Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

"སྐད་རིགས་རང་དབང་། མི་རིགས་འདྲ་མཉམ་" གྱི་དུས་ཚོད་རེའུ་མིག

Posted on 2010-10-22 By 3 Comments on "སྐད་རིགས་རང་དབང་། མི་རིགས་འདྲ་མཉམ་" གྱི་དུས་ཚོད་རེའུ་མིག

༢༠༡༠ ཟླ་ ༩བའི་ཚེས་ ༡༠ཉིན་གྲོས་འཆམ་བྱུང་བའི་ཡིག་ཆ། “༢༠༡༠-༢༠༢༠ལོའི་མཚོ་སྔོན་ཞིང་ཆེན་གྱི་དུས་ཡུན་འབྲིང་རིང་གི་སློབ་གསོ་བཅོས་བསྒྱུར་དང་འཕེལ་རྒྱས་གྱི་འཆར་འགོད་རྩ་གནད།” ཅེས་པ་ ༢༠༡༠ ཟླ་ ༩བའི་ཚེས་ ༡༠ཉིན་གྲོས་འཆམ་བྱུང་འདུག དེའི་ནང་། “ནུས་ཤུགས་ཆེན་པོས་སྐད་གཉིས་སློབ་གསོའི་བཅོས་བསྒྱུར་དང་འཕེལ་རྒྱས་ལ་སྐུལ་འདེད་ཀྱིས་རྒྱལ་ཁབ་ཀྱི་ཐུན་མོང་དུ་སྤྱོད་པའི་སྐད་དང་ཡི་གེ་ཡིས་སློབ་ཁྲིད་བྱ་རྒྱུ་དཀྱིལ་སྙིང་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ།” ཁུངས།

༢༠༡༠ ཟླ་ ༡༠ ཚེས་ ༡༥ ཉིན་མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭ་ཁག་གི་དགེ་རྒན་ཚོས་སྙན་ཞུ་བརྒྱབ། ཁུངས།

༢༠༡༠ ཟླ་ ༡༠ ཚེས་ ༡༩ ཉིན་ རེབ་གོང་དུ་ཡོད་པའི་རེབ་གོང་རྫོང་མི་རིགས་སློབ་འབྲིང་དང་། རྨ་ལྷོ་ཁུལ་དགེ་ཐོན་སློབ་གྲྭ རྨ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གསུམ་གྱིས་གཙོས་པའི་སློབ་གྲྭ་ཆེ་ཁག་ཚང་མའི་སློབ་ཕྲུག་སྟོང་ཕྲག་གཅིག་ནས་གསུམ་བར་ཞིག་གིས་ “མི་རིགས་འདྲ་མཉམ། སྐད་རིགས་རང་དབང་།” ཞེས་སྐད་འབོད་བྱས། ཁུངས།

༢༠༡༠ ཟླ་ ༡༠ ཚེས་ ༢༠ ཉིན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྱོན་སློབ་མ་༢༠༠༠ལྷག་གིས་གཙོ་བོ་༼བོད་ཡིག་དགོས་༽༼བོད་སྐད་ཡིག་སློབ་ཁྲིད་རྒྱུན་འཁྱོང་དགོས་༽ཞེས་དང་། ཞོར་དུ་༼མི་རིགས་འདྲ་མཉམ་དང་མཐུན་སྒྲིལ་དགོས་༽ཞེས་པའི་འབོད་ཚིག་སྒྲོག་བཞིན་སྔ་དྲོ་དུས་ཚོད་༦:༠༠-༡༠:༠༠ བར་ཞི་བའི་ཁྲོམ་སྐོར་དང་ཉིན་དེའི་ནང་གོང་གཉིས་ལ་ཟས་བཅད་ངོ་རྒོལ་བྱས། ཁུངས།

༢༠༡༠ ཟླ་ ༡༠ ཚེས་ ༢༠ ཉིན་ཁྲི་ཀ་རྫོང་དང་། གཅན་ཚ་རྫོང་། བྲག་དཀར་༼དར་མཚོ་༽རྫོང་སོགས་ནས་ཀྱང་དེ་བཞིན་ཁྲོམ་སྐོར་བྱས་འདུག ཁུངས།

༢༠༡༠ ཟླ་ ༡༠ ཚེས་ ༢༡ ཉིན་ མགོ་ལོག་ཁུལ་དགེ་ཐོན་སློབ་གྲྭ་དང་ཁུལ་བོད་ཡིག་སློབ་འབྲིང་། རྫོང་བོད་ཡིག་སློབ་འབྲིང་བཅས་ཀྱི་སློབ་མ་གཙོས་ཁྱོན་བསྡོམས་མི་གྲངས་གསུམ་སྟོང་བརྒལ་བ་ཞིག་གིས་གཅིག་མཚུངས་ཀྱིས་མི་རིགས་འདྲ་མཉམ་དང་སྐད་ཡིག་རང་དབང་ཞེས་བའི་སྐད་འབོད་བྱས། ཁུངས།

༢༠༡༠ ཟླ་ ༡༠ ཚེས་ ༢༡ ཉིན་རེབ་གོང་དགེ་འདུན་ཆོས་འཕེལ་སློབ་འབྲིང་གི་སློབ་མ་བདུན་བརྒྱ་ཙམ་གྱིས་གོང་གསལ་བཞིན་ ས་གནས་སྲིད་གཞུང་ལ་དགོས་འདུན་ཁག་བཏོན་འདུག
༢༠༡༠ ཟླ་ ༡༠ ཚེས ༢༢ ཉིན་ གུང་ཧོ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་མ་ཉི་ཤུ་ཙམ་སྐོར་སྲུང་དམག་མིས་འཛིན་བཟུང་བྱས་འདུག

༢༠༡༠ ཟླ་ ༡༠ ཚེས་ ༢༢ ཉིན་ གུང་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིགས་སློབ་མ་ ༤༠༠ ཙམ་གྱིས་སློབ་གྲྭའི་ར་བ་ནས་མགོ་འཛུགས་ཀྱིས་ “མི་རིགས་སྐད་ཡིག་སྲུང་སྐྱོབ། ཀྲུང་ཧྭའི་ཤེས་རིག་དར་སྤེལ” ཞེས་པའི་འཕྲེད་དར་ཕྱར་ཏེ། རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག ཁུངས།

གསར་འགྱུར།

Post navigation

Previous Post: “སྐད་རིགས་རང་དབང་། མི་རིགས་འདྲ་མཉམ་” གྱི་དུས་ཚོད་རེའུ་མིག
Next Post: ལོ་ཆུང་གིས་འདི་ལྟར་བཤད་འདོད། བོད་འབྱོར།

Comments (3) on “"སྐད་རིགས་རང་དབང་། མི་རིགས་འདྲ་མཉམ་" གྱི་དུས་ཚོད་རེའུ་མིག”

  1. རབ་འབྱོར། says:
    2010-10-22 at 10:29 pm

    སྐད་ཡིག་སྲུང་སྐྱོབ་ཀྱི་ངོ་རྒོལ་ཁྲོམ་སྐོར་ལ་ཐོག་མར་ཐོན་པའི་འབྲས་བུ།

    ཟླ་༩་བའི་ཚེས་༢༠ ཉིན་གྱི་མི་དམངས་ཉིན་རེའི་ཚགས་པར་ཐོག་ལ་བཀོད་གསལ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་སློབ་གསོ་ཚོགས་ཆེན་ཞིག་གི་ཐོག་ལ། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་དང་། མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་གྱི་ཀྲུའུ་རིན་ཆང་ཝེ་ཟེར་བ་ནས་རྒྱ་སྐད་ཀྱི་སློབ་གསོ་གཙོ་བོར་འཛིན་པའི་ཐད་ལ་ “རིམ་པ་སོ་སོའི་འགོ་ཁྲིད་རྣམས་ཀྱིས་བློ་ཐག་རྦད་ཆོད་ཀྱིས་ཐེ་ཚོམ་སྣ་ཚོགས་སེལ་དགོས། གྲངས་ཉུང་མི་རིགས་ཀྱི་སློབ་མ་ལ་རྒྱལ་ཁབ་ཀྱི་གཅིག་གྱུར་གྱི་སྐད་ཡིག་གིས་སློབ་ཁྲིད་བྱེད་པ་གཙོ་བཟུང་བྱས་ན། གྲངས་ཉུང་མི་རིགས་ཀྱི་སེམས་ལ་ཕོག་གི་རེད་བསམ་པ་དང་། གྲངས་ཉུང་མི་རིགས་ཀྱི་རིག་གནས་འཕེལ་རྒྱས་ལ་གནོད་རྒྱུ་རེད་བསམ་པ། སྤྱི་ཚོགས་ཀྱི་ཞི་ལྷིང་ལ་གནོད་ཀྱི་རེད་བསམ་པ་སོགས་ནོར་འཁྲུལ་བསམ་བློ་འདི་དག་སྤངས་ནས།”ཞེས་སློབ་གསོ་ལམ་ལུགས་འདི་ལག་བསྟར་བྱེད་པ་ལ་གྲངས་ཉུང་མི་རིགས་ཀྱི་སེམས་ལ་ཕོག་རྒྱུ་རེད་ཙམ་ཡང་བསམ་མི་ཆོག་པ་དང་། ཐ་ན་རྒྱ་གཞུང་རང་གིས་ལོ་འདི་གའི་རིང་ལ་རྒྱལ་ཐབས་ཀྱི་དོན་ཆེན་ཡང་ཆེན་དུ་བརྩི་བའི་”ཞི་ལྷིང་ “ལ་ཡང་གནོད་རྒྱུ་ཙམ་ཡང་བསམ་མི་ཆོག་པར་རྒྱའི་སྐད་ཡིག་གཙོ་བོར་འཛིན་པའི་སློབ་གསོའི་བྱེད་ཕྱོགས་དེ་ལག་བསྟར་བྱེད་དགོས་ཚུལ་བརྗོད་ཡོད། ཁོས་སློབ་གསོའི་བྱེད་ཕྱོགས་དེ་ནི་
    “ཆབ་སྲིད་ཀྱི་ལས་འགུལ་གལ་ཆེན་ཞིག་དང་། མི་དམངས་ཀྱི་འཚོ་ཐབས་ཀྱི་ལས་གཞི་གལ་ཆེན་ཞིག”ཏུ་བརྩིས་ནས། “བློ་ཐག་ཆེན་པོ་ཞིག་གཅོད་པ་དང་། སྟོབས་ཤུགས་ཆེན་པོ་ཞིག་བཏོན་ནས། (དོན་དག་)དམ་འཛིན་དང་ལེགས་འཛིན། བཟུང་ནས་འབྲས་བུ་ཐོན་དུ་འཇུག་དགོས།”ཞེས་སྲིད་ཇུས་འདི་ལག་ལེན་བྱེད་དུས་གཏན་འཁེལ་བྱས་མེད་ན་ཡང་ལག་ལེན་མ་བྱས་ཐབས་མེད་ཀྱི་གཏམ་བཤད་གཏཽམ་པོ་ཞིག་བྱས་ཡོད།
    ད་རེས་ཁྲོམ་སྐོར་བྱས་ནས་ཉིན་གསུམ་སོང་བའི་སྤྱི་ཟླ་བཅུ་བའི་ཚེས་ཉེར་གཉིས་ཉིན། མཚོ་སྔོན་སློབ་གསོ་ཐིན་གྱི་ཐིན་ཀྲང་ཝང་ཡུས་པོ་ཡིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ནས།་བའི་ནང་། རྩ་བའི་སློབ་གསོའི་སྲིད་ཇུས་འདི་སྒྱུར་ཐབས་མེད་ན་ཡང་། སྲིད་ཇུས་ལག་བསྟར་བྱེད་སྟངས་ཐད་ལ་མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའི་ཅི་ཆང་ཝེ་ཡི་གཏམ་བཤད་གཏུམ་དྲག་ཅན་དེ་བསྡུར་ན་ཧ་ཅང་ཇེ་འཇམ་དུ་སོང་འདུག ཁོས་རྒྱ་སྐད་གཙོ་བོར་གྱུར་བའི་སློབ་གསོའི་སྲིད་ཇུས་དེ་སློབ་མ་དང་ཕ་མ་རྣམས་ཀྱི་བསམ་འཆར་ལ་ཉན་འཇོག་བྱེད་རྒྱུ་དང་། དེ་ལག་བསྟར་བྱེད་པའི་དུས་ཚོད་སྨིན་མེད་ན་ཨུ་ཚུགས་ཀྱིས་ལག་ལེན་བྱེད་རྒྱུ་མིན་ཚུལ་དང་། མི་རིགས་སྐད་ཡིག་སློབ་གསོ་ལ་འགྲོ་སོང་ཤུགས་ཆེར་གཏོང་རྒྱུ་ཡིན་ཚུལ་བརྗོད་འདུག ཁོས་ད་དུང་བརྗོད་དོན། སློབ་གསོའི་སྲིད་ཇུས་འདི་ལ་བརྟེན་ནས། རྒྱ་སྐད་ཀྱི་ནུས་པ་ཞན་པ་རྒྱུ་མཚན་དུ་བྱས་ནས་ད་ཡོད་དགེ་རྒན་གྱི་ལས་ཀ་ཤོར་རྒྱུ་མིན་ཚུལ་སོགས་ཀྱང་བརྗོད་འདུག (གནས་ཚུལ་འདི་རྒྱ་ཡིག་གི་ཞིན་ཧྭའི་དྲ་ལམ་དུ་ཐོན་ཡོད་པ་པོ་ཞུན་དྲ་རྒྱ་ལ་རྒྱུད་འགོད་བྱས་འདུག)
    ཟླ་གཅིག་གི་སྔ་གཞུག་ལ་སློབ་གསོའི་སྲིད་ཇུས་དེ་ལག་བསྟར་བྱེད་སྟངས་ལ་དེ་འདྲའི་འཇམ་པར་གྱུར་བ་ནི་ད་རེས་ཀྱི་སློབ་མ་རྣམས་ཀྱི་ངོ་རྒོལ་གྱི་འབྲས་བུ་ཐོག་མར་མངོན་ཡོད།
    ད་དུང་འབྲས་བུ་ཞིག་ནི། སློབ་མ་རྣམས་ཀྱི་ཁྲོམ་སྐོར་དང་སྐད་འབོད་བྱེད་སྟངས་གཟབ་ནན་ཡིན་པའི་སྟབས་ཀྱིས་རྒྱ་གཞུང་གིས་ད་རེས་ཀྱི་ངོ་རྒོལ་ཁྲོམ་སྐོར་འདི་ད་བར་དུ་རྡ་རམ་ས་ལའི་ཆབ་སྲིད་ཀྱི་ངོ་བོར་བསྒྱུར་མ་ཐུབ་སྟེ། ཁྲོམ་སྐོར་ལ་དྲག་གནོན་དང་དགེ་རྒན་དང་སློབ་མ་འཛིན་བཟུང་བྱས་པའི་གནས་ཚུལ་གོ་ཐོས་བྱུང་མེད། ཡིན་ན་ཡང་། གོ་ཐོས་ལ། རེབ་གོང་ལ་སྤྱི་བདེ་ལས་ཁུངས་ཀྱིས་ངོ་རྒོལ་ཁྲོམ་སྐོར་གྱི་རྒྱབ་ལོགས་ན་དགེ་རྒན་ཡོད་ཅེས་ནས་སློབ་མ་རྣམས་སློབ་གྲྭར་བཀག་སྐྱིལ་བྱས་ནས་འདྲི་གཅོད་བྱེད་ཀྱི་འདུག་ཟེར།

  2. གཅན་བཟོད་རྒྱམ། says:
    2010-10-22 at 11:29 pm

    ཏག་ཏག་རེད་འདུག ངས་ཁ་སྔོན་བསམ་ཚུལ་ཐུང་ཐུང་ཞིག་བྲིས་པའང་འདི་ལྟར་ཁ་གསལ་གྱི་རེའུ་མིག་དགོས་ཀྱི་ཟེར་བ་ཡིན། ཁ་བརྡ་ཚང་གིས་འདི་ལྟར་དོན་དག་ནམ་བྱུང་དང་ས་གནས་གར་བྱུང་སོགས་ཀྱི་རེའུ་མིག་མདོར་བསྡུས་སུ་བྲིས་པ་མ་ཟད། ད་དུང་ཁུང་སོ་སོ་གང་ཡིན་གྱི་ཡིག་ཆ་ཡང་སྦྲེལ་ཏག་གི་ལམ་ནས་འདིར་བར་བར་དུ་བཞག་འདུག དངོས་གནས་ཡག་པོ་བྱུང་འདུག ད་དུང་ཡང་ལས་འགུལ་དང་ཡང་ན་ཁ་སང་ནས་སློབ་མ་འཛིན་པའི་འགོ་བཙུགས་ཟིན་པས་དེའི་ཕྱོགས་ནས་ཀྱང་ང་ཚོ་ཚང་མས་གང་ནུས་ཧུར་བརྩོན་སྒོས་ཡིག་ཆ་འཚོལ་བསaུད་བྱེད་གལ་ཆེ། ཁ་བརྡ་ཚང་ལ་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།

  3. རྡོ་ཤུལ་ཚང་། says:
    2010-10-23 at 1:05 am

    བོད་ནང་གི་སློབ་མ་རྣམས་ལ་རང་དབང་མེད་པར་རྒྱ་གཞུང་གིས་བཙའ་བཀའ་བཏང་ཏེ་བརྡུང་བརྡེགས་དང་མནར་གཅོད་གཏོང་བཞིན་པ་ནི་བཤད་མ་དགོས་པ་རེད།
    དོན་དག་ཆེན་པོ་ཞིག་གིས་བོད་མི་རིགས་ལ་བསུབ་ཏུ་མེད་པའི་གྱོང་གུད་དང་མནར་གཅོད་གཏོང་བཞིན་པའི་གནས་ཚུལ་འདི་ནི་དེ་རིང་ཁར་ཙང་གི་གནས་ཚུལ་ཙམ་མ་ཡིན་པར་༡༩༥༠ནང་ནས་མགོ་བཙུགས་ཏེ་རྒྱུན་མ་ཆད་པ་བྱུང་བ་ནི་མྱོང་མཁན་ལས་གཞན་པས་ཤེས་ཐབས་ཡོངས་སུ་བྲལ་བ་ཞིག་ཡིན་པ་སྨོས་མ་དགོསརེད།དེ་རིང་ཁར་སང་གི་དཀའ་སྡུག་འདི་ལས་ཐར་བའི་ཐབས་ལམ་ཞིག་ཡོད་ན་ང་ཚོའི་
    འབད་རྩོལ་བྱ་དགོས་པའི་དུས་ལ་བབ་ནས་ཡོད་པས་མཁྱེན་དགོས།
    དོན་དག་གལ་ཆེན་འདིའི་རིགས་ཡལ་བར་དོར་ནས་གཞན་ཞིག་བྱ་གི་ཡོད་མདོག་མདོག་བྱ་བ་ནི་མ་འོས་པའི་ལས་ཀ་ཞིག་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme