གུང་བྲན་འོག་མགོ་འཁོར་ཡོད་པ་ཤེས་འདྲ་་་་་་ད་ཡིན་ན་ཕྱིས་དྲག་ཐག་ཆོད་རེད། ད་རང་བཙན་སླར་གསོ་འདོད་འདྲ་་་་་སྐྱེ་བ་རྗེས་མ་ལ་གྱིས་ཨ་་་་་་

  9. བསེ་རུ་ཟང་ཐལ། says:
    2016-10-08 at 12:26 pm

    ༧སྐུ་ངོ་གསང་བ་ཆེན་མོས་བར་སྐབས་ཤིག་ནས་ཀ་ལོན་སྦུག་གི་ཐུག་པ་བཟོ་མཁན་ཟེར་བའི་ཕྱག་དེབ་དེའི་ནང་དོན་དང་། གཞན་ཡང་སྔ་ཕྱིའི་བཅར་འདྲིའི་བཀའ་ལན་གནང་བ་དེ་དག་ལ་ཉན་ཞིབ་གཟབ་ནན་གྱིས་དང་། ཁོང་གིས་དྲང་ངེས་དགོངས་ཚུལ་དག་ལ་འདང་ཞིག་བརྒྱབ་ཐུབ་པ་ཡོད། དེ་ནི། ༡༩༧༩ ལོར་ཏིང་ཞའོ་ཕེང་གིས། རང་བཙན་མ་གཏོགས་གཞན་གང་བཤད་ནའང་ཆོག་ཅེས་གསུངས་ཡོད་པ་དེ། ད་བར་ཚང་མར་ཐོས་བསྒྲགས་ཀྱི་ཡུལ་ཙམ་ལས། གཞུང་འབྲེལ་ཡིག་ཆ་གཅིག་རིག་རྒྱུ་མཐོང་རྒྱུ་མེད་པའི་སྤམ་སྤོམ་དེར་ཐུགས་འགྱོད་མེད་དམ་སྙམ་པ་ཡོང་གི་འདུག་ལགས། ལར་ནས། བཙན་བྱོལ་གཞུང་གི་ཆབ་སྲིད་པས་ལྟ་གྲུབ་ལངས་ཕྱོགས་ཀྱི་ལོ་རྒྱུས་ནང་ཏིང་ཞེའི་ཕེང་གི་བཀའ་མོལ་དེ་ལམ་དབུ་མ་ཡི་གཞུང་ཚིག་རྐང་གཅིག་མའི་མན་ངག་རྒྱུན་འཁྱེར་མ་ཞིག་ཏུ་ཆགས་ནས་ཡོད། ད་ཆ་མཁྱེན་ལྡན་མི་མངས་རྣམས་ངག་བསྡམས་པའི་བསྙུང་གནས་ལས་གྲོལ་རན་པའི་སེམས་ཚོར་ཞིག་ནི། ཏིང་ཞེའོ་ཕེང་གི་གསུང་དེ། དུས་ཡུན་ནམ་ཞིག་གི་བར་བོད་མི་ཚོས་ཆབ་སྲིད་ལ་བརྟེན་པའི་དག་སྣང་གི་མཆོད་རྫས་ཤིག་ཏུ་འཁུར་དགོས་རྒྱུ་ཡིན་ནམ་སྙམ་པ་དང་། ཡང་། ཏེང་གི་གསུང་དེ་ཡིག་ཐོག་ལ་ཅིའི་ཕྱིར་བླངས་མ་ཐུབ་པའམ། དེ་བླང་བར་བྱ་བ་མ་ཡིན་པའམ། བླངས་མ་མཁྱེན་པའམ། བླང་རྒྱུ་བསྙེལ་བའམ། ཡང་ན། བླངས་ཀྱང་ད་དུང་སྦས་སྐུངས་གནང་ཡོད་པ་གང་ཡིན་ནམ་སྙམ་པའི་དྭོགས་འདྲི་བྱེད་ཀྱིན་ཡོད། གང་ལྟར་ད་ཆ་སྐུ་ངོ་གསང་བ་ཆེན་མོ་ཞལ་བཞུགས་སྐབས་སུ། དེང་རབས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཐོག་གསལ་བཤད་ཅིག་གནང་རྒྱུའི་འགན་དབང་འཁུར་དགོས་པའི་དུས་ལ་བབ་ཡོད། ཡང་། བཅར་འདྲི་གཏོང་མི་ཨ་མདོ་བ་ཕོ་གསར་ཁྱེད་ནས་དེ་སྐོར་སྐུ་ངོར་དྲི་བ་མ་ཕུལ་བར་སྤོམ་འཇོག་བྱེད་དགོས་པའི་རྒྱུ་མཚན་དང་། འགན་འཁུར་གྱིས་གསལ་བཤད་བྱེད་དགོས། མི་མངས་ལ་གསལ་བཤད་ཅིག་ངེས་པར་གནང་རན་འདུག་སྙམ། །།

  10. བསོད་ནམས་དོན་གྲུབ། says:
    2016-10-08 at 12:31 pm

    རྒྱ་ལོ་རང་བཙན་ལ་ཞུགས་པ་འདྲ། སྲུང་མའི་བཀའ་ཆད་ཕོག་ཡོང་།

  11. རྣམ་རྒྱལ། says:
    2016-10-08 at 1:23 pm

    སྐུ་ངོ་ཁོང་ནི། བོད་དོན་ཆེད་ལས་ཀ་བྱས་ནས་རྒས་པ་ཞིག་རེད། དེ་ལ་གུས་བཀུར་ཡོད། འོན་ཀྱང་སྐུ་ངོ་ཁོང་གི་འདས་ཟིན་པའི་ལོ་རྒྱུས་ལ་བལྟས་ན་བྱ་བཟང་དང་བྱ་ངན་གཉིས་ཀ་མཐོང་ཡ་ཡོད་པ་ཞིག་ཀྱང་རེད། དེས་ན་ཁོང་གིས་སྐད་ཆ་དེ་ཚོ་ལྷག་བསམ་གྱིས་ཡིན་དང་། ཡང་ན་དོགས་པ་དང་ཕྲག་ཏོག་གིས་ཡིན་མི་ཤེས་གི།

  12. གངས་ཕྲུག། says:
    2016-10-09 at 12:07 am

    སྐུ་ངོ་རྒྱལ་ལོ་ལགས་རྒན་འདུག། རྒྱ་བོད་བར་གྱི་བཀའ་མོལ་ཡང་འགྱུར་ཚ་འདུག། ཁོང་གིས་མི་ཚེ་གཅིག་གི་རིང་ལ་ཕྱི་མ་ནང་དང་ཡ་མ་ཡོལ་གྱི་ཕྱག་ལས་རིང་ཐུང་མང་པོ་གནང་མྱོངས་བ་རེད། འོན་ཀྱང་བཟང་ཕྱོགས་ཀྱི་གྲུབ་འབྲས་འདི་རེད་བསམ་པ་ཞིག་མེད་ཁར་མི་ཚེ་འཇུག་རྫོགས་རྒྱུ་ཡིན་པ་ངེས་ཚ་བ་འདུག། མི་དང་མིའི་བར་གྱི་རེ་བ་དང་དོགས་པ་ཡོངས་རྫོགས་མི་དེ་འཆི་སོང་བ་ཡིན་ན་དེ་ཡང་འཇུག་རྫོགས་རྒྱུ་རེད།

  13. ཅོ་རི་ཉི་མ། says:
    2016-10-09 at 8:46 am

    བསམ་བློ་སྔོན་ནས་བཏང་ན་མཁས་པ་ཡིན། འགྱོད་པ་རྗེས་སུ་སྐྱེས་ན་བླུན་པོ་ཡིན་་་ཞེས་པ་ལྟར་ཤི་ཁ་རྒད་ཁར་འགྱོད་པ་སྐྱེས་ནས་ཤི་དགོས་པ་འདིས་རང་ཉིད་བླུན་པོ་ཞིག་ཡིན་པར་གསལ་བསྟན་བྱས་པ་རེད། རྒྱ་ལོའི་སྐད་ཆ་འགོ་ནས་མཇུག་བར་དུ་ཆ་ཚང་ཉན་པ་ཡིན། དབུ་མའི་ལམ་དུ་འགྲོ་དགོས་པའི་རྒྱུ་མཚན་གཙོ་བོ་ཏན་ཞོ་ཕིང་གིས་རང་བཙན་མིན་པ་ཐམས་ཆད་གྲོས་མོལ་བྱས་ན་འགྲིག་གི་རེད་ཟེར་ནས་རྒྱ་ལོ་ལ་བཤད་ཡོད་རེད་ཟེར་བའི་སྐད་ཆ་འདིར་ཟུར་ཙམ་ཡང་གླེང་མི་འདུག་ག དགོས་པ་དེར་གླེང་མི་འདུག

    ༡་་་་དེ་ནས་གལ་ཆེ་བ་ཞིག་ལ་སྐར་མ་་༢༩་་་ཡི་མཚམས་ནས་མར་ཉན་ན་རྒྱ་ལོའི་སྐད་ཆ་ནང་དུ་དཔྱད་གཞི་ཞིག་འདུག་པས་དེའི་སྐོར་ཏོག་ཙམ་ཞུ་འདོད་བྱུང་། རྒྱ་ལོས་་་རྒྱ་མི་གུན་ཁྲན་ཏང་གིས་སྐྱོན་འཛུགས་མང་པོ་ཞིག་བྱས་ཀྱི་འདུག དཔེར་ན་་་༡༩༥༩་ལོར་ཁམས་པ་རྐུན་མ་དང་ཇག་པ། ལོག་སྤྱོད་པ་ཚོས་རྒྱ་གར་ལ་གདན་འདྲེན་ཞུས་པ་རེད་ཟེར་གྱི་འདུག་ཅེས་བཤད་འདུག་་་ཧཧ

    རྒྱ་གུན་ཁྲན་གྱི་ངོས་ནས་གོང་ས་ཏྭ་ལའི་བླ་མ་རྒྱ་གར་རང་མོས་ཀྱིས་ཐོག་ནས་བྲོས་བྱོལ་ཕྱིན་པར་ངོས་འཛིན་མེད་པར་ཁམས་པ་རྐུན་མ་དང་ཇག་པ། ལོག་སྤྱོད་པ་ཚོས་གདན་འདྲེན་ཞུས་པར་ངོས་འཛིན་བྱས་ཡོད་པའི་ཟོལ་བཤད་འདུག

    ད་་་ཁམས་པ་རྐུན་མ་དང་ཇག་པ། ལོག་སྤྱོད་པ་དེ་དག་ནི་རྒྱ་དམར་གུན་ཁྲན་ཏང་གི་དགྲ་བོ་གཙོ་བོ་ལ་ངོས་འཛིན་དུས་དེ་དག་སུ་དང་སུ་རེད་དམ་་་ཞེས་གཅིག་གཅིག་གཉིས་གཉིས་སུ་མཛུབ་མོ་བཙུགས་ན་་་སྲུང་མ་ལོག་སྤྱོད་པ་རྒྱལ་ཆེན་ཤུགས་ལྡན། བླ་མ་ལོག་སྤྱོད་པ་རྒྱལ་གཅེས་པ་ཁྲི་བྱང་བླ་མ། དམག་དཔོན་ལོག་སྤྱོད་པ་ཨ་འབྲུག་མགོན་པོ་བཀྲ་ཤིས་གསུམ་གཙོ་བོ་གྱུར་པའི་མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྗེས་འབྲངས་མི་དམངས་རྣམས་རེད།
    ལྷ་དང་བླ་མ་དམག་དཔོན་གསུམ་གཙོ་བོ་གྱུར་པའི་རྗེས་འབྲང་པ་རྣམས་ཁ་བྲལ་བ་དང་ལོག་སྤྱོད་པ་ཡིན་དུས་བཙན་བྱོལ་སྤྱི་ཚོགས་ནང་དུ་ཁ་བྲལ་བ་དང་ལོག་སྤྱོད་པ་དེ་དག་ལ་དགག་མཁན་དང་རྒོལ་མཁན་སུ་དང་སུ་རེད་དམ། བོད་མི་དམངས་ཀྱིས་གནད་དོན་འདིར་ཤེས་དགོས་པར་གལ་ཆེན་ནང་གི་དོན་ཆེན་རེད། དགྲ་དགའ་གཉེན་སྡུག་གི་ལས་ཀ་དེ་དག་ངོས་ཟིན་པའི་ཐོག་ནས་རང་ཚུགས་འཛིན་དགོས་པ་གལ་ཆེན་རེད་འདོད་དོ།

  14. ཅོ་རི་ཉི་མ། says:
    2016-10-09 at 8:52 am

    གོང་ས་ཏྭ་ལའི་བླ་མ་ལ་བཀའ་འདྲི་ཞུ་དགོས་པའི་གནད་དོན་གཅིག་ནི་ཁོང་རང་རང་མོས་ཀྱིས་ཐོག་ནས་རྒྱ་གར་བྲོས་ནས་བསླེབས་པ་ཡིན་ནམ་་་ཡོངས་འཛིན་ཁྲི་བྱང་བླ་མ་དང་ཤུགས་ལྡན་གཉིས་ཀྱིས་མགོ་སྐོར་བཏང་ནས་རྒྱ་གར་ལ་ཁྲིད་ནས་བསླེབས་པ་རེད་ཅེས་དྲི་བ་གཏོང་དགོས་ངེས་རེད་ལ་སྤྱི་ཚོགས་ནང་དུ་གསལ་པོ་བཟོས་ན་ཡག་པོ་འདུག

  15. ཅོ་རི་ཉི་མ། says:
    2016-10-09 at 9:07 am

    རྒྱ་ལོ་དོན་འགྲུབ་ལ་བཀྲ་ཤིས་བདེ་ལེགས་ཤིག་ཞུ་རྒྱུ་ཞིག་ཡོད། དེང་སང་བཙན་བྱོལ་བོད་གཞུང་དགོས་རབས་དང་གཞུང་དེ་ཉིད་རྒྱ་གར་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ངོས་འཛིན་ཡོད་པའི་གཞུང་ཞིག་ལ་སྒྱུར་ཐབས་བྱ་དགོས་རབས། རང་བཙན་གྱི་ཕྱོགས་སུ་གོམ་པ་སྤོ་དགོས་རབས་གསུངས་པ་དེ་ལ་དགའ་པོ་བྱུང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མི་ལ་ནོར་འཁྲུལ་མེད་པ་མི་སྲིད་པ་རེད། ནོར་འཁྲུལ་ངོས་འཛིན་ནས་ལམ་ནོར་ལྡོག་ཤེས་བྱེད་ཤེས་པ་ཡིན་ན་ཡག་པོ་རེད། བསླབ་བྱ་མང་པོ་ནོར་འཁྲུལ་ནས་ལེན་ཐུབ་ཀྱི་ཡོད་པར་འདོད། རང་ལྟ་མཁྲེགས་འཛིན་བྱས་ནས་ནོར་འཁྲུལ་དེ་ཉིད་ནོར་འཁྲུལ་ཡིན་པར་ཁས་མི་ལེན་པའི་གང་ཟག་དག་ནི་བླུན་པོ་བླུན་ནག་ལ་ངོས་འཛིན་བྱས་ན་འགྲིག་གི་རེད།

    རྒྱ་དཔོན་ཚོས་མགོ་སྐོར་དང་བསླུ་ཁྲིད་སོགས་ངོས་ཟིན་པའི་ཐོག་ནས་རང་ཚུགས་འཛིན་དགོས་པ་དང་། ནོར་འཁྲུལ་ཅན་གྱི་དབུ་མའི་ལམ་གྱི་སྲིད་ཇུས་ལ་འགྱུར་བ་གཏོང་དགོས་པ་ནི་གནད་འགག་ཆེན་པོ་བསམས་ཀྱི་འདུག

  16. ཀརྡོ་རབ་འབྱམས་པ་ says:
    2016-10-09 at 9:31 am

    ཅོ་རིས།
    ་་་་་་་་་་་ ནོར་འཁྲུལ་ཅན་གྱི་དབུ་མའི་ལམ་གྱི་སྲིད་ཇུས་ལ་འགྱུར་བ་གཏོང་དགོས་པ་ནི་གནད་འགག་ཆེན་པོ་བསམས་ཀྱི་འདུག ་་་་་་་་་ ཟེར།

  17. ཀརྡོ་རབ་འབྱམས་པ་ says:
    2016-10-09 at 9:34 am

    རྒྱ་ལ་རྒོལ་བ་རང་གཅེབས་རེད། །
    རྒྱ་ལ་རེ་བ་རང་ནོར་རེད། །
    རྒྱ་དང་མཐུན་པ་བདེ་སྐྱིད་རེད། །
    རྒྱ་དང་མཉམ་གནས་ཡར་ཐོན་རེད། །

  18. ཅོ་རི་ཉི་མ། says:
    2016-10-09 at 9:46 am

    ཀརྡོ་་་་རིག་གསར་གྱི་སྐབས་སུ་རྒྱ་དང་མཉམ་གནས་བྱེད་ཀྱི་ཡིན་ཟེར་མཁན་གྱི་སྤྲང་ཕྲུག་རེ་གཉིས་བྱུང་བ་རེད། རྒྱ་གུན་ཁྲན་གྱི་མཉམ་དུ་མེ་མདའ་ཁུར་ནས་བོད་མི་དམར་བསད་བཏང་མཁན་བོད་མི་སྤྲང་ཕྲུག་དེ་འདྲ་བྱུང་བ་རེད། མཐའ་མ་འགྱོད་པའི་གླིང་ལ་བསྐྱལ་བ་རེད།

    གཞན་མང་པོ་མ་ཤེས་ནའང་་་ཆུ་ངོམས་གཏམ་རྒྱུད་ཀྱི་འགོ་དཔོན་སང་ཅ་ལགས་ཀྱི་སྲིད་ཇུས་ཞི་འགུག་བདེ་འགོད་ཀྱི་མཇུག་འབྲས་ཙམ་ཤེས་ཨེ་ལྟོས། ཆུ་ངོམས་གཏམ་རྒྱུད་ཀྱི་དཔའ་བོ་དཔའ་མོ་ཚོའི་མི་ཚེའི་མཇུག་འབྲས་ལ་བསམ་བློ་ཐོངས། ཁྱོད་ཀྱི་གསར་བརྗེ་སྔོན་ཐོན་པའི་སྐད་ཆ་དེ་དག་སྔོན་མར་རིག་གསར་གྱི་སྐབས་སུ་སྤྲང་ཕྲུག་ཚོས་བཤད་མྱངས་བ་རེད། དེང་སང་བུ་རབས་ཚ་རྒྱུད་དག་གིས་ནོར་འཁྲུལ་ཡིན་པར་ཤེས་ནས་རང་སྲོག་རང་བཙན་གྱི་ཆེད་དུ་བཏང་གི་ཡོད་རེད་ད།

  19. ཀརྡོ་རབ་འབྱམས་པ་ says:
    2016-10-09 at 9:54 am

    #18 ཅོ་རི་ཉི་མ། ་ལགས་ཀྱིས་སྤེལ་དོན།:
    October 9th, 2016 at 9:46 am
    ཀརྡོ་་་་རིག་གསར་གྱི་སྐབས་སུ་རྒྱ་དང་མཉམ་གནས་བྱེད་ཀྱི་ཡིན་ཟེར་མཁན་གྱི་སྤྲང་ཕྲུག་རེ་གཉིས་བྱུང་བ་རེད། ་་་་་་་་་ ཟེར།
    ་
    ཅོ་རི་སོགས་ཕྱུག་ཕྲུག་ཚོས་བོད་རང་བཙན་ལེན་ཤོག་ཨང་། ང་ཚོ་སྤྲང་ཕྲུག་ཚོས་ཁ་བཏགས་ཤིག་ད་ལྟ་ནས་ཉོས་ནས་བཞག་དགོས།

  20. ཅོ་རི་ཉི་མ། says:
    2016-10-09 at 10:06 am

    ཀརྡོ་་་ཁྱོད་ལྟ་བུ་ཞིག་གིས་ཁ་བཏགས་ཤིག་སྤྲོད་འོང་བསམས་ནས་འཐབ་རྩོད་བྱེད་ཀྱི་མེད། ངས་ཀི་ཤར་བརྒྱབ་དགོས་པའི་གནད་དོན་འདི་ཚོ་ཡིན།

    མཁས་མིང་འཛིན་ཆེད་ཅོ་རི་སྐྱེས་པ་མིན།
    སྙན་གྲགས་རྒྱས་ཆེད་ཅོ་རི་ལངས་བ་མིན།
    བཙན་པོའི་ཕ་ས་དགྲ་ལ་ཤོར་བ་འདི།
    ཅོ་རིའི་སེམས་སུ་བཟོད་ཐབས་མི་འདུག་པས།
    ཅོ་རི་གྱེན་དུ་མི་ལང་ཀ་མེད་རེད།།།

    དཔལ་འབྱོར་ཆེད་དུ་ཅོ་རིས་བརྩམས་པ་མིན།
    གོ་གནས་ཆེད་དུ་ཅོ་རིས་བྲིས་པ་མིན།
    བཙན་པོའི་མི་རིགས་གྲལ་མཐའ་ལྷུངས་བ་འདི།
    ཅོ་རིའི་སེམས་སུ་བཟོད་ཐབས་མི་འདུག་པས།
    སྨྱུག་གུས་དྲག་རྩལ་མི་ངོམས་ཀ་མེད་རེད།།།

    ཐར་པ་འཐོབ་ཆེད་ལྷ་ཆོས་འཆད་པ་མིན།
    དམྱལ་བར་སྐྲག་ནས་ཁ་འདོན་བྱས་པ་མིན།
    ཉམ་ཐག་བོད་མི་ཤིག་གིས་མནར་བ་འདི།
    ཅོ་རིའི་སེམས་སུ་བཟོད་ཐབས་མི་འདུག་པས།
    ཀི་ཤར་ལན་གསུམ་མི་བརྒྱབ་ཀ་མེད་རེད།།།

    བླ་མ་དགའ་ཆེད་བསྟོད་གླུ་ལེན་པ་མིན།
    མཛེས་མ་འགུགས་ཆེད་ཆགས་གླུ་ལེན་པ་མིན།
    ཉམ་ཆུང་མགོ་ལ་ཉེས་ཞྭ་གོན་སྟངས་འདི།
    ཅོ་རིའི་སེམས་སུ་བཟོད་ཐབས་མི་འདུག་པས།
    དྲུག་འགྱུར་ཐེངས་རེ་མི་ལེན་ཀ་མེད་རེད།།།

    སྟག་མོ་གཞན་དུ་འཛུམ་དྲུག་ངོམས་པ་མིན།
    གླང་རྒོད་བཞིན་དུ་གཤོག་རྩལ་ངོམས་པ་མིན།
    ཉམ་ཆུང་ཕྱོགས་ལ་བརྙས་བཅོས་བྱེད་སྟངས་འདི།
    ཅོ་རིའི་སེམས་སུ་བཟོད་ཐབས་མི་འདུག་པས།
    ཕོ་གཏམ་ཚིག་གསུམ་མི་བཤད་ཀ་མེད་རེད།།།

    དགེ་རྒན་དགའ་ཆེད་རྩོམ་ཡིག་བྲིས་པ་མིན།
    ཕ་མ་དགའ་ཆེད་འཕྲིན་ཡིག་བྲིས་པ་མིན།
    གསལ་བྱེད་སུམ་ཅུའི་ལས་དབང་སྐྱོ་པོ་འདི།
    ཅོ་རིའི་སེམས་སུ་བཟོད་ཐབས་མི་འདུག་པས།
    ལོ་ཟླ་མཐུད་ནས་མི་འབྲི་ཀ་མེད་རེད།།།

  21. ཀརྡོ་རབ་འབྱམས་པ་ says:
    2016-10-09 at 12:11 pm

    ཅོ་རིར་འཁོན་ཕྱིར་ཁ་བརྡར་མཆན་བཏབ་མེད། །
    རང་བཙན་མི་འདོད་འདོན་མཁན་ཁངས་པ་མིན། །
    དུས་རབས་མཐོང་བས་དབུས་ལམ་རེ་བ་ཡིན། །
    རང་ཕྱོགས་གཞན་ཕྱོགས་གཉིས་ཀ་བསམས་པས་རེད། །

  22. རྟ་བདུན་དབང་བོ says:
    2016-10-09 at 2:41 pm

    སྐུ་ངོ་མཆོག་གིས་བོད་མི་ཚོས་གྲོས་བསྡུར་བྱེད་དགོས་ཀྱི་འདུག་མ་འོང་བོད་ཀྱི་རྩ་དོན་ཆེད་གསུང་སྟངས་ལ་དཔག་ན་དབུ་མ་དོར་ནས་རང་བཙན་རྩོད་དགོས་གསུང་གི་ཡོད་པ་འདྲ་བོ་འདུག །

  23. འདུས་བྱུང་ཕུན་ཚོགས་ཚེ་རིང་། says:
    2016-10-09 at 4:27 pm

    ཐུག་པ་གཉིས་པ་ཞིག་སྐོལ་གནང་རྒྱུའི་དགོངས་འཆར་གནང་སོང་།

  24. རླུང་ཐོག། says:
    2016-10-09 at 8:29 pm

    རྒྱ་ལོའི་ཆུང་མ་རྒྱ་མོ་རེད། རྒྱ་ལོའི་བུ་ཕྲུག་རྒྱ་ཕྲུག་རེད། རྒྱ་ལོའི་བསམ་པ་རྒྱ་ལ་དཀར།།

  25. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-10-09 at 8:45 pm

    ལས་པ་མཐོང་མེད་ཀུན་གྱི་ཁ་སྨྲས་མང་།
    མ་བྱས་ངོ་གསོ་ཀུན་གྱི་སྤྱི་བོར་བཀུར་།
    གོ་ལ་གཅིག་རྒྱུར་སྤྱི་ཚོགས་ཧྲིལ་པོ་འདི་།
    རང་བདེན་གཞན་རྫུན་སྨྲ་བའི་སྒོམ་བཤིས་དར་།

  26. བློ་བཟང་། says:
    2016-10-10 at 1:58 am

    དྲ་གྲོགས་ཚོ་ཁ་བརྡ་ཚང་གི་གད་སྙིག་རྣམས་གསུམ་ཤེས་མཁན་ཡོད་དམ།ཧ་ཧ་ཧ་འདིི་ན་ཡང་གད་སྙིག་མིང་པོ་འདུག

  27. ཀརྡོ་རབ་འབྱམས་པ་ says:
    2016-10-10 at 2:14 am

    ་་་གད་སྙིག་མིང་པོ་འདུག ་་་་་
    འདི།
    གད་སྙིགས་མང་པོ་འདུག

  28. ཁུ་བྱུག says:
    2016-10-10 at 2:24 am

    སྐུ་ཞབས་ཤར་ཕྱོགས་ཁུག་རྟ་ལྟ་བུ་ཞིག་གིས་དྲི་བ་ཞིག་དྲིས་ཡོད་ན། ད་བལྟ་རྒྱུ་ཉན་རྒྱུ་གཉིས་ཀ་ཡོད་ཀྱི་རེད་བསམས།

  29. སེང་ཕྲུག་བརྟན་པ། says:
    2016-10-10 at 2:58 am

    སྔོན་འོ་མ་དཀྲུགས་ནས་མར་བཏོན། ད་འཆི་ཁར་རྒྱ་མཚོ་དཀྲུགས་ནས་དུག་བཏོན་གྱི་ཐབས་ལ་གཞོལ་བ་འདིས་ཀླད་སྟོང་འགའི་བསམ་བློ་ལ་འགྱུར་བ་གཏང་ཉེན་གདའ།

  30. རླུང་ཐོག། says:
    2016-10-10 at 10:31 am

    རྒྱ་ལོ་དོན་འགྲུབ་ཀྱི་བོད་དོན་མ་བཤད་པའི་སྔོན་དུ། ༼1༽བོད་གཞུང་གི་གསེར་དྲིལ་རྒྱབ་བཅོ་བརྒྱད་ལྐོག་ཟ་བྱས་བ་དེ་དག་བོད་གཞུང་དམངས་གཉིས་ཚུལ་སྤྲོད་དགོས། ༼2༽ ཏིང་ཞོ་ཕིང་་་་གཅིག་བཤད་སོང་གཉིད་བཤད་སོང་ཟེར་ནས། ཁྲིམས་མཐུས་དང་བདེན་ཡོད་པའི་ཡི་གེ་ན་གཅིག་སྟོན་རྒྱུ་མེད་པས་རྫུན་ཐོག། གོང་ས་མཆོག་མགོ་སྐོར་མི་ལོ་40་ཙམ་གཏོང་བ་དེའི་ནག་ཉེས་ངོས་ལེན་བྱེད་དགོས་ཀྱི་ཡོད། ༼3༽ ཀརྨ་བ་གཙོས་་་ས་སྐྱ་གོང་མ་་བདུད་འཇོམས་རིན་པོ་ཆེ། ཁྲི་བྱང་རིན་པོ་ཆེ། གླིང་རིན་པོ་ཆེ། སོགས་གཙོས་ཆུ་བཞི་སྒོང་དྲུག་གི་བདའ་བོ་དེ་དག་ལ་དགོངས་དག་ཞུ་དགོས། ༼4༽ རྒྱ་དམར་གུང་ཁྲན་ཏང་་་གི་དམག་སྤྱི་ཆེ་མོའི་བུ་མོ་དེ་དང་ཆང་ས་རྒྱབ་རྗེས། བོད་རང་བཙན་རྒྱ་དམར་ལ་བཙོངས་ཐབས་ཀྱི་ངན་གཡོ་ལ་དགོངས་དག་ཞུ་བ་དང་ཆབ་གཅིག། རྒྱ་མོ་དེ་དང་ཁ་ཁ་བྱེད་དགོས། དེ་རྗེས་བོད་པའི་སྤྱི་ཚོགས་ནང་ཁ་གྲགས་ཁར་ཤོག།

  31. ཀརྡོ་རབ་འབྱམས་པ་ says:
    2016-10-10 at 10:37 am

    ་་་་་་་་་ ཏིང་ཞོ་ཕིང་་་་གཅིག་བཤད་སོང་གཉིད་བཤད་སོང་ཟེར་ནས། ཁྲིམས་མཐུས་དང་བདེན་ཡོད་པའི་ཡི་གེ་ན་གཅིག་སྟོན་རྒྱུ་མེད་པས་རྫུན་ཐོག། གོང་ས་མཆོག་མགོ་སྐོར་མི་ལོ་40་ཙམ་གཏོང་བ་དེའི་ནག་ཉེས་ངོས་ལེན་བྱེད་དགོས་ཀྱི་ཡོད། ་་་་་་་་ ཟེར།

  32. ཀརྡོ་རབ་འབྱམས་པ་ says:
    2016-10-10 at 10:39 am

    ་་་་་་་་་ བོད་གཞུང་གི་གསེར་དྲིལ་རྒྱབ་བཅོ་བརྒྱད་ལྐོག་ཟ་བྱས་ ་་་་་་་ ་་་་་་་་ ཟེར།

  33. འབྲོང་བུ་སོག་ཚ། says:
    2016-10-10 at 11:38 pm

    རྒན་རྒྱ་ལོའི་སྐད་ཆ་དེ་ཨ་ཁུ་ཟམ་གདོང་དང་། ཁོང་གི་རྒྱུག་ཁྱི་ཚོའི་ཀླད་པའི་ནང་བླུག་རན་ཐག་ཆོད་འདུག །ང་ཚོས་སྔོན་མ་ནས་ཤེས་ཀྱི་ཡོད།

  34. འབྲོང་བུ་སོག་ཚ། says:
    2016-10-11 at 12:22 am

    ད་བོད་པས་གུན་གསབ་རྐྱང་རྐྱང་ལེན་ནས་བསྡད་རན་འདུག །རྒྱ་ལོའི་ལག་ནས་གསེར་དང་། རྒྱ་དམར་ལག་ནས་བཏོར་ཤིག་སོང་བ་ཁག །སྐྱིད་མདོག་འདུག

  35. འབྲོང་བུ་སོག་ཚ། says:
    2016-10-11 at 12:23 am

    ཟབ་མདོང་ལག་ནས་ཆུ་བཞི་སྒང་དྲུག་རྙིང་པ། སྤེན་པ་ཚེ་རིང་ལག་ནས་བོད་རང་བཙན།

  36. ཁུ་བྱུག says:
    2016-10-11 at 12:30 am

    འབྲོང་བུ་སོག་ཚ་སྲང་བར་གྱི་གཏམ་འཁྱམ་བྲིས་ནས་ཡིན་མདོག་མ་སྟོན། གད་མོ་ཤོར་གི

  37. ཁུ་བྱུག says:
    2016-10-11 at 12:33 am

    མདོ་སྟོད་དབུས་རྒྱུན་བོད་སོག་ལས་ཁུངས་ཕོག་གིས་བཟི། བཟི་བས་བཟི་གཏམ་ཕ་བསད་བུ་ཡི་གཏམ་རྒྱུད་ཡིན།

    བོད་ཀྱི་རང་བཙན་ནུབ་ལ་མ་རྩའི་རིང་ལུགས་དང་། རྒྱ་ནག་དམར་པོས་བཟུང་པས་ཤོར་བ་དེ། སྤེན་པ་ཚེ་རིང་ཨ་མའི་མངལ་ན་ཡོད་དུས་ནས། ཤོར་བ་ཤོར་ཅིང་བསྐྱལ་རྒྱུ་བསྐྱལ་ཟིན་པས། སྨྱོ་གཏམ་མ་བཤད་བདེན་ལུགས་སྨྲས་ཤིག་འབྲོང་བུ་སོག་ཚ་ལགས།

  38. རྣམ་རྒྱལ། says:
    2016-10-11 at 2:27 am

    དུས་བབ་ཚང་གི་དྲ་བརྙན་ལ་སྔགས་བརྗོད་ཡོད། གསར་འགོད་པ་དོན་གྲུབ་བཀྲ་ཤིས་ལགས་ལའང་འཚམས་འདྲི་ཞུ།

  39. ཨ་ཁུ་འབྲོག་པ། says:
    2016-10-11 at 8:00 am

    དུས་བབ་གསར་འགོད་པ་དོན་མ་གོ་དེ་དང་། ཁ་བརྡ་ཚང་ནས་ཟ་འདྲེ་སྐབས་འཚོལ་བ་དེ་ཚོར་ངུ་ལབ་རྒྱག་སྟེགས་ཡག་པོ་བསྐྲུན་སོང་། ད་དུང་འདི་ལྟ་བུ་མང་ཙམ་བསྐྲུན་དང་། དམིགས་ཡུལ་འགྲུབ་ངེས།

  40. འབྲོང་བུ་སོག་ཚ། says:
    2016-10-11 at 8:31 am

    ཁུ་བྱུག ཉི་ཟེར་སྦར་མོའི་མི་ཁེབ་པའི་དཔེ་བཞིན། ཁྱེད་རང་གིས་ཁོང་ཚོས་ལས་ཉེས་རྣམས་སྦ་བཀུང་བྱེད་ནུས་དཀའ། བོད་ཀྱི་གསེར་དང་རྒྱ་ལོ་འབྲེལ་པ་ཡོད་དང་མེད། ཟམ་གདོང་དང་དབུ་མའི་ལམ་འབྲེལ་པ་ཡོད་དང་མེད། བོད་ཤོར་སྐབས་སྤེན་ཚེ་མེད་ཀྱང་ཁོང་གིས་ད་ལྟ་མུ་མཐུད་ལོ་རྒྱུས་ཅན་གྱི་རང་བཙན་རྩོད་ལེན་པ་རྣམས་ལ་རྒོལ་བརྡུང་གིས་བོད་རྒྱ་མིའི་མངའ་འོག་ཏུ་སྡོད་དགོས་པའི་བསྐུལ་མ་ཡང་ཡང་བྱས་དང་བྱེད་པ་དེས་ཐོག་མར་བོད་རང་བཙན་རྒྱ་དམར་ནས་ལེན་རྒྱུ་བཞག་ནས་ནང་ཁུལ་ནས་ལེན་པའི་དུས་རེད་དང་མ་རེད། ???? འགྲེལ་བཤད་ཅིག་གྱིས་དང་།

  41. ནུབ་ཕྱོགས་གངས་ཕྲུག says:
    2016-10-11 at 12:26 pm

    སྐུ་ངོ་མཆོག་གིས་བཀའ་སློབ་ཡག་པོ་གནང་འདུག བློ་བསྐྱེད་ལེན་རྒྱུ་ཡང་འདུག

  42. རྣམ་རྒྱལ། says:
    2016-10-12 at 2:34 am

    ཨ་ཁུ་འབྲོག་པ་ཟེར་བའི་དྲ་འབུ་འདི་དང་། སྤྱི་འཐུས་སྨོན་ལམ་ཐར་ཕྱིན་ཟེར་བའི་བསྟན་བཤུག་དེ་གཉིས་ཀྱིས་བོད་ཀྱི་དུས་བབ་ལ་མ་དགའ་བར་ཕྲག་དོགས་ཟོས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་བོད་ཀྱི་དུས་བབ་སྒོ་རྒྱག་རྒྱུར་ངན་ཇུས་གཤོམས་ཏེ་རེ་སྟོང་རྒྱག་གི་ཡོད་ནའང་བོད་ཀྱི་དུས་བབ་ལོ་རེ་ནས་ཟླ་རེར་ཡར་རྒྱས་ཀྱི་ཕྱོགས་སུ་འགྲོ་བཞིན་ཡོད་པ་དེས་མི་ངན་ཁྱེད་ཅག་གི་རེ་བ་དུས་ནམ་ཡང་འགྲུབ་ཐབས་མེད་པ་གསལ་བོར་བསྟན་ཡོད་པ་རེད། ངུ་ཅོར་རྒྱག་གི་མ་འདུག་རོགས།

  43. གངས་སེང། says:
    2016-10-12 at 3:15 am

    དེ་ནི། ༡༩༧༩ ལོར་ཏིང་ཞའོ་ཕེང་གིས།
    རང་བཙན་མ་གཏོགས་གཞན་གང་བཤད་ནའང་ཆོག་ཅེས་གསུངས་ཡོད་པ་དེ། ད་བར་ཚང་མར་ཐོས་བསྒྲགས་ཀྱི་ཡུལ་ཙམ་ལས། གཞུང་འབྲེལ་ཡིག་ཆ་གཅིག་རིག་རྒྱུ་མཐོང་རྒྱུ་མེད་པའི་སྤམ་སྤོམ་དེར་ཐུགས་འགྱོད་མེད་དམ་སྙམ་པ་ཡོང་གི་འདུག་ལགས།
    ལར་ནས། བཙན་བྱོལ་གཞུང་གི་ཆབ་སྲིད་པས་ལྟ་གྲུབ་ལངས་ཕྱོགས་ཀྱི་ལོ་རྒྱུས་ནང་ཏིང་ཞེའི་ཕེང་གི་བཀའ་མོལ་དེ་ལམ་དབུ་མ་ཡི་གཞུང་ཚིག་རྐང་གཅིག་མའི་མན་ངག་རྒྱུན་འཁྱེར་མ་ཞིག་ཏུ་ཆགས་ནས་ཡོད།
    ད་ཆ་མཁྱེན་ལྡན་མི་མང་རྣམས་ངག་བསྡམས་པའི་བསྙུང་གནས་ལས་གྲོལ་རན་པའི་སེམས་ཚོར་ཞིག་ནི། ཏིང་ཞེའོ་ཕེང་གི་གསུང་དེ། དུས་ཡུན་ནམ་ཞིག་གི་བར་བོད་མི་ཚོས་ཆབ་སྲིད་ལ་བརྟེན་པའི་དག་སྣང་གི་མཆོད་རྫས་ཤིག་ཏུ་འཁུར་དགོས་རྒྱུ་ཡིན་ནམ་སྙམ་པ་དང་།

    ཡང་། ཏེང་གི་གསུང་དེ་ཡིག་ཐོག་ལ་ཅིའི་ཕྱིར་བླངས་མ་ཐུབ་པའམ། དེ་བླང་བར་བྱ་བ་མ་ཡིན་པའམ། བླངས་མ་མཁྱེན་པའམ། བླང་རྒྱུ་བསྙེལ་བའམ། ཡང་ན། བླངས་ཀྱང་ད་དུང་སྦས་སྐུངས་གནང་ཡོད་པ་གང་ཡིན་ནམ་སྙམ་པའི་དྭོགས་འདྲི་བྱེད་ཀྱིན་ཡོད།

    གང་ལྟར་ད་ཆ་སྐུ་ངོ་གསང་བ་ཆེན་མོ་ཞལ་བཞུགས་སྐབས་སུ། དེང་རབས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཐོག་གསལ་བཤད་ཅིག་གནང་རྒྱུའི་འགན་དབང་འཁུར་དགོས་པའི་དུས་ལ་བབ་ཡོད།

  44. BONPO says:
    2016-10-12 at 7:56 am

    སྐུ་ངོ་གསང་བ་ཆེན་མོ་དང་། སྐུ་ངོ་ས་དབང་ཆེན་མོ་གཉིས་གང་དག་པ་ཡིན་ནམ།

  45. འབྲོང་བུ་སོག་ཚ། says:
    2016-10-12 at 12:53 pm

    མདོར་བསྡུས་ནས་ཞུས་ན། བོད་པ་ཚོ་རྒྱ་ལོ་དོན་གྲུབ་ཀྱིས་མགོ་སྐོར་ཞེ་ཅིག་གིས་ད་བར་བོད་ཀྱི་ཆབ་སྲིད་ལ་འགྱུར་བ་བཏང་ནས་འགྲོ་བ་ལས། མི་མང་གིས་གདམས་པའི་སྤྱི་འཐུས་ཚོའི་གཞུང་འབྲེལ་གྲོས་ཆོད་བཞག་ནས་འགྲོ་བ་ཕལ་ཆེར་མེད་ཟེར་ནས་བརྗོད་ཀྱང་མི་ཆོག་པ་མེད་པ་ལྟ་བུ་རེད། རྒྱལ་བའི་ཡབ་གཞིས་ད་བར་བོད་པ་མགོ་བསྐོར་བཏང་། ད་དུང་ཡང་མིས་མ་འཇོན་ནས་གནས་ཆུང་སོགས་ལྷ་མིན་འདྲེ་མིན་དེ་ཚོ་སྐད་བཏང་ནས་མགོ་སྐོར་བཏང་དང་གཏོང་བཞིན་པ་དེ་ཚོ། མ་འོངས་བོད་མི་ཆུང་ཚར་བའི་མཐོང་ན་སྐུ་སྒེར་ཡིག་ཚང་དང་དེའི་འགོ་བྱེད། ཡབ་གཞི་སོགས་ལ་ཞེ་གཏིང་ནས་མུག་སྟེ་བསད་པའི་ཉེན་ཁ་ཏན་ཏན་ཡོད་ད། དགོངས་པ་ཡག་པོ་མ་བཞེས་ན།

  46. ཀརྡོ་རབ་འབྱམས་པ་ says:
    2016-10-12 at 2:08 pm

    བོད་དོན་ལ། འཇོན་ན་སུས་བྱས་ཀྱང་མི་འགྲིག་པ་ཡོད་མ་རེད་དོ། ད་ལྟའི་བཀའ་སྤྱི་གཉིས་ལས་ཀྱང་ལྷག་པ་ཞིག་འཇོན་ན། བོད་དོན་སྒེར་པ་འབྲོང་པོ་སོག་ཚས་ཀྱང་བྱས་ན། མ་འགྲིག་རྩ་བ་ཉིད་ནས་ཡོད་མ་རེད་དོ།།

  47. འབྲོང་བུ་སོག་ཚ། says:
    2016-10-12 at 4:14 pm

    རྒན་ཀརྡོར། ང་ཚོ་བོད་པ་ཚོ། འདོ་བ་རྟ་ལ་རྒྱུགས་ཤེད་གདའ་སྟེ། ཨ་ཆེན་ཐང་ལ་རྒྱུག་ས་མེད་ནས་བསྡད་ཡོད་མ་གཏོགས་རྒྱུགས་རྒྱུ་མི་ཤེས་ནས་བསྡད་མེད། ཡར་ལང་ན་མགོ་བརྡབས། མར་བསྡད་ན་རྐུབ་བརྡབས། ཟེར་བའི་དཔེ་ལྟར་སོང་བ་ལས་འཇོན་ཐང་ཟད་ནས་བསྡད་མེད།

  48. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-10-12 at 10:25 pm

    འདས་པ་རྗེས་འདེད་བྱེད་པ་རྒན་ཁོག་བློ་།
    མ་འོངས་མདུན་བསུ་བྱེད་པ་བྱིས་པའི་བློ་།
    ད་ལྟ་ལག་ལེན་ལྟར་བ་མཁས་པའི་བློ་།
    དུས་གསུམ་མཉམ་བསྲེས་བྱེད་པ་རྩིས་མཁན་བློ་།

  49. རྣམ་རྒྱལ་། says:
    2016-10-13 at 12:23 am

    ད་ཡག་གི

  50. རྣམ་རྒྱལ།. says:
    2016-10-13 at 12:45 am

    གཅར་འདྲི་དེ་ཡག་པོ་འདུག བཟང་ངན་ག་རེ་ཡིན་ཡང་འདྲི་རྩད་བྱས་ནས་གསལ་པོ་བཟོ་དགོས་རེད།

  51. ཨ་ཁུ་འབྲོག་པ། says:
    2016-10-13 at 11:39 am

    སྐུ་ངོ་ས་དབང་ཆེན་མོ་ལ་ཨ་རིའི་ཌོ་ལོར་ཡོད་དུས་ལྷར་བརྩིས། ཌོ་ལོར་ཆད་པ་དང་འདྲེར་བརྩི་མཁན་མཇུག་མ་མེད་པའི་སྤྲེལ་རྒན་དེ་ཚོ་མང་ཆེ་བ་ལྔ་པའི་ལམ་དུ་བཞུད་ཟིན་ཀྱང་། ད་རུང་ཟ་འདྲེ་སྤྲེལ་ཕྲུག་རེ་གཉིས་ལྷག་སྟེ་ངུ་མོ་བྱེད་ཀྱིན་པ་ནི་སྙིང་རྗེ།

  52. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-10-14 at 8:17 am

    རང་གི་མ་འཇོན་མི་གི་ལས་དུས་མིག་ཚ་།
    རང་ཡུལ་རྒྱ་ལ་ཤོར་ནས་མི་ཡུལ་གདོང་ལ་བསྐོས་།
    རང་ལྡོག་མ་མཐོང་མི་རྐྱོན་གླེང་མཁན་མང་།
    རང་ལ་འཇོན་སྟངས་ཡོད་ན་རང་ཡུལ་ལག་ཏུ་ལོན་ཤོག་།

  53. འབྲོང་བུ་སོག་ཚ། says:
    2016-10-14 at 10:28 am

    ཐུག་པ་བཀོལ་ཤེས་ན་ཐུང་ཤེས་པ་དགོས།
    ཆབ་སྲིད་བཤད་ཤེས་ན་ལག་ཐོག་ལེན་ཤེས་པ་དགོས།
    རང་གི་མ་འཇོན་ན་མི་ལ་རྩི་མཐོང་བཞག་ཤེས་པ་དགོས།
    དེ་རྣམས་གང་ཡང་མེད་ན་སྐུ་ངོ་དང་སྐུ་དྲག་ཟེར་བ་སྟོང་པ་རེད།

  54. ཉི་མའི་བུ་རྒྱུད་ says:
    2016-10-15 at 5:40 am

    མིས་བཤད་ཚད་ལ་ཉན་དགོས་དོན་མེད་ནའང་།
    ས་དབང་ཆེན་མོས་ད་རབས་བཤད་པ་ཙམ་མ་ཡིན་པར་བྱེད་དགོས་པ་འགའ་གསུངས་འདུག
    ༡༽ བོད་གཞུང་གི་མིང་དང་དགོས་དམིགས་སླར་གསོ་དགོས་པ། དེ་དོན་རྒྱ་གར་གཞུང་ལ་བོད་གཞུང་ངོས་ལེན་དགོས་སྐོར་ཞུ་སྐུལ་དགོས་པ།
    ༢༽ རྒྱལ་བ་རིན་པོ་ཆེ་སྐུ་དབང་སླར་གསོ་དགོས་པ།
    ༣༽ རྒྱ་ནག་གཞུང་འདི་འཐོར་ལ་ཉེ་སྟབས་བོད་པ་ཚོས་ཕྱོགས་ཡོངས་ནས་གྲ་སྒྲིག་དགོས་ཤིང་། རང་བཙན་གྱི་ཐོག་ལ་སྔར་ལས་ཤུགས་བརྒྱགས་དགོས་ཟེར་བ་འདི་ཚོ་རེད།

    གོང་གི་གནད་དོན་འདི་དག་ནི་སྐུ་ངོ་རྒྱ་ལོ་མི་ག་འདྲ་ཞིག་ཡིན་མིན་མ་ཡིན་པར་མི་རྒན་ཁོང་གི་ཚེ་མཇུག་གི་རེ་བ་རེད་འདུག དེ་ན་ང་ཚོས་ཆོལ་ཞེན་དང་ནད་རོ་རྐྱང་གླེང་རྒྱུ་ལས་གོང་གི་གནད་དོན་འདི་དག་ལ་གདོང་གཏུགས་ནས་སྐད་ཆ་བཤད་ཐུབ་བམ།

  55. བསྟན་འཛིན་འཕྲིན་ལས། says:
    2016-10-15 at 6:51 am

    སྐུ་ངོ་ས་དབང་ཆེན་པོ་སྐུ་ཚེ་བརྟན་པར་ཤོག ། དྲ་འབུ་ཚོ་ད་བསམ་བློ་བཏང་ནས་སྐད་ཆ་བཤད་ན་ཡག་གི་རེད། འདིར་བོད་པ་མིན་པའི་འབྲུག་བལ་གཉིས་ཀྱི་རོང་ཕྲུག་མང་པོ་འདུག དེ་དག་གིས་ཉོག་དཀྲུག་གི་ཡོད་རེད་ད།

    དྲ་འབུ་མང་པོ་འདུག དེ་ལས་བོད་རིགས་གཤའ་མ་དག་གིས་གཟབ་གཟབ་བྱོས། རྒྱ་བལ་འབྲུག་གསུམ་གྱི་རོང་ཕྲུག་ཚོས་འདྲ་མིན་བཤད་ཀྱི་ཡོད་པ་ཤེས་པར་གྱིས།

  56. འབྲོང་བུ་སོག་ཚ། says:
    2016-10-15 at 11:30 am

    སྔོན་མ་རྒྱ་ལོས་བོད་རང་བཙན་རྒྱ་གར་དང་ཨ་རིས་སྤྲད་ཀྱི་མ་རེད། དེ་ལས་རྒྱ་ནག་དང་ཐད་ཀར་སྐད་ཆ་བཤད་ན་ཡག་གི་རེད། མེས་འཚིག་མེ་ཐུག་བྱེད་ན་ཡག་གི་གསུངས་མྱོང་ཡོད།
    རྒྱལ་བ་རིན་པོ་ཆེའི་སྐུ་སླར་གསོ་ཟེར་བ་དེ་གང་ལ་གོ་དགོས། སྐྱབས་མགོན་རིན་པོ་ཆེས་ད་ལན་ང་དགའ་བཞིན་དུ་ལོ་ངོ་དྲུག་བརྒྱ་ལྷག་སོང་བའི་དགའ་ལྡན་ཕོ་བྲང་དེ་མཇུག་བསྒྲིལ་བ་ཡིན། མ་འོངས་པ་ན་བོད་དམངས་གཙོའི་རྒྱལ་ཁབ་ཚད་དང་ལྡན་པ་ཞིག་འཛུགས་བསྐྲུན་བྱེད་གལ་ཆེ་བའི་བཀའ་སློབ་ཟབ་ཅིང་རྒྱ་ཆེ་བ་མང་པོ་གནང་ཡོད་པ་དེ་དག་ལ་རྩི་སྲུང་དགོས་དང་མི་དགོས།
    མ་ཟད་ཁོང་སྔང་བཀའ་བློན་ཁྲི་པ་གནང་སྐབས་ཁེ་ན་ཌཱར་གསར་འགོད་གསལ་བསྒྲགས་ཤིག་གནང་སྐབས་ GIVE AND TAKE གསུངས་ཡོད་པས་དེ་ཚོར་འགྲེལ་བཤད་གསལ་པོ་གང་ཡང་གནང་མ་སོང་།

  57. བསྟན་འཛིན་འཕྲིན་ལས། says:
    2016-10-16 at 6:15 am

    ཀ་བློན་སྦུག་གི་ཐུག་བཟོ་པ་ཞེས་པ་དེ་བོད་འགྱུར་མ་ཡོད་དམ། ཤེས་མཁན་ཡོད་ན་གསུངས་རོགས་གནང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme