Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་སྐབས་ཀྱི་མཐོང་ཐོས་འགའ་ཤས།༼༦༽

Posted on 2016-08-032016-08-03 By ཁ་བརྡ་ 3 Comments on རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་སྐབས་ཀྱི་མཐོང་ཐོས་འགའ་ཤས།༼༦༽

རེ་མདོ་སེངྒེ་།
 

ཡོ་རོབ་ཏུ་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ཐེངས་བཅུ་བཞི་པར་བསྐྱོད་པའི་སྐབས་ཀྱི་མཐོང་ཐོས་འགའ་ཤས། {ཚན་པ་དྲུག་པ།}

༄༅།། ཕྱི་ཟླ་ ༦ ཚེས་ ༢༩ ཉིན་གྱི་ཕྱི་དྲོ་ལྗི་ནེས་ལྦ་ནས་མེ་འཁོར་བརྒྱུད་ཧྥ་རན་སི་ལ་ཕྱིན། ཧྥ་རན་སིར་གནས་སྡོད་ཕ་ཡུལ་གཅིག་པའི་གྲོགས་པོ་སཀོར་ཞིག་གིས་སྔོན་མ་ནས་གོ་སྒྲིག་བྱས་ཡོད་པ་ལྟར་ཆུ་ཚོད་དྲུག་པ་ཡས་མས་ཐོག་ཧྥ་རན་སིའི་རྒྱལ་ས་པེ་རིའི་སི་ལ་འབྱོར་ཐུབ་པ་བྱས། སྤྱིར་ཧྥ་རན་སིའི་རྒྱལ་ཁབ་འདི། མཚན་ཉིད་རིག་པ་དང༌། སྙན་ངག་རིག་པ། དེང་རབས་ཚན་རིག་བཅས་རིག་གཞུང་གསར་རྙིང་གཉིས་ཐད་ནས་འཛམ་གླིང་ཐོག་ཤུགས་རྐྱེན་ཐེབས་པའི་མཁས་པ་སྙན་གྲགས་ཅན་ཤིན་ཏུ་མང་པོ་གསོ་སྐྱོང་གནང་སའི་ལུང་པ་གྲགས་པ་ཅན་ཞིག་ཡིན་པས། ཡོངས་གྲགས་སུ་ཧྥ་རན་སི་ལ་འཛམ་གླིང་གི་རིག་གཞུང་གི་གྲོང་རྡལ་ཞེས་པའི་མཚན་འབོད་བྱེད་ཀྱི་ཡོད་པར་མ་ཟད། ཁོ་བ་ཚོའི་བསམ་བློར་ཧྥ་རན་སི་ནི་རིག་གཞུང་སྣ་མང་གིས་ཕྱུག་པའི་རྒྱལ་ཁབ་ཅིག་ཡིན་པའི་སྤོབས་པ་ཆེན་པོ་འདུག

ཕྱི་ཚེས་ ༢༧ ཉིན་ཐོག་མར་པེ་རི་སིའི་གནམ་ཐང་ནས་མེ་འཁོར་འབབ་ཚུགས་ལ་ཡོང་བའི་སཀབས་དང༌། ཚེས་ ༢༩ ཉིན་སླར་ཡང་མེ་འཁོར་འབབ་ཚུགས་དང༌། དེ་ནས་ཕྱིར་ཐོན་ཏེ་པེ་རི་སིའི་གྲོང་ཁྱེར་ནང་ཡོང་བའི་སཀབས། སྙན་གྲགས་ཆེ་བའི་པེ་རི་སིའི་གྲོང་ཁྱེར་དེ་ཙམ་གཙང་རྒྱུ་མེད་པའི་ཐོག གང་སར་སློང་མོ་པ་མང་པོ་མཐོང་རྒྱུ་ཡོད་པར་མ་ཟད། ཆང་གིས་བཟི་ནས་ལམ་འགྲམ་གཡས་གཡོན་གྱི་ས་རྗེན་ཐོག་ཉལ་བསྡད་པ་དང༌། རྫས་ངན་སྤྱོད་ཐལ་ཆེས་པས་རིག་ཚོད་མི་ཟིན་པར་གྱུར་པའི་མྱི་ནག་དུམ་སཀོར་རེ་གང་སར་མཐོང་རྒྱུ་འདུག་པས། དེ་སྔ་ཡིད་ལ་འཆར་བ་དང་དེ་རིང་མིག་གིས་དངོས་སུ་མཐོང་བ་གཉིས་ལ་མ་འདྲ་བའི་ཁྱད་པར་ཆེན་པོ་ཤོར་འདུག་སྙམ་པ་བྱུང༌།

a8223f75-118e-48ab-8a9e-9cd619e09dd5དེ་ནས་པེ་རི་སིར་རྟེན་གཞི་བྱས་པའི་འབྲེལ་ཡོད་འགའ་ཤས་དང་མཉམ་དུ་མགྲོན་བདག་གི་ནང་དུ་ཕྱིན། ཁོང་གི་ཁང་པ་པེ་རི་སའི་ཤར་ངོས་སུ་ཐོག་རྩེག་བཅོ་ལྔ་ཅན་ཞིག་གི་སྟེང་ན་འདུག་ཅིང༌། ང་ཚོ་དེར་སླེབས་པའི་རྗེས་རིམ་གྱིས་པེ་རི་སིར་ཡོད་པའི་འབྲེལ་ཡོད་རྣམས་ལྷན་དུ་འཛོམས་པ་ན། མགྲོན་བདག་དང་མགྲོན་པོ་ཡོངས་རྫོགས་བསྡོམས་པའི་མི་ཉི་ཤུ་མ་ཟིན་ཙམ་འདུག་ལ། ང་ཚོ་མང་ཆེ་བ་ངོ་མ་ཐུག་ནས་ལོ་ལྔ་དྲུག་རེ་འགོར་བ་ཤ་སྟག་ཡིན་པས་ལྷན་འཛོམས་ཀྱི་སྤྲོ་སྣང་ཆེན་པོ་ཡོད་པ་སྨོས་མ་དགོས།

ཕྱི་ཉིན་ནས་ཁོང་ཚོས་གོ་སྒྲིག་བྱས་འདུག་པ་ལྟར་པེ་རི་སིའི་གྲོང་ཁྱེར་ནང་ལྟ་སྐོར་དུ་ཕྱིན། གྲོང་ཁྱེར་འདིར་གནའ་བོའི་ཁང་རྙིང་ཕུན་སུམ་ཚོགས་པའི་མཛེས་བཀོད་དང་བརྗིད་ཉམས་ཅན་ཤིན་ཏུ་མང་ཞིང༌། ཁང་རྙིང་འདི་དག་གི་ཐོག་ནས་ཧྥ་རན་སི་སྔ་མོ་ཅི་ཙམ་སྟོབས་འབྱོར་ཆེན་པོར་གྱུར་འདུག་པ་རྟོགས་ཐུབ་པར་མ་ཟད། ཧྥ་རན་སིའི་བརྗིད་ཉམས་ལྡན་པའི་ཁང་བཟོའི་ལག་རྩལ་འདིས་ཡོ་རོབ་ཀྱི་རྒྱལ་ཁབ་མང་པོར་ཤུགས་རྐྱེན་ཆེན་པོ་ཐེབས་འདུག་སྙམ་པ་རང་བཞིན་གྱིས་ཡོང་གི་འདུག སྤྱིར་ཡོ་རོབ་འདི་གནའ་སྔ་མོའི་ལོ་རྒྱུས་ཀྱི་གནས་སྟངས་སྣ་ཚོགས་ཀྱི་རྐྱེན་པས་ཆོས་ལུགས་དང༌། རིག་གཞུང༌། འཚོ་སྤྱོད་གོམས་གཤིས། ཁང་བཟོའི་ལག་རྩལ་སོགས་ཕྱོགས་མང་པོ་ནས་ཕན་ཚུན་ཤུགས་རྐྱེན་ཆེན་པོ་ཐེབས་བསྡད་པ་ཞིག་ཡིན་པ་གསལ་པོར་རྟོགས་ཐུབ། མཐའ་ན་གནའ་བོའི་ལམ་རྙིང་ཁག་ཏུ་རྡོ་སྒྲིག་སྟངས་ཚུན་ཆད་ཕན་ཚུན་འདྲ་མཚུངས་དང་ཤུགས་རྐྱེན་ཆེན་པོ་འདུག་པ་མངོན་གསལ་དུ་མཐོང་ཐུབ་པ་ཞིག་འདུག

ཧྥ་རན་སིའི་ EIFFEL TOWER ཨེཧྥལ་ཊོལྦེར་ཏེ་ནམ་མཁའི་མཐོངས་ལ་ཟུག་པའི་སྙན་གྲགས་ཅན་གྱི་ལྕགས་མདོང་འདི་པེ་རི་སིར་འབྱོར་བའི་ཡུལ་སྐོར་བ་མང་ཆེ་བའི་དམིགས་འབེན་གཙོ་བོ་ཞིག་ཡིན་འདུག་ཅིང༌། ང་ཚོ་ཡང་གྲོང་ཁྱེར་གྱི་གཞུང་བརྒྱུད་ནས་ཐོག་མར་ཨེཧྥལ་ཊོལྦེར་ལ་ཕྱིན། འདིའི་མཐོ་ཚད་སྨི་ཁྲི་ ༣༠༠ ལྷག་ཡོད་པས་ང་མགོ་རྩ་བཟང་རྒྱུ་མེད་སྟབས་རྩེ་མོ་བར་འགྲོ་མ་ཐུབ་ཀྱང་སྐེད་པ་ནས་པེ་རི་སིའི་གྲོང་ཁྱེར་ལག་མཐིལ་དུ་བཞག་པ་ལྟར་མཐོང་ཐུབ་ཀྱི་འདུག ལྕགས་མདོང་འདི་ཕྱི་ལོ་ ༡༨༨༧ ལོ་ནས་ཕྱི་ལོ་ ༡༨༨༩ ལོའི་བར་བཟོ་བསྐྲུན་བྱས་འདུག་པ་དང༌། བཟོ་འགོད་པའི་མཚན་ EIFFEL TOWER ཨེཧྥལ་ཊོལྦེར་ཞེས་པ་ཁོང་གིས་བཟོ་བསྐྲུན་བྱས་པའི་ལྕགས་མདོང་ལ་བཏགས་པ་ཡིན་འདུག ལྕགས་མདོང་འདི་འཛམ་གླིང་ཞི་བདེའི་ཆེད་དུ་ཡིན་ལུགས་སོགས་འགྲེལ་བཤད་སྣ་ཚོགས་ཡོད་ཚོད་འདུག་ཀྱང༌། ཧྥ་རན་སིའི་ཨེཧྥལ་ཊོལྦེར་དང༌། ས་འོག་གི་ལྕགས་ལམ། ཨ་རིའི་རང་དབང་ལྷ་མོ་བཅས་ཀྱི་ཐོག་ནས་ཧྥ་རན་སིའི་རྣོ་ལྕགས་ཀྱི་སྤུས་ཚད་དང༌། ལྕགས་བཟོའི་ལག་རྩལ། སྟོབས་འབྱོར་གྱི་གནས་སྟངས་བཅས་གསལ་པོར་མཐོང་ཐུབ་ཀྱི་འདུག་ཅིང༌། འདི་དག་གི་ལག་རྩལ་དང་སྤུས་ཚད་གང་ཅིའི་ཐད་ནས་ངོ་མཚར་མི་བྱེད་མཁན་ཕལ་ཆེར་ཡོད་ཚོད་མི་འདུག

dc00b6f8-2221-4f25-a6f0-fc367c9ed00fདེ་ནས་ཧྥ་རན་སིའི་ལོ་རྒྱུས་ཐོག་སྐད་གྲགས་ཡོད་པའི་སྒོ་ཆེན་ ARC DE TRIOMPHE ལྟ་བར་ཕྱིན། སྒོ་ཆེན་དེ་ནི་ཤིན་ཏུ་བརྗིད་ཉམས་ལྡན་པ་དང་ཧྥ་རན་སིའི་ཁྱད་ཆོས་ཀྱི་མཛེས་བཀོད་ལྡན་པ་ཞིག་རེད་འདུག་ལ། སྒོ་ཆེན་ངོས་ཀྱི་མཛེས་རྩལ་ལྡན་པའི་རི་མོ་དག་ལ་ལོ་རྒྱུས་དང་རིག་གཞུང་གི་དོན་སྙིང་ལྡན་པའི་འགྲེལ་བཤད་སྣ་ཚོགས་བསྐྱོན་གྱི་འདུག སྒོ་ཆེན་འདི་ཕྱི་ལོ་ ༡༨༠༦ ལོ་ཡས་མས་སུ་བཞེངས་པ་ཞིག་ཡིན་འདུག་ཅིང༌། དགོས་དོན་ནི་ཧྥ་རན་སིའི་རྒྱལ་པོ་ནཱ་ཕོན་ལོན་ Napoleon ཞེས་སྙན་གྲགས་དང་མཛད་རྗེེས་ཅན་ཞིག་བྱུང་བ་དེའི་དྲན་རྟེན་གཟེངས་བསྟོད་ཀྱི་ཆེད་དུ་བཞེངས་པ་ཞིག་ཡིན་འདུག

དེ་ནས་རྒྱལ་སྤྱིའི་ཐོག་སྙན་གྲགས་ཡོད་པའི་ THE LOUVRE ཞེས་པའི་འགྲེམ་སྟོན་ཁང་ལ་ལྟ་བར་ཕྱིན། འགྲེམ་སྟོན་ཁང་དེ་ཤིན་ཏུ་རྒྱ་ཆེ་བས་ཞིབ་ཚགས་ཀྱིས་བལྟས་ན་ཟླ་བ་གཅིག་ལྷག་གི་དུས་ཚོད་དགོས་པ་རེད་ཟེར་བའི་ཤོད་སྲོལ་ཞིག་མཆིས། དངོས་ཡོད་གནས་ཚུལ་ལ་རྒྱུས་མེད་པའི་གྲོང་ཁྱེར་ཆེན་པོ་ཞིག་གི་སྲང་མདོ་ནས་མགོ་འཁོར་བ་ལྟར། གང་བྱུང་གིས་འགྲོ་ཐུབ་པ་ཞིག་གཏན་ནས་མ་རེད། ང་ཚོས་སྒྱུ་རྩལ་གྱི་རི་མོ་སཀད་གྲགས་ཅན་འགའ་ཤས་བདམས་ནས་དེ་དག་ལ་བལྟས་པའི་རྗེས་ཐད་ཀར་ཨེ་ཤི་ཡའི་སྡེ་ཚན་རྩད་གཅོད་བྱས་ཏེ་ཕྱིན། ཨེ་ཤི་ཡའི་སྡེ་ཚན་རྩད་གཅོད་ཐུབ་པར་དཀའ་ངལ་ཕྲན་བུ་བྱུང་ཡང་དངོས་སུ་སྡེ་ཚན་དེར་སླེབས་པའི་སཀབས། བོད་ཀྱི་རིག་གཞུང་དང་འབྲེལ་བའི་དངོས་རྫས་སྣ་གཅིག་ཀྱང་མི་འདུག་པར་མ་ཟད། རྒྱ་གར་དང་རྒྱ་ནག་གི་རིག་དངོས་ཀྱང་མཚོན་ཙམ་ལས་མི་འདུག་པས་ང་ཚོར་གཅིག་གྱུར་གྱིས་ཚོར་སྣང་མ་བདེ་བ་ཞིག་བྱུང༌།

ཧྥ་རན་སིའི་གྲོང་ཁྱེར་གྱི་མཐའ་ཡོངས་རྫོགས་ལ་རྒྱ་མཚོ་ཡུར་བར་དྲངས་པའི་མཛེས་བཀོད་ནི་སྨྲ་བརྗོད་ལས་འདས་པ་ལྟ་བུ་ཞིག་འདུག་ལ། གྲི་གཟིངས་བརྒྱུད་ནས་གྲོང་ཁྱེར་ལ་ལྟ་སཀོར་བྱེད་མཁན་ཤིན་ཏུ་མང༌། གྲོང་ཁྱེར་ཕྱི་ནང་གི་ཡུར་བ་འདི་དག་རང་བྱུང་གིས་དོད་པ་ཞིག་མིན་པ་ང་ཚོས་གསལ་པོར་ཤེས་ཐུབ། འདིའི་རྒྱབ་ལྗོངས་ཀྱི་ལོ་རྒྱུས་ལ་བལྟས་ན་ཤི་བོ་ཁྲི་མ་འབུམ་གྱི་ཟུངས་ཁྲག་ཡུར་བ་འདི་དག་དང་འདྲེས་ནས་ཡོད་པར་མ་ཟད། གསལ་ལ་མི་གསལ་བའི་གཙང་པོའི་རླབས་སྒྲའི་ནང་དུ་གཤིན་པོའི་ངུ་སྐད་ཀྱང་འདྲེས་ཡོད་ཚོད། མ་ཟད་དེང་སང་པེ་རི་སིར་སྐྱབས་བཅོལ་དུ་ཡོད་པའི་ཁ་ཆེ་པ་དང་མྱི་ནག་མང་པོ་ཞིག་གིས། པེ་རི་སིའི་གྲོང་ཁྱེར་འདི་ང་ཚོའི་ཡབ་མེས་གོང་མ་རྣམས་ཀྱིས་བསྐྲུན་པ་ཡིན་པས། ང་ཚོར་རང་གི་ཡབ་མེས་ཀྱི་དཔལ་ཡོན་ལ་ལོངས་སྤྱོད་པའི་ཐོབ་ཐང་ཡོད་ཟེར་ནས་འཁོན་སེམས་འཆང་མཁན་ཡང་ཤིན་ཏུ་མང་པོ་ཡོད་འདུག
སྤྱིར་ལོ་རྒྱུས་ཀྱི་དབང་དུ་བྱས་ན་ད་ལྟའི་ཧྥ་རན་སིའི་རྒྱལ་ཁབ་ཆགས་སའི་ས་ཁྱོན་འདི་ཕྱི་ལོའི་གོང་ནས་རོམ་རྒྱལ་ཁབ་ཁོངས་ཀྱི་མངའ་སྡེ་ལྟ་བུ་ཞིག་ཡིན་འདུག་ཀྱང༌། ཕྱི་ལོ་དུས་རབས་ལྔ་པའི་ནང་ལུང་པ་འདིར་ཧྥ་རན་ཁི་ཞེས་པའི་མི་རིགས་ཤིག་སྐྱབས་བཅོལ་དུ་འབྱོར་ཞིང༌། མི་རིགས་འདི་རིམ་པས་གང་ཅིའི་ཐད་ནས་སྟོབས་ཤུགས་རྒྱས་ནས། ཕྱི་ལོ་དུས་རབས་བཅོ་ལྔ་པའི་མཇུག་ཏུ་ད་ལྟའི་ཧྥ་རན་སི་ཞེས་པའི་རྒྱལ་ཁབ་འདི་བཙུགས། སཀབས་དེར་རྒྱལ་ཁབ་ཀྱི་ངོ་བོ་ནི་གཅིག་སྡུད་དབང་འཛིན་རྒྱལ་པོའི་ལམ་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་འདུག

02030051-2141-4f0b-99e8-0afbf1f56b7e

ཕྱི་ལོ་ ༡༧༨༩  ལོའི་ཟླ་ ༧ ཚེས་ ༡༤ ཉིན་ཧྥ་རན་སིའི་གསར་བརྗེ་ཞེས་པའི་ལས་འགུལ་ཐོག་མར་བྱུང༌ཞིང༌། གསར་བརྗེ་འདི་ནི་འཛམ་གླིང་ཐོག་ཤིན་ཏུ་སྙན་གྲགས་དང་ཤུགས་རྐྱེན་ཆེ་བའི་གསར་བརྗེའི་ལས་འགུལ་ཞིག་ཡིན་ལ། ཡོ་རོབ་ཙམ་མ་ཡིན་པར་འཛམ་གླིང་སྤྱིའི་དེང་རབས་ཀྱི་ཆབ་སྲིད་དང༌། དཔལ་འབྱོར། དམག་དོན་ཡོངས་རྫོགས་གསར་བརྗེ་འདིའི་རླབས་རྒྱུན་དང་མ་འབྲེལ་བ་གཅིག་ཀྱང་མེད་པ་ལྟ་བུ་ཞིག་ཡིན་འདུག དཔེར་ན། དེང་རབས་ཆབ་སྲིད་ལམ་ལུགས་ཀྱི་ཚད་གཞི་མཐོ་ཤོས་སུ་བརྩི་བའི་མང་གཙོའི་ལམ་ལུགས་དང༌། རྒྱབ་རྟེན་གྱི་རིག་པའི་གཞུང་ལུགས་གཉིས་ཀ་ལོ་རྒྱུས་ཀྱི་དུས་སཀབས་དེ་ནས་གཏིང་ཚུགས་པ་དང་ཡོངས་ཁྱབ་ཏུ་གྱུར་པ་ཞིག་ཡིན་པའི་ངོས་འཛིན་བྱེད། སྤྱིར་གསར་བརྗེའི་ལས་འགུལ་འདིས་འཛམ་གླིང་ཡོངས་ལ་སྔར་བྱུང་མ་མྱོང་བ་ལྟ་བུའི་སྒུལ་སྐྱོམ་ཆེན་པོ་ཞིག་བཏང་བས། འདི་ལ་དགེ་སྐྱོན་གྱི་གནས་ཚུལ་སྣ་ཚོགས་ཡོད་པ་སྨོས་མ་དགོས་ཀྱང༌། རང་དབང་དང༌། འདྲ་མཉམ། བྱམས་བརྩེ་བཅས་ནི་མང་གཙོའི་ལྟ་གྲུབ་དང་ལམ་ལུགས་ཀྱི་གཞི་རྟེན་བཅོལ་སའི་རྩ་དོན་ཞིག་ལ་གཏན་འབེབས་མཛད་འདུག་པ་ནི། ཤིན་ཏུ་དགའ་འོས་པའི་མཛད་བཟང་རླབས་ཆེན་ཞིག་ཡིན་པ་སྨོས་མ་དགོས།

ཕྱི་ལོ་ ༡༨༤༨ ལོར་རྒྱལ་མང་མཉམ་གླེང་གི་ལམ་ལུགས་ལ་བརྟེན་ནས་ཧྥ་རན་སིའི་རྒྱལ་པོ་ནཱ་ཕོན་ལོན་ཞེས་པ་ཞིག་གིས་ཐེངས་གཉིས་པའི་ཧྥ་རན་སིའི་གཅིག་མཐུན་རྒྱལ་ཁབ་བཙུགས། རྒྱལ་པོ་འདིས་དམག་འཐབ་ལ་བརྟེན་ནས་ཡོ་རོབ་ཤར་མའི་རྒྱལ་ཁབ་ཡོངས་རྫོགས་མངའ་འོག་ཏུ་བཅུག་སྟེ། རྒྱལ་ཁབ་ཀྱི་མངའ་ཁོངས་ཤིན་ཏུ་རྒྱ་བསྐྱེད་མཛད། སོག་པོའི་ཇིང་གིར་རྒྱལ་པོའི་རྗེས་སུ་ཁོང་འཛམ་གླིང་ཐོག་དམག་འཐབ་ལ་གྲགས་པ་ཆེ་ཤོས་ཀྱི་རྒྱལ་པོ་ཞིག་ཏུ་ཆགས་ཡོད།

ཕྱི་ལོ་ ༡༨༧༠ ལོར་ད་ལྟའི་ཧྥ་རན་སིའི་རྒྱལ་ས་པེ་རི་སིར་མི་མང་གིས་གྱེན་ལངས་བྱས་ཏེ། འབྱོར་མེད་གྲལ་རིམ་གྱི་སྤྱི་ཚོགས་སྲིད་དབང་དང༌། ཐེངས་གསུམ་པའི་ཧྥ་རན་སིའི་གཅིག་མཐུན་རྒྱལ་ཁབ་བཙུགས་ཤིང༌། བཅའ་ཁྲིམས་ལམ་ལུགས་གསར་གཏོད་བྱས། འོན་ཀྱང་ཕྱིས་སུ་འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པའི་སཀབས་ཧྥ་རན་སི་འཇར་མན་གྱི་བཙན་འཛུལ་འོག་ཏུ་ཤོར་བ་རེད། འཇིག་རྟེན་གྱི་དར་རྒུད་ནི་ཤིང་རྟའི་འཁོར་ལོ་ལྟར་རེས་མཐོ་རེས་དམའ་ཡིན་པའི་གཏམ་དཔེ་ཤོད་སྲོལ་ཡོད་པ་ནི་ཤིན་ཏུ་དོན་ལ་གནས་པ་སྟེ། སྟོབས་འབྱོར་མངའ་ཐང་གི་ཁེངས་དྲེགས་གནམ་ལ་ཐུག་པའི་ཧྥ་རན་སིའི་རྒྱལ་པོ་དམག་ཆེན་གཉིས་པའི་སཀབས་ཨེང་ལེན་དུ་བྲོས་བྱོལ་དུ་ཕྱིན་ཏེ། རང་དབང་གི་ཧྥ་རན་སི་ཞེས་པའི་སྐྱབས་བཅོལ་སྲིད་གཞུང་ཞིག་འཛུགས་དགོས་བྱུང་ཡོད།

དེང་སང་ཡོ་རོབ་སྒྲིག་འཛུགས་ཀྱི་སྤྱི་དངུལ་ EURO ཡོ་རོབ་ཅེས་པ་འདི་བེད་སྤྱོད་མ་བྱས་པའི་གོང་དུ་ཧྥ་རན་སའི་ཡུལ་དུ་ཧྥ་རན་ཁི་ཟེར་བའི་སྒོར་མོ་ཞིག་བཀོལ་སྤྱོད་བྱས་འདུག་ཅིང༌། ཧྥ་རན་ཁི་ཟེར་བ་ནི་རྒྱལ་པོའི་མཚན་ལས་དྲངས་ཏེ་བཏགས་པ་དང༌། རྒྱལ་པོའི་མཚོན་རྟགས་ལྟ་བུ་ལ་ཡང་བེད་སྤྱོད་བྱེད་ཀྱི་ཡོད་འདུག སྒོར་མོ་འདི་ལ་རྒྱལ་པོ་སོ་སོའི་སཀབས་འགྱུར་བ་མ་འདྲ་བ་སྣ་ཚོགས་བྱུང་འདུག་ཅིང༌། ཐོག་མའི་སཀབས་ལྕགས་དང༌། ཟངས། དངུལ་བཅས་ཀྱི་རྒྱུ་ཆ་མ་འདྲ་བ་སྣ་ཚོགས་ལས་བསྐྲུན་པ་ཞིག་ཡིན་འདུག་ཀྱང༌། ཕྱི་ལོ་ ༡༣༦༠ ལོ་ནས་ཕྱི་ལོ་ ༡༦༡༧ ལོའི་བར་ཧྥ་རན་ཁི་ཟེར་བ་གསེར་གྱི་ངོ་བོར་བསྒྱུར་བའི་སྟེང་དུ་རྟ་མཆོག་གི་བརྙན་རིས་ཤིག་པར་བའི་མིང་ལ་རང་དབང་གི་རྟ་ཞེས་གྲགས་པར་བཤད། འདི་ལྟར་ཧྥ་རན་ཁིའི་རྒྱུ་ཆ་དང་དབྱིབས་བཀོད་བཅས་ལ་རྒྱལ་པོ་སོ་སོའི་སཀབས་འགྱུར་བ་རིམ་པ་སྣ་ཚོགས་བྱུང་འདུག་ཀྱང༌། ཕྱི་ལོ་ ༡༧༩༥ ལོ་ནས་ཧྥ་རན་ཁི་ཞེས་པ་ཧྥ་རན་སིའི་རྒྱལ་ཡོངས་ཀྱི་དངུལ་ལ་ཁྲིམས་ཐོག་ནས་གཏན་འབེབས་བྱས་འདུག

ཕྱི་ལོ་ ༡༩༥༨ ལོར་ཧྥ་རན་སིའི་དེང་རབས་མང་གཙོའི་རྒྱལ་ཁབ་འདི་བཙུགས་པ་ནི། ཧྥ་རན་སི་གཅིག་མཐུན་རྒྱལ་ཁབ་འཛུགས་ཐེངས་བཞི་པ་དེ་ཡིན། ཕྱི་ལོ་ ༡༩༩༩ ལོ་ནས་ལོར་ཡོ་རོབ་མཉམ་འབྲེལ་ནང་ཁུལ་ལ་ཡོ་རོབ་ཅེས་པའི་སྒོར་མོ་འདི་བེད་སྤྱོད་བྱེད་པའི་འགོ་བཙུགས་འདུག་ཀྱང༌། ལོ་ཤས་རིང་མང་ཚོགས་དང་དངུལ་ཁང་གཉིས་ཀས་དེ་སྔའི་ཧྥ་རན་ཁི་ཞེས་པའི་སྒོར་མོ་མུ་མཐུད་བེད་སྤྱོད་བྱས་པ་ལས་ཡོ་རོབ་བེད་སྤྱོད་གཏོང་ཐུབ་མེད་ཚོད། ཡོ་རོབ་དངོས་སུ་བེད་སྤྱོད་ལག་བསྟར་བྱ་བ་ནི་ཕྱི་ལོ་ ༢༠༠༢ ལོ་ཡིན་པ་དང༌། སཀབས་དེར་ཡོ་རོབ་གཅིག་ལ་ཧྥ་རན་ཁི་ ༦.༥ ཡིན་འདུག

ད་ལྟའི་ཧྥ་རན་སིའི་ས་ཆའི་རྒྱ་ཁྱོན་ནི། སྤྱི་ལེ་གྲུ་བཞི་མ་ ༦༤༠.༦༧༩ ཡིན་པ་དང༌། མི་འབོར་ ༦༦.༦༡༦.༤༡༦ ཡིན། ཧྥ་རན་སིའི་མི་ ༡༡༨ ཐུན་མོང་ལ་ས་ཆ་སྤྱི་ལེ་གྲུ་བཞི་མ་གཅིག་ལས་ཐེམས་ཀྱི་མེད་པས་མི་འབོར་དང་ས་ཁྱོན་གྱི་བར་དོ་མ་མི་སྙོམ་པའི་དཀའ་ངལ་ཆེན་པོ་ཞིག་ཡོད། གོང་གསལ་གྱི་མི་འབོར་དེ་དག་ལས་ཧྥ་རན་སི་རང་གི་མི་མ་ཡིན་པ་ཕྱི་ཡོང་གི་མི་གྲངས་ས་ཡ་བཅུ་གཅིག་དང་འབུམ་བརྒྱད། དེའི་ནང་ནས་ས་ཡ་ལྔ་ལྷག་ཕྱི་ཡོང་མི་རིགས་ཡིན་པ་གང་ཞིག་ལ་སྐྱེ་ཁུངས་ཧྥ་རན་སི་ཡིན་པ་དང༌། མི་གྲངས་ས་ཡ་དྲུག་ལྷག་ཕྱི་ནས་གསར་དུ་ཡོང་བ་ཡིན་འདུག ཕྱི་ཡོང་གི་མི་གྲངས་དེ་དག་ལས་ས་ཡ་ལྔ་ཡོ་རོབ་ཀྱི་རྒྱལ་ཁབ་གཞན་དག་ནས་སླེབས་པ་དང༌། ས་ཡ་བཞི་ལྷག་ཨ་རབ་ཀྱི་རྒྱལ་ཁབ་ཁག་ནས་ཡོང་བ། ས་ཡ་གཅིག་ལྷག་ཨ་ཧྥེ་རི་ཀ་ནས་ཡོང་བ། འབུམ་བཞི་ནས་ལྔའི་བར་ཊི་ཀའི་ཡུལ་ཁག་ནས་ཡོང་བ་བཅས་ཡིན་པས། འདི་དག་ནི་ཧྥ་རན་སིའི་ཕྱི་ཡོང་མི་འབོར་མང་ཤོས་ཀྱི་གྲས་ཡིན། འདི་ལྟར་མི་གྲངས་མང་བ་དང་ས་རྒྱ་ཆུང་བའི་དཀའ་ངལ་མུས་ཐོག བར་ལམ་ནས་ཕྱི་ཡོང་གི་མིའི་གྲས་ནས་འཇིགས་སཀུལ་དྲག་སྤྱོད་པའི་རིགས་མང་པོ་ཐོན་གྱི་ཡོད་སྟབས། ཧྥ་རན་སིའི་གཞུང་གིས་སྐྱབས་བཅོལ་པ་ལེན་རྒྱུར་དོ་དམ་ཆེན་པོ་གནང་གི་ཡོད་འདུག

སྤྱིར་ཧྥ་རན་སིའི་མི་རིགས་སྔ་མོ་ནས་བཟོ་རིག་ལག་རྩལ་འཛམ་གླིང་གི་ཨང་གཉིས་པ་ཡིན་པར་མ་ཟད། དེང་སང་ཡང་ལྕགས་རིགས་ཞུན་སྦྱང་དང༌། རྣོ་འདུལ་སྦྱང་བྱེད་པའི་ལག་རྩལ་སྙན་གྲགས་ཆེན་པོ་ལྡན། དེང་རབས་ཀྱི་གྱོན་གོས་སྣ་ཚོགས་དང༌། རྒྱན་ཆའི་རིགས། ལག་ཁུག་གི་རིགས་སོགས་དེང་རབས་གཞོན་སྐྱེས་ཚོས་དོ་སྣང་དང་དགའ་མོས་བྱེད་སའི་བཅའ་དངོས་མང་པོ་ཞིག་ཧྥ་རན་སི་ནས་ཐོན་གྱི་ཡོད།
འཚོ་ཐབས་དང་དཔལ་འབྱོར་གནས་སྟངས་ཀྱི་དབང་དུ་བྱས་ན། ཧྥ་རན་སི་འདི་ཞིང་ལས་གཙོ་བོར་འཛིན་པའི་རྒྱལ་ཁབ་ཅིག་ཡིན་འདུག་ཅིང༌། སྤྱིར་བཏང་གི་འབྲུ་རིགས་ཙམ་མ་ཟད་ཤིང་འབྲས་རིགས་སྣ་ཚོགས་འདེབས་ལས་བྱེད་པ་ལ་དམིགས་བསལ་ཁྱད་ཆོས་ལྡན་པ་ཞིག་ཡིན་འདུག དཔེར་ན། འཛམ་གླིང་ཐོག་སྙན་གྲགས་ཡོད་པའི་ཧྥ་རན་སིའི་རྒུན་ཆང་དམར་པོ་ཡང་ཁོང་ཚོས་འདེབས་ལས་བྱས་པའི་རྒུན་འབྲུམ་གྱི་འབྲས་བུས་ཐོན་བསྐྱེད་བྱས་པ་ལྟ་བུ་ཡིན།

དེ་མིན་གཞན་པའི་དཔལ་འབྱོར་གྱི་ཡོང་ཁུངས་གཙོ་ཆེ་བ་ནི། སྣུམ་དང༌། ལྕགས། རླང་རྫས། གཏེར་རྫས་སྣ་ཚོགས་བཅས་ནི་ཧྥ་རན་སིའི་དཔལ་འབྱོར་ཡོང་ཁུངས་ཨང་དང་པོ་དང༌། ཡུལ་སཀོར་བའི་ཡོང་འབབ་ཀྱིས་ཧྥ་རན་སིའི་དཔལ་འབྱོར་ཡོང་ཁུངས་ཨང་གཉིས་པ་ཟིན་གྱི་ཡོད། དེང་སང་འཛམ་གླིང་གི་དཔལ་འབྱོར་ཡར་རྒྱས་ཀྱི་གནས་རིམ་དབང་དུ་བྱས་ན། ཧྥ་རན་སི་འཛམ་གླིང་དཔལ་འབྱོར་ཡར་རྒྱས་ཨང་ཚད་དྲུག་པར་ཆགས་ཡོད།

༼་་་་་་མུ་འགོད།༽

དྲན་ཐོ།

Post navigation

Previous Post: བྱང་ཨ་རིའི་གཟའ་མཇུག་སློབ་དེབ་སྐོར་གྱི་བསམ་ཚུལ།
Next Post: བྱང་ཨ་རིའི་གཟའ་མཇུག་སློབ་གྲྭའི་བོད་ཡིག་སློབ་དེབ་ཟེར་བ་འདི་རེད།

Comments (3) on “རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་སྐབས་ཀྱི་མཐོང་ཐོས་འགའ་ཤས།༼༦༽”

  1. ཀརྡོ་གཉེར་ཕྱག་པ་ says:
    2016-08-04 at 9:10 am

    ་་་་་་་ ཨེ་ཤི་ཡའི་སྡེ་ཚན་རྩད་གཅོད་ཐུབ་པར་དཀའ་ངལ་ཕྲན་བུ་བྱུང་ཡང་དངོས་སུ་སྡེ་ཚན་དེར་སླེབས་པའི་སཀབས། བོད་ཀྱི་རིག་གཞུང་དང་འབྲེལ་བའི་དངོས་རྫས་སྣ་གཅིག་ཀྱང་མི་འདུག་པར་མ་ཟད། རྒྱ་གར་དང་རྒྱ་ནག་གི་རིག་དངོས་ཀྱང་མཚོན་ཙམ་ལས་མི་འདུག་པས་ང་ཚོར་གཅིག་གྱུར་གྱིས་ཚོར་སྣང་མ་བདེ་བ་ཞིག་བྱུང༌། ་་་་་་་

  2. བསྟན་འཛིན་འཕྲིན་ལས། says:
    2016-08-05 at 7:29 am

    ཁ་བྱང་ལ་་་་་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་སྐབས་ཀྱི་མཐོང་ཐོས་འགའ་ཤས་་་ཟེར་ན་དངོས་གནས་འབྲེལ་བ་མི་འདུག རྒན་ལགས། སྤྱིར་བཏང་གི་ཡོ་རོབ་བསྐོར་བསྐྱོད་ཀྱི་མཐོང་ཐོས་ཟིན་བྲིས་ཟེར་ན་འགྲིག་འདུག དཀའ་ལས་བསྐྱོན་གནང་འདུག

  3. ཀརྡོ་གཉེར་ཕྱག་པ་ says:
    2016-08-06 at 5:20 am

    ངས་ མདང་ ཕྱིན་པ་ཡིན།
    ངས་ དེ་རིང་ འགྲོ་བགྱིད་ ཡོད།
    ངས་ སང་ཉིན་ འགྲོ་བགྱི་ ཡིན།
    ་
    ཞེས་ཡིག་ཐོག་དགོས་འདུག་ཀྱང་།
    ་
    ང་ མདང་ ཕྱིན་པ་ཡིན།
    ང་ དེ་རིང་ འགྲོ་བགྱིད་ ཡོད།
    ང་ སང་ཉིན་ འགྲོ་བགྱི་ ཡིན།
    ་
    ངག་ཐོག་ཏུ་བབ་ས་འདི་རང་རེད་དོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme