Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྩོད་ལན་ཡིག་བརྒྱ་མ།

Posted on 2010-01-20 By དགེ་རབ་ 20 Comments on རྩོད་ལན་ཡིག་བརྒྱ་མ།

རྔ་བ་རྒྱལ་ཁམས་པ།
——————————
ངས་བཤད་བཞིན་པའི་ས་གཞི་ལེབ་ལེབ་ཏུ་འདོད་པའི་དམ་ཆོས་རྙིང་མ་དེPythagorasམཆོག་མ་ཕེབས་སྔོན་གྱི་ཆོས་གཞུང་ཤིག་རེད། ཐོག་མ་ཉིད་ནས་བཤད་ཟིན་པ་ལྟར། ས་གཞི་ལེབ་ལེབ་ཀྱི་ལྟ་བའི་འབྱུང་ཁུངས་ངོ་མ་དེ་ཕལ་ཆེར་འདི་རེད། དམ་ཆོས་དེའི་ནང་གི་བཤད་པ་མང་བོ་ཞིག་དམ་ཆོས་གསར་མའི་ནང་ཐོན་མེད་ལ། དམ་ཆོས་གསར་མའི་ནང་གི་བརྗོད་བྱ་མང་བོ་ཞིག་འགྲེལ་གསར་དག་གིས་རང་འདོད་ཨུ་ཚུགས་ཀྱིས་ཚན་རིག་གི་འགྲོས་དང་བསྟུན་གང་ཐུབ་ཐུབ་བྱས་འདུག ལར་ནས་ལོ་རྒྱུས་འགའ་ན་ས་གཞི་རིལ་རིལ་དུ་སྨྲ་མཁན་ཐོག་མ་སྒུ་རིག་པ Pythagoras ཡིན་ཞེས་བཤད་འདུག་མོད། ངས་བསམས་ན་ལོ་རྒྱུས་དེ་ད་དུང་དོགས་གཞིའི་གནས་རེད། ས་ཁམས་རིག་པའི་ལོ་རྒྱུས་ཁུངས་དག་འགའ་རེར་ས་གཞི་རིལ་རིལ་གྱི་ལྟ་གྲུབ་བཤད་མཁན་ཁོ་ལས་སྔ་ཕེབས་ཀྱི་སྒུ་རིག་གི་གནམ་རིག་པ་གཞན་ཞིག་ཡིན་པར་བཤད་ཡོད། མཚམས་འདིར་ང་ཚོས་ཐུགས་སྣང་གནང་དགོས་པ་ལ་ཞིག་ལ། དགུ་རིག་གི་མཚན་ཉིད་པ Pythagoras 570 -495 BC ཞེ ས་པ་འདི་ཕལ་ཆེར་སངས་རྒྱས་ཆོས་ལུགས་ཀྱི་ལྟ་གྲུབ་འཛིན་མཁན་ཞིག་ཨེ་ཡིན་སྙམ་དུ་དོགས་པ་ཞིག་སྐྱེ་བཞིན་འདུག རྒྱུན་མཚན་ནི་ཁོང་རྒྱ་གར་དུ་ཕེབས་སྐབས། སྟོན་པ་བདེ་བར་གཤེགས་ནས་ཞལ་ཟིན་མི་འདུག་མོད། ནང་ཆོས་ཧ་ཅང་དར་ཁྱབ་ཆེ་སྒང་ཞིག་ནི་ཡིན་ངེས་ཤིང༌། ནང་པའི་ལྟ་གྲུབ་ཀྱིས་ཁོང་བར་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ནས། སྐབས་དེའི་ངག་རྒྱུན་ནའང་ཁོང་རྒྱ་གར་དུ་ཡོང་སྐབས་སློབ་མ་ཞིག་མིང་ཐོག་ནས་ཡོང་བ་དང༌། རང་ཡུལ་དུ་ཕྱིར་ལོག་སྐབས་བླ་མའམ་ Pitar Guru སློབ་དཔོན་གྱི་མཚན་ཐོག་ནས་ཕེབས་པ་ཞིག་ཡིན་པའི་བཤད་སྲོལ་ཞིག་འདུག དེ་བཞིན་དུས་རབས་བར་མའི་ནང་ཆོས་ལུགས་དང་ཚན་རིག་གཉིས་ཀྱི་བར་མེ་ཆུ་ལྟ་བུའི་འགལ་བ་ཆེན་པོ་བྱུང་ནས། ཡི་ཤུའི་ཆོས་ལུགས་དང་མ་མཐུན་པའི་དཔེ་དེབ་རྩ་ཆེན་སྟོང་ཕྲག་མང་བོ་ཞུགས་སྦྱངས་བྱས་པས་མ་ཚད། དཔེ་ཆ་རྩ་ཆེན་མང་བོ་ད་དུང་ཡང་པར་སྐྲུན་བྱེད་མ་བཅུགས་པར་རོམ་གྱི་ཡུ་ཤིའི་གཙུག་ལག་ཁང་གི་དམ་རྒྱའི་འོག་ཡོད་པ་རེད། མི་མང་བོ་གསོན་སྲེག་བྱས་འདུག་ཅིང༌། དེའི་ནང་སྐབས་དེའི་ཚན་རིག་པ་གྲགས་ཅན་སྐུ་ཞབས་སེ་ཁོ་སྒྲི་ཨ་སོ་ལེCecco D’ Ascoli1253-1327མཆོག་ཀྱང་ཐེ་འདུག་སྟབས། ཁོང་གིས་མཚན་བྱང་དུ De sphaera mundi༼ ས་གཞི་རིལ་རིལ་གྱི་ཐོག༽ཞེས་པའི་གཞུང་བརྩམས་ནས་ས་གཞི་རིལ་རིལ་ཞིག་ཡིན་པར་འགྲེལ་བརྗོད་བྱས་རྐྱེན་གསོན་སྲེག་བྱས་པའི་ལོ་རྒྱུས་འདུག འདི་ལོ་རྒྱུས་དག་མོ་ཞིག་ཡིན་མིན་ཧ་མ་གོ་ཅིག་བྱས་ན་ཁྱོད་ཀྱིས་ཀྱང་མཐོང་ཡོད་རྒྱུ་རེད། མཚམས་འདི་ནས་ངས་གསལ་འདེབས་བྱེད་རྒྱུ་ཞིག་ལ། ཁྱོད་ཀྱིས་དགེ་འདུན་ཆོས་འཕེལ་ལ་ཅི་ཙམ་འགྲེལ་བརྗོད་བྱས་ཀྱང་ང་ལ་ཁྱད་པར་ཅང་མི་འདུག ང་ཚོ་ཚང་མ་རང་དབང་གི་ལུང་བའི་ནང་རང་དབང་གི་ཐོབ་ཐང་ལ་སྤྱོད་ནས་བསྡད་ཡོད་པ་རེད། རང་རང་གི་བསམ་ཚུལ་བརྗོད་ཆོག་པ་ཞིག་རེད། བསམ་བློ་གསར་བ། རིག་གཞུང་གསར་བ། ལྟ་ཚུལ་གསར་བ་སོགས་ཀྱིས་ང་ཚོ་སྣོད་བཅུད་གཉིས་ཆ་ནས་འགྱུར་བ་གཏོང་གིན་གཏོང་གིན་འགྲོ་བསྡད་ཡོད་པ་རེད། དགེ་ཆོས་ཁོ་རང་གིས་ཀྱང༌། གཅིག་གི་རྫུན་རྐུབ་གཅིག་གིས་ཕུད་མཐོང་ནས།། ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ།། ཞེས་གསུངས་ཡོད་པ་རེད། བསམ་བློ་དྲང་མོ་བཏང་བ་ཡིན་ན། ང་ཚོའི་མེས་པོ་གོང་མ་ཚོ་ང་ཚོ་ལ་ཧ་ཅིང་གི་བཀའ་དྲིན་ཆེན་པོ་རེད་འདུག སྡོན་དུས་འགྲིམ་འགྲུལ་སོགས་མཐུན་རྐྱེན་ཅི་ཙམ་ཞན་ནའང༌། ལོ་ཆེན་དག་གིས་སྐུ་ངལ་ཁྱད་བསད་ཀྱིས་རྒྱ་གར་ཚ་བའི་ལུང་བ་དེ་ལྟ་བུ་ལ་ཕེབས། བླ་མ་སློབ་དཔོན་དག་གི་ཞལ་དཀར་ནག་ལ་བལྟས། རྒྱུ་འབྱོར་གྱི་འཁོས་ཀ་ཡོད་ཚད་བཏང༌། མདོ་སྔགས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་ཐུགས་སྦྱོང་གནང༌། བོད་ཡིག་ཏུ་བསྒྱུར་ནས་རང་ཡུལ་དུ་གདན་དྲངས། ལུང་དང་རིགས་པས་གཏན་ལ་ཕབ་སྟེ་གོལ་ས་མཐའ་དག་ནས་སྐྱོབ་པའི་རྭ་གུར་ཕིབ་པ་སོགས། བསམ་གྱིས་མི་ཁྱབ་པའི་བཀའ་དྲིན་ཆེན་པོ་རེད། ད་ང་ཚོས་ཅི་ཞིག་བྱེད་དགོས་པ་རེད། རང་གཞན་ལ་ཕན་ཐོགས་པའི་བྱ་བ་ཆེན་པོ་དེ་འདྲ་སྒྲུབ་མ་ཐུབ་རུང༌། སྤུན་ཟླ་ནང་ཁུལ་གྱི་མཐུན་ལམ་ལ་གནོད་པའི་རྩོམ་ཡིག་སོགས་སྤེལ་ན་ཡག་པོ་ཞིག་ཏུ་མཐོང་གི་མེད། ད་ལྟ་ང་ཚོ་ལ་དགོས་པ་ནི་མཐུན་བསྒྲིལ་རེད། གཅིག་བསྒྲིལ་རེད། ང་ཚོས་རྩོམ་ཡིག་རེ་སྤེལ་ནའང༌། དེ་ཆོས་ལུགས་འཐེན་འཁྱེར་གྱི་རྒྱུར་གྱུར་ནས། ཕན་ཚུན་གྱི་རྣམ་ཤེས་ཐོག་ས་བླུད་རེས་བྱེད་པ་ཞིག་ལས་ཕན་ཐོགས་པ་ཞིག་ཡོང་གི་མི་འདུག ང་ཚོས་མི་རིགས་འདིས་ད་དུང་དཀའ་ངལ་མང་བོ་ཞིག་མྱོང་ངེས་རེད། ཁྱོད་ཀྱིས་བོད་ལ་ཕན་པའི་རྩོམ་ཡིག་འདྲ་སྤེལ་ཐུབ་ན་ཡག་པོ་རེད། ལྷག་པར་ང་ཚོ་ལ་ཕྱི་གླིང་ཤེས་རིག་སྐོར་ཧ་ཅིང་ཉུང་ཉུང་རེད། དཔལ་འཔྱོར་གྱི་རིག་པ། ཚན་རིག འཕྲོད་བསྟེན་སོགས་ཧ་ཅིང་གལ་ཆེན་པོ་རེད། དེའི་སྐོར་ལ་ཕྱག་ལས་འདྲ་གནང་ཐུབ་ཚེ་ཕན་ཐོགས་ཡོང་ངེས་ཡིན། ངས་ནི་རང་ནུས་ཀྱིས་བོད་ཀྱི་རིག་གཞུང་ལ་ཞལ་འདེབས་རེ་བསྒྲུབ་ཨེ་ཐུབ་བསམས་ཀྱང༌། ཤེས་ཡོན་གྱིས་མི་ལྡང་གི སེམས་ཤུགས་ཆེན་པོ་ཞིག་གི་ངོས་ནས་རང་ཉིད་ཀྱི་དམ་བཅའ་དེ་འགྲུབ་ཨེ་ཐུབ་ལྟ་གིན་ཡོད། དེ་ཙམ་ལས་ཅང་མེད། ང་ནི་ལྟོས་བཏགས་དང་རྟེན་འབྲེལ་ཞེས་པའི་ལྟ་ཚུལ་འདི་ཡི་དམ་དུ་བྱེད་མཁན་ཞིག་སྟབས། འདི་ནས་ཀྱང་རྟེན་འབྲེལ་གྱི་ཚིག་བཟང་བོ་ཞིག་གིས་ང་གཉིས་ཀྱི་རྩོད་པ་དེ་ཆོས་ཕྱོགས་སུ་ཞི་བར་བྱས་ནས་མཇུག་བསྡུས་པ་ཡིན། ཐུགས་རྗེ་ཆེ། རིག་པ་འཚོལ་བའི་སྐྱེ་བོ་དག། སྒོ་གསུམ་རང་དབང་ཐོབ་པར་ཤོག། འཁོར་དང་ལོངས་སྤྱོད་སྙན་པ་ཡང༌།། གཏན་དུ་ཉམས་པ་མེད་གྱུར་ཅིག། དགེའོ།།

རྩོམ་རིག

Post navigation

Previous Post: ༢༠༠༩ལོའི་འདྲ་པར་དྲག་འདེམས་པར་དེབ་ནས་བཀོད།
Next Post: ང་དང་དགུན་ཁའི་སྙན་ངག

Comments (20) on “རྩོད་ལན་ཡིག་བརྒྱ་མ།”

  1. མགོན་པོ་ཕྱག་གཉིས་པ། says:
    2010-01-20 at 3:03 pm

    དེ་རེད། བསམ་ཚུལ་ཡག་པོ་འདུག

  2. མགོན་པོ་ཕྱག་གཉིས་པ། says:
    2010-01-20 at 3:32 pm

    དེ་དེ་བཞིན་ནོ།

  3. མེ་རི་གཏོར་མཁན says:
    2010-01-20 at 4:06 pm

    ཨ་རོགས་ད་བསླབ་བྱ་འདྲ་བོ་ཤིག་རྒྱག་གོ་ག་།་ངས་འདིའི་སྐོར་ལ་བསམ་བློ་བཏང་མ་མྱོང་ད་།དེ་དགོང་འདིའི་སྐོར་ལ་བསམ་བློ་ཅིག་གཏོང་གིན་ཡིན་།ཁྱོད་དངོས་གནས་རྒྱུ་མཚན་ཧ་གོ་ནས་བཤད་གིན་ཡོད་ན་།ངོ་མ་ཡག་པོ་རེད་།དེ་མིན་ན་ང་ཚོ་ལ་མགོ་སྐོར་མ་བཏང་བ་།་བོད་ལ་མགོ་སྐོར་གཏོང་མཁན་མང་ནི་རེད་ཡ།གོང་ན་བླ་མ་མཁས།བར་ན་དཔོན་པོ་ཚོང་ན་།ཐ་མ་འཆམ་པོ་ལྡོམ་པོ་།གཅིག་གིས་གཅིག་ལ་མགོ་སྐོར་འདྲ་བཏང་ནས་བསྡད་འདུག་།
    ད་རྩོད་པ་རྒྱུ་མཚན་མེད་པ་རང་གིས་ཀྱང་མི་གོ་བ་དེ་ཚོ་ཕར་གཡུགས་ལ།ཁ་ཡོད་ལག་ཡོད་ཀྱི་ལས་ཀ་ཤིག་བྱེད་།བོད་གི་མཁས་བ་ཚོ་ལ་བབས་ཡོད་པ་དེ་རེད།

  4. ཤན་པ་མེ་རུ་རྩེ says:
    2010-01-20 at 4:24 pm

    ས་ལེབ་ལེབ་དང་གོར་གོར་གང་ཞིག་ཡིན་ཀྱང་གང་ལྟར་ང་ཚོ་བོད་པ་ཚང་ལ་དབང་བའི་ས་བ་སྐོ་ཙམ་ཡང་མེད། དེས་ན་ང་ཚོས་ས་གཞི་རིལ་མོ་ཞེས་སྐད་ཆ་རྫིག་པོ་བཤད་ཀྱང་ཕན་ཐོག་ཅི་ཡོད།

  5. བོད་པ་ says:
    2010-01-20 at 7:17 pm

    ཁུངས་ཡོད་ན་ཡག་གི་ར། ཁུངས་མེད་ན་ངོ་ཚ་ཆེ་གི་ཡ།

  6. གཞོན་ནུ་ཟླ་མེད says:
    2010-01-20 at 7:43 pm

    འཛམ་གླིང་གོར་གོར་ལེབ་ལེབ་གང་ཡིན་རུང་།།
    བོད་པ་ཚང་ལ་ལག་འཐིལ་ཙམ་མེད་ཀི།
    རང་ཡུལ་རང་ལ་མི་དབང་ལྡོམ་པོ་འགས།།
    གོར་གོར་ལེབ་ལེབ་ཟེར་ནས་རྩོད་དོན་མེད།།

  7. མེ་རི་གཏོར་མཁན says:
    2010-01-20 at 7:59 pm

    གོར་གོར་ནང་དུ་རྒྱབ་ན་སྣང་བ་སྐྱིད་།
    ལེབ་ལེབ་གཅིག་ལ་རྒྱག་ས་མེད་དམ་སྙམ།
    གོར་གོར་ལེབ་ལེབ་ཁྱད་པར་མ་ཤེས་ན་།
    རྐུབ་དང་སྟུ་ཡི་ཁྱད་པར་ག་ལ་ཤེས་།་

  8. ལྷ་མོ་ says:
    2010-01-20 at 8:51 pm

    འཛམ་གླིང་གོར་གོར་ལེབ་ལེབ་ཤེས་བ་ཡིས།། སྟོང་བའི་དབྱིངས་ནས་ངོ་མཚར་གྲོང་ཁྱེར་བཟོས།། ཨར་མ་སིགྲོང་ཟླ་བའི་དྲུང་ལ་བསླེབས།། པར་ཆས་འཕྲུལ་འཁོར་མིག་དམག་ནང་ལ་ཐོན།། ཨ་ཁུ་མགོ་རྡོ་ཨ་རིའི་བསླེབས་པ་འདི། འཛམ་གླིང་གོར་གོར་ཤེས་བའི་འབྲས་བུ་ཡིན།།

  9. རྩམ་དགའ་ says:
    2010-01-20 at 10:55 pm

    གོར་གོར་བརྩད་ནས་ལེར་ལེར་མི་འགྲུབ་ལ། །
    ལེར་ལེར་བརྩད་ནས་གོར་གོར་མི་ཡོང་བའི། །
    གོ་ལ་འདི་ཉིད་སིལ་བུ་མ་འཐོར་བར། །
    འདུག་མིན་དགོས་པའི་ཐབས་ཤེས་སུ་ལ་ཡོད། །

  10. བོད་པ says:
    2010-01-20 at 11:13 pm

    མགོ་མེད་དགེ་ལོག་དགེ་འདུན་ཆོས་འཕེལ་ནས།། གོ་ལ་གོར་ལེབ་བར་ནས་རྫུན་ཞིག་བཤད། རྫུན་གྱི་རྔ་མ་ཨ་ཁུ་རྔ་བས་སྐྱོར།། རྔ་བའི་རྔ་མ་སྐེ་ཚིགས་ནང་ནས་འཇུར།།

  11. རྩམ་དགའ་ says:
    2010-01-20 at 11:40 pm

    ཀྱེ་མ་ཀྱེ་ཧུར་དགེ་ཆོས་ཁྱོད་ལ། །
    དེང་སང་ཡིག་ངོ་ཆོག་པ་ཙམ་གྱིས། །
    སྡུག་མཁན་ཇེ་མང་ཇེ་མང་འགྲོ་གི །
    བཀའ་དྲིན་དྲན་མཁན་ཇེ་ཉུང་འགྲོ་གི །
    ལས་ངན་ཨམ་ཕྲུག་ཁྱོད་ཀྱིས། །
    ཡོད་ཚེ་བོད་ལ་བཏང་ཡང་། །
    ལྟས་ངན་འུག་པ་འགའ་ཡིས། །
    དྲིན་ལོག་འཐེན་སྐད་སྒྲོག་གི །

  12. ཁ་ཕྱོགས་མེད says:
    2010-01-21 at 3:15 am

    གོ་ལ་རིལ་ལེབ་རྩོད་པ་ཡི།།
    རྣམ་དཔྱོད་ཐང་མར་བཀྲམ་དུས་སུ།།
    རྒྱལ་ཁམས་པ་ཡི་རིགས་པའི་མདས།།
    བློ་ཡོན་བོད་པ་ཚར་བར་གཤགས།།

  13. ཟླ་བ་གཞོན་ནུ། says:
    2010-01-21 at 5:04 am

    རྔ་བ་རྒྱལ་ཁམས་པ་ལགས།
    མཚམས་མཚམས་ལ་སྒུ་རིག་ཟེར། མཚམས་མཚམས་ལ་དགུ་རིག་ཅེས་བྲིས་འདུག། དེ་ལས་གྷི་རིག་ཅེས་ན་ཡག་ཤོས་སུ་མཐོང༌།
    ད་དུང་ཧ་ཅང་ལ་ཧ་ཅིང་ཞེས་བྲིས་གནང་འདུག གཏགས་ནོར་ཡིན་ནམ་ཡིག་ནོར་ཡིན་མིན་ཡང་བཤད་ཁག་པོ་འདུག གཏགས་ནོར་རེད་ལབ་ན་ཚང་མ་དེ་ལྟར་བྲིས་གནང་འདུག
    ད་དུང་ཡི་ཤེ་ལ་ཡུ་ཤི་ཞེས་པ་བདེ་བོ་མི་འདུག བརྡ་ཆད་འདི་དག་ཀྱང་གཅིག་མཚུངས་སུ་བེད་སྤྱོད་རེ་གཏོང་ཐུབ་ན་ཅི་འདྲ་དགའ་བ་ལ

  14. བསམ་ཤེས། says:
    2010-01-21 at 1:36 pm

    རྒྱལ་ཁམས་པ་འདི་འགན་ཁྲི་ཡོད་ལ། ཕུགས་བསམ་ཡོད་མཁན་གྱི་ཤེས་ཡོན་ཅན་ཞིག་རེད་འདུག ཐུགས་རྗེ་ཆེ། ཁྱེད་ཀྱི་གསུང་ལ་མངོན་པར་བསྟོད་དོ། ཁྱེད་ཀྱི་བཀའ་སློབ་གནང་བ་འདི་ནི་སྒྲོན་མེ་ལྟབུའི་གསལ་ཆ་ཞིག་ངའི་སེམས་ལ་ཤར།

  15. བོད་པ says:
    2010-01-21 at 9:52 pm

    རྔ་བས་ཡི་གེ་བརྒྱ་བྲིས་ཡོད་ནའང་དོན་དག་གཉིས་མིན་ནེ་མེད་ཁུ། དོན་དག་གཉིས་ཀ་ལོག་བཤད་ཁུངས་མེད་རེད། ༡ རྔ་བས ་”ངས་བཤད་བཞིན་པའི་ས་གཞི་ལེབ་ལེབ་ཏུ་འདོད་པའི་དམ་ཆོས་རྙིང་མ་དེPythagorasམཆོག་མ་ཕེབས་སྔོན་གྱི་ཆོས་གཞུང་ཤིག་རེད། ཐོག་མ་ཉིད་ནས་བཤད་ཟིན་པ་ལྟར། ས་གཞི་ལེབ་ལེབ་ཀྱི་ལྟ་བའི་འབྱུང་ཁུངས་ངོ་མ་དེ་ཕལ་ཆེར་འདི་རེད”།་ཟེར་་་་དམ་ཆོས་རྙིང་མ་་Pythagorasཕ་ས་གོ་རའི་སྔོན་དུ་ཡོ་རོབ་གླིང་དུ་་བསྒྱུར་མི་འདུག་ལ།་དགེ་ཆོས་ཀྱིས་བཤད་པའི་ཡོ་རོབ་དེ་ལ་འབྲེལ་བ་མི་འདུག་།་དམ་ཆོས་རྙིང་མ་ནང་གི་སུ་ཕན་ཐ་ཇན་ཐུ་ཧེ་པོར་སྐད་ནས་ལ་དན་གྱི་སྐད་དུ་བསྒྱུར་ནས་ཡོ་རོབ་ལ་དར་བའི་དུས་ནི་བདག་ཅག་གི་སྟོན་པ་འདས་རྗེས་ཀྱི་ལོ་བརྒྱ་དང་དྲུག་ཅུ་ཙམ་ཞིག་གི་རྗེས་སུ་རེད།
    ༢ ཡང་རྔ་བས་་་་” ཚན་རིག་པ་གྲགས་ཅན་སྐུ་ཞབས་སེ་ཁོ་སྒྲི་ཨ་སོ་ལེCecco D’ Ascoli1253-1327མཆོག་ཀྱང་ཐེ་འདུག་སྟབས། ཁོང་གིས་མཚན་བྱང་དུ De sphaera mundi༼ ས་གཞི་རིལ་རིལ་གྱི་ཐོག༽ཞེས་པའི་གཞུང་བརྩམས་ནས་ས་གཞི་རིལ་རིལ་ཞིག་ཡིན་པར་འགྲེལ་བརྗོད་བྱས་རྐྱེན་གསོན་སྲེག་བྱས་པའི་ལོ་རྒྱུས་འདུག ” ཟེར་ཚན་རིག་པ་སེ་ཁོ་སྒྲི་ཨ་སོ་ལེ་ས་གཞི་རིལ་རིལ་ཡིན་པར་བཤད་ནས་གསོན་སྲེག་བྱས་པ་མ་རེད། ཞིབ་གཟིགས་གནོང་དང། De sphaera mundi༼ ས་གཞི་རིལ་རིལ་གྱི་ཐོག༽ཟེར་བའི་གཞུང་འདི་་་སྐུ་ཞབས་སེ་ཁོ་སྒྲི་ཨ་སོ་ལེCecco D’ Ascoli1253-1327མཆོག་གིས་བརྩམས་པ་མ་རེད། དབྱིན་ཇིའི་མཁས་པ་་་་Johannes de Sacrobosco or Sacro Bosco (John of Holywood, c. 1195 – c. 1256 AD)མཆོག་གིས་བརྩམས་པ་རེད། བདེན་པ་ཡིན་མིན་འདི་ལ་ལྟོས་http://en.wikipedia.org/wiki/De_sphaera_mundi
    རྩོམ་བྲིས་ན་དེ་འདྲ་རྫུན་ཆེན་པོ་བཤད་ཉན་ནི་མ་རེད། འོ་་་དགེ་ཆོས་ཀྱི་རྫུན་སྲོལ་རྒྱུད་འཛིན་བྱེད་གི་ཡོད་ན་གནས་ཚུལ་ལོགས་པ་རེད།

  16. བོད་པ says:
    2010-01-21 at 10:01 pm

    ཕྱག་གཉིས་པ་དང་ཁ་ཕྱོགས་མེད་པ། བསམ་ཤེས་དང་རྩམ་དགའ་ལ་དགེ་ཆོས་ཀྱི་སྐྱག་ལོག་ཅིག་ཡིན་ནའང་རྩམ་ལོག་དེ་ཞིམ་པོ་འདུག་ཟེར་ནས་ཟ་གི་རེད།

  17. རྩམ་དགའ་ says:
    2010-01-21 at 10:14 pm

    བོད་པ་ལགས།
    ཁྱོད་དང་ང་གཉིས་ལ་དགེ་ཆོས་ཀྱི་སྐྱག་ལོག་ཟ་རྒྱུ་ཕར་ཞོག མཐའ་ན་དྲི་མ་ཙམ་ཡང་རེག་པའི་གོ་སྐབས་ཐོབ་ཡོད་ནི་མ་རེད་ལོ། ཨ་ཤུ་རེ་གོ ཁྱོད་དང་ང་གཉིས་ཀྱི་ལས་འདི་ད་ཧ་ཧ་ཧ།

  18. རྩམ་དགའ་ says:
    2010-01-21 at 11:10 pm

    དྲི་མེད་དུང་གི་ཁ་དོག་དཀར་ན་ཡང་། །
    ཕྲག་དོག་མཁྲིས་ནད་ཅན་ཚོའི་མིག་ཟུང་ལ། །
    སེར་བོར་སྣང་བའི་ནད་ངན་འདི་ཉིདལས། །
    སད་པའི་བསྐལ་བར་འཚོལ་བའི་དུས་ལ་བབ། །

    ཡར་ལ་འགྲོ་དུས་ཕྱི་ནས་འཐེན་ལ་དགའ། །
    མར་ལ་འགྲོ་དུས་སྙིང་རྗེ་ཟེར་ལ་གོམས། །
    ཁ་ཁོག་གཉིས་ཀར་ཁ་དོག་མི་འདྲ་བའི། །
    མི་སྡུག་གཤིས་འདི་བསྒྱུར་བའི་དུས་ལ་བབ། །

    དྲང་མོ་བཤད་དུས་ཚིག་ཁ་གཞན་ལ་བསྒྱུར། །
    འཛུམ་གྱིས་འཁྱོག་པོ་སྨྲ་ཡང་བདེན་པར་འཛིན། །
    རང་ལས་ཕ་མ་ཡིན་ཡང་ཕྲག་དོག་གིས། །
    ལྟ་བའི་གཤིས་འདི་བསྒྱུར་བའི་དུས་ལ་བབ། །

  19. ཁ་ཕྱོགས་མེད says:
    2010-01-21 at 11:23 pm

    ངོ་བོ་གཅིག་ལ་རྣམ་པ་གཉིས་སྤྲུལ་ནས།།
    གཅིག་གི་རྒྱབ་ལ་གཅིག་གིས་སྐྱོར་བྱས་པ།།
    བློ་ཡོན་བོད་པ་འདྲེས་པ་གང་དེའི་དྲུང།།
    གཟུར་གནས་དགྱེས་པའི་གཏམ་འདི་སྨྲ་བར་སྤྲོ།།
    ས་གཞི་རིག་པའི་ཉུལ་བའི་དགེ་ཆོས་ཁོང།།
    དུས་རབས་ཉུ་ཤིའི་བོད་མི་གཙུག་རྒྱན་དུ།།
    གོང་ས་མཆོག་གཙོས་མཁས་པའི་བསྔགས་ན་ཡང།།
    རྡོ་སྦིས་པ་དག་ད་དུང་སྡང་མིག་བྱེད།།
    སྔོན་བྱུང་དགེ་བཤེས་ཤེས་རབ་རྒྱ་མཚོས་ཀྱང།།
    དགེ་ཆོས་འཚོ་དུས་སུན་འབྱིན་མ་ནུས་ན།།
    བློ་ཡོན་བོད་པ་གཅིག་ཏུ་འདྲེས་པ་ཡིས།།
    འགྲན་པའི་དོ་ཟླ་ཉིན་མོའི་སྐར་མར་གྱུར།།
    དུས་ཀྱི་དབང་གིས་བྷབཤད་བཤད་ཐམས་ཅད་ཀྱང།།
    འགྱུར་མེད་བདེན་ངོར་གཅིག་ཏུ་གནས་མི་དགོས།།
    དེ་ལྟར་མིན་ན་སྔོན་བྱོན་མཁས་པ་རྣམས།།
    བློ་ཡོན་བོད་པའི་མདུན་ན་བླུན་པོར་འགྱུར།།
    དེང་གི་དུས་སུ་ཅོལ་ཆུང་འགའ་ཞིག་གིས།།
    ནུབ་གླིང་བ་ཡི་རིག་པར་གོམས་སོ་ཞེས།།
    སྔོན་བྱུང་མཁས་པའི་རྩེར་སོན་དགེ་ཆོས་སོགས།།
    སྐྱོན་མཚང་བརྡོལ་ནས་དུམ་བུར་བཏང་ཌྷའདོད་སྐྱེས།།
    དགེ་ཆོས་བློ་ལས་འཁྲུངས་པའི་ཚིགས་བཅད་གཅིག།
    བློ་ཡོན་བོད་པའི་མི་ཚེར་འཁྱོལ་མིན་ན།།
    རི་ལས་མཐོ་བའི་ང་རྒྱལ་མྱུར་སྤངས་ནས།།
    པུས་མོ་ས་ལ་བཙུགས་ནས་འགྱོད་སེམས་བྱོས།།

  20. རྣམ་དག says:
    2010-01-23 at 8:56 am

    བོད་པ་ནས་ཁོང་གིས་རྫུན་བཤད་ཀིན་ཡོད་ཁུལ་ཞིག་བཤད་འདུག འདི་ལ་གསལ་བཤད་འདྲ་མེད་དམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme