Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལན་མ་རྙེད་པའི་དྲི་བ།

Posted on 2009-12-262009-12-26 By ཡེ་ཤེས་ 13 Comments on ལན་མ་རྙེད་པའི་དྲི་བ།

question_mark2
རང་རང་གི་བདེ་སྡུག་གི་བྱེད་པོ་རང་རང་རེད། ཡིན་ན་ཡང་ངའི་ནམ་རྒྱུན་གྱི་དྲི་བ་ནི། ང་ཚོར་མགོ་དང་དེའི་ནང་དུ་བསམ་བློ་གཏོང་སྤྱད་ཀྱི་ཀླད་པ། རྐང་ལག་དང་དེའི་སྣེ་རུ་དངོས་པོ་འཇུ་བཟུང་བྱེད་སྤྱད་ཀྱི་མཛུབ་མོ་དང་སེན་མོ། ཁ་དང་དེའི་ནང་དུ་སྐད་ཆ་བཤད་སྤྱད་ཀྱི་ལྕེ་དང་ཟ་མ་བཟའ་སྤྱད་ཀྱི་སོ་ཕྲེང་། མིག་དང་དེའི་ནང་དུ་ཕྱི་རོལ་མཐོང་ཐུབ་པའི་མིག་གི་རྒྱལ་མོ། རྣ་བ་དང་དེའི་ནང་དུ་སྒྲ་སྐད་གོ་སྤྱད་ཀྱི་རྣ་དབང་། སྣ་དང་དེའི་ནང་དུ་དྲི་མ་མྱོང་བྱེད་ཀྱི་སྣ་དབང་། འདོམ་དང་དེའི་ངོས་སུ་མི་རྒྱུད་སྤེལ་བྱེད་དང་བདེ་བ་མྱོང་བྱེད་ཀྱི་ཕོ་མཚན་མོ་མཚན་སོགས་ཅིའི་ཕྱིར་ཡོད་པ་རེད། ཅིའི་ཕྱིར་བེད་སྤྱོད་མེད་པ་གཅིག་ཀྱང་མེད་པའི་དངོས་པོ་འདི་དག་ང་ཚོའི་ལུས་སྟེང་དུ་གྲུབ་པ་རེད། ཆེས་ཐོག་མའི་གྲུབ་སྟངས་དེ་ཅི་འདྲ་རེད། མཐའ་ཡས་པའི་འཇིག་རྟེན་གཞན་གྱི་སེམས་ཅན་དེ་དག་གི་དབྱིབས་གཟུགས་ཇི་འདྲ་ཞིག་ཡིན་མིན་སོགས་རེད། མཚན་མོ་རེ་རེ་བཞིན་ངས་མིག་གིས་ནམ་མཁར་བལྟས་ནས་སྐར་ཚོགས་དེ་ཚོ་གང་ཞིག་གི་སྟེང་དུ་སྲོག་ལྡན་གྱི་རིགས་ཡོད་དམ། གང་ཞིག་གི་སྟེང་དུ་ང་ཚོ་ལས་ལྷག་པའི་བདེ་སྐྱིད་ཀྱི་འཚོ་བར་རོལ་མཁན་ཡོད་དམ། གང་ཞིག་གི་སྟེང་དུ་ང་ཚོ་ལས་སྐྱོ་བའི་སྡུག་བསྔལ་མྱོང་མཁན་ཡོད་དམ། ང་རང་གི་སྐྱེ་བ་སྔོན་མ་དུང་ཕྱུར་ཇི་ཙམ་ཞིག་སྐར་མ་དེ་དག་གི་སྟེང་དུ་འཚོ་བ་རོལ་མྱོང་ཡོད་དམ། ངའི་ཨ་མ་དང་ཕ་རྒན་སོགས་ཀྱི་སྐྱེ་བ་ཅི་ཙམ་ཞིག་ས་ཡི་གོ་ལ་འདིའི་སྟེང་དུ་བླངས་ཡོད་དམ། ངའི་ཕ་མ་གཉིས་གྲོངས་རྗེས་སྐྱེ་བ་རྗེས་མ་དེ་གང་ཞིག་ཏུ་སྐྱེ་འམ། གོང་ས་ཡིད་བཞིན་ནོར་བུ་མཆོག་འདི་ཉིད་ཀྱང་སྐུ་ཚེ་རྗེས་མ་དེར་ཡང་སྐྱར་རྒྱལ་དབང་སྐུ་ཕྲེང་བཅོ་ལྔ་བ་ཞིག་གི་རྣམ་པར་བྱོན་ཡོང་ངམ། ཡང་ན་དག་པའི་ཞིང་དང་མ་དག་པའི་ཞིང་གཞན་པ་དག་ཏུ་སེམས་ཅན་གྱི་དོན་མཛད་བཞིན་ཡོད་དམ། ད་ལྟའི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་འདི་ནི་སྐུ་ཕྲེང་བཅུ་བ་དེའི་སྐུ་གསུང་ཐུགས་སྤྲུལ་གང་ཞིག་ཡིན་ནམ། ཅིའི་ཕྱིར་ཁོང་གིས་སྐུ་ཕྲེང་གཉིས་ཀྱི་རིང་ལ་རྒྱ་མིའི་ལག་འོག་ནས་སྡུག་པོ་མྱོང་དགོས་བྱུང་བ་ཡིན་ནམ། དེ་ནི་ཁོང་གི་ལས་དབང་ཡིན་ནམ། ཡིན་ན་ཚུལ་བསྟན་འབའ་ཞིག་ཡིན། གལ་སྲིད་ང་རང་ཤི་རྗེས་རྒྱ་མིའི་ཁྱིམ་ཚང་ཞིག་ཏུ་སྐྱེས་པ་ཡིན་ན་བོད་ཀྱི་མི་རིགས་ལ་འབྲེལ་འདྲིས་ཡོད་མཁན་ཞིག་གམ་ཡང་ན་བོད་པ་ཟེར་ན་གདོང་བ་གནག་པའི་རྒྱ་མི་ཞིག་ཏུ་འགྱུར་རམ། ཅིའི་ཕྱིར་དུས་རབས་ཉི་ཤུ་བ་དང་ཉེར་གཅིག་པ་འདི་ནི་འཛམ་གླིང་གི་ལོ་དུང་ཕྱུར་མང་པོའི་ལོ་རྒྱུས་ཁྲོད་ཀྱི་ཚན་རིག་ཡར་རྒྱས་དང་གོ་ལའི་ཚ་དྲོད་ཇེ་མཐོར་འགྲོ་བ་སོགས་སའི་གོ་ལའི་ཚེ་སྲོག་དང་འབྲེལ་བ་ཡོད་པའི་དུས་རབས་གཉིས་ཆགས་པ་ཡིན་ནམ། སོགས་དྲི་རྟགས་སྣ་ཚོགས་ཀྱིས་སེམས་ཁམས་ཡོངས་སུ་ཁེངས་ཡོང་གིན་འདུག

གསར་འགྱུར། Tags:འའའ

Post navigation

Previous Post: འཇིག་རྟེན་གྱི་བྱེད་པོ་ངོ་མ་དེ་ང་ཚོ་རང་ཉིད་ཡིན་པ་འདྲ།
Next Post: ༢༠༡༢་ ཞེས་ པའི་ གློག་ བརྙན་ དང་ བོད་ཀྱི་ འཇིག་ བསྐལ།

Comments (13) on “ལན་མ་རྙེད་པའི་དྲི་བ།”

  1. ཁ་ཕྱོགས་མེད says:
    2009-12-26 at 10:31 pm

    ཨ་ལགས་ཁྱེད་ཡུམ་སྐུ་ཚེ་རྗེས་མ་ཚང་རྒྱ་ནག་ཏུ་སྐྱེས་ནས་བོད་ལ་མི་དགའ་མཁན་ཞིག་ཏུ་གྱུར་ན་མ་བཟང་ནི་རེད།་་་་་་་་བོད་པ་ཚོར་དགྲ་གཅིག་ཇེ་མང་དུ་སོང་ནི་རེད།
    ཨ་ལགས་ཁྱེད་ཚང་རྒྱ་ནག་ཏུ་སྐྱེས་ན་མི་འགྲིག་དེ་ཙམ་གྱི་ནུས་པ་ཨ་ལགས་ཤིག་ལ་ཡོད་རྒྱུ་རེད་བསམ་ཡོད།

  2. ཁ་ཕྱོགས་མེད says:
    2009-12-26 at 11:02 pm

    རང་རང་གི་བདེ་སྡུག་གི་བྱེད་པོ་རང་རང་རེད་པ་ཟེེར་བ་དེ་རིང་ཨ་ལགས་ཚང་གཅིག་བུ་ཁ་མ་ཡིན་པར་སྔོན་མ་ནས་ཐོས་མྱོང་དང་གཞུང་ལུགས་མང་བོ་ནས་ཀློག་མྱོངས་ཡོད་མོད།་་་་་་སྔོན་མ་ང་གྲྭ་གཟུགས་འདྲ་བོ་བྱས་ནས་བསྡད་ཡོད་དུས་དགེ་རྒན་གྱིས་དཔེ་ཁྲིད་བྱེད་སྐབས་རང་ཉིད་ཀྱི་བདེ་སྡུག་གི་བྱེད་པོ་རང་ཉིད་ལས་ལོགས་སུ་མེད་རབས་ཀྱི་སྒྲུབ་བྱེད་མང་བོ་གཏོང་གི་ཡོད།་་་་་་སྐབས་སྐབས་ངས་ཀྱང་དེ་ལྟར་ཡིན་རྒྱུ་རེད་བསམ་གྱི་ཡོད།་་་་་་་་ད་དཔེ་ཆ་དང་ཁ་བྲལ་ནས་ལོ་མང་སོང་པས་རང་ཉིད་ཀྱི་བདེ་སྡུག་བྱེད་པོ་རང་ཉིད་ཡིན་སྐོར་ཀྱང་གོ་རྒྱུ་ཉུང་རེད་ལ་དེ་རེད་བསམ་པའི་ཚོར་བའང་ཉུང་རེད།
    ལས་འབྲས་ཀྱི་རྣམ་གཞག་ལ་རྒྱུས་མདྷངའ་མེད་པས་ང་ལྟ་བུའི་ང་རང་གི་བདེ་སྡུག་གི་བྱེད་པོ་རང་ཉིད་གཅིག་བུ་ཡིན་པ་ངོས་ཟིན་རྒྱུ་ངོ་མ་དཀའ་མོ་འདུག
    ང་ལ་དཀའ་ངལ་འཱྀཕྲད་ཚེ་དེའི་འབྱུང་རྐྱེན་ཕར་རོལ་བ་ཞིག་གི་སྒང་ལ་མཛུབ་མོ་བཙུགས་པ་ཉུང་ཉུང་མིན།
    ནུབ་ཕྱོགས་སྤྱི་ཚོགས་ཀྱི་ཁྲོད་དུ་གནས་བཞིན་རང་ཉིད་ཀྱི་བདེ་སྡུག་གི་བྱེད་པོ་རང་ཉིད་ཡིན་པ་ཐག་ཆོད་པའི་སྨྲ་ནུས་པ་དེའི་ཐོག་ནས་ང་ཨ་ལགས་ཁྱེད་ལ་དད་པ་སྐྱེ་ཀི་ཡ

  3. yeshe says:
    2009-12-26 at 11:06 pm

    ལས་དབང་ཟེར་བའི་ཁ་གཡར་ས་ཞིག་ད་འདུག་སྟེ་རང་གི་ལས་འགུལ་ནས་ཟ་མ་མ་བཟོས་ན་ཁ་ནང་ལ་འཇོག་ནི་ཅང་མེད་ཀི རང་ཉིད་ན་དུས་རང་གིས་སྨན་མ་ཟོས་ན་སངས་རྒྱས་སྨན་བླ་ཕེབས་ནས་སྨན་ཁབ་མི་རྒྱག་གི འདི་ཙམ་ཞིག་གིས་ཀྱང་རང་རང་གི་བདེ་སྡུག་རང་རང་གི་ལག་ན་ཡོད་ནི་ཤེས་ཀ

  4. yeshe says:
    2009-12-26 at 11:07 pm

    ལག་འགུལ་ནས་་
    ཡོད་ནོ་ཤེས་ཀ

  5. མདོ་ལྷ་ཁམས་པ། says:
    2009-12-27 at 12:05 am

    ཨ་ལེ། དེ་ལྟར་བཤད་ན། ཡེ་ཤེས་ཀྱིས་ལས་དབང་གི་གོ་བ་ལེན་སྟངས་དེ་ནི་ང་རང་ལོ་ཆུང་སྐབས་གི་ལས་དབང་ལ་གོ་བ་ལེན་སྟངས་དང་ཨ་ན་མ་ན་རེད་ཤག
    ཨ་མས་ག་དུས་ཡིན་ན་ཡང་དོན་དག་གྲ་མ་འགྲིག་པ་ཅིག་བྱུང་སྐབས་ལམ་སེང་ཁ་ནས་ལས་ངན་མ། ངའི་ལས་དབང་རེད། ད་བྱ་རྒྱུ་ཡོད་ནི་མ་རེད་སོགས་ཟེར་སྐབས། རང་གི་སེམས་ནང་ཞིག་ལ་དཀར་དམར་སེར་གསུམ་གྱི་དྲི་བ་སྣ་མིན་སྣ་ཚོགས་ཤིག་རང་བཞིན་གྱིས་འཁོར་ཡོང་ན་ཡང་ལན་རྒྱག་མ་ཕོད་པར་སྡོད་བཞིན་ཡོད། དཔེར་ན་ཡེ་ཤེས་ཀྱིས་ཤོད་པ་ལྟར། ཁ་གདང་ནས་ཟ་མ་བཟའ་བ་འདི་ཡང་ལས་དབང་རེད་པས། ལག་འགུལ་ནས་ལས་ཀ་ལས་པ་འདི་ཡང་ལས་དབང་རེད་པས། དགོང་མོ་ཉལ་ནས་ཞོགས་པ་ལངས་པ་འདི་ཡང་ལས་དབང་རེད་པས་ཟེར་བ་སོགས་ཀྱི་རིགས་འདི་འདྲ་བ་མང་པོ་ཞིག་བསམ་བཞིན་དུ་བཀོད་ན་ཡང་ཨ་མས་ལམ་སེང་གླུའུ་བཤད་རྟགས་གི་མ་འདུག་ཟེར་ནས་ཁ་བཀག་བཞག་གི་རེད།
    ད་དེ་ཚོ་དྲན་ན་ཆུང་དུས་ཆུང་དུས་ཤིག་ལ་རེད།

  6. yeshe says:
    2009-12-27 at 12:31 am

    ལོ་ངོ་བརྒྱད་བརྒྱའི་སྔོན་གྱི་བོད་པའི་བླ་མ་རྒྱལ་ཁམས་པ་འགྲོ་མགོན་ཆོས་རྒྱལ་འཕགས་པས། འགྲོ་བའི་བདེ་སྡུག་རང་རང་ལས་ལ་རག །ཅེས་གསུངས་འདུག

  7. མདོ་ལྷ་ཁམས་པ། says:
    2009-12-27 at 12:52 am

    རེད། དེ་ལྟར་གསུངས་ཡོད་ནི་རེད། ལོ་ངོ་བརྒྱད་བརྒྱའི་གོང་ལ་མ་ཟད། ལོ་ངོ་ཉིས་སྟོང་ལྔ་བརྒྱའི་སྔོན་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་འཇིག་རྟེན་སྣ་ཚོགས་ལས་ལས་སྐྱེ་ཞེས་གསུངས་ཡོད་རེད།
    ཡིན་ནའང་ལས་ཟེར་བ་དེའི་གོ་དོན་ལས་ཀ་ལས་མ་ལས་གི་ལས་དེ་མིན་པ་འདྲ།

  8. yeshe says:
    2009-12-27 at 12:53 am

    དེ་ལོས་ཡིན། ལས་ཀ་ལས་ནས་ལས་བསགས། དེ་ལ་བརྟེན་ནས་ཡང་ལས་བསགས། དེ་ལ་བརྟེན་ནས་ཡང་ལས་བསགས། ལས་ཀ་ལས་ནས་ལས་བསགས། དེ་ལ་བརྟེན་ནས་ཡང་ལས་བསགས། དེ་ལ་བརྟེན་ནས་ཡང་ལས་བསགས། ལས་ཀ་ལས་ནས་ལས་བསགས། དེ་ལ་བརྟེན་ནས་ཡང་ལས་བསགས། དེ་ལ་བརྟེན་ནས་ཡང་ལས་བསགས། ལས་ཀ་ལས་ནས་ལས་བསགས། དེ་ལ་བརྟེན་ནས་ཡང་ལས་བསགས། དེ་ལ་བརྟེན་ནས་ཡང་ལས་བསགས། ལས་ཀ་ལས་ནས་ལས་བསགས། དེ་ལ་བརྟེན་ནས་ཡང་ལས་བསགས། དེ་ལ་བརྟེན་ནས་ཡང་ལས་བསགས། ལས་ཀ་ལས་ནས་ལས་བསགས། དེ་ལ་བརྟེན་ནས་ཡང་ལས་བསགས། དེ་ལ་བརྟེན་ནས་ཡང་ལས་བསགས། ལས་ཀ་ལས་ནས་ལས་བསགས། དེ་ལ་བརྟེན་ནས་ཡང་ལས་བསགས། དེ་ལ་བརྟེན་ནས་ཡང་ལས་བསགས། ལས་ཀ་ལས་ནས་ལས་བསགས། དེ་ལ་བརྟེན་ནས་ཡང་ལས་བསགས། དེ་ལ་བརྟེན་ནས་ཡང་ལས་བསགས། ལས་ཀ་ལས་ནས་ལས་བསགས། དེ་ལ་བརྟེན་ནས་ཡང་ལས་བསགས། དེ་ལ་བརྟེན་ནས་ཡང་ལས་བསགས། ལས་ཀ་ལས་ནས་ལས་བསགས། དེ་ལ་བརྟེན་ནས་ཡང་ལས་བསགས། དེ་ལ་བརྟེན་ནས་ཡང་ལས་བསགས།

  9. yeshe says:
    2009-12-27 at 12:57 am

    རྩམ་པ་ཞིག་བརྫིས་ནས་དེ་མ་ཐག་བཟའ་ཆོག་པ་འདི་ལ་ཉེ་བའི་ལས་ཀ་ཟེར། གཞན་གྱི་ཅ་ལག་ཅིག་བརྐུས་ན་དེ་མ་ཐག་མི་ཤེས་པར་ག་ལེར་ཉེན་རྟོག་པ་སོགས་ཀྱིས་རྩད་གཅོད་བྱས་ནས་མཐའ་མར་ལྷང་ལ་འབུད་པ་འདི་ནི་ཅུང་ཟད་རིང་བའི་ལས་ཀ་རེད། སྐྱེ་བ་རྗེས་མར་དེའི་རྣམ་སྨིན་མྱོང་དགོས་པ་འདི་ཧ་ཅང་རིང་བའི་ལས་ཀ་རེད། དེ་འདྲ་བྱས་ནས་ལས་ལ་རྣམ་སྨིན་གྱི་ལས་དང་མྱོང་འགྱུར་གྱི་ལས། ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ཞེས་རིགས་གསུམ་དུ་གསུངས་པ་རེད། ལས་ཀ་མི་བྱེད་མཁན་ཞིག་ལ་ལས་དང་འབྲེལ་བ་ཅི་ཡང་མེད། འདི་ཤེས་ན་ཤེས་ཚར་བ་རེད།

  10. མདོ་ལྷ་ཁམས་པ། says:
    2009-12-27 at 1:31 am

    ལས་ཀ་མི་བྱེད་མཁན་ཞིག་ཡིན་ན་ལས་དང་འབྲེལ་བ་ཅི་ཡང་མེད་པ་ཞིག་ཨེ་ཡིན་ནམ།
    སྐབས་འདིའི་ལས་ཀ་ནི་བྱ་བ་ལ་གོ་ཞིང་། དཔེར་ན། ཕག་པ་ཞིག་གིས་ལྟོ་བཟའ་བཞིན་ཡོད་ན། དེར་ཕག་པས་ལས་ཀ་བྱེད་བཞིན་འདུག་མེ་ཟེར།
    ཡིན་ན་ཡང་ཕག་པ་དེ་ཚེ་སྔོན་མའི་ལས་ཀྱིས་དབང་གིས་ཕག་པའི་ལུས་སུ་སྐྱེས་པ་རེད།

  11. ཙན་དན་ལོ་མ། says:
    2009-12-27 at 5:41 am

    དེང་སང་གུང་གསེང་ལ་དྲ་ཐོག་འཁྱུག་ཙམ་རེ་ཡོང་སྐལ་འདུག གལ་སྲིད་ཀླུ་སྨྱོན་ཚེ་འདི་ལ་ལྷད་མེད་ཀྱིས་བོད་མིར་དགའ་མཁན་དང་རྒྱ་ལ་སྔང་མཁན་ཞིག་ཡིན་ན། ཤི་རྗེས་ཀྱང་རྒྱ་མིའི་ཕྱོགས་སུ་སྐྱེས་མི་སྲིད། གལ་སྲིད་ཚེ་འདི་ལ་རྒྱ་མིར་དགའ་བའམ་ཡང་ན་ཏིང་སྙོམས་ཀྱི་བློ་ཞིག་ལས་མེད་ན་རྒྱ་མིར་སྐྱེས་སྲིད་པ་རེད། རྗེས་མ་གང་དུ་སྐྱེས་མིན་ཚེ་འདིའི་ལས་དང་བག་ཆགས་དབང་བཙན་པོས་དེད་ནས་འགྲོ་བ་ལས་རྩ་བ་ནས་ཁ་ཕྱོགས་མེད་པ་དེ་འདྲ་ཡིན་ས་མ་རེད། ཤོག་བུ་ཞིག་རླུང་གི་ཁུར་ནའང་རླུང་གཡུག་ཕྱོགས་གང་ཡིན་པ་དེ་ཁོ་ནའི་ཕྱོགས་སུ་ལྡིང་བཞིན་འགྲོ་བ་ལས། ཤོག་བུ་དེ་རླུང་བུ་བརྒྱག་ཕྱོགས་དང་ལྡོག་ནས་འཕུར་མི་སྲིད་པ་ལྟ་བུ་ཡིན་ས་རེད། ཚེ་འདིའི་ལས་དང་བག་ཆགས་རྣམས་བར་དོའི་རྣམ་ཤེས་ཀྱི་ཁ་ཕྱོགས་བསྒྱུར་མཁན་གྱི་རླུང་བུ་ལྟ་བུ་དེ་ཡིན་པ་འདྲ། གཞན་རྣམས་མང་དྲགས་ནས་བཞག་པ་ཡིན།

  12. བོད། ལྷ་ཀླུ་གཉན་གསུམ། says:
    2009-12-27 at 5:55 am

    ངའི་ནག་ཉེས་མཐོང་གི

    སྐྱི་མོ་འདི་ཡི་ནང་དུ་གཟུགས་མེད་ཅིག།
    གཟུགས་མེད་འདི་ལ་འཐིམ་པ་ཚོར་བ་ཞིག།
    ཚོར་བ་འདི་ལ་བརྒྱུས་པ་ཆགས་སེམས་ཤིག།
    ཆགས་སེམས་འདི་ཡིས་བསླུས་པ་གྲངས་མེད་ཅིག།

    རིགས་རུས་ཁ་ཁར་བྱུང་པའི་ན་ཟུག་ཡོད།།
    རིགས་ཞེན་སེམས་ལ་བཅིངས་པའི་སེམས་སྡུག་ཡོད།།
    རིགས་རུས་གཞན་ལ་ཤོར་བའི་འགྱོད་སེམས་ཡོད།།
    རིགས་འདི་རྒུད་པའི་རྩ་བ་རང་གིས་བྱས།།

    བོད་ལ་སྐྱེ་ཡང་བོད་སྐད་སྤུས་དག་བརྗེད།།
    བོད་ཡིག་བྲིས་ཀྱང་ཡིག་ནོར་ཁོ་ན་ཆགས།།
    བོད་དོན་བཤད་ཀྱང་ལོ་རྒྱུས་ཁུངས་ལྡན་མེད།།
    བོད་མི་ཟེར་ཡང་བོད་མིང་ཙམ་ཞིག་རེད།།

    དད་པ་ཟེར་ཡང་མངོན་ལྐོག་ཕྱི་ནང་འདུག།
    ལག་ལེན་ཟེར་ཡང་ཁ་འགུལ་ཁོ་ན་རེད།།
    བདེན་པར་དུངས་ཀྱང་བྱེད་རྒྱུ་རྫུན་མ་རེད།།
    མི་གཤིས་དེ་ཡང་གྱང་ཁའི་རྩྭ་བཞིན་ཆགས།།

    སྤུན་ཟླ་ཚོ། ངས་དེང་སང་རང་གི་ནག་ཉེས་ཤིག་མཐོང་གི་འདུག་ལགས། ནག་ཉེས་དེ་ཡང་བྱེད་མཁན་རང་ཉིད་རེད་འདུག་ལ། ནག་ཉེས་དེ་མཐོང་མཁན་ཡང་རང་ཉིད་ཁོ་ན་རེད་འདུག་ལགས། ནག་ཉེས་དེ་ཡི་རྗེས་འབྲེང་མི་བྱེད་པར་སྤུན་ཟླ་དག་ལ་འབོད་སྐུལ་བྱེད་ཀྱི་ཡོད་ལགས།

  13. རིག་པའི་རལ་གྲི says:
    2009-12-27 at 6:12 am

    གྲངས་མེད་བསྐལ་བའི་རིང་ལ་ཟབ་མོའི་བློས།།
    ཆད་མེད་རྒྱུན་དུ་བརྟག་ཀྱང་མ་བརྙེད་པའི།།
    བདེན་མེད་རང་ཉིད་བརྙེད་པའི་ལྷ་ཀླུ་གཉེན།།
    སྔོན་མེད་སངས་རྒྱས་པ་ཞིག་མ་ཡིན་ནམ།།

    མི་ཉུང་ཕྱི་ནང་མཁས་པས་ཡང་ཡང་དུ།།
    བརྟག་པའི་ལན་གྱི་རྣམ་གྲངས་ཀུན་གྱིས་ཀྱང་།།
    མ་ཚིམ་སླར་ཡང་དྲིས་ན་མི་སྨྲ་བའི།།
    བརྟུལ་ཞུགས་སྟོན་པས་བཟུང་བའི་རྗེས་སུ་ཞུགས།།

    སྔ་མ་གར་སྐྱེས་ད་ལྟའི་ལུས་ལ་ལྟོས།།
    ཕྱི་མ་གར་སྐྱེ་ད་ལྟའི་ལས་ལ་ལྟོས།།
    ཕ་ཤ་ཟ་ཞིང་མ་ལ་སྡིག་ར་གཏོང་།།
    དགྲ་བོ་སྐྱོངས་ཞིང་ཁྱོ་རུས་མུལ་ལ་ལྟོས།།

    ཚིག་བཅད་གཅིག་འདིར་ཡང་ཡང་ལྟོས་ར་དང་།།
    ཨ་ལག་ཡོད་ཀི་མེད་ཀི་ཟེར་ཞོར་དུ།།
    ལམ་རྟོལ་མགྲོན་པོའི་བརྟུལ་ཞུགས་ཟིན་མི་དགོས།།
    ཡིད་ཆེས་ཁོང་ནས་ངང་གིས་སྐྱེ་བར་ལགས།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme