Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རིན་བཟང་བོར་འདུག་ཟེར།

Posted on 2009-07-112009-07-11 By དགེ་རབ་ 10 Comments on རིན་བཟང་བོར་འདུག་ཟེར།

rin-bzang-1དུས་བབ་ཟིན་བྲིས་ཐོག་གི་གྲྭ་སྨྱོན་བསྟན་རབ་ཀྱི་སྦྲ་རྒན་ནག་ལྡང་ཞེས་པའི་ནང་གནས་ཚུལ་བཀོད་པ་ལྟར་ན། རིན་བཟང་གི་མུ་འབྲེལ་ཟིན་ཐོ་ཞེས་པའི་དེབ་ཕྲེང་རྩོམ་མཁན་བྱ་མདོ་རིན་ཆེན་བཟང་པོ་ཉེ་ཆར་མཚོ་སྔོན་པོ་ནས་གར་སོང་ཆ་མེད་དུ་གྱུར་པའི་གནས་ཚུལ་སྤེལ་འདུག ཁོང་གི་དེབ་ཕྲེང་གཉིས་ནི་ ༼ངའི་ཕ་ཡུལ་དང་ཞི་བའི་བཅིངས་འགྲོལ ༽ དང་༼ ངའི་ཕ་ཡུལ་དང་གཟབ་ཉན ༽ཞེས་པ་རེད་ལ། དེའི་ནང་རྒྱ་དམག་ཐོག་དང་པོར་བོད་དུ་སླེབས་སྐབས་ཀྱི་ཡ་ངའི་གནས་ཚུལ་འཁོད་ཡོད་པ་རེད། འདིའི་སྐོར་གྱི་ཞིབ་གསལ་གནས་ཚུལ་ཡོད་ན་འདིར་འགོད་རོགས། ཕྲན་གྱིས་ཁོང་གི་རྩོམ་དེབ་དེ་ལས་ཟུར་ཅིག་ལས་རོགས་ནེ་ཁོལ་དང་ལྷན་དབྱིན་ཡིག་ཏུ་བསྒྱུར་ཡོད་པ་གཤམ་གྱི་འབྲེལ་ཐག་ན་ཡོད་ཅིང་། ཁྱབ་སྤེལ་ཅི་ཙམ་ཞུ་ཐུབ་ན་དེ་ལ་དགའ་བསུ་ཞུ་བ་ཡིན།
my-conversation-with-aku-yarphel-final-1

གསར་འགྱུར།

Post navigation

Previous Post: ང་ཚོའི་ལུས་ཐོག་ན་འགྲོ་བ་མིའི་ཐོབ་ཐང་ག་འདྲ་ཡོད།
Next Post: ང་ཚོའི་ལུས་ཐོག་ན་འགྲོ་བ་མིའི་ཐོབ་ཐང་ག་འདྲ་ཡོད།

Comments (10) on “རིན་བཟང་བོར་འདུག་ཟེར།”

  1. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2009-07-11 at 5:33 pm

    དགེ་རབ་ལགས་ལ་བཀའ་དྲིན་ཆེ། དེབ་དེ་གཉིས་དྲ་ཐོག་ནས་ལག་ལ་རག་ཐུབ་འདུག་གམ།

  2. བོད། ལྷ་ཀླུ་གཉན་གསུམ། says:
    2009-07-11 at 5:58 pm

    དེབ་དེ་གཉིས་ཡོད་མཁན་ཞིག་ནས་ཉིན་རེ་བཞིན་དྲ་ཐོག་ལ་ཚན་པ་རེ་རེ་བྱས་དེ་མུ་འགོད་བྱེད་ཐུབ་པ་ཡིན་ན་དངོས་ནས་གློག་མཁན་ཆེས་མང་བོ་ཞིག་ལ་ཕན་ངེས་ཡིན་ན། མི་སུ་ཞིག་གིས་ཐུབ་ན་དེ་བྱེད་རོགས་གནོང་།

  3. རིག་པའི་རྡོ་རྗེ། says:
    2009-07-11 at 10:33 pm

    དེབ་དེ་གཉིས་ལ་ངས་ཀྱང་ལྟ་འདོད་ཤིན་ཏུ་ཆེ་བས།   དྲ་གྲོགས་སུ་ལ་ཡོད་ན་ཁ་བརྡའི་སྟེང་དུ་མུ་མཐུད་འགོད་རོགས་ཞུ།   དེ་སྔོན་རྒྱ་དམར་ཅག་ཚོགས་ཀྱིས་བོད་བཙན་བཟུང་པའི་ལོ་རྒྱུས་ཁ་གསལ་གཏིང་གསལ་ཞིག་བོད་གཞུང་སྒེར་གཉིས་ཀྱིས་འདོན་ཐུབ་མེད་པས་དེ་ང་ཚོར་ངེས་ཅན་དུ་དགོས་ངེས་ཞིག་རེད།
    ནག་ཚང་ཞི་ལུའི་་སྐྱིད་སྡུག་སྤྱིར་བཏང་དངོས་གནས་ཡག་པོ་ཡོད་ཀྱང་།  དེའི་ནང་དུ་གནའ་མིའི་ངག་རྒྱུན་དུ་རླུང་ལྟར་གྲགས་པའི་སྒྲུང་གཏམ་ཁ་ཤས་དངོས་བྱུང་གནས་ཚུལ་ལྟར་བྲིས་ཡོད་པ་དེ་ཅུང་ཡ་མཚན་སྐྱེ་དགོས་པ་ཞིག་རེད།   དཔེར་ན་དྲེད་མོང་ལོང་བ་སྙིང་རྗེ་ཟེར་བ་དང་།   མ་རྒན་རང་སྲོག་ཤོར་ཡང་།།   བུ་ཕྲུག་སྤྱང་ཁུར་མ་བྱིན།།  ཟེར་བ་གཉིས་ཀྱི་སྒྲུང་གཏམ་དེ་ང་ཆུང་ཆུང་ཡིན་དུས་ངའི་རྨོ་མོ་ལགས་ཀྱིས་མང་པོ་བཤད་མྱོང་ལ།   ད་ལྟ་ཡང་བློ་ལ་གསལ་བོར་ཡོད།  འོན་ཀྱང་སྒྲུང་གཏམ་དེ་ཇི་མ་ཇི་བཞིན་རྗེས་སུ་འབྱུང་མི་སྲིད་པ་མིན་པས།   གཅིག་བྱས་ན་སྒྲུང་གཏམ་ཏེ་མ་འོངས་ལུང་བསྟན་ལྟ་བུར་ཆགས་ནས་ནག་ཚང་ཞི་ལི་ལྷ་སར་ཕེབས་སྐབས།   དངོས་སུ་གཟིགས་པ་ཡིན་རྒྱུ་རེད།   གང་ལྟར་ནག་ཚང་ཞི་ལུའི་སྐྱིད་སྡུག་ཟེར་བའི་དེབ་དེ་ནི་ང་རང་ཆེས་དགའ་ཤོས་ཀྱི་དེབ་ཅིག་ཡིན་ལ།   ཐེངས་ལྔ་དྲུག་ཙམ་ལ་ཀློག་མྱོང་བ་མ་ཟད།   དེབ་དེ་ཡང་རྩ་ཆེན་དུ་བརྩིས་ཏེ་ཉར་ཡོད།   དེ་རིང་དེ་ཙམ་ཡིན།

  4. བྱ་རྒོད་རྒྱལ་པོ། says:
    2009-07-12 at 3:21 am

    དེབ་དེ་ང་ལ་ཡོད་དེ། དེ་རིང་ཞོགས་པ་ཡར་ལངས་དུས་མཐོང་ཡག་མི་འདུག

  5. བོད། ལྷ་ཀླུ་གཉན་གསུམ། says:
    2009-07-12 at 5:31 pm

    བྱ་རྒོད་གཞན་ཞིག་གིས་འཁུར་ནས་འབུད་སོང་བ་ཡིན་འགྲོ

  6. སྟག་སྨྱོན། says:
    2009-07-12 at 5:51 pm

    ལྷ་ཀླུ་གཉན་གསུམ་ལགས། སྔ་མོ་ནས་ངས་ཁྱེད་ནི་དྲ་ཁང་འདིར་ཁོ་བའི་མི་གཤིས་རེད་བཅས་གསལ་འདོན་བྱས་མྱོང་། གང་སྐབས་རེ་ཁ་བརྡུང་གི་མགོ་ལྕགས་ཉོ་ཞོར་དང་སྐབས་རེ་བསྔགས་བརྗོད་ཀྱི་མར་ལོ་རྙེད་ཞོར་རྙེད་ཞོར་ལ་མུ་མཐུད་དུ་འབད་བཞིན་ཡོད་པ་ཡག་པོ་རེད།

  7. དགེ་འདུན་རབ་གསལ་ says:
    2009-07-12 at 9:37 pm

    བྱ་མདོ་རིན་བཟང་གི་ཕ་ཡུལ་གཅིག་པ་ཚོས་ཁོང་གང་དུ་བཞུགས་མིན་གྱི་སྐོར་མཁྱེན་ནམ། གཅིག་གསུང་རྒྱུ་ཨེ་ཡོད། ཁོའི་ལོ་རྒྱུས་དེ་ཚོ་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ལ་སྤྲོད་རན་མི་འདུག་གམ། ཕྱི་ལོགས་ནས་ཁོང་གི་སྐོར་ཐོས་པ་དང་བསྒྲགས་པ་སོགས་བྱས་ན། ནང་དུ་ཁོང་ལ་ཕན་པ་ཡོད་དམ་གནོད་པ་ཡོད། དེ་ཚོའི་སྐོར་གསུངས་དང་།
    ཁོང་གི་དེབ་དེ་གཉིས་ནིའུ་ཡོག་ཏུ་ཡོད་པའི་ལ་རྩེ་དཔེ་མཛོད་ཁང་དང་ཁོ་ལུམ་བྷི་ཡཱ་མཐོ་སློབ་ཀྱི་དཔེ་མཛོད་ཁང་དག་ན་ཡོད་པ་འདྲ།

  8. འཇའ་མཚོན་ཆུ་མིག says:
    2009-07-13 at 12:59 am

    རིན་བཟང་གི་མུ་འབྲེལ་ཟིན་ཐོ་དབྱིན་ཡིག་ཏུ་དུམ་་བུ་གཅིག་ཕབ་འདུག་པ་ལས་དུམ་བུ་དེ་བོད་ཡིག་ཐོག་ཕབ་མིི་འདུག ཕལ་ཆེར་དེ་ཕྱི་ཕྱོགས་སུ་དྲིལ་བསྒྲགས་་བྱ་རྒྱུའི་ཆེད་དུ་རེད་སྙམ་པ་བྱུང། འོན་ཏེ་དབྱིན་ཡིག་དེ་ཀློག་སྐབས་དེའི་ནང་དོན་དུ་རིག་གསར་སྐབས་་མྱངས་པ་སོགས་ཡིན་ཚོད་འདུག་པས་དེ་ཚོ་ང་ཚོའི་གཞོན་སྐྱེས་ཚོས་ཀྱང་ངེས་པར་ཤེས་དགོསཔ་ཞིག་ཡིན་སྟབས་དེ་ངེས་པར་བོད་ཡིག་ཐོག་ཆ་ཚང་དུམ་བུ་བྱས་ཏེ་བཀོད་དགོས་ཀྱི་འདུག རིག་དངོས་རྙིང་པ་ཞིག་ལག་ཏུ་རག་ཚེ་དེ་ནི་རྩ་ཆེའི་ནོར་བུའི་རིག་དངོས་ཡིན་པས་སྐབས་འགར་ལྟ་ཙམ་བྱ་བཅུག་རྒྱུ་ལས་རྦད་དེ་མ་བཞག་ཚེ་བརླག་ཉེན་ཡོད། ཡིན་ནའང་འདས་པའི་ལོ་རྒྱུས་ཕྱིར་དྲན་བྱ་སྐབས་རྒན་རབས་ཚོས་གཞོན་སྐྱེས་ཚོར་རྒྱུས་སྤྲོད་བྱས་ཏེ་གཅིག་ནས་གཅིག་ཏུ་སྤེལ་ཏེ་ཚང་་མས་ཤེས་རྟོགས་ཐུབ་པ་བཟོ་དགོས་རྒྱུ་གལ་ཆེན་པོ་ཡིན་པ་མ་ཟད། ལྷག་པར་ང་ཚོའི་མི་རབས་དང་ང་ཚོའི་བོད་ཀྱི་གཞོན་སྐྱེས་ཡོངས་རྫོགས་ཀྱིས་ཤེས་ཐབས་སུ་སྤེལ་དགོས་རྒྱུ་གལ་ཆེན་པོ་རེད། དེ་གསང་བ་ཆེ་མདོག་གིས་སྦས་བསྐུངས་བྱས་ཏེ་ཉར་བསྡད་ན་ཕྲུ་གུ་སྐྱེས་རྒྱུ་མེད་ཙང་ཁྱེད་ཚོར་ཕན་ཐོགས་ཡོད་མ་རེད། མར་བཏོན་ཏེ་ཚང་མས་ཤེས་པ་བཟོ་དགོས། རྩོམ་པ་པོས་ཀྱང་དེ་ཚང་མས་གཅིག་ཤེས་ན་བསམ་སྟེ་བཏོན་ཡོད་་ཀྱི་རེད། ཡིན་ནའང་དེ་བོད་མི་ཤེས་ན་མི་ལེགས་པ་དང་། དབྱིན་ཇི་ཤེས་ན་ལེགས་པ་ཡོད་པའི་བསམ་ཚུལ་འཆང་་མཁན་དེ་ཚོ་ནི་སོ་སོའི་མི་རིགས་ལ་མཐོང་ཆུང་དང་ཁྱད་གསོད་ཆེ་དྲག་པ་ཞིག་རེད། ཁོང་གི་ཟིན་བྲིས་དེ་ཕལ་ཆེར་རྒན་རབས་ཁག་ཅིག་གིས་རྒྱ་དམར་གྱི་སྡུག་རྩུབ་འོག་མནར་གཅོད་མྱངས་པའི་ལོ་རྒྱུས་ཡིན་བཟོ་འདུག་པས་ངེས་པར་བོད་མི་ཚང་མས་ཤེས་རྟོགས་ཐུབ་པ་བཟོ་དགོས། རང་ཡུལ་སྟོང་པར་བཞག་སྟེ་མི་ཡུལ་འོད་ཀྱི་བཀངས་རྒྱུའི་སྟོང་བསམ་རིང་ལུགས་དོར་ནས་དེབ་རིགས་འདི་རིགས་སུ་ལ་ཡོད་ནའང་ང་ཚོས་མི་རབས་རྗེས་མར་རྒྱུས་སྤྲོད་བྱ་དགོས་པ་དང་། ཞོར་་དུ་ཕྱི་རྒྱལ་མི་རིགས་ནས་ཤེས་རྟོགས་ཆེད་སྐད་ཡིག་འདྲ་མིན་ནང་བསྒྱུར་ཏེ་བཏོན་ན་དགེ་མཚན་ཡོད་རེད། བྱས་ཙང་རབ་གསལ་ལགས་ཁྱེད་རང་ཉར་བསྡད་ཚེ་གསར་དུ་སྐྱེས་རྒྱུ་མེད་པས། ཚང་མས་མར་བཏོན་་ཤོག།།།།།།།།།།།།།།།།།།།།།།།།།།།།

  9. བཀྲ་ཤིས་ཚེ་རིང༌། says:
    2009-07-13 at 5:02 am

    དྲ་གྲོགས་ཚོ། ཚང་མས་བསམ་བློ་ཞིག་ཐོངས་དང༌། རབ་གསལ་གྱིས་ཅི་ཞིག་བཤད་ཀྱིན་འདུག ང་དངོས་གནས་མི་གཤིས་འདི་རིགས་ལ་ཡིད་ཆད་ཀི། དྲ་གྲོགས་འཇའ་ཚོན་ཆུ་མིག་ལ་རྒྱབ་སྐྱོར་ཡོད། རབ་གསལ་ལགས་ལ་དེབ་དེ་ཡོད་པའི་མ་ཚད་དེའི་ནང་གི་དུམ་པ་གཅིག་ལས་རོགས་དང་མཉམ་དུ་དབྱིན་ཡིག་ལ་ཡང་བསྒྱུར་ཡིན་ཟེར། ཡང་ཁ་གཞན་ཞིག་ནས་ཨ་རིའི་ལ་རྩེ་དང་ཀོ་ལམ་པོ་མཐོ་སློབ་ན་ཡོད་རབས་ཟེར།
    རབ་གསལ་ལེ་ལེ། ད་ཁྱོད་ཀྱིས་དེ་འདྲ་མ་བྱེད། དེབ་དེ་ཚན་པ་ཚན་པ་བྱས་ནས་དྲ་ཐོག་ལ་འཇོག་རོགས། མི་ཚང་མའི་རེ་བ་རེད་མོད། འདི་ཙམ་ཞུ།

  10. བོད། ལྷ་ཀླུ་གཉན་གསུམ། says:
    2009-07-13 at 6:37 pm

    རབ་གསལ་ལགས། ངེད་ཅག་གིས་སྒུག་ནས་བསྡད་ཡོད་ལགས།

    སྟག་སྨྱོན་ལགས། ཡུན་རིང་ཞིག་ལ་གོ་རྒྱུ་ཚོར་རྒྱུ་མ་བྱུང་། དེ་རིང་འདི་ནས་བསྐྱར་ཏུ་གོ་རྒྱུ་འདུག་པ་དངོས་ནས་དགའ་ནི་ཡིན། གཏམ་མྱི་ཁ་མེད་ནི་ཤི་ནི་ཡིན། ཤིང་འཛེར་མ་མེད་ན་རུལ་ནི་ཡིན་ཟེར་བ་ལྟར། ངས་ཀོག་མ་བླངས་ཤིག་བྱས་དེ་འགྲོ་བཞིན་ཡོད། རང་ཉིད་ལ་མཐུན་རྐྱེན་གྱིས་བར་ཆད་འདྲ་མ་བྱུང་བར་ཏུ་ཤི་རེ་བྱེད་ངེས་ཡིན། ཉིད་ཀྱང་དྲ་ཐོག་གི་གཅེས་ས་ཞིག་ཡིན་དུས། སྟག་སྨྱོན་ཟེར་ནས་མཐོང་བ་ཙམ་གྱིས་དགའ་ནི་ཞིག་རེད། ཡང་ཡང་ཡོང་གི་བསྡོད། དེ་ངས་རེ་བ་ཡིན་ལགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme